Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་བདེ་སྲུང་བློན་ཆེན་གདན་དྲངས་པའི་ལྔ་དང་ལྔ་བཅུའི་ཚོགས་འདུ།

Posted on 2017-10-09 By ཁ་བརྡ 13 Comments on རྒྱ་ནག་བདེ་སྲུང་བློན་ཆེན་གདན་དྲངས་པའི་ལྔ་དང་ལྔ་བཅུའི་ཚོགས་འདུ།

སྐལ་བཟང་དགྲ་འདུལ།
 
དེ་རིང་ནས་འགོ་འཛུགས་པའི་ཉིན་གསུམ་རིང་གི་རྡ་རམ་ས་ལའི་ལྔ་དང་ལྔ་བཅུའི་ཚོགས་འདུར། རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བློན་ཆེན་གདན་འདྲེན་བྱས་ཡོད་འདུག ཨ་རིར་གནས་སྡོད་རྒྱ་ནག་ཕྱུག་བདག་ཀོའོ་ཝུན་ཀུད་ཀྱིས་ཁ་སང་ཚེས་༥ཉིན་ཨ་རིའི་རྒྱལ་སར་གསར་འགོད་ལྷན་ཚོགས་གཅིག་ཐོག་ཏུ་གསུངས་པར། ཐེངས་འདིར་རྒྱ་ནག་གཞུང་གིས་རྡ་རམ་ས་ལར་སྐུ་ཚབ་ཚོགས་པ་གཅིག་བཏང་ཡོད་ཅིང་། སྐུ་ཚབ་ཚོགས་པ་དེ་བཞིན་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་གཅིག་གིས་སྣེ་ཁྲིད་ཡོད། ཁོ་ཚོ་ཚོགས་འདུའི་སྔོན་གྱི་བདུན་ཕྲག་གཅིག་ཙམ་སྔ་རོལ་དུ་རྒྱ་ནག་ནས་རྡོག་ཐོན་བྱས་ཏེ་ཕྱིན་པ་རེད།

ཀོའོ་ཝུན་ཀུད་ཀྱིས་ཉིན་ཤས་གོང་དུ་གནས་ཚུལ་འདི་དང་འབྲེལ་བའི་ཐད་གསུངས་པར། ཐེངས་འདིའི་རྒྱ་གཞུང་སྐུ་ཚབ་ཚོགས་པའི་ལས་འགན་གཙོ་བོ་ནི་གནས་ཚུལ་བསྡུ་རུབ་རེད། ཐེངས་འདིའི་ཚོགས་འདུ་གོ་སྒྲིག་བྱེད་ཕྱོགས་ཀྱང་དམིགས་བསལ་བ་ཞིག་ཡིན་འདུག

ཁ་སང་གི་གསར་འགོད་ལྷན་ཚོགས་དང་འབྲེལ་བའི་ཐད་བོད་ཀྱི་བང་ཆེན་དུ་གནས་ཚུལ་སྤེལ་བར། ” ཚོགས་བཅར་རྣམས་ཀྱིས་བསམ་ཚུལ་སྦས་གསང་མེད་པར་བཤད་ཐུབ་ཆེད་དུ། དེ་གར་བརྒྱུད་ལམ་ཁག་ཡོང་ཆོག་གི་མེད་པ་དང་། གཞུང་འབྲེལ་བརྒྱུད་ལམ་གྱིས་ཀྱང་དབུ་འབྱེད་མཛད་སྒོ་དང་། ཚེས་༧ གྱི་ཉིན་ཕྱེད་ལ་༧གོང་ས་མཆོག་གི་ཆིབས་བསྒྱུར་དང་བཀའ་སློབ། མཇུག་བསྡོམས་མཛད་སྒོ་སོགས་ལ་མ་གཏོགས་གནས་ཚུལ་འགོད་པར་ཡང་ཆོག་མེད་པ། དེ་བཞིན་གཞུང་འབྲེལ་མིན་པའི་བརྒྱུད་ལམ་ཚོས་ཚོགས་བཅར་བ་བཅར་འདྲི་བྱེད་ཆོག་ཀྱང་། ཚོགས་ཡུལ་དུ་ཡོང་ཆོག་གི་མེད་ཁར། ཚོགས་བཅར་བ་ཚོས་བཅར་འདྲི་དང་ལེན་བྱེད་སྐབས་ཚོགས་བཅར་བ་མི་གཞན་གྱི་མིང་འདོན་ཆོག་གི་མེད་ཁར། ཚོགས་བཅར་བ་ཚོས་ཚོགས་འདུའི་ནང་ཁ་པར་འཁྱེར་པ་དང་སྒྲ་འཇུག་བྱེད་ཆོག་གི་མེད་པའི་སྒྲིག་འཛུགས་ཡོད་སྐོར་གསུངས་སོང་།”

ཡང་འདིའི་ཐད་ནོར་ཝེའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་དུ། “ཚོགས་འདུ་གོ་སྒྲིག་གནང་མཁན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཐེངས་འདིའི་ཚོགས་འདུ་ལ་ཆབ་སྲིད་ཀྱི་ལས་དོན་ཧ་ཅང་གལ་གནད་ཅིག་ཏུ་ངོས་འཛིན་གྱིས་ཚོགས་འདུར་ཕེབས་མཁན་བོད་རིགས་མིན་པའི་གནད་ཡོད་མི་སྣ་སུ་གཅིག་གི་མཚན་སོགས་གང་ཡང་གསུངས་གནང་མེད་ནའང། གདན་ཞུས་མི་སྣ་དེ་དག་ཁྲོད་ཨ་རིའི་ཕོ་བྲང་དཀར་པོ་དང་ཕྱི་སྲིད་ལས་ཁུངས། དེ་བཞིན་གྲོས་ཚོགས་སོགས་སུ་ཕྱག་ལས་གནང་མྱོང་མཁན་དང་། ཁེ་ན་ཌ་སོགས་རྒྱལ་ཁབ་ཁག་ཅིག་གི་བློན་ཆེན་ཟུར་པ་ཁ་ཤས། སྒོས་སུ་རྒྱ་གར་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་གཙོས་པའི་གནད་ཡོད་མི་སྣ་གཞན་ཁག་ཅིག་ཀྱང་གདན་ཞུས་ཕུལ་ཡོད་པ་གསུངས་ཡོད།”

ཚོགས་བཅར་བའི་ཁྲོད། ཨ་རིར་གནས་སྡོད་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཡང་ཅེན་ལིས་ཕེབས་ཡོད་འདུག དེའང་ཀོའོ་ཝུན་ཀུད་ཀྱིས་གསུངས་པར། ཡང་ཅེན་ལིས་ད་ལྟ་རྡ་རམ་ས་ལར་ཡོད་ཅིང་། ཐེངས་འདིར་ཁོང་དང་ཁོང་གི་ནང་མིར་རྒྱ་ནག་གཞུང་གིས་ཉེན་ཁ་བཟོས་ཤིང་། ཡང་ཅེན་ལིས་རང་ཉིད་ལ་ཏོག་ཙམ་མ་གཏོགས་གནོད་འཚེ་འཕོག་ཡོད།

ནམ་རྒྱུན་ལུགས་སྲོལ་ལྟར་ན། ཚོགས་འདུར་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་སོགས་ཡོད་ཅིང་། ཐེངས་འདིར་ཡང་དེ་ལྟར་ན་དེ་དག་སུ་ཡིན་ནམ།

གཞི་རྩའི་ཕྱུག་བདག་ཀོའོ་ཝུན་ཀུད་ཀྱིས་ཝང་ཆིས་ཧྲན་སོགས་རྒྱ་ནག་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་འཐེར་འདོན་བྱས་དང་བྱེད་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཀྱང་ཁོང་ལ་ཉེས་པ་བཙུགས་ཏེ་འཛིན་བཟུང་བཀའ་རྒྱ་བཏང་ཡོད། ཀོའོ་ཝུན་ཀུད་ད་ལྟ་ཨ་རིར་གནས་ཤིང་། ཆབ་སྲིད་སྐྱབས་བཅོལ་ཞུ་བཞིན་ཡོད།

བསམ་ཚུལ།

Post navigation

Previous Post: དྲུག་འགྱུར་ངག་གི་གླིང་བུ།
Next Post: གཞས་པ་བཀྲ་ཤིས་ཕུན་ཚོགས་ཀྱི་ཕ་མ་དྲན་གཞས།

Comments (13) on “རྒྱ་ནག་བདེ་སྲུང་བློན་ཆེན་གདན་དྲངས་པའི་ལྔ་དང་ལྔ་བཅུའི་ཚོགས་འདུ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-09 at 1:24 am

    ལྔ་དང་ལྔ་བཅུའི་ཚོགས་འདུའི་ནང་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཕེབས་ཡོད་ན་ཉེན་ཚབ་ཆེ་བའི་ཆབ་སྲིད་མ་རེད་དམ་? གནས་ཚུལ་འདི་དག་རྒྱ་གར་གཞུང་གི་མཁྱེན་རྟོགས་ཡོད་པ་ཡིན་ནམ་?

  2. དཀར་མཛེས་བསོད་ཕུན། says:
    2017-10-09 at 2:53 am

    རྒྱ་ནག་གི་བདེ་སྲུང་བློན་ཆེན་དང་ཟུར་ཐུག་ཙམ་བྱེད་ཐུབ་ན་ཡང་གྲོས་མོལ་དང་ཐག་ཉེ་བཅར་ཡོད།
    ཡིན་ན་ཡང་ཧ་ཅང་དཀའ་མོ་རེད

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-09 at 9:49 am

    བོད་རྒྱའི་འབྲེལ་ལམ་དེ་རྒྱ་ནག་གི་ཐབ་ཕྱོགས་གཅིག་རྒྱུར་གྱི་མི་སྣ་རྒྱུད་ནས་འགྲོ་དགོས་པ་ལས་རྒྱ་ནག་གི་བདེ་སྲུང་བློན་ཆེན་དང་འབྲེལ་བ་གནང་གི་ཡོད་ན་འདི་ནི་ཁ་ཕྱོགས་གསར་པ་དང་ཆབ་སྲིད་གསར་པ་ཐབས་ལམ་གསར་པ་ཞིག་ཀྱང་ཡིན་སྲིད་ལ་གལ་ཆེ་བཤོས་དེ་ལྔ་དང་ལྔ་བཅུའི་ཚོགས་འདུ་གྲོལ་རྗེས་བཙན་བྱོལ་སྤྱི་ཚོགས་ནང་ལབ་རྒྱུ་གླེང་རྒྱུ་མ་ལྷག་ན་དེ་ང་ཚོའི་རྒྱལ་ཁ་ལ་ངོས་འཛིན་ཞུ་གི་ཡོད་།

  4. ཨ་འབར་འཇིགས་དབང། says:
    2017-10-09 at 1:51 pm

    ༄༅། ལྔ་དང་ལྔ་བཅུའི་ཚོགས་འདུར་་་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཕེབས་ཡོད་པ་དེ་ནི་བཟང་
       ཕྱོགས་ཀྱི་གནས་ཚུལ་ཞིག་རེད། མེས་འཚིག་མེ་རང་ལ་གཏུགས་དགོས་སྐོར་༧གོང་ས་མཆོག་གིས་
    སྔ་མོ་ནས་བཀའ་གནང་ཡོད་པ་རེད། ག་དུས་ཡིན་ཡང་ཕར་སྐད་ངན་དང་ཚུར་སྐད་ངན་བརྒྱབ་ནས་
    བསྡད་ན་ཆོ་གང་ཡང་མི་འདུག་བསམ་།

  5. དགེ་འདུན་རྒྱ་མཚོ། says:
    2017-10-09 at 10:58 pm

    དེ་བདེན་པ་ཡིན་ན་བཀའ་ཤག་གསར་བའི་ཧ་ལས་པའི་གྲུབ་འབྲས་ཞིག་ལ་རྩིས་ཆོག་གི་རེད། གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་རྒྱུ་བྱུང་བ་རེད། ག་ལེར་མུ་མཐུད་ནས་ཕྱག་ལས་གནང་བ་ཡིན་ན་གྲུབ་འབྲས་ཡག་པོ་ཞིག་ཡོང་ངེས་རེད། གལ་ཏེ་གསང་བ་ཡིན་ན་གསང་བའི་ལས་དོན་དེ་གསང་བས་སྒྲུབ་ན་ཡག་པོ་འདུག  མགོ་ཚོས་ལ་མ་ཚོས་ཀྱི་སྐད་ཆ་མང་བོ་བསྒྲགས་ན་བོད་དོན་ལ་ཕན་ལས་གནོད་ཆེ་སྲིད། ང་རང་ཚོ་ལ་ཆབ་སྲིད་ཀྱི་སློབ་སྦྱོང་མེད་ཙང་སྐད་ཆ་ཉུང་ན་ཡག་པོ་མེད་དམ་སྙམ། 

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-09 at 11:20 pm

    འབྲོག་ལམ་ས་ཁུལ་དུ་རྒྱ་དཀར་ས་མཚམས་རྩོད་གླེང་གི་སྙོགས་རྫིང་ཆེ་བའི་སྐབས་འདིར་ང་ཚོའི་ལྔ་དང་ལྔ་བཅུའི་ཚོགས་འདུར་རྒྱ་ནག་གི་བདེ་སྲུང་བློན་་ཆེན་གདན་འདྲེན་ཞུས་ཡོད་ན་གནས་ཡུལ་རྒྱལ་ཁབ་ཀྱི་ང་ཚོར་བལྟ་སྟངས་ག་འདྲ་ཡོད་ན་?

  7. གངས་སྲས་ says:
    2017-10-10 at 7:03 am

    ཚོགས་འདུའི་ཐོག་གསར་འགོད་པ་སུ་གང་ཡངས་ཡོངས་མི་མཆོག་པ་བྱས་ཡོད་རེད་ལབ་གི་འདུག་འ

  8. དགེ་འདུན་རྒྱ་མཚོ། says:
    2017-10-10 at 11:06 pm

    #6 གཞུང་པ་ཚེ་དབང་བསོད་ནམས་ ཡི་གེ་འབྲི་དུས་གཟབ་ཙམ་གནང་རོགས། བོད་ཡིག་ལ་དྲི་ཚིག་མང་བོ་ཡོད་རེད།   ཡིན་ནམ། འབྲི་དགོས་རེད།     ཡིན་ན་?  དྲི་རྟགས་འདི་ལ་དགོས་པ་མིའདུག  དབྱིན་ཡིག་ལ་དྲི་ཚིག་མེད་ཙང་རྟགས་འདི་བྲིས་པ་རེད། འདིས་རིགས་ཀྱིས་མི་རིགས་ཞིག་གི་སྐད་ཡིག་ཉམས་རྒུད་དུ་གཏོང་བཞིན་པ་མཁྱེན་པར་མཛོད། དུས་བབ་དུ་ཡང་ཁྱོད་ཀྱིས་དྲི་རྟགས་བརྒྱག་འདུག་པ་མཐོང་།  བོད་ལ་གམ་ངམ་དམ་ནམ་བམ་མམ་བམ་རམ་ལམ་སམ་ཏམ་སོགས་ཡོད་བཞིན་དུ་ཡིག་རིགས་འདྲ་མིན་མཉམ་བསྲེས་བྱས་ན་ཡག་པོ་མི་འདུག   རྗེས་ཕྱོགས་གཟབ་པར་འཚམ། 

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-10 at 11:30 pm

    ན་ནི་གར་དང་བསྣན་པའི་སྒྲ་

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-11 at 4:22 am

    རྗེས་ཕྱོགས་གཟབ་པར་འཚམ་ ཧཧཧ

  11. རྫ་ཆུ་སྔོན་མོ says:
    2017-10-11 at 1:42 pm

    ནམ་རྒྱུན་ཡིན་ན་སྲིད་སྐྱོང་ལ་ཡུལ་ག་ཤེད་ཅིག་ནས་གཟེངས་རྟགས་ཐོབ་རབས་དང་ཚོགས་པ་ཅིག་ཅིག་དང་མི་སྒེེར་ཉིག་ཉིག་གིས་ཆེ་བསྟོད་བྱས་རབས་ཤིག་མ་གཏོགས་བོད་དོན་སྨན་པའི་ལས་ཀ་བྱས་རབས་མཐོང་རྒྱུ་ཧ་ཅང་དཀོན་མོད། ད་རེབ་ཀྱི་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་བོད་རྒྱ་ཞི་མོལ་ཚོགས་ཆུང་གིས་ཚོགས་འདུ་དེ་གཉིས་ནི་ཁོས་འཛིན་སྐྱོང་བྱས་རིང་གི་ལས་ཀ་ཡག་པོ་ཞིག་ལ་ངོས་འཛིན་ཞུ་ཆོག་སྙམ།

  12. དམུ་ཐག་གི་བུ་རྒྱུད། says:
    2017-10-12 at 2:56 am

    རྒྱ་ནག་གི་གནད་ཡོད་མི་སྣ་ཞིག་ཚོགས་ཞུགས་བྱས་ཡོད་རེད་ཟེར་བ་དེར་ཡིད་ཆེས་མེད། གལ་སྲིད་ཡོད་ཀྱང་དེ་ནི་གཡོ་ཐབས་འབའ་ཞིག་ཡིན་པ་ལས་དོན་དངོས་ཀྱི་དཀའ་ངལ་སེལ་རྒྱུའི་འདོད་པ་ཡོད་ནས་ཡོང་བ་ཞིག་མིན་པ་སྔོན་གྱི་ཉམས་མྱོང་དང་ད་ལྟའི་གནས་བབས་གང་ལས་ཀྱང་ཤེས་ཐུབ། དེ་བས་ན་མགོ་ནག་རྣམས་མ་འཁྲུལ། མ་དགའ། མ་འཐོམ།

  13. རང་བཙན་བུ། says:
    2017-10-18 at 3:31 am

    རྒྱའི་ཚོང་པ་མགོ་རིལ་དེ་ལ་གསང་བ་གཉིས་དངོས་གནས་བཤད་ཡག་ཡོད་པ་རེད། དེ་ནི་དེ་སྔོན་ནས་བཤད་ཚར་བ་རེད། ད་ཁོ་ལ་གསང་བ་བཤད་རྒྱུ་གཅིག་ཀྱང་ཡོད་པ་མ་རེད་ཅེས་རྒྱལ་སྤྱིའི་ཆབ་སྲིད་དཔྱད་ཞིབ་པ་མང་པོས་གསུངས་པ་རེད། ད་ཁོ་རང་བོང་བུ་དོན་རྒྱུའི་མཚམས་ལ་སླེབས་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme