Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

(རྒྱ་ནག)ཕྱི་འབྲེལ་ལྷན་ཁང་གི་འཆར་ཅན་གསར་འགོད་ལྷན་ཚོགས།

Posted on 2013-05-282013-05-28 By ཁ་བརྡ་ 15 Comments on (རྒྱ་ནག)ཕྱི་འབྲེལ་ལྷན་ཁང་གི་འཆར་ཅན་གསར་འགོད་ལྷན་ཚོགས།

༼འདི་ནི་ལྕགས་མོ་འཚོ་ལགས་ཀྱི་ངོ་དེབ་ལས་འདིར་དྲངས་པ་ཡིན། ཁ་བརྡས༽
མགྲིན་ཚབ་པ། ཧོང་ལོས།
དུས་ཚོད། ༢༠༡༣ལོའི་ཕྱི་ཟླ་༥པའི་ཚེས་༢༨ཉིན།
༢ རྒྱ་ནག་ཕྱོགས་ནས་ཏྭ་ལའི་བླ་མ་ཕྱིར་རྒྱལ་ནང་ཕེབས་པར་དགའ་བསུ་ཞུ་གི་ཡོད་དམ།
ལན། ང་ཚོས་ཏྭ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་ནམ་རྒྱུན་ཁ་གསལ་ཡིན། ཏྭ་ལའི་བླ་མས་དོན་དངོས་ཐོག་མེས་རྒྱལ་ཁ་བྲལ་གྱི་ལངས་ཕྱོགས་དོར་ནས། མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་གིས། མངོན་གསལ་གྱིས་བོད་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ངོས་ལེན་དང་། ཐེ་ཝན་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པ་ངོས་ལེན་བྱས་ནས་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱ་ནག་གི་ཁྲིམས་མཐུན་གྱི་སྲིད་གཞུང་ཉག་ཅིག་ཡིན་པ་ངོས་ལེན་བྱས་བ་ཡིན་ན། དེའི་རྨང་གཞིའི་ཐོག ང་ཚོས་ཏྭ་ལའི་བླ་མ་དང་མཉམ་དུ་ཁོང་གི་སྐུ་སྒེར་གྱི་མདུན་ལམ་གནད་དོན་ཐད་འབྲེལ་མཐུད་གྲོས་མོལ་བྱེད་ཆོག ཏྭ་ལའི་བླ་མས་ཆབ་སྲིད་ལངས་ཕྱོགས་ཐད་རྕ་བའི་ཐོག་ཕྱིར་རྟོག་བསམ་ཞིབ་དང་རྦད་དེ་འགྱུར་བ་གཏོང་དགོས། བོད་ཁུལ་དུ་དྲག་པོའི་ཉེས་ཅན་བྱ་སྤྱོད་སྤེལ་བར་ངན་སྐུལ་བཀོད་ཇུས་མཚམས་འཇོག་དང་། བོད་རང་བཙན་གྱི་ཐབས་ལམ་འཚོལ་བ་མཐའ་དག་མཚམས་འཇོག་བྱེད་དགོས། ཕྱེད་རང་བཙན་དང་རང་བཙན་ལ་ཁ་ཕྱོགས་པའི་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་ཐམས་ཅད་མཚམས་འཇོག་དགོས། འདི་ལྟར་སྒྲུབ་ན་ད་གཟོད་ཁོང་གི་སྐུ་སྒེར་གྱི་མདུན་ལམ་གནད་དོན་ཐག་གཅོད་བྱེད་པར་ཕན་འདོགས་བྱེད་ཐུབ།
外交部例会
发言人: 洪磊
日期:2013年5月28日
2中方是否欢迎达赖喇嘛回国?
我们对达赖喇嘛的政策是一贯和明确的。 达赖喇嘛只有真正的放弃分裂祖国的立场停止分裂祖国的活动, 公开承认西藏是中国不可分割的一部分,承认台湾是中国不可分割的一部分, 承认中华人民共和国是全中国唯一合法的政府。在此基础上, 我们可以同达赖喇嘛就其个人前途问题进行接触商谈。 达赖喇嘛应该对其政治主张进行根本的反思和彻底的改变。停止在藏区策划煽动暴力犯罪行动和一切谋求西藏独立, 半独立和变相独立的分裂祖国的活动。 只有这样做才对解决他的个人前途问题有帮助。

གསར་འགྱུར།

Post navigation

Previous Post: ཆིག་ལབ།
Next Post: ཞང་ཞུང་སྨར་ཡིག་དང་༧གོང་ས་མཆོག་གི་དགོངས་གཞི།

Comments (15) on “(རྒྱ་ནག)ཕྱི་འབྲེལ་ལྷན་ཁང་གི་འཆར་ཅན་གསར་འགོད་ལྷན་ཚོགས།”

  1. སྤོབས་པ་མཐའ་ཡས། says:
    2013-05-28 at 6:39 pm

    རྒྱ་ཡིག་ལ་ཚིག་ཁ་ཤས་མ་གཏོགས་མི་འདུག བོད་ཡིག་འདི་འདྲ་མང་པོ་ཞིག་ཆགས་སོང་བ་དེ་བོད་ཡིག་གི་སྐྱོན་ཡིན་ནམ་ཡིག་སྒྱུར་བས་ཅིག་མ་འགྲིགས་པ་ཡིན།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-05-28 at 9:45 pm

    ཁ་བརྡས། མགྲིན་ཚབ་པ། ཧོང་ལོས་ གསལ་སྒྲོག་ ཁ་བརྡར་ བཀོད་པ་ བཀའ་དྲིན་ཆེ།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-05-28 at 10:32 pm

    དྲི་གནད་བརྒྱད་པོ་ལ་ལན་རེ་གསུངས་དང་།
    མེས་རྒྱལ་ཟེར་ན་སུའི་མེས་པོ་རེད། བོད་དང་ཤིང་ཅང་། སོག་རིགས་གསུམ་གའི་མེས་པོ་གཅིག་ཡོད་དམ།
    ཁ་བྲལ་ཟེར་ན་གང་རེད། ག་དུས་རང་གི་འོད་མོས་ཀྱིས་མཉམ་གནས་བྱུང་བ་རེད་དམ།
    བོད་དང་ཐེ་ཝན་གཉིས་རྒྱ་ནག་དང་། ཁ་བྲལ་མེད་དགོས་དོན་གང་ཡིན་ནམ།
    ང་༼རྒྱ་གཞུང་༽ཚོས་ཏྭ་ལའི་བླ་མ་དང་མཉམ་དུ་ཁོང་གི་སྐུ་སྒེར་གྱི་མདུན་ལམ་གནད་དོན་ཐད་འབྲེལ་མཐུད་གྲོས་མོལ་བྱ་རྒྱུ་ག་རེ་ལྷག་ཡོད་དམ།
    བོད་ཁུལ་དུ་དྲག་པོའི་ཉེས་ཅན་བྱ་སྤྱོད་སྤེལ་བར་ངན་སྐུལ་བཀོད་ཇུས་སུས་བྱེད་ཅིག་ཡོད་དམ།
    བོད་རང་བཙན་སྤྲོད་འདོད་མེད་མཁན་དེ་སུ་རེད་དམ།
    བོད་རང་བཙན་ལེན་འདོད་ཡོད་མཁན་དེ་སུ་དང་སུ་ཡིན་ནམ།
    བོད་རང་བཙན་ལེན་ཐུབ་མཁན་གྱི་སྲིད་བྱུས་དང་མི་རབས་གསར་པ་ཅིག་བྱུང་སྲིད་དམ།

  4. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-28 at 10:50 pm

    སྟག་ལྷ་རྒྱལ་དང་ལྕགས་མོ་མཚོ་བཟའ་ཚོ་གཉིས་ཀྱིས་གསར་འགྱུར་ནང་ཚ་མང་པོ་འདེབས་ཀི་རེད་གདའ། ཞིབ་འཇུག་ཡག་པོ་བྱས་མ་གཏོགས། ཧོང་ལེའུ་སྐད་ཆའི་ནང་ལག་པ་བསྲིངས་ཡོད་སྲིད་པ་རེད་གདའ།

  5. སྣྲོན ངག་ཁྲི། says:
    2013-05-28 at 11:27 pm

    རྒྱ་ནག་གུང་བྲན་གཞུང་གིས་ད་བར་བསྐྱར་ཟློས་ཐེང་བརྒྱ་ཕྲག་བྱས་ཟིན་པའི་རྒྱུན་ལྡན་གྱི་ལན་ནམ་འཁྲབ་སྟོན་དེ། སླར་ཡང་འདིར་དྲན་གསོ་གནང་བ་ཐུགས་རྗེ་ཆེ། དེའི་ནང་། ཁོང་ཚོས་ཚིག་གསར་པ་དང་དོན་གསར་པ་གང་ཡང་བརྗོད་མེེད་ན། དེ་ལ་གོ་རྒྱུ་ཆེ་མདོག་གིས་ཧང་སངས་བ་དང་ཧ་ལས་དགོས་དོན་གང་ཡང་མེད། དེ་ལས་ལྡོག་ཏེ་རྒྱ་གཞུང་ཁོང་ཚོའི་སྔོན་འགྲོའི་ཆ་རྐྱེན་ཇི་ཙམ་ཁས་བླངས་པ་དེ་ཙམ་གྱིས་ཇེ་མང་འགྲོ་ནི་དོན་དངོས་ཀྱིས་ར་སྤྲོད་བྱས་པ་ཞིག་ཡིན། མ་གཞི་དེང་སང་རང་ཕྱོགས་ནས་ཀྱང་ཁོང་ཚོའི་འཚིམ་དུས་མེད་པའི་འདོད་པ་དེ་དག་མུ་མཐུད་ནས། བཀའ་བཞིན་སྒྲུབ་འདོད་ཀྱི་ཉེེར་བསྡོགས་རྩོམ་པ་ལ་མངོན་པར་ཕྱོགས་སོ་སྙམ་མོ། ། ོ

  6. བསམ་ཤེས། says:
    2013-05-28 at 11:34 pm

    རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེར་འདོན་པའི་ཆ་རྐྱེན་འདི་ཚོ་མང་རུ་མང་རུ་འགྲོ་བཞིན་གདའ། 

    ༡༩༥༠ནང་ལ་བཅིངས་དཀྲོལ་དམག་མི་བོད་ལ་བཏང་ན། ཆ་རྐྱེན་གཞན་གང་མང་མེད་ལབ། 
    ༡༩༥༩ཏ་ལའི་བླ་མས་མགོ་བཏགས་མ་ཞུས་ན་མེ་སྒྱོགས་བརྒྱབ་ཟེར།
    ༡༩༧༠ནང་ལ་རང་བཙན་མིན་པ་གང་བཤད་ཀྱང་ཆོག་ཟེར། 
    ༡༩༨༠ནང་ལ་ཕྱི་རྒྱལ་གྱི་བར་འདུམ་པ་མེད་ན་ག་དུས་རྒྱ་ནག་ལ་ཡོང་ནའང་འགྲིགས་ཟེར། 
    ༢༠༠༠ལོར་བོད་རང་བཙན་དོར་རྗེས། ཕྱེད་རང་བཙན་མ་ཤོད་ཟེར། ད་ཕྱེད་རང་བཙན་དོར་ན་ཁོང་སྒེར་གྱི་གནས་ཚུལ་ཐག་གཅོད་ཐུབ་ཟེར། 
    ༢༠༡༠ལ་ཆོལ་ཁ་གསུམ་དང་རང་སྐྱོང་། དེ་བཞིན་ཐོབ་ཐང་ཚང་མ་དོར་དགོས་ཟེར། 
    ༢༠༢༠ནང་ལ་བོད་ཟེར་བའི་མིང་དེ་དོར་ན་ད་གཟོད་ཏ་ལའི་བླ་མའི་སྒེར་གྱི་གནད་དོན་ལ་ཐག་གཅོད་ཟེར་།
    ༢༠༣༠ཏ་ལའི་བླ་མའི་མིང་དོར་ན་བོད་ལ་གཏོང་གི་ཡིན་ཟེར།
    ༢༠༤༠ཏ་ལའི་བླ་མའི་ལུས་དོར་ན་སྐད་ཆ་ཤོད་ཟེར།
    ༢༠༥༠ཏ་ལའི་བླ་མ་པེ་ཅིང་ལ་འཁྲུངས་ཀྱི་ཡིན་ཟེར་ན་སྐད་ཆ་ཤོད་ཟེར།
    ༢༠༦༠ཏ་ལའི་བླ་མ་པེ་ཅིང་ལ་འཁྲུངས་སོ།

  7. བསམ་ཤེས། says:
    2013-05-28 at 11:40 pm

    ཨེ་བསམ་བློ་གཏོང་དུས། དང་པོ་ང་ཚོས་རྒྱ་མི་རྒྱལ་བ་རིན་པོ་ཆེ་ལས་བཀག་མ་ཐུབ་པའི་སྡུག་བསྔལ། དེ་ནས་ཕྱི་ལ་གདན་འདྲེན་ཞུ་མ་ཐུབ་པའི་སྡུག་བསྔལ། དེ་ནས་རྒྱ་དང་འབྲེལ་བ་བྱེད་མ་ཐུབ་པའི་སྡུག་བསྔལ། ད་ལྟ་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་མ་ཐུབ་པའི་སྡུག་བསྔལ། དེ་ནས་བོད་ནས་ཕྱི་ལ་བྲོས་ཐར་མ་ཐུབ་པའི་སྡུག་བསྔལ། འཇིག་རྟེན་འཁོར་བ་ཟེར་མཁན་འདི་ངོ་མ་སྒོར་སྒོར་རེད་བཞག ད་ཇི་ལྟར་འདི་བཟོ་ལྟ་འགྱུར་དགོས་རེད་དམ། གང་ལྟར་རྒྱལ་བ་རིན་པོ་ཆེ་པེ་ཅིང་ལ་ཕེབས་པའི་ཉིན་མོ་ནས་ཡང་ང་ཚོ་རྒྱལ་བ་རིན་པོ་ཆེ་ཕྱི་ལ་གདན་འདྲེན་ཞུ་མ་ཐུབ་པར་ལུས་ཀྱི་རེད། ད་གང་བྱེད་དགོས་སམ།

  8. དགྲ་འདུལ། says:
    2013-05-29 at 3:50 am

    ཆབ་སྲིད་ལ་མགོ་རྨོངས་བའི་གཞུང་གི་སྐུ་ངོ་ཁྱེད་ཚོས་ད་དབུ་མའི་ལམ་གྱི་སྲིད་ཇུས་གསར་བ་ཞིག་བཟོས་མ་གཏོགས་ཁུངས་མི་འཁྱོལ་ཁོ་ཐག་རེད།

  9. རིག་པའི་བུ says:
    2013-05-29 at 5:43 am

    ཧིང་ལོས་སྐུ་མདུན་གྱི་ཁ་སྔོགས་ཀི་ཡོད་པ་རེད། རང་བཙན་བློས་བཏང་ལབ་ཚེ་སྐུ་མདུན་དང་དབུ་མ་པ་རྣམས་ཀྱིས་རྩོད་ཀྱི་མེད་ནས་འཛམ་གླིང་ལ་སྐྱར་བསྒྲགས་བྱེད་ངེས་རེད། ཅི་ལྟར་རང་བཙན་རྩོད་ཀྱི་མེད་ཅེས་ནས་འཇིག་རྟེན་ལ་བསྒྲགས་པ་དེ་ཚོད་ཀྱིས་འཛམ་གླིང་གི་མི་རྣམས་ཀྱིས་བོད་འདི་རྒྱ་ནག་ཡིན་པ་གོམས་པར་ཕན་མ་ཟད། རང་བཙན་རྩོད་མཁན་གྱི་སེམས་ཤུགས་ཅན་ཚོའི་སེམས་ལ་ཆུ་འཁྱག་བླུགས་པས་བོད་ཀྱི་སྤྱི་ཚོགས་ལ་གཡོ་འགུལ་ཐེབས་ཤིང་། རང་དབུ་འགལ་བ་དྲགས་སུ་བཏང་བའི་ཕན་ཐོགས་ཡོད་པས་གཞོན་ནུའི་འཚོགས་འདུ་བསྐོངས་བ་མཉམ་དུ་རྒྱ་ནག་གིས་གསལ་སྒྲགས་གནང་ཤས་ཆེ། རབས་བྱུང་ན་སྐུ་མདུན་གྱིས་རང་བཙན་པ་རྣམས་ལ་བཀའ་བཀྱོན་བཏང་རྒྱུ་དེ་རེད། དེ་ལྟར་བྱུང་ན། བོད་མིའི་སྤྱི་ཚོགས་ནང་འདར་སིག་ཅིག་བྱུང་ངེས་རེད།

  10. སྣྲོན ངག་ཁྲི། says:
    2013-05-29 at 8:39 am

    དབུ་མ་པས་རྒྱབ་ལྗོངས་དང་དམིགས་དོན་འགྲུབ་མ་འགྲུབ་ཀྱི་ཐད། གདེངས་སྤོབས་མེད་བཞིན་དུ་གཞུང་མང་ལྷན་དུ་ཟས་བཅད་ལས་འགུལ་དང་། མར་མེའི་ཁྲོམ་སྐོར། འདུ་འཛོམས་སྐད་འབོད་སོགས་བྱས་ཆོག་ཅིང་། གཞིས་བྱེས་གཉིས་སུ་རང་སྲེག་ལས་འགུལ་སྤེལ་བ་ལ་དགག་བྱ་མེད་བཞིན་དུ། གཞོན་ནུས་རང་བཙན་གྱི་ལྟ་གྲུབ་གཙང་མའི་ཐོག་ནས་རང་གཞུང་གི་བདག་དབང་བརྩད་པའི་ལས་འགུལ་སྤེལ་བ་ལ་དགག་རྒྱག་ཐེར་འདོན་དང་། ཟུར་ཟ་དམའ་འབེབས་ཀྱི་རྣམ་འགྱུར་སྣ་ཚོགས་
    བསྟན་ཏེ་མུ་མཐུད་དེ་འབུར་འཇོམས་ལ་མཐའ་གཅིག་ཏུ་བརྩོན་དོན་གང་ཡིན་ནམ། རང་བཙན་གྱི་ལྟ་གྲུབ་དེ་དང་། ལས་འགུལ་དེ་དག་གིས་འགྲུབ་རེ་མེད་པའི་ཁྱེད་
    ཅག་དབུ་མ་པར་འགོག་རྐྱེན་ཅི་ཞིག་བཟོ་ཡི་འདུག་གམ། ང་ཚོ་རང་དབང་ལུང་པར་ཡང་གཅིག་སྡུད་ཀྱི་ལམ་ལུགས་ཞིག་དབུ་བསྙེས་ཟིན་པ་ཡིན་ནམ།
    སྨྲས་པ།
    དབུ་མ་འགྲུབ་ན་རང་བཙན་ལོས་འགྲུབ་སྟེ། །རང་བཙན་དབུ་མ་ལས་ཀྱང་རྒྱབ་བརྟེན་བཙན། །རང་བཙན་མེད་ན་དབུ་མ་ལོས་མེད་དེ། །དབུ་མར་རང་བཙན་ལྟ་བུའི་ཁུངས་མེད་ཕྱིར། །

  11. རིགས་ལྡན་རྒྱལ་པོ says:
    2013-05-29 at 10:10 am

    ༢ རྒྱ་ནག་ཕྱོགས་ནས་ཏྭ་ལའི་བླ་མ་ཕྱིར་རྒྱལ་ནང་ཕེབས་པར་དགའ་བསུ་ཞུ་གི་ཡོད་དམ།
    ལན། ང་ཚོས་ཏྭ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་ནམ་རྒྱུན་ཁ་གསལ་ཡིན། ཏྭ་ལའི་བླ་མས་དོན་དངོས་ཐོག་མེས་རྒྱལ་ཁ་བྲལ་གྱི་ལངས་ཕྱོགས་དོར་ནས། མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་གིས། མངོན་གསལ་གྱིས་བོད་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ངོས་ལེན་དང་། ཐེ་ཝན་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པ་ངོས་ལེན་བྱས་ནས་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱ་ནག་གི་ཁྲིམས་མཐུན་གྱི་སྲིད་གཞུང་ཉག་ཅིག་ཡིན་པ་ངོས་ལེན་བྱས་བ་ཡིན་ན། དེའི་རྨང་གཞིའི་ཐོག ང་ཚོས་ཏྭ་ལའི་བླ་མ་དང་མཉམ་དུ་ཁོང་གི་སྐུ་སྒེར་གྱི་མདུན་ལམ་གནད་དོན་ཐད་འབྲེལ་མཐུད་གྲོས་མོལ་བྱེད་ཆོག ཏྭ་ལའི་བླ་མས་ཆབ་སྲིད་ལངས་ཕྱོགས་ཐད་རྕ་བའི་ཐོག་ཕྱིར་རྟོག་བསམ་ཞིབ་དང་རྦད་དེ་འགྱུར་བ་གཏོང་དགོས། བོད་ཁུལ་དུ་དྲག་པོའི་ཉེས་ཅན་བྱ་སྤྱོད་སྤེལ་བར་ངན་སྐུལ་བཀོད་ཇུས་མཚམས་འཇོག་དང་། བོད་རང་བཙན་གྱི་ཐབས་ལམ་འཚོལ་བ་མཐའ་དག་མཚམས་འཇོག་བྱེད་དགོས། ཕྱེད་རང་བཙན་དང་རང་བཙན་ལ་ཁ་ཕྱོགས་པའི་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་ཐམས་ཅད་མཚམས་འཇོག་དགོས། འདི་ལྟར་སྒྲུབ་ན་ད་གཟོད་ཁོང་གི་སྐུ་སྒེར་གྱི་མདུན་ལམ་གནད་དོན་ཐག་གཅོད་བྱེད་པར་ཕན་འདོགས་བྱེད་ཐུབ།

    མི་མང་སྤྱི་མཐུན་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་ལྷན་རྒྱས་མཆོག་ལ།
    རླབས་ཆེན་གྱི་གཙོ་འཛིན་ཡིན་པའི་ཆ་ནས་འདི་འདྲའི་གུ་དོག་མཁྲེགས་འཛིན་གནང་བའི་དགོས་དོན་སྙིང་པོ་གང་ཡིན་ནམ་ཞེས་དྲི་བ་ཆེན་པོ་ཞིག་འབུལ་རྒྱུ་ཡིན།
    འདིར་ནི་བོད་མི་ས་ཡ་དྲུག་དང་རྒྱ་ཆེ་ས་ནས་མི་མང་ས་ཡ་སྟོང་ལྷག་གི་འཕྲལ་ཕུགས་ཀྱི་གནད་དོན་ཞིག་རེད་མ་གཏོགས། བོད་རང་བཙན་ཡིན་མིན། ཏཱ་ལའི་བླ་མ་སྐུ་སྒེར་གནད་དོན་དང་འབྲེལ་བ་མེད་པ་གསལ་བཞིན་དུ་རང་ཉིད་གཡོ་སྒྱུ་ལ་བྱང་ཤ་གོམས་འདྲིས་ཆེ་བའི་རྟོག་ངོར་གཞན་ལའང་དེ་ལྟར་དུ་འཁྲུལ་སྣང་བྱུང་བ་ཡིན་ནམ། དམར་པོའི་མཁྲིས་ནད་ཆེ་སྡུག་ཏུ་ཕྱིན་ན་མ་གཏོགས་ཐམས་ཅད་སེར་པོ་མ་རེད་དཀར་པོ་ཡང་ཡོད་པ་མཁྱེན་དགོས་པའི་དུས་སུ་སླེབས་ཡོད། བོད་ལོ་རྒྱུས་བདེན་པ་དེ་ལོ་རྒྱུས་རང་རེད། ཏང་དང་རྒྱལ་སྤྱི་མ་ཟད། སྐུ་དོན་སྐུ་སྒེར་ལ་ཡང་ལོ་རྒྱུས་འཁྱོག་བཤད་གནང་རྒྱུའི་སྐུ་དབང་མེད་པ་གསལ་པོ་རེད། འཛམ་བུ་གླིང་གི་ལོ་རྒྱུས་ཡོད་ཚད་གུང་བྲན་ཏང་ལ་ནུས་པ་ཡོད་ན་མེད་པ་བཟོས་དང་། དེ་ནས་བོད་སྐོར་ཡང་བརླག་གི་རེད། ཁར་ཐུག་ཞུས་ན། བོད་མིའི་སྤྱི་དོན་ལས་སྐུ་དོན་གྱི་སྒེར་དོན་མིན་པས་སྐུ་སྒེར་དབང་ཆ་ཡོད་མ་རེད། བོད་མི་མང་འདོད་མོས་སྒང་ལ་འགྲོ་དགོས་པ་གསལ་པོ་གསལ་རྐྱང་རེད།
    སྐབས་འདིར་དྲན་གསོ་ཞུ་དགོས་པར། ང་ཚོ་མང་གཙོ་ཁ་ཞེ་མེད་པའི་ལམ་ཐོག་ནས་བསྐྱོད་མུས་ཡིན་ལ། ཁ་ནས་མི་མང་དང་མང་གཙོ་མཁས་སྙན་བཤད་དོན་དུ་གཅིག་སྡུད་མཁྲེགས་འཛིན་སྒང་ལ་འགྲོ་གི་མེད། མེ་མདའ་དབང་ཡོད་འོག་རང་དབང་ལ་རྡོག་རོལ་གཏོང་གི་མེད། ཁ་ནས་མི་མང་བཤད་དོན་དུ་གདུག་རྩུབ་མནར་གཅོད་དང་གཡོ་ཐབས་དབང࿒ཡོད་འགྲོ་ཚོད་རང་མིན་པ་མཁྱེན་དགོས།
    བོད་རང་བཙན་འཚོལ་གྱི་མེད་པས་བོད་རིགས་ནང་ནས་རང་བཙན་མ་རྩོད་པར་དབུ་མའི་ལམ་ཐོག་འགྲོ་བར་སྐྱོན་བརྗོད་དང་ལབ་གླེང་ག་ཚོད་ཡོང་གི་ཡོད་པ་ཤེས་བཞིན་མ་ཤེས་མདོག་བྱ་དགོས་དོན་དེ་ག་པར་ཐུག་པ࿒རེད། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཡིན་པ་གསལ་ཐིང་ཤེས་བཞིན་མ་ཤེས་ཁུལ་གནང་དོན་གང་ཞིག་ཡིན་ནམ། རྒྱ་བོད་གྲོས་མོལ་གནང་དུས་བོད་རང་བཙན་འཚོལ་བའི་སྐད་ཅ་སུས་ཀྱང་བཤད་མེད་པ་གསལ་རྐྱང་ཡིན་བཞིན་དུ་མིན་ཚུལ་གཡོ་འཁྲབ་ཅི་ཕྱིར་ཡིན། བོད་མིའི་མངོན་འདོད་དང་མཐུན་པའི་རང་དབང་རང་མོས་གུ་ཡངས་ཐོབ་ཡོད་ན། རང་བཙན་ལས་འགུལ་བ་དག་གིས་ཀྱང་གཙོ་ཕལ་དབྱེ་སེལ་གནང་བའི་རེ་བ་ཆེན་པོ་ཡོད་རུང་། གུན་བྲན་གྱིས་བོད་ཐོག་ནམ་ཡང་གུ་ཡངས་མེད་ཐོག་ད་དུང་གུ་དོག་ཏུ་བཏང་བ་ལས་ཀྱང་ཡིན་སྲིད་སྙམ།
    མི་མང་སྤྱི་མཐུན་རྒྱལ་ཁབ་དེ་ཡར་རྒྱས། འཆམ་མཐུན། ཕུགས་རེ་བཅས་ཡོང་བར་བོད་ཐོག་འཛིན་པའི་སྲིད་ཇུས་ལ་དགོངས་པ་ངེས་པར་གཏད་དགོས་ལ་དེ་ཛ་དྲག་གི་གནད་དོན་ཆེན་པོ་ཞིག་ཀྱང་ངེས་པར་ཡིན།
    གཙོ་འཛིན་ཚོ། ཏཱ་ལའི་བླ་མའི་ནང་གི་ཕུགས་འདུན་ལ་ཐུགས་ཁྲལ་ཏིལ་འབྲུ་ཙམ་ཡང་མ་གནང་རོགས། གུང་བྲན་གཙོ་འཛིན་དྲུག་གི་ལོ་ཡུན་དྲུག་ཅུའི་རིང་ཁོང་གཅིག་པུས་བོད་དོན་འགན་བཞེས་ནས། བོད་མི་རིགས་རིག་གཞུང་དང་བཅས་རྩ་བཤིག་གཏོང་རྒྱུའི་རེ་ངན་དེ་རེ་སྟོང་དུ་ཕྱིན་པ་མ་ཟད། བོད་ཅེས་འཛམ་གླིང་འདིར་ནམ་ཡང་འཆི་མེད་གསོན་པོར་གནས་ཐབས་རྩ་བར་བཙུགས་ཡོད། གསང་བ་བསམ་མི་ཁྱབ་པའི་སྐད་ཅ་འབྲེལ་མེད་ཐོག། ཡོངས་གྲགས་སུ་ཡང་འཛམ་གླིང་ཡོངས་སུ་གསལ་བའི་བླ་མེད་དབུ་ཁྲིད་ཀྱི་ཉི་མར་ཀུན་བཀུར་ཞུས་ཡོད། ཏཱ་ལའི་བླ་མའི་མདུན་ལམ་ནི་མར་གྱུར་འགྲོ་ཀུན་སྙིང་རྗེས་ཡོངས་སུ་སྐྱོབ་པར་མཛད་རྒྱུ་དེ་ཡིན། ཞི་བདེ་དང་གཞན་དོན་ཉམས་སུ་ལེན་ཚུལ་ལམ་སྟོན་ཏང་དཔོན་ཚོས་ཞུ་དགོས་ཡས་ཡོད་མོད། གལ་ཏེ་མ་ཞུ་ན་ཡང་ཁོང་མཚན་གནས་དང་འདུན་ལམ་ཐུགས་ཁྲལ་ཁྱོན་ནས་གནང་དགོས་མེད། ཅི་སྟེ་གནང་འདོད་ཡོད་ན། བོད་ནང་གི་བོད་མི་ཚོར་མནར་གཅོད་འོག་བསྡད་མི་དགོས་པར་རང་དབང་གུ་ཡངས་གནང་ན། ཏཱ་ལའི་བླ་མའི་སྐབས་བབ་ཀྱི་འདུན་ལམ་ཕུགས་འདུན་གལ་ཆེ་ཤིག་ཡིན་པས་དགོངས་པ་གཟབ་བཞེས་གནང་རོགས།
    མི་མ་སྤྱི་མཐུན་འདྲ་མཉམ་ནི་ཁ་བྲལ་རང་བཙན་ལས་གལ་ཆེ་བ་ཡིག་ངག་གསལ་བཤད་ཇི་ཙམ་བྱས་རུང་ཁ་བྲལ་བ་ཞེས་བསྙོན་འཛུགས་གཞི་མེད་བྱ་རྒྱུར་ཚོད་དང་མཚམས་འཇོག་གནང་ན་ཕན་ཐོགས་ཡོད་ལ། དངོས་ཡོད་དུ་ང་ཚོ་འཛམ་གླིང་ཁྱིམ་ཚང་ཆེན་པོ་འདིའི་ནང་འཆམ་མཐུན་ནི་ཛ་དྲག་ལ་མེད་ན་མི་འབྱུང་བའི་མ་འོངས་ཁག་ཐེག་གི་ཁ་ཕྱོགས་ཕུགས་རེ་ལྡན་པ་ཡིན།
    བོད་དོན་སྐོར་ལག་ལེན་དུ་བཀལ་རྒྱུའི་གོ་སྐབས་མེད་ན། ཐེ་ཝན་སྐོར་དེ་བོད་དང་རྒྱལ་བ་རིན་པོ་ཆེའི་ཐོག་འཁྲས་ནས་འཁྱེར་ཡོང་དོན་གང་ཡིན་ནམ། ཐེ་ཝན་སྐོར་གུང་བྲན་དང་གུང་མན་གྱི་བར་རྩོད་རྙོག་དེ་ལྷན་རྒྱས་བར་གྱི་ཇུས་མདོག་སོ་སོས་ཐག་གཅོད་གནང་གལ་ཆེ་བར་མཐོང་།
    བོད་ཁུལ་དུ་དྲག་པོ་དང་ཕྱི་འབྲེལ་ཐད་སྤྱི་མཐུན་འགོ་གཙོས་གནང་རྒྱུ་ལས་དགེ་སློང་ཞིག་དང་ཞི་བདེའི་ཡིད་འཕྲོག་པའི་གང་ཟག་གིས་དྲག་ཐབས་ནི་མི་དགོས་པར་རྩིས་པ་ཡིན།
    མཐའ དོན།
    ༡༽ མི་མང་སྤྱི་མཐུན་རྒྱལ་ཁབ་ལས་ཁ་བྲལ་རྩོད་ཀྱི་མེད་པ།
    ༢༽ བོད་དོན་ནི་ཏཱ་ལའི་བླ་མའི་གནད་དོན་མིན་པ།
    ༣༽ ཏཱ་ལའི་བླ་མའི་འདུན་ལམ་ལ་ཐུགས་ཁྲལ་མི་དགོས་པར་བོད་མིའི་བདེ་དོན་ཕུགས་ལམ་ལ་དགོངས་བཞེས།
    ༤༽ གཞིས་ལུས་མི་མང་གི་མངོན་འདོད་བཞིན་༧གོང་ས་མཆོག་རང་ཡུལ་ལ་ཆིབས་ཞལ་བསྒྱུར་ཆོག་པ་བཅས་ཡིན།

  12. ཞོལ་གཡག་འབྲོང་བརྒྱུད། says:
    2013-05-29 at 10:12 am

    ད་འདི་ཏང་གིས་བཙན་བྱོལ་བ་ཚོར་ཡིག་རྒྱུགས་གཏོང་ཐེངས་ག་ཚོད་དེ་ཡིན་ནམ། བཙན་བྱོལ་བ་ཚོས་ད་དུང་ཡང་ཡིག་རྒྱུགས་མི་ལོན་ཁོ་ཐག་རེད། འོན་ཀྱང་ད་དུང་ཡིག་རྒྱུགས་ཞུགས་རྒྱུར་ཡིད་ཐང་ཆད་རྒྱུ་མེད་ཀི་ཡ།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-05-29 at 10:25 am

    རྒྱ་གཞུང་ཁོང་ཁྲོ་མ་སློང་།
    རྒྱ་གཞུང་རྒྱུས་ལོན་བྱོས་ཤིག
    རྒྱ་གཞུང་ཁ་གཏད་མ་བཅོག
    རྒྱ་བོད་འདྲ་མཉམ་རྩོད་ཅིག

  14. ཀརྡོ་གཉེར་ཕྱག་པ་ says:
    2013-05-29 at 10:30 am

    བོད་རྒྱ་དགྲ་ཟླ་ཡིན་ཡང་།
    བོད་རྒྱ་ཁྱིམ་མཚེས་རེད་དོ།
    བོད་རྒྱ་འཁོན་འཛིན་བྱུང་ཡང་།
    བོད་རྒྱ་དབོན་ཞང་རེད་དོ།

  15. ཀརྡོ་གཉེར་ཕྱག་པ་ says:
    2013-05-29 at 10:34 am

    བོད་རྒྱ་ཕར་གསོད་ཚུར་གསོད།
    བོད་རྒྱ་ཁྱིམ་མཚེས་གཅིག་པ།
    བོད་རྒྱ་ཕར་འགྲོ་ཚུར་འགྲོ
    བོད་རྒྱ་ནང་ཆོས་གཅིག་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (29)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (14)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme