Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནད་ཀོཝེད་གླུ་གཞས།

Posted on 2020-04-17 By ཁ་བརྡ 13 Comments on རྒྱ་ནད་ཀོཝེད་གླུ་གཞས།

ངག་དབང་གིས་བརྩམས།

རྒྱ་ནག་ལོ་གསར་ཤར་དུས། །
ཝུ་ཧང་ལག་རྟགས་འཁྱེར་ནས། །
ཡངས་པའི་གླིང་བཞིའི་ཁྱོན་ན། །
འཚམས་འདྲི་ཞུ་བར་ཕེབས་སོང་། །

འཛམ་གླིང་འཕྲོད་བསྟེན་ཚོགས་པས། །
ཝུ་ཧང་ལག་རྟགས་དེ་ལ། །
ཀོཝེད་བཅུ་དགུ་ཟེར་ཞིང་། །
ཆེ་མཐོང་ཆེན་པོ་གནང་སོང་། །

འཛམ་གླིང་ལྟ་སྐོར་འགྲོ་བར། །
ལམ་ཡིག་རག་རྒྱུ་དཀའ་བས། །
འཛམ་གླིང་འཕྲོད་བསྟེན་ཚོགས་པས། །
ཕྱག་རོགས་གང་ལེགས་གནང་སོང་། །

དང་པོ་འཛམ་གླིང་མི་མང་། །
ལྟད་མོ་བལྟས་ནས་བསྡད་སོང་། །
ད་ལྟ་རྒྱ་ནག་གཞུང་གིས། །
ཁོང་དགོད་ཤོར་ནས་བཞུགས་བཞག །

བོད་ཀྱི་བླ་མ་ཨེམ་ཆིས། །
དེ་ལ་བཅོས་ཐབས་ཡོད་ཅེས། །
འུར་གཏམ་མང་པོ་གྲགས་ནས། །
བོད་མིར་སེམས་གསོ་བཏང་སོང་། །

མཁན་པོ་ཚུལ་བློ་སོགས་ཀྱིས། །
ཏོག་དབྱིབས་ཞེས་པའི་ཚབ་ཏུ། །
འཇའ་ཡལ་ལྟ་བུར་འབོད་ན། །
དེ་ཡིས་ནད་ཡམས་བཅོམ་ཟེར། །

སྨན་རྩིས་ཁང་གིས་རིལ་བུ། །
ཁྲོམ་བསྡུས་ཚོང་བསྒྱུར་ཆེ་བས། །
ས་གནས་རྒྱ་གར་གཞུང་གིས། །
བཀའ་ནན་ཕེབས་ནས་བཀག་སོང་། །

བོད་ཀྱི་སྨན་པའི་མང་པོ། །
དྲ་རྒྱའི་བརྒྱུད་ལམ་ནང་དུ། །
གཅིག་ཤོར་གཉིས་ཤོར་རེད་བཞག །
དོན་དངོས་ལག་ལེན་མིན་འདུག །

ནེའུ་ཡོག་ཨེམ་ཆི་དབང་འདུས། །
རང་ཉིད་ནད་དེས་ཟིན་ཞེས། །
འུར་གཏམ་གློག་དམར་ཁྱུག་ཁྱུག །
ག་ས་ག་ལ་གྲགས་སོང་། །

དོན་དངོས་བརྟག་དཔྱད་མ་བྱས། །
ནད་རྟགས་ཙམ་གྱི་རྗེས་ལ། །
རང་མགོ་རང་གིས་འཁོར་བ། །
བོད་ཀྱི་སྨན་པ་སྐྱོ་བ། །

བཙན་བྱོལ་བོད་མིའི་སྤྱི་ཚོགས། །
ཉམ་ཆུང་རང་དང་མིན་འདུག །
རྒྱ་གར་གཞུང་ལ་ཞལ་འདེབས། །
ས་ཡ་ཁ་ཤས་ཕུལ་སོང་། །

ཞལ་འདེབས་གནང་སྟངས་དེ་ལ། །
ཨ་རིའི་སྲིད་འཛིན་ཀྲམ་གྱིས། །
ཨ་རིའི་རོགས་དངུལ་དེ་དག །
མི་མངོན་དབྱིངས་སུ་བཏང་ཡོང་། །

ཨ་རིའི་སྲིད་འཛིན་ཀྲམ་དེ། །
ཕོ་རྒོད་འཇོན་ཐང་ཆེ་བས། །
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས། །
རོགས་དངུལ་མཚམས་འཇོག་གནང་སོང་། །

འཛམ་གླིང་འཕྲོད་བསྟེན་ཚོགས་པའི། །
ཚོགས་གཙོ་ནག་རིལ་ཏོག་ཏོག །
རྒྱ་ཡི་སྒོར་མོའི་ཆེད་དུ། །
རང་གི་གོ་གནས་ཤོར་ཉེ། །

རྒྱ་ནད་རྙོགས་འཛིངས་སྐབས་དེར། །
ང་ཚོ་བོད་མི་རྣམས་ཀྱིས། །
གོ་སྐབས་དམ་འཛིན་གནང་ནས། །
རྩ་དོན་སྒྲུབ་ལ་བརྩོན་དགོས། །

རྒྱ་ནད་ཀོཝེད་གླུ་གཞས། །
ཐེམ་སྤང་གུང་སེང་སྐབས་སུ། །
མགྲིན་པ་གཟེངས་སུ་བཏེགས་ནས། །
འཇོལ་མོའི་དབྱངས་སུ་ལེན་ཡོད། །

སྙན་ངག

Post navigation

Previous Post: «བྱམས་བརྩེའི་ས་བོན»ཞེས་པའི་བྱིས་སྒྲུང་ལ་མཇལ་རྗེས།
Next Post: << ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 3 )

Comments (13) on “རྒྱ་ནད་ཀོཝེད་གླུ་གཞས།”

  1. ཉི་མ་རང་གྲོལ། says:
    2020-04-17 at 11:42 pm

    ཧཧཧ། བདེན་པ་འདྲ་ཞིག་བྲིས་འདུག དེང་སྐབས་ཨ་རི་དང་ཡུ་རོབ་ཁུལ་ལ་དགུན་དཔྱིད་གནམ་གཤིས་འགྱུར་མཚམས་ལ་འཁེལ་ཡོད་སྟབས། ཆམ་རིམས་དཀྱུས་མ་ལངས་པའི་དུས་ཚོད་རེད། བྱས་ཙང་མ་ཤེས་པའི་རི་བོང་ཅལ་འདྲོགས་དབང་འདུས་ལྟ་བུས་ཆམ་རིམས་དང་ཏོག་དབྱིབས་ནོར་བ་ཡིན་སྲིད།

  2. རིག་པའི་བུ་རྒོད། says:
    2020-04-18 at 2:30 am

    གླུ་གཞས་སྙན་པོ་ཞིག་འདུག བསམ་བློ་གཏོང་དགོས་པ་བཟོས་བྱུང་།

  3. བསྟན་འཛིན་ཆོས་སྒྲུབ says:
    2020-04-18 at 8:56 am

    སྨན་པ་དབང་འདུས་ལགས་ཀྱིས་ངག་དབང་ལ་ལན་དུ་ཕུལ།།
    འདི་གསུམ་ངའི་བཟའ་ཟླ་བུ་ཕྲུག་གི་བརྟགས་དཔྱད་སྙན་ཐོ་རེད་འདིའི་ནང་ལུས་ལ་Covid 19 ནད་འབུ་ཡོད་པ་གསལ་པོ་འཁོད་ཡོད་ལ་Elmhurst Hospital ཞེས་པའི་སྨན་ཁང་དེའི་བརྟགས་དཔྱད་སྙན་མཐོའི་ནང་འཁོད་ཡོད་པ་མ་ཟད་Queens health center གྱི་Covid 19 ནད་ཐོའི་ནང་ཐེབས་ཡོད། རང་ཉིད་དང་ནང་མི་ཆ་ཚང་ལ་བོད་སྨན་གཏང་ནས་དྲག་སྐྱེད་བྱུང། ད་ལྟ་ཚང་མར་ལུས་ཐོག་ལ་ནད་བརྟགས་ལ་སོགས་དཀའ་ངལ་རྩ་བ་ནས་མེད། ན་ཚ་ཐོག་མར་ན་མཁན་དེ་ང་རང་རང་ཉིད་ཡིན་ཀྱང་ཐོག་མར་ཕྱི་ལུགས་ཀྱི་བརྟགས་དཔྱད་གང་ཡང་བྱས་མེད་ཐོག་མར་ནས་བོད་སྨན་ཟས་པ་ཡིན། དེ་རྗེས་ནང་མི་ན་བའི་རྒྱུད་རིམ་ནང་རང་ཉིད་ནས་བོད་སྨན་གྱི་་སྨན་བཅོས་བྱས་ཡོད་ལ་ཕྱི་ལུགས་ཀྱི་སྨན་པ་དང་སྨན་ཞབས་པར་ཡང་གོ་སྡུར་ལན་མང་བྱས་ཡོད། གང་ཟག་རེ་གཉིས་ནས་ང་དང་ངའི་ནང་མི་ན་ཨེ་ཡོད་ཅེས་པའི་འཆལ་གཏམ་སྤེལ་བའི་ཡིག་ཁྱམས་འདིའི་ནང་ང་ཙམ་མ་ཡིན་པར་ངེད་བོད་པའི་བླ་མ་མཁན་ཆེན་ཚུལ་འཁྲིམས་བློ་གྲོས་། བོད་མའི་སྤྱི་ཚོགས་ནས་ཉམ་ཐག་རྒྱ་གར་བར་དྲིན་ལན་གསོལ་བར་ངན་སྨད། དཔོན་པོ་། དགེ་འདུན། གཞུང། སྨན་རྩིས་ཁང་ལ་སོགས་མདོར་ན་བོད་ཀྱི་བོད་ཀྱི་ཆོས་རིགས་གཞུང་ལ་སོགས་ཚང་མར་ངན་སྨྲད་དང་སྨ་འབེབས་རྐྱང་པ་རེད་འདུག་ལ་སྟོབས་ཆེན་ཨ་རིའི་སྲིད་་འཛིན་ལ་ཁྱོད་ནས་སྤྲེལ་ལས་ཕྲན་བུ་བྱས་འདུག་པ་ལས་ཞན་ཕན་ཐོག་པའི་སྐད་ཆ་ཚིག་གཅིག་རྐྱང་མི་འདུག་ཁྱེད་ནས་འདི་འདྲ་བའི་འཆལ་གཏམ་སྤྱི་ཚོགས་ནང་ཁྱབས་སྤེལ་བྱེད་པ་ནི་འབྲི་མཁན་གྱི་བསམ་པ་དང་སྤེལ་མཁན་གྱི་བསམ་པ་གཅིག་མཐུན་ཡིན་པ་གསལ་པོ་ཡིན། ང་ན་བ་ངས་ཤེས་ཀྱི་ཡོད་ལ་ངཙམ་མ་ཟད་ནང་མི་ཆ་ཚང་ན་བ་དེ་ཡང་ནིའུ་ཡོག་Elmhurst སྨན་ཁང་གི་བརྟགས་དཔྱད་བྱས་པའི་ནད་མཐོའི་ནང་འཁོད་ཡོདལ་དགོས་པ་བྱུང་ཚེ་་བརྟགས་དཔྱད་ཀྱི་སྙན་གསར་པ་༼Anti body test ༽ ཞེས་པ་ཞིག་གང་མྱུར་ཨ་རིའི་སྨན་ཁང་ཁག་དུ་སླེབས་ཀྱི་ཡོད་པས་དགོས་པ་བྱུང་ཚེ་ངའི་བརྟགས་དཔྱད་སྙན་ཐོ་ཡང་གཏོན་ཆོག། འདི་ལྟར་བྲི་མཁན་དང་གཏམ་འཆལ་སྤེལ་མཁན་ཚང་མར་ལན་འདེབས་ཡིན། འདི་འདྲ་བའི་གཏམ་འཆལ་སྤེལ་མཁན་རྣམས་བོད་མི་རིགས་ཀྱི་རིག་གཞུང་ལ་མི་དགའ་བ་དང་ཆོས་ལ་མི་དགའ་བ། བླ་མ་ལ་མི་དགའ་བ། བོད་པའི་སྨན་པ་ལ་མི་དགའ་བ། མི་མང་གི་འགོ་འཁྲིད་ནས་ལས་ཀ་བྱེད་མཁན་ལ་མི་དགའ་བ། མདོར་ན་ཕྲག་དོག་དང་འགྲན་སེམས་འཁོ་ནས་རློམས་པའི་སྐྱེ་བུ་ཞིག་གི་བྲིས་པ་དང་འགྲེམས་སྤེལ་བྱས་པ་ཞིག་ལས་རྒྱུ་ཚན་དང་གནས་ལུགས་ཡོད་པ་ཞིག་རྩ་བ་ནས་་མེད། ཁྱོད་ནས་མཐའ་མ་དེར་༼རྩ་དོན་སྒྲུབ་༽ཞེས་པ་བྲིས་འདུག་པས་རང་ཉིད་མ་ཏོག་ཞན་ཚང་མར་ངན་སྨད་བྱས་ནས་སྒྲུབ་བྱའི་རྩ་དོན་དེ་གང་དུ་ཡོད་པ་ངས་མི་ཤེས་འཛམས་གླིང་ཧྲིལ་པོ་འདིའི་ལོ་རྒྱུད་ལ་ལྟས་ན་ལས་དོན་ཆེ་ཆུང་གང་འདྲ་ཞིག་སྒྲུབ་ཀྱི་ཡོད་ནའང་མཐུན་བསྒྲིལ། ལྷག་བསམ། སྙིང་སྟོབ་། བརྩི་བཀུར། མཉམས་རུབ་ལ་སོགས་ཚིག་མཐོང་རྒྱུ་ཡོད་པ་ལས་ཁྱོད་ལྟ་བའི་ཁ་ངན་དང་ཚིག་རྐྱང་པ་བཤད་ནས་སྒྲུབ་པའི་འབྲས་བཟང་ཞིག་སྲིད་འདི་ན་མེད་པ་ཡིན། ལྷག་པར་དུ་རང་ཉིད་དང་ལས་རིག་ཆ་མཚུངས་པའི་མི་རེ་གཉིས་ཞིག་ནས་འཆལ་གཏམ་སྤེལ་གྱི་ཡོད་པའི་དོག་གཞི་ཡོད། ང་ནིའུ་ཡོག་དུ་ཡོད་ལ་བོད་མི་ཚང་མས་ངོ་ཤེས་པའི་སྨན་པ་ཞིག་ཡིན་གལ་སྲིད་ཁྱེད་ཚོས་ང་དང་ངའི་ནང་མི་Covid 19 ན་མེད་པ་ར་སྤྲོད་བྱེད་ཐུབ་ན་ངས་ཕྲག་དོག་ཅན་ཚོར་ཨ་སྒོར་འཁྲི་གཅིག་སྟེར་རྒྱུ་ཡིན། དངུལ་ལེན་པར་དཔང་བརྟགས་དང་ཡིག་གེ་འདི་འཁྱེར་ནས་ཤོག། དེ་ལྟར་མིན་ཚེ་ངས་སྤྱི་ཚོགས་ནང་གཏམ་འཆལ་སྤེལ་བའི་ཉེས་མིང་ཐོག་འཁྲིམས་གཏུག་བྱེད་རྒྱུ་ཡིན།་ ཁྱོད་ནས་བཤད་པའི་སྐད་ཆ་ལ་བདེན་པ་ཡོད་ཚེ་ང་ལ་ཡིན་གཅིག་འབྲེལ་བ་བྱེད་རོགས་ནིའུ་ཡོག་ནས་བོད་ཀྱི་གསོ་རིག་སྨན་པ་དབང་འདུས་ནས།།

  4. བསྟན་འཛིན་ཆོས་སྒྲུབ says:
    2020-04-18 at 9:04 am

    སྨན་རྩིས་ཁང་གིས་རིལ་བུ། །
    ཁྲོམ་བསྡུས་ཚོང་བསྒྱུར་ཆེ་བས། །
    ས་གནས་རྒྱ་གར་གཞུང་གིས། །
    བཀའ་ནན་ཕེབས་ནས་བཀག་སོང་།།ཞེས་པའི་རིམས་སྲུང་རྡོ་རྗེ་ཕ་ལམ་ནི་ལོ་ངོ་༡༠སྔོན་ནས་ཡོད་པའི་སྨན་ཞིག་རེད།།སྨན་རྩིས་ཁང་གི་ཚོང་ཆེན་ཞིག་རྒྱབ་པ་ལྟར་གསུངས་འདུག།རིལ་བུ་དེ་ལ་གོང་ཚད་སྒོར་༩འམ༡༠ཡིན་པ་ཨེ་ཤེས།།རྒྱ་གར་གཞུང་གི་བཀག་སྡོམ་གནང་ཡོད་ན་རྡ་ས་ཁོ་ན་ལས་ཡན་ལག་གཞན་གང་དུའང་བཀག་སྡོམ་གནང་མེད།།རྡ་སར་བཀག་སྡོམ་གནང་བའི་དགོས་པ་རྒྱུ་མཚན་གང་ཡིན་ནམ་བརྟག་དཔྱད་གནང་ཡོད་དམ།།

  5. ཟླ྄་བ says:
    2020-04-18 at 2:52 pm

    མི་ངན་ཅིག་གིས་གཏམ་ངན་དེ་འདྲ་མ་གནང་ན་ཡག་སྨན་པ་ཁོང་ནི་ཚད་དང་ལྡན་པ་རེད།

  6. ཀརྡོ་རབ་འབྱམས་པ་ says:
    2020-04-18 at 4:32 pm

    ཝུ་ཧེན་གཉེན་ནད་ཁྱོད་ལ། །
    རྒྱ་ནད་ཟེར་དགོས་ཟེར་དུས། །
    རྒྱལ་སྤྱིས་ཀོ་ནད་དགུ་བཅུ། །
    བོད་འགྱུར་ཏོག་དབྱིབས་བསྒྱུར་སོང་། །

    ནད་ཡམས་ཀོ་ནད་བཅུ་དགུ །
    གཉེན་ནད་ཀོ་ནད་བཅུ་དགུ །
    ཀོ་རོ་ན་ཡི་གཉེན་ནད། །
    མིང་དང་མཚན་མང་འདུག་གོ །

    རྒྱ་ནད་ཟེར་ན་རྒྱ་ཁྲོས། །
    ཧུན་ནད་ཟེར་ན་ཤི་ཁྲོས། །
    ཨ་ནད་ཟེར་ཀྲ་རམ་ཁྲོས། །
    ཁྲོས་ས་རྒྱ་རང་རེད་འདུག །

    ཤི་མཁན་དང་པོ་རྒྱ་ཧེན། །
    དེ་ནས་ཡུ་རོབ་པ་རྣམས། །
    མཐའ་མ་ཨ་རི་སྐད་ཤོར། །
    ནད་ངན་ཐོན་རེད་བཟོས་རེད། །

    རྒྱ་ཡིས་ནད་ངན་སྤེལ་ཟེར། །
    རྒྱ་ཡི་ནད་ངན་ཤོར་ཟེར། །
    རྒྱ་ལ་ཚབ་དངུལ་དགོས་ཟེར། །
    རྒྱ་དཔོན་ཤི་ཁོ་འཇུ་ཟེར། །

    ད་ནི་མི་ཟེར་དགུ་ཟེར། །
    དིང་སང་མི་ན་དགུ་ན། །
    མི་བཟང་ནད་མེད་ཚེ་རིང་། །
    མི་ངན་འཆི་ཡང་ཆོག་པ། །

  7. ཀརྡོ་རབ་འབྱམས་པ་ says:
    2020-04-19 at 3:17 am

    ཀོ་ནད་བཅུ་དགུའི་གླུ་གཞས།
    ་
    ན་སོང་ན་སོང་ན་སོང་། །
    མི་རིགས་ཡོད་ཚད་ན་སོང་། །

    འགོས་སོང་འགོས་སོང་འགོས་སོང་། །
    ཀོ་རོ་ནད་དེ་འགོས་སོང་། །

    ཁྱབ་སོང་ཁྱབ་སོང་ཁྱབ་སོང་། །
    ཏོག་དབྱིབས་ནད་དེ་ཁྱབ་སོང་། །

    ཤི་སོང་ཤི་སོང་ཤི་སོང་། །
    ནད་གཅོང་རྒས་ནད་ཤི་སོང་། །

    བསྒྲགས་སོང་བསྒྲགས་སོང་བསྒྲགས་སོང་། །
    ཀོ་ནད་བཅུ་དགུ་བསྒྲགས་སོང་། །

    ངུས་སོང་ངུས་སོང་ངུས་སོང་། །
    གསོན་ལུས་ཡིན་ཚད་ངུས་སོང་། །

    ཚར་སོང་ཚར་སོང་ཚར་སོང་། །
    རྒྱ་ཡི་དངོས་རྫུན་ཚར་སོང་། །

    ངོ་ཚ་ངོ་ཚ་ངོ་ཚ། །
    རྒྱ་གཞུང་ཏང་ངན་ངོ་ཚ། །

    ཕམ་སོང་ཕམ་སོང་ཕམ་སོང་་། །
    ཚོང་པ་ཡོད་ཚད་ཕམ་སོང་། །

    རྒྱལ་སོང་རྒྱལ་སོང་རྒྱལ་སོང་། །
    དྲང་བདེན་མི་རིགས་རྒྱལ་སོང་། །

    དགའ་སོང་དགའ་སོང་དགའ་སོང་། །
    རྒྱ་ཡི་དགྲ་ཡ་དགའ་སོང་། །
    ་
    ངའི་གཞས་འདི་གཏོང་མཁན་ནི་རག་བགྱི་མ་རེད། ད་འདི་ཙམ་གྱི་འགྲིགས་པ་བྱས་སོ།།

  8. ཀརྡོ་རབ་འབྱམས་པ་ says:
    2020-04-19 at 5:20 am

    ད་འདི་ཙམ་གྱི་འགྲིགས་པ་བྱས་སོ།།
    འདི།
    ད་འདི་ཙམ་གྱིས་འགྲིགས་པར་བྱས་སོ།།
    ལ་བཅོས་སོ།།

  9. རིག་པའི་བུ་རྒོད། says:
    2020-04-19 at 7:43 am

    ངོ་དེབ་ཏུ་ཨེམ་ཅི་དབང་འདུས་ཟེར་བ་ཞིག་གིས་གསལ་བཤད་ལུང་པ་གང་གནང་གི་འདུག་པས། ཕལ་ཆེར་གླུ་གཞས་དེ་དང་འབྲེལ་བ་ཡོད་ས་རེད།
    དངོས་གནས། སྐྱིད་ཟུར་ལགས་ཀྱི་གླུ་གཞས་དང་གནའ་བོའི་མགུར་ལེན་པར་རྒྱུ་མཚན་ཡོད་ཐག་གཅོད་རེད།
    རྐུབ་རྩགས་ཤོར་འདུག

  10. རིག་འཛིན་རྡོ་རྗེ says:
    2020-04-21 at 8:17 am

    སྨན་པ་དབང་འདུས་ལགས།
    ཁྱེད་ནང་མིའི་བརྟག་དཔྱད་བྱས་བའི་དུས་ཚོད་ནི་བཞི་བའི་ཚེས་བཅུ་རེད་འདུག འོན་ཀྱང་ཁྱེད་ཀྱིས་ས་བསྒྲགས་གནམ་བསྒྲགས་བྱས་བའི་དུས་ཚོད་ནི་དེའི་སྔོན་ལ་རེད། དེའི་ཐད་ལ་འགྲེལ་བཤད་བསྐྱོན་རོགས། ད་དུང་སངས་དྲག་དུ་སོང་མི་འདུག་པ་བརྟག་དཔྱད་འབྲས་བུ་ན་གསལ་བོ་བསྟན་འདུག འཁྱོག་གཏམ་དང་རྫུན་གཏམ་གྱིས་བོད་ཀྱི་གསོ་རིག་ལ་གནོད་པའི་ལས་ཀ་མ་བསྒྲུབ་རོགས།

  11. བྱང་ཆུབ says:
    2020-04-21 at 9:28 am

    ཁྱེད་རང་ན་མེད་པ་འདྲ

  12. lobsang says:
    2020-04-25 at 3:34 am

    ངག་དབང་ལགས་ནས་ཧ་ལས་བའི་ཡག་པོ་དང་སྙན་པ་བྲིས་འདུག་
    དེའི་ཐོག་ཁྱོན་ཡོངས་ཀྱི་གནས་ཚུལ་ཡོངས་ལ་ཕྱོགས་ཡོངས་ནས་རྒྱུས་མངའ་ཚད་མཐོ་བོའི་ཐོག་བྲིས་འདུག་་་་ཧ་ལས་པ་རེད་འདུག་་་་་་་་་་་་་་་་་

  13. Abharu Jigwang says:
    2020-04-25 at 3:33 pm

    ༄༅། རྒྱ་ནད་གླུ་ཆུང་སྙན་པོ་། ངག་དབང་ལགས་ནས་བྲིས་བཞག།
    ནིའུ་ཡོག་ཨམ་རྗེ་དབང་འདུས་། ཁྲག་ཤེད་སྟོད་ལ་འཕར་ནས།
    ཁེངས་འདྲེགས་ཆེན་པོའི་ངང་ནས་། ཁ་བརྡར་རྗིག་གཏམ་བཤད་དེ།
    ཁྲིམས་ལ་སྦྱར་རྒྱུ་བཤད་འདུག། ཁྲིམས་ལ་ག་འདྲའེ་སྦྱར་མིན།
    ལྟད་མོ་བལྟ་ནས་བསྡད་ཡོད།
    སྨན་པས་ཁེངས་འདྲེགས་འདི་འདྲ་། ད་བར་ངས་ནི་མ་མཐོང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme