Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་སྲིད་གཞུང་འོན་སོང་ས་རེད།

Posted on 2010-04-252010-04-25 By ཁ་བརྡ་ No Comments on རྒྱ་ནག་སྲིད་གཞུང་འོན་སོང་ས་རེད།

གངས་རི་སྐྱབས།

བོད་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་ཁྲོད་ཡུལ་མི་སྟོང་ཕྲག་མང་བོའི་ཚེ་སྲོག་ཤོར་ཞིང་། ཕ་མེད་མ་མེད་ཀྱི་ཤུལ་ལུས་དྭ་ཕྲུག་རྣམས་ཀྱིས་འཇིག་སྐྲག་དང་ངུ་སྐད་བར་ནས་ཕ་མ་འཚོལ་བཞིན་ཡོད། ཕ་མ་དང་གཉེན་ཉེ་མང་བའི་ཕྲུ་གུ་དང་སྤུན་མཆེད་ཀྱི་བེམ་རོ་མ་རྙེད་མ་རག་པར་སྐྱོ་གདུང་གི་ཉིན་མཚན་རེ་རེ་ཨུ་ཚུགས་ཀྱིས་སྐྱེལ་བཞིན་ཡོད། ཡུལ་ཤུལ་ས་ཁུལ་གྱི་ཤུལ་ལུས་མང་ཚོགས་ཀྱི་ངོས་ནས་རྒྱ་ནག་སྲིད་འཛིན་གྱི་མཚན་ཐོག་ལ་ས་གནས་མི་མང་གི་ད་ལྟའི་སྡུག་བསྔལ་དང་རེ་བ་དམར་དམར་བོ་བཀོད་པའི་སྙན་ཞུ་ཞིག་ཕུལ་ཟིན་ནའང་། རྒྱ་ནག་སྲིད་གཞུང་གིས་ད་དུང་མང་ཚོགས་ཀྱི་སེམས་ཁ་བདེ་བའི་ལན་གང་ཡང་འབྱོར་མི་འདུག

༧གོང་ས་མཆོག་སྐུ་སྒེར་གྱིས་གསར་འགོད་པ་བསྡུས་ཏེ་ཁོ་རང་ཡང་ཕ་ཡུལ་ཡུལ་ཤུལ་གྱི་མི་མང་ལ་ངོ་ཐུག་ཏེ་ས་གནས་ས་ཐོག་ཏུ་བསྔོ་སྨོན་དང་སེམས་གསོ་ཞུ་རྒྱུའི་ཐུགས་འདུན་ཆེ་བའི་གསུང་འཕྲིན་བསྒྲགས་ཡོད། ཉིན་འདི་དག་གི་རིང་ལ་རྒྱ་ནག་སྲིད་གཞུང་གིས་ཨ་ལེན་ཅི་ཡང་མེད་པར་ཁུ་སིམ་པོར་བསྡད་འདུག འདི་ནི་ཆེས་སྙིང་རྗེ་མེད་པའི་རྒྱ་ནག་སྲིད་གཞུང་གི་བྱ་སྤྱོད་འཛམ་གླིང་མི་མང་ལ་བསྟན་པ་ཞིག་རེད། ལར་རྒྱ་ནག་སྲིད་གཞུང་གིས་ལས་དོན་ཆེ་མ་ཆུང་གསུམ་གང་ཡིན་ན་ཆབ་སྲིད་ཀྱི་ངོ་བོར་སྦྱར་ཏེ་འབངས་མི་སེར་ལ་དཀའ་ངལ་ཚད་མེད་མྱོང་དུ་འཇུག་པ་ནི་འདི་ཁོ་ནས་ཀྱང་ཤེས་ཐུབ་ཞིག་མ་རེད་དམ། གལ་སྲིད་རྒྱ་ནག་སྲིད་གཞུང་ལ་དངོས་དོན་སྙིང་རྗེ་དང་བྱམས་བརྩེ་ཅན་ཞིག་ཡིན་ན། ད་ཐེངས་ཀྱི་རང་བྱུང་གནོད་འཚེ་ཚབས་ཆེན་ཕོགས་ཡུལ་གྱི་མི་མང་དག་གི་རེ་བ་སྟོང་ཟད་དུ་གཏོང་ག་ལ་ནུས།
དེ་རིང་རྒྱ་ནག་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་ལྟ་བུར་བརྡ་འཕྲིན་གྱི་པར་ངོས་ཡོད་ཚད་ཀྱི་ཚོན་མདོག་བསྒྱུར་ཏེ་མྱ་ངན་གྱི་ལས་རིམ་རྒྱ་ཆེན་པོ་སྒྲུབ་ཀྱིན་འདུག དེ་ནི་སྲིད་གཞུང་གིས་བཀའ་རྒྱ་བཞིན་ནམ་གང་ལྟར་གཞུང་སྒེར་ཚང་མའི་གཅིག་མཚུངས་ཀྱི་མྱ་ངན་ཞུ་སྟངས་ཤིག་ཡིན་པས་སྙིང་ནས་བཀའ་དྲིན་ཆེ་མོད། ཡུལ་ཤུལ་མི་མང་གི་སེམས་ཀྱི་དཀའ་ངལ་ནི་དེ་ཙམ་གྱི་སེལ་མི་ཐུབ་པའང་དངོས་ཡོད་རེད། བོད་མི་རིགས་འདི་གནའ་ནས་ད་བར་ཆོས་ལ་དད་ཅིང་ཆོས་ནི་ཤི་གསོན་གཉིས་ཀྱི་ཚེ་སྲོག་དང་འབྲེལ་ནས་ཡོད་པ་ཞིག་ཏུ་ངོས་འཛིན་སྟབས། ཡུལ་ཤུལ་མི་མང་གི་མྱ་ངན་གྱི་མིག་ཆུ་གཅོད་མཁན་ནི་ཁོང་ཚོས་ཚེ་གང་བོར་ལུས་སེམས་གཉིས་ཀྱིས་འདོར་མ་མྱོང་བའི་སྐྱེས་བུ་ཞིག་དང་འབྲེལ་ནས་ཡོད་ནི་རེད། འདི་ཡང་རྒྱ་ནག་སྲིད་གཞུང་གིས་ཤེས་ཡོད་པའང་ཁོ་ཐག་ཡིན་ནི་རེད། འོན་ཀྱང་ཆབ་སྲིད་ཀྱི་དོགས་འདྲོག་ཆེ་བའི་རྒྱ་ནག་སྲིད་གཞུང་འདིས། ད་ཐེངས་ཀྱང་མགོ་སྐོར་དང་གཡོ་སྒྱུའི་བར་ནས་ཡུལ་ཤུལ་མི་མང་བློས་གཏོང་རྒྱུ་རེད། རྩེད་མཚར་ལྟ་བུའི་མྱ་ངན་གྱི་སེམས་གསོ་རྫུན་མའི་བར་ནས་ཤི་བོ་ཚོའི་རྣམ་ཤེས་ཕྱོགས་བཞིར་ལྡོམ་དུ་འཇུག་རྒྱུ་རེད། ཨ་ཤི་རེ་གོ ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ།

རྩོམ་རིག

Post navigation

Previous Post: གྲོགས་ཞོགས་དུང་བཀག་སྐྱིལ་བྱས་སོང་བའི་གནས་ཚུལ་རགས་པ།
Next Post: ཨ་མ་འདི་ན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme