Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ཕྲུག་ཚོའི་ལས་མཐའ་འདི་རེད།

Posted on 2012-11-152012-11-15 By སྤོབས་པ་མཐའ་ཡས། 9 Comments on རྒྱ་ཕྲུག་ཚོའི་ལས་མཐའ་འདི་རེད།

སྤོབས་པ་མཐའ་ཡས།

ཉེ་ཆར་ཉི་ཧོན་གཞུང་གིས་ཞི་བདེ་རྒྱ་མཚོའི་ནང་གི་རི་ཕྲན་ཉི་ཧོན་ལ་དབང་ནས་ལོ་བརྒྱ་ཕྲག་འགོར་བའི་ལོ་རྒྱུས་གསལ་བོ་ཡོད་པ་ཞིག་སྒེར་བདག་གི་ལག་ནས་ཉོས། དེ་ལ་རྒྱ་ནག་གཞུང་གིས་དེ་རྒྱ་ནག་ལ་དབང་བའི་ལོ་རྒྱུས་ཡོད་པས་རྒྱ་ནག་དང་ལྷན་དུ་གྲོས་བསྡུར་མེད་པར་ཉོ་ཚོང་གི་ཐོབ་ཐང་མེད་ལུགས་བསྒྲགས། རྒྱ་ནག་ནང་དུ་རྒྱ་ཕྲུག་ཚོས་སྣེ་ཁྲིད་དེ་ཉི་ཧོང་གི་ཚོང་ལས་ལྟེ་གནས་ཁག་གཏོར་བཅོམ་སོགས་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེར་སྤེལ། ཉི་ཧོན་གྱི་ཕྱོགས་ནས་ལན་འདེབས་གསལ་བོ་ཞིག་གང་ཡང་མ་བྱས། ཉིན་ཞིག་ལ་ཉི་ཧོང་དབུས་གཞུང་གི་ཚོགས་འདུ་ཞིག་གི་སྟེང་དུ་གཞུང་གི་མགོ་གཙོས་འདི་ལྟར་བརྗོད། རྒྱ་ནག་གི་རྐང་འོག་ཏུ་མགོ་བོ་ཤོར་ན་བོད་ལ་ཡོང་རྒྱུ་དེ་ང་ཚོར་ཡང་ཡོང་གི་རེད་ཅེས་བརྗོད། རྒྱ་ནག་གཞུང་དམངས་གཉིས་ཀས་ཚ་ཚ་འུར་འུར་གྱིས་ཉི་ཧོན་ལ་རྒྱོབས་རྒྱོབས་སོད་སོད་ཟེར་ནས་བདུན་ཕྲག་ཁ་ཤས་འདས། ཡིན་ན་ཡང་ཉི་ཧོན་གྱི་ཕྱོགས་ནས་རྒྱ་ནག་གི་ལས་ཀ་དེ་བྱིས་པ་རྐྱག་ལངས་ལ་ཤོར་བ་ཞིག་གི་བྱ་བྱེད་ཙམ་ལ་བརྩིས་ནས་ཡ་ལན་ཡག་སྡུག་གཉིས་ཀ་གང་ཡང་མ་སློག་པས་རྒྱ་ཕྲུག་ཚོས་འཇུ་ས་འཐམ་ས་གཅིག་ཀྱང་མ་རྙེད།
རྒྱ་དམར་གཞུང་གིས་ད་ཐེངས་རྒྱ་ནག་དང་ཉི་ཧོན་བར་གྱི་ས་རྩོད་ཆུ་རྩོད་འདིའི་བར་ལ་ཨ་མེ་རི་ཁ་འཛུལ་མ་ཡོང་རོགས་ཞེས་ཞུ་བ་བཏོན། ཨ་མེ་རི་ཁ་འཛུལ་མ་ཡོང་ན་ཉི་ཧོན་ལས་སླ་བོ་ཡིན་མདོག་གི་ཧམ་བཤད་བྱས། ཨ་མེ་རི་ཁའི་གཞུང་གིས་ཀྱང་རྒྱ་དམར་གྱི་རེ་བ་ལ་ཉན་ནས་ཅུས་གཏོགས་ཆེར་བྱས་མ་སོང་། ཉིན་ཞིག་ལ་ཐའེ་ཝན་གྱིས་ཉི་ཧོན་མཚོ་ནང་གི་རི་ཕྲན་དེ་ང་ཚོར་དབང་བ་ཡིན་ཞེས་བརྗོད་ནས་གྲུ་གཟིངས་མང་པོ་ཞིག་བཏང་ནས་རི་ཕྲན་དེའི་མཐའ་ལ་སྐོར་བ་ཁ་ཤས་རྒྱག་ཁུལ་བྱས། ཡིན་ན་ཡང་ཉི་ཧོན་གྱིས་དེ་ལ་ཡ་ལན་གང་ཡང་མི་སློག་པས་ཅི་བྱེད་འདི་བྱེད་མ་རྙེད་པར་ཕྱིར་ལོག་དགོས་བྱུང་། རྒྱ་ཕྲུག་ཚོས་ད་ཡིན་ན་རྒྱ་ནག་གཉིས་པོ་གཅིག་ཏུ་བསྒྲིལ་ནས་ཉི་ཧོན་ལ་ཁ་གཏད་གཅོག་གི་ཡོད་པ་འདྲ་ཟེར་ནས་ཐོག་མར་སྤོབས་སེམས་དང་ངར་ཤུགས་སྐྱེས། སྐབས་དེ་ཤེད་ཅིག་ལ་ཉི་ཧོན་གྱིས་ཐའེ་ཝན་དང་ལྷན་དུ་རི་ཕྲན་དེའི་སྐོར་ལ་གྲོས་མོལ་བྱ་རྒྱུ་རེད་ཅེས་པའི་གཏམ་འཆལ་ཞིག་བྱུང་། དེ་ལ་རྒྱ་དམར་གཞུང་སྡུག་ཐག་ཆོད་ནས་ཐའེ་ཝན་ལ་རི་ཕྲན་དེའི་སྐོར་གླེང་བའི་ཐོབ་ཐང་མེད་སྐོར་བརྗོད་ནས་སྐྱོན་རྗོད་ཤུགས་ཆེན་བྱས། རྐྱེན་དེས་རྒྱ་ཕྲུག་ཚོར་ཞེད་སྣང་ཆེན་པོ་བསླངས། ད་ཡིན་ན་ཉི་ཧོན་མཚོ་ནང་གི་བྲག་རྡོ་རྐམ་པོ་འདིའི་དོན་ལ་རྒྱ་ནག་དང་ཐའེ་ཝན་གཉིས་ནང་འཁྲུག་འདྲ་ཤོར་ས་རེད་ཟེར་ནས་འཇམ་ཅག་གེར་སོང་།
དེ་བཞིན་དུ་ཧྥི་ལི་པིན་གྱི་སྟེང་ལ་ཡང་རྒྱ་དམར་གྱིས་དཔུང་ངོམ་བྱས། ཧྥི་ལི་པིན་གྱི་དམག་སྤྱི་ཞིག་གིས་རྒྱ་དམག་གི་འཇིགས་སྐུལ་ལ་ཁ་གཏད་གཅག་རྒྱུའི་གྲ་སྒྲིག་ཡོད་ལུགས་ཀྱི་དཔའ་སྐད་བསྒྲགས། ཨ་མེ་རི་ཁ་དང་ཧྥི་ལི་པིན་མཉམ་འབྲེལ་གྱིས་རུ་སྒྲིག་མཚོན་ངོམ་གྱི་བྱེད་སྒོ་ཆེན་པོ་བྱས་པས་རྒྱ་དམག་རྣམས་ཁུ་སིམ་མེར་སོང་། མ་གཞི་ཉེ་བའི་ལོ་འདི་དག་གི་རིང་ལ་རྒྱ་དམག་གི་མི་དགོས་གཏོ་བཅོས་ཀྱི་དྲག་དཔུང་རྒྱ་སྐྱེད་བྱས་པས་ཨེ་ཤེ་ཡའི་ཡུལ་ལུང་ཚོར་དོག་འགྲོག་ཆེན་པོ་བསླངས། ཐའེ་ཝན་དང་། ཧྥི་ལི་པིན། མ་ལའེ་ཤི་ཡ། ཨིན་ཏྲོ་ཉི་ཤི་ཡ། རྒྱ་གར་སོགས་ཀྱིས་ཉེ་བའི་ལོ་འདི་དག་གི་རིང་ལ་དམག་འཁྲུགས་ཡོ་བྱད་མཚོན་ཆ་ཉོ་སྒྲུབ་རྒྱ་ཆེན་བྱས། མཚོན་ཆ་ཡོང་ཁུངས་གཙོ་བོ་ནི་དེ་ནི་ཨ་མེ་རི་ཁ་དང་ཨུ་རུ་སུ་ཡིན་སྟབས་ཡུལ་དེ་གཉིས་ཀྱི་མཚོན་ཆ་བཟོ་བསྐྲུན་སྡེ་ཚན་ཚོས་མ་འབད་བཞིན་དུ་གསེར་གྱི་ཕྱེ་མའི་ནང་དུ་འགྲེ་ལྡོག་བྱ་ས་རྙེད། རྒྱ་དམག་གིས་ཁྱིམ་མཚེས་ཡུལ་ལུང་རེའི་སྟེང་ལ་རུ་སྒྲིག་མཚོན་ངོམ་རེ་རེ་བྱས་རིམ་བཞིན་ཨ་མེ་རི་ཁ་དང་ཨུ་རུ་སུའི་མཚོན་ཆ་བཟོ་བསྐྲུན་པ་ཚོའི་མཚོན་ཆའི་རིན་འབབ་ཡོང་སྒོ་ལོ་རེ་རེ་ནས་ལོ་བཞིན་ཉིས་འགྱུར་སུམ་འགྱུར་གྱིས་གོང་དུ་འཕར་བའི་གྲོགས་སུ་འགྲོ་བཞིན་ཡོད་འདུག

དཔྱད་རྩོམ།

Post navigation

Previous Post: དཔའ་བོའི་རྟོགས་བརྗོད། ༼ ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་བ། ༽
Next Post: དྲག་སྤྱོད་སྦྱར་ཡིག་འདིས་བོད་རིགས་མི་མང་མཐོང་ཆུང་བྱས་འདུག

Comments (9) on “རྒྱ་ཕྲུག་ཚོའི་ལས་མཐའ་འདི་རེད།”

  1. མེ་ཏོག་དཀར་པོ says:
    2012-11-15 at 10:25 pm

    བསྡོམས་ཚིག་ཡག་པོ་བཀོད་འདུག

  2. ཇ་མ་ says:
    2012-11-15 at 11:29 pm

    ཡག་པོ་འདུག་གྲོགས་པོ་ཐུགས་རྗེ་ཆེ།

  3. ལེགས་བཤད། says:
    2012-11-15 at 11:57 pm

    ཕྱོགས་གཅིག་ལ་ཕན་ན་ཕྱོགས་གཅིག་ལ་གནོད་པའི་ཕན་གནོད་འདྲེས་མའི་དཔལ་འབྱོར་ལམ་ལུགས་འདི་ནུབ་ཕྱོགས་དང་རྒྱ་ནག་གི་བར་གྱི་ཐོབ་ཤོར་འགག་རྩར་ཐུག་ཡོད་ས་རེད།

  4. རེབ་སྐྱིད་མཚོ says:
    2012-11-16 at 8:28 am

    ངོ་མ་དཔའ་སྐད་འཐེན་ལབ་ནའང་ཐང་ཡིན་ལུགས་ལབ་ནའང་ཐང་བྲི་ཐང་ཡག་པོ་ཞེ་དྲག་
    འདུག་བློ་བདེ་པོ་འདྲ་བྱུང།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-11-16 at 10:55 am

    ཇ་པན་ལ། ཉི་འོང་དང་ཉིན་ཧོང་། ཉི་ཧོན་གསུམ་ལས་གང་དག་པ་ཡིན་ནམ། ལགས།

  6. སྤོབས་པ་མཐའ་ཡས། says:
    2012-11-16 at 5:57 pm

    ཀ་རྡོ་ལགས། ཉི་ཧོན་གྱི་ཡི་གེ་དབྱངས་གསལ་རྩ་བ་ཧི་ར་གྷ་ནི་སྦྱོར་ཀློག་ལ་ཉི་ཧོན་ཞེས་སྒྲ་ཐོན་པས་ངས་ཉི་ཧོན་ཞེས་བྲིས་པ་ཡིན། སྔོན་དུས་སུ་བོད་ཡིག་གི་ཡིག་ཆ་མང་པོར་ཉི་ཧོང་ཞེས་བྲིས་འདུག ཡུལ་དང་མིའི་མིང་དེ་ཚོ་ཡུལ་དེའི་སྐད་ཀྱི་མིང་དང་སྒྲ་གདངས་ག་ཚོད་ཐག་ཉེ་ཉེ་ཞིག་འབྲི་ཐུབ་ན་གོ་བརྡ་འཕྲོད་པར་ཕན་ཐོགས་ཆེན་པོ་འདུག

  7. གེ་སར་ནས་ says:
    2012-11-16 at 11:49 pm

    སྤོ་པ་གིས་ཧ་གོ་མདོག་གི་སྐད་ཆ་མང་པོ་ཞིག་བཤད་འདུག་ཡིན་ན་ཡང་དོན་དངོས་སུ་རང་འདོད་འདྲ་པོ་ཞིག་རེད་མ་གཏོག་གནད་ལུགས་ཁུངས་ལྡན་གྱིས་ལོ་རྒྱུན་ཅི་ཡང་ཤེས་མི་འདུག། འདི་སྔ་མའི་ལོ་རྒྱུན་མ་རེད་དེ་སང་འབྱུངས་བཞིན་པའི་གནད་ཚུལ་ཡིན་དུས་ཚོང་མས་མཁྱེན་གསལ་རེད་། མིང་མང་ལ་འགོ་སྐོར་མ་གཏོང་་་་་ང་འདྲ་པོ་རྩོམ་དང་དག་ཡིག་གང་ཡང་མི་ཤེས་པའི་མི་ཞིག་གི་ཅི་བཤད་ཡང་ཡ་ལན་བྱས་མི་་སུ་ཡོད་མ་རེད་་་་ཁྱེད་རང་ཚོས་རྩོམ་འདྲི་དུས་ཏོག་ཙམ་གཟབ་གཟབ་བྱས་ནས་འབྲི་ན་ཡག་གི་འདུག་་་གང་འབྱུང་མ་འབྲི་རོག།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-11-17 at 1:45 am

    ༦༽སྤོབས་པ་མཐའ་ཡས་ལགས་ཀྱིས། ཇ་པན་ལ་ཉི་ཧོན་འབྲི་དགོ་སྟངས་ཀྱི་གསལ་བཤད་ལ་ཐུགས་རྗེ་ཆེ་ཞེས་ཞུའོ། །

  9. སྤོབས་པ་མཐའ་ཡས། says:
    2012-11-17 at 1:52 am

    ཀ་རྡོ་ལགས་ཁྱེད་ཡིད་ཆེས་པ་མཛོད། ངས་ཉི་ཡིག་གི་ཧི་ར་གྷ་ན་ཟེར་བའི་སྦྱོར་ཀློག་དབྱངས་གསལ་རྩ་བ་དེ་སྦྱོང་གིན་ཡོད་པས་སྒྲ་གདངས་འདོན་སྟངས་དེ་ཡིན་པར་ནོར་འཆུག་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme