Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་མེ་ཡི་ལྕགས་རི་ཇི་ལྟར་གཏོར་ཚུལ།

Posted on 2010-01-192010-01-19 By dhatsenpa 22 Comments on རྒྱ་ནག་མེ་ཡི་ལྕགས་རི་ཇི་ལྟར་གཏོར་ཚུལ།

མེ་རི་གཏོར་མཁན་ནས།

གོང་དུ་ངོ་སྤྲོད་བྱས་ཡོད་པ་བཞིན།་རྒྱ་ནག་གཞུང་གིས་མེ་རིའི་ལྕགས་རི་ཟེར་བ་དེ་བེད་སྤྱད་ནས་རྒྱ་ནག་ས་ཁོངས་ཀྱི་ཕྱི་ཡི་དྲ་རྒྱ་ཚང་མ་རྒྱ་ནག་ཏུ་ནང་ལོགས་སུ་འགྲོ་སྐབས་བྱེ་མ་བཙག་པ་ནང་བཞིན་བཙག་ནས།་གཞུང་གི་མི་འདོད་པའི་དྲ་རྒྱ་ཚང་མ་འགོག་ཐབས་བྱེད་བཞིན་ཡོད་པ་རེད་།
ཇི་ལྟར་འགོག་བཞིན་ཡོད་དམ་ཞེ་ན།
དང་པོ་།་གྲངས་གནས་ཟེར་བ་དབྱིན་ཇིའི་སྐད་དུ་IP address་དང་རྒྱའི་སྐད་དུ་ 网络地址་ཟེར་བ་དེ་འགོག་བཞིན་ཡོད་པ་དང་།་འདི་ནི་དྲ་ཚིགས་ཡོང་ཁུངས་ཀྱི་ཕྱི་མཛོད་ལྟ་བུ་ཡིན་པས་འདི་བཀག་པ་ཡིན་ན།་མཛོད་ཀྱི་སྒོ་རྒྱབ་པ་ནང་བཞིན་།དྲ་ཚིགས་འཆར་མི་ཐུབ་པ་ཞིག་བཟོ་ཡོང་དགོས་རེད།་
གཉིས་།་ཁ་བྱང་གཙོ་བོ་DNS་Domain Name System ་领域名称系统དྲ་གནས་ཀྱི་ཁ་བྱང་གཙོ་བོ་དེ་བཀག་ནས་།་ཁ་བྱང་དེའི་ནང་དུ་འགྲོ་མི་ཐུབ་པ་ཞིག་བཟོ་ཡོང་དགོས་བ་རེད་།་http://www.tibet.net་ལྟ་བུའི་བོད་གཞུང་དྲ་ཚིགས་ལྟ་བ་ལ་མཚོན་ན་།་དྲ་ཚིགས་ཀྱི་མིང་ཆ་ཚང་བ་།གོང་གི་མེ་རིའི་ལྕགས་རི་ནང་ནས་ཐར་མི་ཐུབ་པ་ཞིག་བཟོས་ཡོད་པ་རེད་།་
གསུམ་།་སྤྱིའི་མཛོད་ཁ་བྱང་URL Uniform Resource Locator 一致资源定址器 HTTP་ཟེར་བ་དེ་ཡིན་ཞིང་།འདིས་དྲ་ཚིགས་ཀྱི་མཛོད་གང་དུ་ཡོད་པའི་ཕྱོགས་སྟོན་བཞིན་ཡོད་།་མེ་རིའི་ལྕགས་རི་ནང་ཕྱོགས་སྟོན་མི་ཐུབ་པ་ཞིག་བཟོ་བཞིན་ཡོད་པ་རེད་།
བཞི།ཁུག་མ་བཙག་པ་Packet Filtering་封包过滤་ཟེར་བ་ནི་ཚིག་དང་ཚིག་སྤྱོར་མི་འདྲ་རྣམས་།བཀག་ཏེ་།་མེ་རིའི་ལྕགས་རི་ནང་དུ་ཐར་མི་ཐུབ་པ་ཞིག་བཟོ་བཞིན་ཡོད་པ་དེ་ལ་ཟེར་།་དཔེར་ན་རྒྱ་ནག་ནང་ནས་རྒྱ་ཡིག་དང་དབྱིན་ཇིའི་རྒྱལ་བ་རིན་པོ་ཆེ་དང་།་བོད་རང་བཙན་ཟེར་བ་སོགས་བཙལ་སྟོན་ཁུང་མིག་ཏུ་སྤྱར་ན་།་རྒྱ་ནག་རང་གི་ལྟ་བ་མཚོན་པའི་དྲ་ཚིགས་ཐོན་པ་ལས་།་མེ་རིའི་ལྕགས་རི་ཕྱི་ལོགས་སུ་དྲ་ཚིགས་ཡོང་མི་ཐུབ་པ་བཟོ་ཡོད་པ་རེད་།་བོད་ཡིག་བཀོལ་མཁན་མཚོན་ན་།་འདི་ཤིན་ཏུ་གལ་ཆེན་པོ་རེད་།་རྒྱ་ནག་གི་བཙལ་སྟོན་དྲ་བ་ཆེ་ཤོས་http://www.baidu.com་སོགས་ལ་བོད་ཡིག་རྩ་བ་ཉིད་ནས་འཆར་རྒྱུ་མེད་པ་བཟོས་ཡོད་པ་དང་།་ རྒྱ་ནག་ནང་ཁུལ་དུ་ཡོད་པའི་http://www.google.cn དང་ཕྱི་རུ་ཡོད་པའི་གཉིས་ཀྱི་ནང་དུ་བོད་ཡིག་བཙལ་སྟོན་བྱེད་ཐུབ་ཀྱིན་འདུག་།་རྒྱ་གཞུང་གི་བོད་ཡིག་གི་ཚིག་གང་དང་ཚིག་སྤྱོར་གང་འདྲ་ཤིག་ད་དུང་བཙལ་མི་ཐུབ་པའི་གྲས་སུ་བཞག་ཡོད་པ་མ་ཤེས་།
ལྔ་།་དྲ་གནས་ཁ་བྱང་བཞན་དུ་བསྒྱུར་པ་།་དཔེར་ན་མི་ཞིག་བསམ་བཞིན་དུ་།་བོད་གཞུང་གི་དྲ་ཚིགས་བཙལ་ན་།་དེ་ལ་མི་འགྲོ་བར་རྒྱ་གཞུང་གི་བོད་དོན་་སྐོར་གྱི་དྲ་ཚིགས་སུ་འགྲོ་བཞིན་པ་ལྟ་བུ་རེད་།

མེ་ཡི་ལྕགས་རི་ཇི་ལྟར་གཏོར་ཚུལ།
རྒྱ་གཞུང་གི་སྒོར་དུང་ཕྱུར་ཁ་ཤས་དང་།་མི་ཁྲི་ཕྲག་ཁ་ཤས་བེད་སྤྱད་ནས་།་དྲ་རྒྱ་ལ་དོ་དམ་དང་།་ཕྱི་ནང་གཉིས་ཀྱི་དྲ་ཚིགས་བཀག་འགོག་བྱེད་བཞིན་ཡོད་མོད་།་མེ་ཡི་ལྕགས་རི་ནི་ལས་སླ་བོ་གཏོར་ཐུབ་པ་ཡོད་།་བོད་ནང་གི་བོད་པ་ཚོས་ཀྱང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལྟར་ཐབས་ཤེས་འགའ་སྤྱད་ན་།་ཕྱིའི་དྲ་རྒྱ་ཚང་མ་བལྟ་ཐུབ་པ་མ་ཟད་།་རྒྱ་ནག་གཞུང་གི་་གཏན་ནས་ཤེས་བ་མེད་པ་ཞིགབཟོ་ཐུབ་ཀྱིན་རེད་།ཐབས་ཤེས་འདི་ལ་བོད་སྐད་དུ་ལྕགས་རི་གཏོར་བ་ཞེས་བསྒྱུར་ན་ལེགས་ཞིང་།་རྒྱ་མི་དག་གི་代理主机་་ཞེས་དང་ཐབས་ཤེས་དེ་བེད་སྤྱོད་གཏོང་མཁན་གྱི་མི་དག་གིས་རྒྱ་ནག་གི་སྐད་དུ་་翻墙་་དོན་གྱི་ལྕགས་རི་ལས་མཆོང་བ་ཟེར་གྱིན་ཡོད་པ་དང་།་དབྱིན་ཇིའི་Proxy serverཟེར་གྱིན་ཡོད།་
དང་པོ་ཕྱི་རྒྱལ་དུ་ཡོད་པའི་།་ལྕགས་རི་ལས་མཆོང་བྱེད་ཀྱི་ཅ་ལག་མང་པོ་བཟོས་ཡོད་པ་དང་།་དེའི་ནང་ནས་སྙན་གྲགས་ཅན་གྱི་ཅ་ལག་རང་གི་གློག་ཀླད་ནང་དུ་བཅུག་དགོས་། ཕྱི་རྒྱལ་དུ་ཅ་ལག་འདི་ལྟ་བུ་ཤིན་ཏུ་མང་པོ་ཡོད་པ་དང་།་མང་ཆེ་ཤོས་སྒོར་སྐར་མ་གང་ཡང་མི་དགོས་།་རིན་མེད་དུ་འབུལ་བཞིན་ཡོད་།་སྐད་གྲགས་ཆེ་ཤོས་ནི་རྒྱ་ནག་གི་ཧྥ་ལོན་གུང་དག་གིས་བཟོ་བའི་FREEGATE་་མིང་ལ་རང་དབང་གི་སྒོ་ཆེན་ཟེར་དེ་ཡིན་ཞིང་།་འདི་མི་སྒེར་སོ་སོའི་གློག་ཀླད་ནང་དུ་བཅུག་པ་ཡིན་ན་།རྒྱ་ནག་གི་མེ་རིའི་ལྕགས་རི་ནང་ནས་རང་དབང་གི་ཕར་ཚུན་འགྲོ་ཐུབ་པ་ཤིག་ཡོད་པ་རེད་།་ང་ཚོ་ཕྱི་ན་ཡོད་པའི་བོད་མི་ཡོངས་ཀྱིས་ནང་རང་གི་གྲོགས་པོ་དང་།་ཉེ་འཁོར་ཚང་ལ་ལབ་ཏེ་།་ཅ་ལག་འདི་གློག་ཀླད་ནང་དུ་བསྡུ་ཐུབ་པ་བྱ་དགོས་།་ངའི་གྲོགས་པོ་འགའ་ཤས་ཀྱི་འདི་བེད་སྤྱོད་ནས་།་དུས་རྒྱུན་ཁ་བརྡ་དང་།་ཨ་ཤི་ཡ་རང་དབང་རླུང་འཕྲིན་ཁང་།་བོད་གཞུང་གི་དྲ་རྒྱ་སོགས་ལ་བལྟས་ནས་ལོ་འགའ་ཤས་འགོར་བཞིན་།་གནད་དོན་གཅིག་ཀྱང་བྱུང་མི་འདུག་།་གཞུང་འབྲེལ་མ་ཡིན་ཚོགས་པའི་དམངས་གཙོ་དོན་གཉེར་བ་ཚོས་ཀྱང་ཅ་ལག་འདི་བཀོལ་སྤྱོར་བྱ་དགོས་བའི་རེ་བ་འདོན་གིན་འདུག།

གཉིས།་རྒྱ་ནག་ནང་གི་དྲ་ཚིགས་སྟེང་ནས་།་དྲ་འཕྲིན་སོགས་དང་་ཁ་བྱང་མི་བཟོ་བ་།་རྒྱ་ནག་དྲ་འཕྲིན་མང་ཆེ་ཤོས་ཀྱི་རྗེས་སུ་cnཟེར་བ་དེ་ཡོད་ཅིང་།དེ་མེད་པ་ཡང་མང་པོ་འདུག།།་གང་ལྟར་ཞབས་ཞུའི་ས་ཚིགས་Server 服务器 རྒྱ་ནག་དུ་ཡོད་པ་རྣམས་ཀྱི་དྲ་འཕྲིན་བེད་སྐྱོབ་གཏོང་རྒྱུ་མེད་།དཔེར་ན་རྒྱ་ནག་གསང་བའི་ལས་ཁུངས་ཀྱིས་སྒེར་གྱི་འཕྲིན་ཡིག་སོགས་བལྟ་བསམ་ན་།ཐད་ཀར་དྲ་རྒྱའི་ཞབས་ཞུའི་ས་ཚིགས་ལ་ཁ་པར་ལམ་སང་ཁ་པར་བཏང་ན་།་ཁོ་ཚོས་ཁ་ཕྱེ་ནས་བལྟ་ཐུབ་གིན་རེད།རྒྱུ་མཚན་ནི་རྒྱ་ནག་སྲིད་གཞུང་གིས་དྲ་རྒྱ་ཚོགས་པ་གང་བཤད་ཀྱང་ཁོ་ཚོས་ཁས་ལེན་དགོས་ནི་རེད་།ཁོ་ཚོ་ལ་དེ་ལྟར་མིན་ཟེར་བའི་དབང་ཆ་ཡོད་པ་རེད།་ལོ་འགའ་ཤས་ཀྱི་སྔོན་ལ་རྒྱ་ནག་ཡ་ཧོ་ཡིས་རྒྱ་ནག་དམངས་གཙོ་དོན་གཉེར་བ་གཉིས་ཀྱི་འཕྲིན་ཡིག་གི་གསང་གྲགས་སྤྱི་བདེ་ལས་ཁུངས་ལ་བྱིན་ཏེ།མཐར་སྤྱི་བདེ་ལས་ཁུངས་ཀྱི་མི་དེ་གཉིས་འཛིན་བཟུང་བྱས་ཏེ།ལོ་འགའ་ཤས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།རྒྱུ་མཚན་དེའི་དབང་གིས་གྷོ་གྷིལ་གྱི་དྲ་འཕྲིན་གྱི་རང་གི་ཞབས་ཞུའི་ས་ཚིགས་དེ་རྒྱ་ནག་གི་ཕྱི་རོལ་ན་ཡོད་པ་དང་།ཉེ་ཆར་རྒྱ་གཞུང་གིས་ཨ་རི་ལ་བོད་ཀྱི་སློབ་མ་ཤིག་གི་དྲ་འཕྲིན་གྱི་གསང་གྲངས་སོགས་ཁྲིམས་འགལ་གྱི་སྟེང་ལེན་གྲབས་བྱེད་དུས་གྷོ་གྷིལ་གྱིས་ཤེས་ནས།རྒྱ་ནག་ནས་ཕྱིར་འཐེན་བྱེད་སྲིད་པ་སོགས་གནས་ཚུལ་དེ་བྱུང་བ་རེད་།
གོང་གསལ་གྱི་ཐབས་ཤེས་དེ་གཉིས་བེད་སྤྱད་ནས་བོད་ནང་གིས་བོད་པ་ཚོས་རྒྱ་ནག་གཞུང་གིས་ཤེས་བ་མེད་པར་།་ཕྱི་ལོགས་ཀྱི་དྲ་རྒྱ་ཚང་མ་བལྟ་ཐུབ་པ་དང་།གསང་འཕྲིན་བསྐུར་ཐུབ་།འདི་ཤིན་ཏུ་གལ་ཆེན་པོ་རེད་།་བོད་དོན་རྒྱལ་སྐྱོབ་ཚོགས་པ་ཤིག་གི་ངེས་པར་ཏུ་ལས་ཀ་འདི་བྱེད་དགོས།བོད་ཀྱི་གསར་འགྱུར་ཁག་ནས་འདི་ཁྱབ་སྤེལ་རྒྱ་ཆེན་པོ་བྱེད་དགོས་།ལྷ་ཁང་གསེར་ཁང་སྟོང་གཅིག་བཞེངས་བ་ལས་།བོད་ནང་གི་དད་ལྡན་དག་ལ་སྐྱབས་མགོན་ཏཱ་ལ་བླ་མའི་གསུང་གོ་ལ་ཕན་ཐོགས་པ་དེ་དགེ་བ་ཆེ་།རང་དབང་ཅན་གྱི་རྒྱལ་ཁབ་ནས་རྔམ་སྟོན་ལ་ཐེངས་སྟོང་འགྲོ་བ་ལས་།བོད་ནང་གི་མི་གཅིག་ལ་ཕྱི་ནང་གི་དྲ་རྒྱ་བལྟ་ཐུབ་པའི་སློབ་སྤྱོང་སྤྲད་ན་དེ་ལ་ནུས་བ་ཆེ།བོད་ཀྱི་ཚགས་པར་འགོད་མཁན་དང་།རླུང་འཕྲིན་བཤད་མཁན་དག་གི་ངེས་པར་ཏུ་འདི་སྐོར་གྱི་གསར་འགྱུར་མང་པོ་སྤེལ།བོད་གཞུང་ལའང་འདིའི་རྒྱུ་མཚན་ཤོད།དེ་བཞིན་བོད་ནང་གི་བོད་མི་ཚོ་ལ་ཁ་པར་གཏོང་དུས་འདི་སྐོར་གྱི་ཁ་བརྡ་བྱོས།

གསར་འགྱུར།

Post navigation

Previous Post: རྡོར་གདན་དུ་དྲ་གྲོགས་ཀྱི་བརྩེ་བ་ཚོར་བ།
Next Post: ནོར་བུ་གླིང་ཁ་ཡིན་ནམ་ནོར་འཁྲུལ་གླིང་ཁ་ཡིན།

Comments (22) on “རྒྱ་ནག་མེ་ཡི་ལྕགས་རི་ཇི་ལྟར་གཏོར་ཚུལ།”

  1. མགོན་པོ་ཕྱག་གཉིས་པ། says:
    2010-01-19 at 2:15 pm

    ཁྱེད་རང་གི་རྩོམ་འདི་ཡག་པོ་འདུག ཐུགས་རྗེ་ཆེ།
    འདིའི་ནང་ཤེས་དགོས་པ་མང་པོ་ཡོད་པ་མ་ཟད་བོད་དོན་སྒྲུབ་ཕྱོགས་ལ་ད་སྔ་སུས་ཀྱང་བཏོན་མ་མྱོང་བའི་ཐབས་ལམ་གསར་བ་དང་དེ་ཡང་གྲུབ་འབྲས་དངོས་སུ་ཐོན་རྒྱུ་ཡོད་པ་དེ་འདྲ་རེད་འདུག སྒོར་ཁྲི་ཚོ་མང་པོའི་འགྲོ་སོང་བཏང་ནས་མཁས་པ་བརྒྱ་ཕྲག་མང་པོ་གདན་འདྲེན་བྱས་ནས་བོད་དོན་སྒྲུབ་ཕྱོགས་ལ་གོ་བསྡུར་བྱས་པ་ཡིན་ནའང་ཁྱེད་རང་གི་བསམ་ཚུལ་འདི་འདྲ་རྙེད་ཁག་པོ་རེད། ཁྱོད་ཁ་དྲོ། ལོ་བརྒྱ།
    ད་ང་ལ་དྲི་བ་ཞིག་ཀྱང་ཡོད།
    ༡ དེ་ནི་ཕྱིའི་དྲ་གནས་ཐམས་ཅད་ལ་ལྟ་ཐུབ་པའི་ freegate ཟེར་བ་དེ་གློག་ཀླད་དུ་བླངས་པ་ཡིན་ན། རྗེས་སུ་རྒྱ་གཞུང་དོགས་པ་འདྲ་ཟོས་ནས་གློག་ཀླད་གང་དེའི་ནང་རྟོག་ཞིབ་བྱས་པ་ཡིན་ན་དེ་རྙེད་གི་རེད་དམ་རྙེད་གི་མ་རེད། ཡང་ན་མ་རྙེད་སྔོན་རྩ་ནས་མི་མཐོང་བའི་བསུབ་ཐབས་འདྲ་ཡོད་པ་རེད་དམ།
    ༢ དེ་ནས་ windows live messenger ནང་ཁ་བརྡ་བྱེད་པ་དང་ཡི་གེ་འབྲི་བ། པར་སོགས་བཏང་ན་གཞུང་གིས་ལྟ་ཉན་བྱེད་ཐུབ་གི་རེད་དམ།

  2. མེ་རི་གཏོར་མཁན says:
    2010-01-19 at 4:57 pm

    ཁྱོད་གྱི་དྲི་བ་དང་པོའི་ལན།
    རྒྱ་གཞུང་freegate་འམ་རང་དབང་སྒོ་ཟེར་བ་Software 软件 ཟེར་བ་དེ་ཁྱོད་ཀྱི་གློད་ཀླད་ནང་ཡོད་པ་ཧ་རྙེད་གིན་ཡིན་ནའང་།་ཁྱོད་ཀྱི་དྲ་ཚིགས་གང་ལ་བལྟས་བ་དང་།་དྲ་ཚིགས་སྟེང་ནས་ག་རེ་བྱས་པ་རྩ་བ་ཉིད་ནས་ཧ་གོ་མ་རེད་།དེའི་ཕྱིར་རྒྱ་གཞུང་གྱིས་ཁྱོད་ཀྱི་ཀློག་སྐད་སྟེང་རང་དབང་སྒོ་ཟེར་བ་ཡོད་པ་ཙམ་གྱི་ཁྱོད་ལ་སྐྱོན་འཛུགས་བྱེད་ཐུབ་ཁག་པོ་རེད་།་
    དྲི་བ་གཉིས་།་ windows live messenger སྟེན་ནས་་ཁ་བརྡ་བྱེད་པ་དང་ཡི་གེ་འབྲི་བ། པར་སོགས་བཏང་ན་ཤིན་ཏུ་ཉེན་ཁ་ཆེ་།དེ་དག་རེག་མཁན་གྱི་མི་དེ་ལ་དོགས་པ་ཡོད་ན་།་བརྟན་པོ་མ་རེད་།་འགྲོ་བ་མིའི་ཐོང་ཐང་ཚོགས་པ་ཤིག་གིས་skype ཡག་ཤོས་རེད་ཅེས་ལབ་གིན་འདུག་།་འདི་ལ་ལྟོས་།
    http://china.hrw.org/reporters_guide_to_covering_the_beijing_olympics/v_the_great_firewall/a_note_about_online_chat_and_s

    ཚང་མས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཤིག་ལ་རེ་བ་ཤོད་ལ་།་རྒྱ་ནག་གི་ཕ་ལུང་གོང་ཚོགས་པ་ལ་འབྲེལ་བ་བྱོས་དང་།་ཁོ་ཚོས་འདི་ཐད་ལ་ཤིན་ཏུ་མཁས་བ་ཡིན་པ་དང་།་ཨ་རི་གཞུང་གི་དངུལ་ཡང་མང་པོ་རག་ཏེ་འདི་ཐད་ལ་ལས་ཀ་བྱེད་བཞིན་འདུག་།ཁོ་ཚོའི་མཁས་ཤས་རྡ་སར་རམ་ས་ཆ་གཞན་པ་གདན་དྲངས་ཏེ།་བོད་ཀྱི་གཞོན་ནུ་འགའ་ཤས་ལ་འདི་ཐད་ཀྱི་སློབ་སྤྱོང་སྤྲད་ན་འགྲིག་།་འདི་ངེས་པར་ཏུ་གལ་ཆེན་པོ་རེད།་ཁ་སྟོང་ནང་ནས་ཚིག་སྟོང་མ་བཤད་པར་བྱ་བ་སྙིང་བོ་ཅན་ཞིག་སྒྲུབ་ཅི་ཐུབ་ལ་འབད་པ་བྱོས་།་དེ་བོད་པ་ཚང་མས་འགན་ཁུར་རེད།

  3. མགོན་པོ་ཕྱག་གཉིས་པ། says:
    2010-01-19 at 5:33 pm

    ཡ་ཡ་ཡ། ཐུགས་རྗེ་ཆེ།

  4. མེ་རི། says:
    2010-01-19 at 5:53 pm

    དེང་སང་གི་གསར་འགྱུར་ནང་ Fire wall ཟེར་བ་ཞིག་མཐོང་རྒྱུ་འདུག ཁྱེད་ཀྱི་ རྒྱ་ནག་གཞུང་གིས་མེ་རིའི་ལྕགས་རི་ཟེར་བ་དེ་ ཚིག་འདི་གང་ནས་ཡོང་བ་ཡིན་ནམ། མེ་རིའི་ལྕགས་རི་ཟེར་བ་ཡིན་ནམ། ང་མགོ་ཐོམ་ཐལ། མེ་ཡི་རྩིག་གྱང་ ཟེར་ན ག་འདྲ་འདུག

  5. མེ་རི་གཏོར་མཁན says:
    2010-01-19 at 6:11 pm

    དབྱིན་ཇིའི་Firewall ཚིག་དེ་རྒྱ་ནག་གི་ལྕགས་རི་་རིང་པོ་The Great Wall of China རྒྱ་ཡིག་ཏུ་ 万里长城 ལྟོས་ནས་བཏགས་པ་ཤིག་རེད་།དེ་ལ་བོད་ཡིག་ཏུ་རྒྱ་ནག་ལྕགས་རི་ཞེས་འབོད་པས་ངས་མེ་ཡི་ལྕགས་རི་ཞེས་བཏགས་པ་ཡིན་ལ་།་བཏགས་ན་འོས་ཞིང་འཚམས་པར་འདུག་སྙམ།

  6. lala says:
    2010-01-19 at 6:15 pm

    ད་ལྟ་བོད་ནང་ཁུལ་དུ་རིག་པ་སྐྱེན་པ་རྣམས་ཀྱིས་མེ་གྱང་བརྒལ་ནས་ནང་ཁུལ་དུ་བལྟ་མི་ཆོག་པའི་དྲ་བ་ཁག་མྱུལ་གྱི་ཡོད་པ་རེད། གལ་ཏེ་ཀློག་ཀླད་ཀྱི་ཤེས་བྱ་བཟང་བ་རྣམས་ཀྱིས་མེ་གྱང་བརྒལ་ཐབས་དེ་དག་ཡིག་གེར་ཕབ་ནས་བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་ཅན་རྣམས་ཀྱིས་དཔེ་བལྟ་ས་ཞིག་བཟོས་ན་ཕན་པ་ཆེ་ངེས་རེད། ལྷག་པར་དུ་མེ་གྱང་བརྒལ་ཐབས་དེ་ནང་ཁུལ་གྱི་གྲོགས་པོ་རྣམས་ལ་སློབ་རྒྱུ་དེ་རེད། བུ་རྒོད་རྣམས་ཀྱིས་དཔྱོད་དགོས།

  7. མེ་རི། says:
    2010-01-19 at 6:28 pm

    ཡ་ ཡ གོ་ཐལ། ད་ཡིན་ན་མེ་རིའི་ལྕགས་རི་མ་རེད། མེ་ཡི་ལྕགས་རི་རེད། རྩོམ་ནང་དུ་ ་རྒྱ་ནང་གི་མེ་རིའི་ལྕགས་རི་ ཟེར་བ་མང་བོ་ཞིག་འདུག Firewall མེ་ཡི་ལྕགས་རི
    ཐུགས་རྗེ་ཆེ།

  8. lala says:
    2010-01-19 at 6:49 pm

    བོད་སྐད་དུ་firewall ལ་ཐད་ཀར་མེ་གྱང་ཅེས་བོས་ན་ཁ་ལ་མི་བདེ་ནམ། མེ་ཡི་ལྕགས་རི་ཞེས་པ་ཚིག་རིང་དྲག་ལ་ལྕེ་ཨ་སློག་ཐེངས་གཉིས་རྒྱག་དགོས་དོན་མི་འདུག

  9. སྤོབས་པ་མཐའ་ཡས། says:
    2010-01-19 at 6:51 pm

    རྒྱ་ནག་གི་མེ་ཡི་ལྕགས་རི་བརྒལ་སྟངས་སྐོར་དུས་ཐོག་དུས་ཐོག་ཏུ་ངོ་སྤྲོད་བྱེད་དགོས་པ་ལས་ཐེངས་གཅིག་ལ་ང་ཚོས་ཤེས་པའི་ཐབས་ལམ་དེ་མི་རིང་བར་རྒྱ་ནག་གིས་དེ་འགོག་པའི་ལྕགས་རི་གཞན་པ་ཞིག་བཟོས་ཡོང་གིན་རེད། ཡིན་ན་ཡང་དེ་མ་ཐག་ང་ཚོས་དེ་ཡང་གཏོར་བའི་འབར་རྫས་གཞན་པ་རྙེད་དགོས་ཀྱི་རེད། གློག་འཕྲིན་སྦས་སྐུར་བྱེད་ཐབས་སོགས་ངོ་སྤྲོད་ལེགས་པོ་རེ་བྱེད་ཐུབ་ན་དགོས་མཁོ་ཆེན་པོ་རེད་སྙམ་ཡོད། ཐུགས་རྗེ་ཆེ།

  10. གཡག་ལྡོམ་ says:
    2010-01-19 at 7:06 pm

    ངའི་འདི་ག་རང་ལབ་གི་། ཁྱོད་ཀྱི་མཚན་ལ་ཚེ་རིང་རྒྱུ་བོ་ཞེས་གསོལ་ན་ག་འདྲ་འདུག་།
    ང་ཀྱང་ང་རང་གི་ཤེས་ནི་མ་རེད་། དེས་སྟབས་ཀྱི་། གཞོན་སྐྱེས་ཚོ་གློག་ཀླད་གི་དམག་རྒྱག་དགོས་ནི་རེད་། ཁྱོད་ཚོས་རྒྱ་ནག་གི་གདོང་གློག་ཀླད་ནང་ཐུག་གི་རེད་་དེ་དུས་ཤི་གསོན་འགྲན་དགོས་ནི་རེད་ཞེས་མང་པོ་བཤད་པ་ཡིན་ཡང་།
    དེ་ལས་གདོང་སྤགས་ལ་བོད་ཀྱི་རྒྱ་དར་གི་མཚོན་ཕྱུག་ནས་། རྒྱ་ནག་དོན་གཅོད་ཁང་གི་ཁང་སྟོང་དེ་ཚོའི་སྒོ་འགྲམ་་སྐད་རྒྱབ་ནས་བསྡད་ཡོད་ཁུ་།

  11. lala says:
    2010-01-19 at 7:10 pm

    དྲ་ཐོག་ནས་ཕྱི་ལོགས་ཀྱི་གནས་ཚུལ་ནང་དུ་སྐྱེལ་ཐབས་དང་ལེན་ཐབས་མང་པོ་ཡོད་པ་འདྲ། རྒྱ་མི་དང་སྟག་གཟིག་པ་ཚོའི་ནང་ཁྱབ་རྒྱ་ཅུང་ཆེ་བ་ཡོད་སྐད། ངེད་བོད་པ་ཚང་དེའི་ཐད་ལ་རྗེས་ལུས་ཞེ་དྲག་ཡིན་བཟོ་འདུག ལྷག་པར་དུ་ནང་ལོགས་ཀྱི་དྲ་བ་སྤྱོད་མཁན་བོད་པ་ཚོའི་ནང་དེའི་ཐད་ཀྱི་ཤེས་བྱ་ཧ་གོ་མཁན་ཤིན་ཏུ་ཉུང་ཉུང་ཡིན་པ་དང་། ཕྱི་ལ་ཡོད་པའི་བོད་པ་རྣམས་ཀྱིས་དེའི་ཐད་ཀྱི་ཤེས་བྱར་དོ་སྣང་ཆུང་ལ། དེ་ཐབས་ལ་འབད་མཁན་དང་སྣང་ཆེན་བྱེད་མཁན་ཧ་ལམ་མེད་པ་ཡིན་པ་འདུག ད་རེས་མེ་ཡི་ལྕགས་རི་ལགས་ཀྱིས་དོན་དེ་བཏོན་གནང་བས། དངོས་གནས་ཁ་ཚ་དགོས་གཏུག་བྱུང་བར་བསམས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་པས་ཀྱང་ལེ་ཚན་ནང་གསར་འགྱུར་དང་སྦྲགས་ནས་མེ་གྱང་གྲོལ་ཐབས་ཤེས་བྱ་ངོ་སྤྲོད་དང་ཁྱབ་བསྒྲགས་བྱས་ན་ནུས་པ་ཆེན་པོ་ཐོན་པ་ཡིན།

  12. lala says:
    2010-01-19 at 7:20 pm

    སྐད་འབོད་ཀྱི་ལས་འགུལ་ལ་དེ་ལ་དཔགས་པའི་ནུས་པ་ཆེན་པོ་ཡོད་པ་བརྗོད་མེད་རེད། དེ་ལ་ང་ཚོས་རྒྱབ་སྐྱོར་བྱེད་དགོས་པ་ཡིན། དེའི་ཐོག་ལ་ང་ཚོས་སྤོབས་པ་མཐའ་ཡས་ཀྱིས་གསུངས་བ་བཞིན་གློག་ཀླད་ཀྱི་དམག་ཚ་ཚ་འུར་འུར་རྒྱག་དགོས་པ་འདུག དེ་དག་ཐམས་ཅད་གལ་ཆེ་བ་ནི་དམག་སར་མདུན་མཆོང་དམག་མི་དགོས་ལ་རྒྱབ་ཏུ་ཐབས་ཇུས་བཤམས་མཁན་དགོས་པ་བཞིན་རེད།

  13. བོད། ལྷ་ཀླུ་གཉན་གསུམ། says:
    2010-01-19 at 7:30 pm

    དངོས་ནས་དྲ་དམག་རྒྱགས་སྟངས་ཡག་པོ་ཞིག་བསླབ་འདུག་ཀྱང་། མེ་ཡི་ལྕགས་རི་མ་གཏོར་གོང་དུ། མེ་ཡི་ལྕགས་རི་ལས་བརྒལ་ཟིན་པའི་ལས་ཀ་ཞིག་དེ་ཚང་གི་བྱེད་ཀི་ཡོད་ནི་རེད། དེང་སང་བོད་ཁུལ་ནས་བོད་མིས་བོད་སྐད་བཤད་མི་ཆོག་པའི་ཁྲིམས་ཤིག་ཀྱང་ཡོད་གྲབས་འདུག ད་ནི་མི་འགྱངས་པར། བོད་ས་ནས་བོད་མི་བསྡོད་མི་ཆོག་པའི་ཁྲིམས་ཤིག་ལག་ལེན་དར་དུས། འུ་ཅག་གིས་ཕྱི་ནས་ལྟད་མོ་བལྟས་དེ་འདུག་རྒྱུ་ཡིན་ནམ་ཅི།

  14. སྤོབས་པ་མཐའ་ཡས། says:
    2010-01-19 at 7:31 pm

    རྒྱ་ནག་གི་མེ་ཡི་ལྕགས་རི་ཞེས་པ་དེ་མིང་ཚིག་བཟོ་སྟངས་ཧ་ཅང་ཡག་པོ་ཞིག་རེད་སྙམ། རྒྱ་ནག་གིས་སོག་པོ་འགོག་ཆེད་དུ་བཟོས་པའི་རྩིག་གྱང་རིང་པོ་དེ་ལ་བོད་སྐད་དུ་རྒྱ་ནག་ལྕགས་རི་ཟེར་བའི་མིང་ཞིག་སྔོན་མ་ནས་ཡོད་སྟབས་ང་ཚོའི་ཁར་གོམས་ཡོད་པ་རེད། ད་ལྟ་རྒྱ་ནག་གིས་རང་དང་ལྟ་བ་མི་མཐུན་པ་རྣམས་འགོག་ཆེད་དུ་གློག་རླབས་ཀྱི་ལྕགས་རི་ཞིག་བཟོས་པ་དེ་ལ་ཡང་མེ་ཡི་ལྕགས་རི་ཞེས་པའི་མིང་བཏགས་ཡོད་པ་རེད། དོན་གྱི་ཆ་ནས་རྒྱ་ནག་ལྕགས་རི་དེ་དང་མེ་ཡི་ལྕགས་རི་གཉིས་ཆར་གྱིས་ཀྱང་རྒྱ་ནག་པའི་གུ་དོག་བག་འཁུམ་སྡར་མའི་རང་གཤིས་མཚོན་པ་སོགས་འདྲ་ཆོས་མང་པོ་ཡོད་ཅིང་ཚིག་གི་ཆ་ནས་ཀྱང་འདྲ་ཆེ་བའི་མིང་ཞིག་བཏགས་ཐུབ་ན་ཉམས་ཆེན་པོ་ཡོད་ལ་ཁ་ལ་ལོབ་ཡོད་སྟབས་རིང་ཐུང་གི་ཁྱད་པར་ལ་མ་ལྟོས་པར་བརྗོད་ཀྱང་བདེ། རྒྱ་ནག་ལྕགས་རི་ནི་རྒྱ་ནག་གི་མཚོན་རྟགས་ཡོད་ན་མེད་ན་ཞིག་དང་རྒྱུན་དུ་ཁོང་ཚོས་སྤོབས་པའི་སྒོ་ནས་ངོམ་རྒྱུ་ཞིག་ཡིན་སྟབས་རྒྱ་ནག་གི་མེ་ཡི་ལྕགས་རི་གཏོར་ཅེས་བརྗོད་སྐབས་རྒྱ་ནག་ལ་རྒོལ་བའི་ནང་དོན་ཞིག་ཀྱང་འདུག གསལ་པོར་བརྗོད་མི་འདོད་པའི་དུས་སུ་རྒྱ་ནག་ལྕགས་རི་གཏོར་ལབ་ཀྱང་ནང་ཁུལ་ཕན་ཚུན་ལ་གོ་བརྡ་འཕྲོད་ནུས་ལ་རྒྱ་ནག་ལ་རྒོལ་བའི་ནང་དོན་ཡོད་སྟབས་སྙིང་ཡང་ཚིམ་ཞིང་ཕ་རོལ་པོས་དེའི་ནང་དོན་ཡང་རྟོགས་དཀའ་པས་མིང་འདོགས་ན་འདི་འདྲ་འདོགས་དགོས་པ་རེད།

  15. lala says:
    2010-01-19 at 7:38 pm

    ཡ། བདེན་པ་དེ་སྤོབས་པ་མཐའ་ཡས་ལ་སྤྲོད་འདོད། ད་དེ་རིང་ནས་མེ་ཡི་ལྕགས་རི་འབོད་ཀྱི་ཡིན་ད། གནས་ལུགས་རྒྱུ་མཚན་དྲངས་པ་དག་དོན་ལ་གནས་ཤིང་བློ་ལ་བབས་སོང་།

  16. རྩམ་དགའ་ says:
    2010-01-19 at 9:00 pm

    བོད་ལྷ་ཀླུ་གཉན་གསུམ་ལགས།
    དེ་སྔོན་ཞིག་ནས་བོད་མི་ཚོགས་བོད་རང་གི་ས་ཐོག་ཏུ་སྡོད་མི་ཆོག་པའི་ཁྲིམས་དར་ཡོད་ནི་རེད།
    དཔེ་ན་མི་ལོ་སྟོང་ལྷག་རིང་ས་ཆ་གཅིག་ཏུ་ས་ཆགས་རྡོ་ཆགས་བྱས་པའི་མྱོང་བའི་གྲོང་གསེར་མི་ཉུང་བ་ཞིག
    ད་སྐབས་ས་ཆ་གཞན་ལ་བཙན་དབང་གིས་སྤོར་འཇིག་བཞིན་ཡོད་པ་འདིས། རང་གི་ས་ཐོག་ཏུ་རང་སྡོད་ཆོག་ནི་ཟིག་མིན་ནོ་ཤེས་ཀ་ཟེར།

  17. མེ་རི་གཏོར་མཁན says:
    2010-01-19 at 11:06 pm

    ཚང་མས་བཤད་པ་དེ་ཡག་པོ་འདུག་།ལྷག་པར་ཏུ་སྤོབས་པ་མཐའ་ཡས་ཀྱི་བཤད་པ་དེ་གནད་འགག་ཆེན་པོ་རེད་།མེ་ཡི་ལྕགས་རི་བརྒལ་སྟངས་དེ་དུས་ཐོག་ཏུ་ངོ་སྤྲོད་བྱ་དགོས་བ་ཐེངས་གཅིག་དང་།ཐབས་ཤེས་གཅིག་གི་ཆོག་གིན་མི་འདུག་།དམག་འཁྲུག་བཞིན་དུ་ལོ་རེ་རེད་དང་ཟླ་བ་རེ་རེ།ཐ་ན་དུས་ཚོད་རེ་རེ་བྱས་ནས་འགྱུར་འགྲོ་གིན་འདུག་།དེ་བས་ང་ཚོས་ཀྱང་དེ་དང་བསྟུན་ནས་དམག་རྒྱག་དགོས་ནི་རེད་།ངས་འདི་ལྟར་བསམ་གིན་ཡོད་།

    གཅིག་།བོད་ཀྱི་དྲ་རྒྱའི་སྐོར་གྱི་གསང་བའི་ལས་ཁུངས་ཤིག་ངེས་པར་ཏུ་འཛུགས་དགོས་རྒྱུ་རེད་སྙམ།ཕ་ལུང་ཀོན་དང་འབྲེལ་བ་བྱེད་ནས་ཁོ་ཚོའི་བྱེད་སྟངས་དེ་སློབ་དགོས་།ལས་ཁུངས་དེ་ངེས་པར་ཏུ་ཨ་རི་ལྟ་བུ་ནུབ་གྱི་རྒྱལ་ཁབ་ཅིག་ཏུ་ཡོད་དགོས་།རྒྱུ་མཚན་ཅི་ཡིན་ཞེ་ན་།རྒྱ་གཞུང་གི་གསང་བའི་ལས་ཁུངས་དག་གིས་ལྐོག་འཛུལ་བྱ་དཀའ་བོ་ཡོད་པ་རེད་།

    གཉིས་།ནུབ་དུ་འདི་སྐོར་ལ་རྒྱལ་སྐྱོར་བྱེད་མཁན་ཏན་ཏན་རག་གིན་རེད་།ད་ལྟ་ཨ་རིའི་གཞུང་དང་།སྒེར་གྱི་ཚོགས་པ་མང་པོ་ཤིག་གིས་འདིའི་སྐོར་ལ་དོ་སྣང་མང་པོ་བྱེད་ཀིན་འདུག་།

    གསུམ།ང་ཚོའི་བོད་ཡིག་གི་ལས་ཀ་ག་མང་པོ་ག་རེ་བྱས་ནས་བོད་ནང་ནས་འབྲེལ་བ་བྱེད་ན་།རྒྱ་གཞུང་གི་དེ་བཞིན་བོད་ནང་གི་བོད་ཡིག་ཤེས་པ་མང་པོ་ཤིག་ལ་ལས་ཀ་བྱིན་ནས་ང་ཚོའི་འགོག་ཐབས་བྱེད་གིན་རེད་།ཞོར་ནས་བོད་ཡིག་དར་སྤེལ་དུ་ཞེ་དྲགས་འགྲོ་གིན་རེད་།

    བཞི།་ང་ཚོ་བོད་ནང་གི་བོད་ཡིག་དྲ་རྒྱ་རྐྱང་རྐྱང་ལ་མ་འགྲོ་།་རྒྱ་ཡིག་གི་སྟེང་གི་དྲ་རྒྱ་མང་པོ་ལ་སོང་ནས་།བོད་ཡིག་གི་སྟེང་གི་རྩོམ་སོགས་སྤེལ་དང་།དེ་རྒྱ་ནག་གཞུང་ཞེད་སྣང་ཆེན་པོ་བཟོ་ཐུབ་གྱིན་རེད་།

    ལྔ་།་བོད་ནང་གི་ལས་ཁུངས་ཚང་མ།་ཁྱད་པར་ཏུ་སྤྱི་བདེ་ལས་ཁུངས་དང་།ཁྲིམས་ཁང་།་ཞིབ་དཔྱོད་ཁང།རྒྱ་མའི་དཔོན་རིགས་དག་གི་ཁ་པར་ཨང་གྲངས་དང་།དྲ་འཕྲིན་ཁ་བྱང་སོགས་རག་ཅི་ཐུབ་བྱོས་།འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།

  18. གཞིས་ལུས་བོད་པ། says:
    2010-01-20 at 12:27 am

    མི་ལ་གསང་བ་ཟེར་བ་རྩ་བ་ནས་མི་འདུག ངའི་ལག་ཁྱེར་ཁ་པར་སྟེང་དུ་འཕྲིན་ཐུང་ཡོང་ནས་གཞན་གྱི་ལག་ཁྱེར་ཁ་པར་ལ་ལྐོག་ཉན་བྱེད་འདོད་ཡོད་དམ། བྱེད་འདོད་ན་སྒོར་མོ་ཅུང་ཟད་སྤྲད་ན་ཐབས་ཤེས་སློབ་ཟེར་གི་འདུག སྒོར་མོ་ཡོད་ན་ཅི་ཡང་བྱེད་ཐུབ་ནི་རེད།

  19. མེ་རི་གཏོར་མཁན says:
    2010-01-20 at 1:07 am

    གཞིས་ལུས་བོད་པ་།
    རྒྱ་ནག་ནང་ཁུལ་ནས་དེ་དངོས་གནས་བདེན་པ་རེད་།ཁ་པར་ལམ་ནས་ཆབ་སྲིད་ཀྱི་སྐད་ཆ་དང་།ཡི་གེ་བསྐུར་རྒྱུ་སོགས་རྩ་བ་ཉིད་ནས་བྱེད་ཀྱིན་ཡོད་པ་མ་རེད་།གསང་བའི་ལས་ཁུངས་དག་ཁྱེད་ལ་དོགས་པ་ཟོས་ན་ལམ་སེང་ཁྱེད་ཀྱི་ཁ་པར་ལྐོག་ཉན་བྱ་ཐུབ་གིན་རེད་།བྱེད་གིན་ཡང་རེད་།དེ་བཞིན་རྒྱ་ནག་གི་ཁ་པར་ལས་ཁུངས་སོགས་ལ་ལས་ཀ་བྱེད་བཞིན་པའི་མི་ལ་དངུལ་སྤྲད་ན་གཞན་གྱི་ཁ་པར་གནས་ཚུལ་ཚང་མ་ཁྱེད་ལ་བཤད་ཡོང་གིན་།་ལོ་སྔོན་མ་ཞིག་ལ་སྐྱེས་བ་ཞིག་གི་རང་གི་བུད་མེད་ཀྱི་དགའ་རོགས་བཙལ་གིན་ཡོད་པ་ཤེས་རྗེས་།་བཟའ་འཐོར་རྒྱག་བསམ་པ་རེད་།ཡིནའང་གཉིས་ཀ་རྒྱུ་ཆེན་པོ་གཉིས་ཡིན་ས་རེད་།ཁྱོ་གས་རང་ལ་སྒོར་མོ་མང་པོ་ཐོབ་རྒྱུའི་ཆེད་དུ་།བཟའ་ཟླ་དགའ་རོགས་བཙལ་བཞིན་པའི་དཔང་རྟགས་སྟོན་བྱེད་མང་པོ་བཙལ་བ་རེད་།བུད་མེད་དེ་ཡང་རིག་པ་སྤྱང་པོ་དང་ཡོན་ཏན་ཆེན་པོ་ཡོད་མཁན་ཤིག་ཡིན་ཕྱིར་།དགའ་རོགས་ཀྱི་ཁ་པར་དང་།འཕྲིན་སོགས་སླེབས་དུས་ལམ་སང་ཁ་པར་ནས་བསུབ་པ་ཡིན་ས་རེད་།་ཟླ་འགའ་ཤས་ལ་སྐྱེས་པ་དེའི་དཔང་རྟགས་ཅི་ཡང་མ་ཐོབ་ས་རེད་།་ཉི་མ་གཅིག་ལ་སྐྱེས་བ་དེས་ཁ་པར་གྱི་ལས་ཁུངས་ཀྱི་ལས་བྱེད་པ་མང་པོ་ཤིག་ལ་དངུལ་མང་པོ་སྤྲད་ནས་།་རང་གིས་སྐྱེས་མས་ཁོ་མོའི་དགའ་རོགས་ལ་བཏང་བའིཏ་འཕྲིན་ཐུང་ཚང་མ་ལག་ཏུ་འབྱོར་བ་རེད་ཟེར་།་ཁྱེད་ཀྱི་ཁ་པར་ནང་གི་འཕྲིན་ཐུང་དེ་བསུབ་ཡང་།་ཁ་པར་ཨ་མ་ལས་ཁུངས་ཀྱི་འཕྲིན་ཐུང་དེ་བསུབ་ཐུབ་ས་ཡོད་པ་མ་རེད་།
    ནུབ་ཕྱོགས་སུ་དོན་དག་དེ་འདྲ་ཕལ་ཆེར་བྱུང་གིན་མ་རེད་།རྒྱལ་ཁབ་ལ་དེའི་སྐོར་གྱི་ཁྲིམས་ལུགས་གསལ་བ་ཤིག་ཡོད་པ་རེད་།དཔེར་ན་།ཨ་རིའི་གཞུང་ཡིནའང་།་རང་གི་མི་སེར་གྱི་ཁ་པར་ལྐོག་ཉན་བྱས་པ་དང་།་ཡི་གེ་བལྟ་བ་སོགས་བྱས་ན་ངེས་པར་ཏུ་ཁྲིམས་ཁང་ཁ་ཤས་ཀྱི་ཆོག་མཆན་འཁོད་རྗེས་།དེ་ནི་ལྐོག་ཉན་བྱས་ཆོག་གི་རེད་།་དེ་མིན་དེ་ལྟར་བྱས་ཚེ་།་ཁ་པར་ལས་ཁུངས་དེ་སྒོ་རྒྱག་རྒྱུ་ལས་གཞན་ཅི་ཡང་ཡོད་པ་མ་རེད་།འདི་གཉིས་ཀྱི་ཁྱད་པར་གལ་ཆེན་པོ་རེད་།
    ད་ལྟ་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཚོས་།་ཁ་པར་ནང་ནས་ཆབ་སྲིད་ཀྱི་སྐད་ཆ་གསལ་བོ་དེ་འདྲ་བཤད་གིན་མི་འདུག་།་སྐད་ཆ་གབ་ནས་བཤད་གིན་འདུག་།

  20. གཞིས་ལུས་བོད་པ། says:
    2010-01-21 at 12:50 am

    ངས་བལྟས་ན་ཨ་རིས་ཀྱང་འཇིགས་སྐུལ་རིང་ལུགས་པར་ཇི་འདྲའི་དོགས་ཟོན་བྱེད་ཀྱིན་འདུག ཆ་འཕྲིན་ལ་ལྐོག་ཉན་དང་ལྐོག་ལྟ་བྱེད་ཀི་ཡོད་རྒྱུ་རེད་སྙམ།

  21. ཟླ་བ་གཞོན་ནུ། says:
    2010-01-21 at 4:29 am

    མེ་རི་གཏོར་མཁན་ནས་ཡག་པོ་ཞིག་བྲིས་འདུག ད་ང་ཚོས་དྲ་དམག་བརྒྱག་རྒྱུའི་གྲ་སྒྲིག་བྱེད་རན་འདུག
    ཐབས་ཤེས་རེ་སློབ་པའི་རེ་བ་ཞུ་བཞིན་ཡོད།

  22. མེ་རི་གཏོར་མཁན says:
    2010-01-21 at 8:05 am

    གཞིས་ལུས་བོད་པ་ལགས་་ཁྱོད་ཀྱིས་བཤད་པ་དེ་བདེན་པ་རེད་ཨ་རིའི་གཞུང་གིས་དེ་ལྟར་བྱེད་ཀྱིན་ཡོད་པ་རེད་།་དེ་ལྟར་བྱེད་པའི་ལག་རྩལ་ཡང་ཐོག་དང་པོ་ཨ་རི་ནས་དར་ཡོང་བ་རེད།་ཨ་རི་ལ་ཨ་རིའི་ས་ཐོག་དང་།་ཨ་རིའི་མི་ལ་ཁྲིམས་ཁང་གི་ཆོག་མཆན་མ་ཐོབ་བར་ཏུ་སྐོག་ཉན་བྱས་མི་ཆོག་པའི་ཁྲིམས་ཤིག་ཡོད་པ་རེད།དེའི་ཕྱིར་རྒྱལ་ཁབ་ཀྱིས་དོན་མེད་དུ་ཉན་ཐུབ་གི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme