Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་ནི་འཛམ་གླིང་གི་ལག་དམར་དུ་གྱུར།

Posted on 2020-04-05 By ཁ་བརྡ 13 Comments on རྒྱ་ནག་ནི་འཛམ་གླིང་གི་ལག་དམར་དུ་གྱུར།

ནམ་མཁའ།

དུས་རབས་ཉེར་གཅིག་གི་ལོ་རབས་ཉི་ཤུའི་ལོ་མགོ་ནས་བཟུང་། རྒྱ་ནག་གི་ནད་འབུའི་མཚོན་ཆ་ཁྱབ་བརྡལ་དུ་ཕྱིན་ཏེ། འཛམ་གླིང་གི་ཞི་བདེ་ཡོངས་སུ་དཀྲོགས་ཏེ་མི་ཐམས་ཅད་ནང་དུ་འཛུལ་དུ་བཅུགས་ཡོད་ལ། རྒྱ་ནག་གི་ནད་འབུའི་མཚོན་ཆས་བསད་པའི་མི་གྲངས་ལ་གཞིགས་ན་སྐྱི་གཡའ་བ་ཞིག་རེད། རྒྱ་ནག་གི་ནད་འབུའི་མཚོན་ཆ་ཕོག་པའི་རྒྱལ་ཁབ༡༨༡ཡོད་པའི་ནང་། རྒྱ་ནག་གི་ནད་འབུའི་མཚོན་ཆ་ཕོག་པའི་ནད་པ་ས་ཡ་གཅིག་དང་ལྔ་ཁྲི་དྲུག་སྟོང་ལྷག་ཡོད། རྒྱ་ནག་གི་ནད་འབུའི་མཚོན་ཆས་བསད་པའི་མི་གྲངས༥༥༠༠༠ལྔ་ཁྲི་ལྔ་སྟོང་བྱུང་ཡོད། ཤི་གྲངས་དང་ནད་པའི་གྲངས་ཀ་ནི་དུས་ཚོད་སྐར་ཆ་རེ་ནང་འགྱུར་འགྲོ་གི་ཡོད་པ་རེད། ཡིན་ན་ཡང་། འདིར་བཀོད་ཡོད་པའི་གྲངས་ཀ་རྣམས་༢༠༢༠ཟླ་༤ཚེས༤ཡོ་རུབ་དུས་ཚོད་༡༡བར་གྱི་གྲངས་ཀ་རེད། འཛམ་གླིང་སྟེང་མི་རྒྱུ་གཉིས་ལ་གོད་ཆགས་ཆེན་པོ་འདི་འདྲ་བྱུང་དགོས་བའི་རྒྱུ་རྐྱེན་གཙོ་བོ་རྒྱ་ནག་གུང་ཁྲན་ཏང་ལ་ཐུགས་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་བཤད་ཚུལ་ལྟར་ན། རྒྱ་ནག་ཝུའུ་ཧན་དུ་༢༠༡༩ལོའི་ཟླ༡༡ཚེས༧ནས་རྒྱ་ནག་གི་ནད་འབུའི་མཚོན་ཆ་བྱུང་ཡོད་ཚུལ་བཤད། ཡིན་ན་ཡང་། འཛམ་གླིང་གིས་ངོས་འཛིན་བྱེད་པ་ལ་སྨན་པ་ལིའི་ལགས་ཀྱིས་ཁོའི་གྲོགས་པོ་ཚོར་དྲ་ལམ་བརྒྱུད་ནས་བཤད་པའི་ཉིན་སྟེ། ༢༠༡༩ལོའིཟླ༡༢ཚེས༣༠ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟ་ན་ཡང་། སེམས་སྐྱོ་བ་ཞིག་ལ་རྒྱ་ནག་སྲིད་གཞུང་གིས་༢༠༢༠ལོའི་ཟླ༡་ཚེས་༢༣བར་དུ་འཛམ་གླིང་ལ་གསལ་བསྒྲགས་མ་བྱས་བར་གསང་བ་བྱས་སྟབས། འཛམ་གླིང་ལ་དེ་རིང་གི་གོད་ཆགས་ཆེན་པོ་འདི་བྱུང་བ་རེད།

གང་ལྟར་ཡང་། གད་མོ་ཤོར་བའི་གནས་ཞིག་ལ། རྒྱ་ནག་གི་ནད་འབུའི་མཚོན་ཆ་ཨ་རིའི་དམག་གིས་བཟོས་ཚུལ་འཛམ་གླིང་ལ་སྒྲོགས་བཞིན་ཡོད་ལ། རྒྱ་ནག་ཝུའུ་ཧན་དུ་རྒྱ་ནག་གི་ནད་འབུའི་མཚོན་ཆས་བསད་པའི་མི་གྲངས་༣༠༠༠ལྷག་མ་གཏོགས་མེད་ཚུལ་བཤད་པ་ལ་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་ནག་གུང་ཁྲན་ཏང་ལ་དགའ་བའི་མི་གླད་མེད་སྐོར་ཞིག་གིས་རྫུན་སྒྲོགས་དེ་བདེན་པར་བསམ་ཞིང་། ད་རུང་ཕྱི་རྒྱལ་ལུང་པ་ལ་རྒྱ་ནག་གི་ནད་འབུའི་མཚོན་ཆས་བསད་པའི་མི་མང་དུ་ཕྱིན་དུས། ཁོང་ཚོ་དགའ་ཞིང་སྤྲོ་བའི་སྒོ་ནས་གྲངས་ཀ་བགྲངས་བཞིན་ཡོད་པ་རེད། འཛམ་གླིང་གི་བྱིས་པ་ལོ་ལྔ་ལོན་པ་ཞིག་གིས་ཀྱང་རྒྱ་ནག་གི་ནད་འབུའི་མཚོན་ཆ་གང་ནས་ཡོང་བ་ཤེས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་ནད་ཡམས་ཞེས་འབོད་ཀྱི་ཡོད་པ་རེད། རྒྱ་ནག་གུང་ཁྲན་ཏང་སྲིད་གཞུང་གིས་བྱེད་སྟངས་ནི། མི་ཁྲམ་པ་ཞིག་གི་རྐང་མནབས་ནང་དྲི་ཆེན་ཤོར་ཏེ། དྲི་ཆེན་དེ་འགེབས་སྲུང་ཆེད་དྲི་ཆེན་ཅན་གྱི་རྐང་མནབས་དེ་བརྗེ་བོ་རྒྱག་རྒྱུའི་ཚབ་ལ། རྐང་མནབས་གསར་བ་ཞིག་དེའི་སྒང་ལ་གྱོན་པ་དང་གཅིག་མཚུངས་རེད། རྐང་མནབས་གསར་པ་ཞིག་གྱོན་ཡང་དྲི་ཆེན་གཏོང་སའི་རྐང་མནབས་བརྗེ་བོ་རྒྱག་རག་བར་དུ་དྲི་ཆེན་ངན་པ་དེ་ཁྱེད་རང་གི་ལུས་སྟེང་ནས་སྡོད་ཀྱི་ཡོད།

ལྷག་པར་དུ་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལ། ནུབ་ཕྱོགས་ལུང་པ་ནས་སྲིད་གཞུང་གི་བདེ་འཇག་ལས་མི་དམངས་ཀྱི་བདེ་འཇགས་དང་ཚེ་སྲོག་གལ་ཆེན་འཛིན་པ་དེ་ཤེས་དགོས་ལ། ཨེ་ཊ་ལེ་གཙོ་བྱས་བའི་ནུབ་ཕྱོགས་ལུང་པ་ནས་མི་ཡི་ཚེ་སྲོག་གཙུགས་ཆེན་འཛིན་པ་ལས། རྒྱ་ནག་དམར་ཤོག་ལྟར་མི་དམངས་དཀྱུས་མ་ཚོའི་ཚེ་སྲོག་གྲོག་མ་ཞིག་གི་འདུ་ཤེས་ལས་མི་འཛིན་པ་དེ་འདྲ་བྱ་མི་ནུས་པ་དེ་ཤེས་དགོས། རྒྱ་ནག་སྲིད་གཞུང་གིས་མི་དམངས་དཀྱུས་མ་ཚོ་ག་ཚོད་ཤི་ཡང་འཕངས་སེམས་མེད་པ་དེ་རེད། ད་ཐེངས་ཀྱི་རྐྱེན་འདི་བྱས་ཏེ་དྲ་ལམ་ནས་རྒྱ་ནག་གི་ཉེན་རྟོག་པ་ཚོས་མི་དམངས་དཀྱུས་མ་ཚོར་དཀའ་སྡུག་ཅི་ཙམ་སྤྲོད་ཀྱི་ཡོད་པ་ཁྱེད་ཚོས་དྲ་ལམ་ནས་མཐོང་ཡོད་སྲིད་པས་འདིར་འགོད་མི་དགོས། ཧོང་ཀོང་གི་大起天ཟེར་བའི་གསར་ཁང་ཞིག་ནས་བཤད་པའི་གནས་ཚུལ་youtubeནས་མཐོང་བ་ལྟར་བཤད་ན། ༢༠༢༠ལོའི་ཟླ་བ་༡ནང་རྒྱ་ནག་གི་ཁ་པར་ལས་ཁུང་གཅིག་གི་ནང་དུ་ཁ་པར་བེད་སྤྱོད་བྱེད་མཁན་༨༦༢ལྷག་དང་། སྤྱི་ཟླ་༢ནང་ཡང་རྒྱ་ནག་གི་ཁ་པར་ལས་ཁུང་དེའི་ནང་དུ་བེད་སྤྱོད་བྱེད་མཁན་༧༢༥༤གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བར་བཤད་ཅིང་། དེ་མ་ཡིན་པའི་རྒྱ་ནག་གི་ཁ་པར་ལས་ཁུང་གཞན་ཞིག་ནང་དུ་སྤྱི་ཟླ་༡དང༢ནང་དུ་ཁ་པར་བེད་སྤྱོད་གཏོང་མཁན་གྱི་མི་༢༡༤༢དང་། 4Gལས་ཁུང་ནང་དུ་ཁ་པར་བེད་སྤྱོད་༡༩༤༦གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བར་བཤད། བོད་དོན་རྒྱབ་སྐྱོར་པ་ཨ་རིར་གནས་སྡོད་རྒྱ་རིགས་caochangqingཚའོ་ཧྲེང་ཆིན་གྱི་Tweeitterསྟེང་བཤད་པ་ལྟར་ན། རྒྱ་ནག་གི་ཁ་པར་ལས་ཁུང་དག་གི་china mobiles,སྤྱི་སྡོམ་ན་ཁ་པར་བེད་སྤྱོད་གཏོང་མཁན་གྱི་མི་1800万གར་སོང་ཆ་མེད་དུ་གྱུར་ཚུལ་བཤད་པ་མ་ཟད། ད་རུང་ཁོས་དོག་སློང་བྱས་ཡོད་པ་ཞིག་ལ། 一人2手机,也是900万གལ་སྲིད་མི་ཞིག་ལ་ཁ་པར་གཉིས་རེ་ཡོད་པའི་ཆ་བཞག་ཀྱང་། ཁྲི་༩༠༠གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ཟེར། གནས་ཚུལ་གཞན་ཞིག་སྟེ། ༢༠༢༠སྤྱི་ཟླ༣ཚེས༢༤ཉིན་གྱི་south Asia monitorསྟེ་རྒྱ་གར་གྱི་ཤར་ལྷོའི་རྒན་བདག་ཟེར་བའི་དྲ་ལམ་ཐོག་བཀོད་པ་ལྟར་ན། ༢༠༢༠ལོའི་སྤྱི་ཟླ་དང་པོ་གཉིས་བའི་ནང་ཁ་པར་བེད་སྤྱོད་གཏོང་མཁན་ས་ཡ་༨ལྷག་གར་སོང་ཆ་མེད་དུ་གྱུར་ཚུལ་བྲིས་ཡོད་པ་འདི་ལྟར china mobile is showing they lost8.116million users in january_february2020.

གསར་ཤོག་སྟེང་བྲིས་ཡོད་པ་འདི་ལྟར།

The dexterity with which China has converted the biological attack unleashed from Wuhan with COVID-19 into a victory is pathologically and diabolically cynical. President Xi Jinping, whose foundations were shaking within China, has been transformed from a demon to a hero through intense psychological operations. China was fighting on two fronts, against COVID-19 and hiding the truth; it appears to have won the latter. Dissent continues to be throttled and dissenters disappear as before. China’s official COVID-19 figures as of March 21 are 3,255 dead and 81,008 infected, but actual figures of how many died may never be known. China Mobile is showing they lost 8.116 million users in January-February 2020. Such large numbers switching their service provider in such a short span is highly unlikely; it appears indicative of what Beijing is hiding.

གནས་ཚུལ་གཞན་ཞིག་སྟེ། དབྱིན་ཅིའི་ལུང་པའི་englandགསར་ཤོགdaylystarཉིན་རེའི་སྐར་མའི་སྟེང་བཀོད་པ་འདི་ལྟར།

གནས་ཚུལ་འདི་དག་ཚང་མ་ནུབ་ཕྱོགས་ལུང་པའི་གསར་ཁང་ཚོས་ཆ་འཇོག་བྱེད་ཀྱི་མེད་ཀྱང་། ཡིན་ན་ཡང་། རྒྱ་ནག་ཏུ་རྒྱ་ནག་གི་ནད་འབུའི་མཚོན་ཆས་བསད་པའི་མི་གྲངས་༣༠༠༠ལས་བརྒལ་ཡོད་པ་མ་ཟད། ང་རང་ཉིད་ཀྱི་དོག་པ་ལ་རྒྱ་ནག་རྒྱལ་ཡོངས་སུ་ཉུང་མཐར་ཡང་མི་འབུམ་གསུམ་ལྷག་ཤི་ཡོད་པར་སྙམ། དེ་མིན་རྒྱ་ནག་གི་ཁ་པར་བེད་སྤྱོད་གཏོང་མཁན་ས་ཡ་ལྔ་ཙམ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱིན་པའི་དབང་དུ་བཏང་ཀྱང་། ད་རུང་ས་ཡ་འགའ་ཟླ་བའི་གོ་ལའི་ནང་སྐྱབས་བཅོལ་དུ་ཕྱིན་སོང་ན་མ་གཏོགས། དེའི་ལྷག་མ་རྣམས་གང་དུ་འཛུལ་སོང་བ་ཡིན་ནམ།

གང་ལྟར་ཡང་། དངོས་ཡོད་གནས་གནས་ཚུལ་རྒྱ་ནག་གི་ཝུའུ་ཧན་མི་དམངས་ལ་རང་དབང་ཐོབ་པའི་ཉིན་མོ་གསལ་བོར་ཤེས་ཐུབ་པའམ། ཡང་ན་དྲུག་བཞིའི་ལས་འགུལ་གྱི་གནས་ཚུལ་ལྟར་རིམ་གྱིས་གསང་བ་ཆ་ཚང་གང་མགྱོགས་ཀྱིས་ཕྱི་ལ་ཐོན་ཐུབ་པར་སྙམ། ཡིན་ན་ཡང་། མཚམས་འདིར་ཀློག་མཁན་ཚོར་གསལ་བཤད་བྱེད་འདོད་པ་ཞིག་ལ། རྒྱ་ནག་གི་ནད་འབུའི་མཚོན་ཆས་རྒྱ་རིགས་མང་པོ་བསད་ཚེ། ང་རང་ཉིད་འདོད་པ་ཚིམ་ནས་ཡོད་པ་མ་ཡིན་པར། འཛམ་གླིང་གིས་དངོས་ཡོད་གནས་ཚུལ་ཤེས་དགོས་བའི་ཆེད། དོག་སློང་དང་གནས་ཚུལ་ཡོངས་ཀྱི་བརྒྱུད་རིམ་རྣམས་བཀོད་པ་ཡིན། སྐབས་རེ་ནུབ་ཕྱོགས་ལུང་པའི་གསར་ཁང་ཚོ་ཡང་རྒྱ་ནག་གུང་ཁྲན་ཏང་གིས་ཉོས་པ་ལྟར་དངོས་ཡོད་གནས་ཚུལ་མི་བཤད་པར། རྒྱ་ནག་གུང་ཁྲན་ཏང་གིས་རྫུན་སྒྲོགས་ཁོ་ན་ལ་ཡིད་ཆེས་བྱས་ཏེ་བཀོད་ཀྱི་ཡོད་པ་རེད།

ང་ཚོ་ཆ་ཚང་གིས་དོག་པ་བྱེད་དགོས་ཤིང་དོག་པ་བྱེད་འོས་པ་ཞིག་ལ། ཐེ་ཝན་དང་ཧོང་ཀོང་གི་གསར་ཁང་ཁ་ཤས་ལས་བཤད་པ་ལྟར་ན། ༢༠༡༩ལོའི་ཕྱི་ཟླ༡༡ཚེས༧ལ་རྒྱ་ནག་གི་སྲིད་གཞུང་གིས་ཝུའུ་ཧན་དུ་ནད་ཡམས་དེ་འདྲ་ཞིག་བྱུང་ཡོད་པ་ཤེས་ཡོད་པར་བཤད། དེ་ལྟ་ན་ཡང་། རྒྱ་ནག་སྲིད་གཞུང་གིས་༢༠༢༠ཕྱི་ཟླ༡ཚེས༢༣བར་དུ་འཛམ་གླིང་ལ་གསལ་བསྒྲགས་མ་བྱས་བའི་དོན་ཅི་ཡིན་ནམ། དཔྱད་པ་བརྗོད་པ་ཁ་ཤས་ཀྱིས་བཤད་ཚུལ་ལ། རྒྱ་ནག་གི་ལོ་གསར་ཐོན་ལ་ཉེ་སྟབས་རྒྱ་ནག་མི་དམངས་ལ་གསང་བ་བྱས་ཚུལ་བཤད་ཀྱང་། ཡིན་ན་ཡང་། ད་རུང་ཡིད་ཆེས་དཀའ་བ་ཞིག་རེད། འདིར་ང་རང་ཉིད་ཀྱིས་དོག་པ་སྐྱེས་སྟངས་ཞིག་ལ། རྒྱ་ནག་མི་རིགས་རྒྱུ་མཚན་དུ་བྱས་ནས་མ་ཡིན་པར་རྒྱ་ནག་དམར་ཤོག་ཚོགས་པས་བྱེད་སྟངས་ལ་གཞིགས་ནས་བཤད་ན། ༢༠༡༦ལོ་ནས་བཟུང་རྒྱ་ནག་གི་དཔལ་འབྱོར་ཉམས་འགོ་བརྩམས་ཞིང་། ལྷག་པར་དུ་༢༠༡༨ནས་ལོ་གཉིས་ཡས་མས་ཙམ་ལ་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་དམག་རྒྱབ་སྟེ། རྒྱ་ནག་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་ཡིན་པས། རྒྱ་ནག་སྲིད་གཞུང་གིས་རྒྱ་ནག་གི་ནད་འབུའི་མཚོན་ཆ་འདི་འཛམ་གླིང་ཕྱོགས་གང་སར་ཁྱབ་བརྡལ་དུ་འགྲོ་བར་ཤེས་ཀྱི་ཡོད་སྟབས། རྒྱ་ནག་ཁོ་རང་གི་དཔལ་འབྱོར་ཉམས་སུ་འགྲོ་བ་དང་མཉམ་དུ་འཛམ་གླིང་རྒྱལ་ཁབ་གཞན་ལ་ཡང་། དཔལ་འབྱོར་ཉམས་སུ་འགྲོ་བར་དམིགས་ཡོད་སྲིད་སྙམ།

རྒྱུ་མཚན་གཅིག་ནི། ཐེ་ཝན་དང་ཧོང་ཀོང་གིས་བཤད་ཚུལ་ལྟར་བཤད་ན། རྒྱ་ནག་ལ་ནད་ཡམས་འདི་བྱུང་ནས་ཟླ་བ་གཉིས་ཀྱི་རྗེས་ཀྱི་འཛམ་གླིང་ལ་བསྒྲགས་པ་རེད། ཟླ་བ་གཉིས་རིང་རྒྱ་ནག་གི་ནད་འབུའི་མཚོན་ཆ་ལུས་ལ་སྦས་བའི་རྒྱ་རིགས་ག་ཚོད་མང་པོ་ཞིག་འཛམ་གླིང་སྟེང་འགྲུལ་བཞུད་བྱས་ཡོད་དམ། ང་ཚོས་དྲ་ལམ་བརྒྱུད་ནས་མཐོང་གསལ་ལྟར་ན། རྒྱ་ནག་ཝུའུ་ཧན་གྱི་རྒྱ་རིགས་ནད་ཡམས་འགོས་ཡོད་མཁན་ཚོས་གློག་སྐས་ནང་དང་ཟས་རིགས་སོགས་ཀྱི་སྟེང་བསམ་ནག་ཅི་ལྟར་བྱེད་བཞིན་པ་མཐོང་བ་ལྟར་རེད། བྱེད་སྟངས་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པས་བྱེད་སྟངས་དང་གཅིག་མཚུངས་རེད།

ཁ་སང་དེ་རིང་རྒྱ་ནག་སྲིད་གཞུང་གིས་ཝུའུ་ཧན་གཙོ་བྱས་བའི་རྒྱལ་ཡོངས་ལ་ཁོ་རང་ཚོས་བཟོས་བའི་རྒྱ་ནག་གི་ནད་འབུའི་མཚོན་ཆ་མེད་ཚུལ་བཤད་ཀྱི་ཡོད། གལ་སྲིད་དེ་ལྟར་ཡིན་ན། ཝུའུ་ཧན་མི་དམངས་ཞིང་ཆེན་གཞན་གྱི་ནང་དུ་ཡོང་གི་མི་འཇུག་པར་བཀག་འགོག་བྱེད་དོན་ཅི་ཡིན་ནམ། ཝུའུ་ཧན་ནས་ཧོའུ་པེ་ཞིང་ཆེན་ནང་དུ་ཡང་ཡོང་གི་འཇུག་གི་མེད་པ་དྲ་ལམ་ན་གསལ་བོར་རེད། མ་ཟད་ད་རུང་སྤྱིར་ཟླ༣ནང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཚོགས་དགོས་ཀྱང་། རྒྱ་ནག་རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཕྱིར་འཐེན་བྱེད་དོན་ཅི་ཡིན་ནམ། སྤྱི་ཟླ་གསུམ་པའི་ཟླ་མཇུག་ནས་རྒྱ་ནག་སྲིད་གཞུང་གིས་རྒྱ་ནག་མི་དམངས་ལ་ཡང་བསྐྱར་མགོ་སྐོར་གསར་པ་ཞིག་གཏོང་མགོ་བརྩམས་ཡོད། དེ་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་ཚོ་ཕྱིར་རྒྱལ་ནང་དུ་ཡོང་ནས་ཡང་བསྐྱར་ནང་ཡམས་ཁྱབ་བཞིན་ཡོད་ཚུལ་བཤད་ཀྱི་ཡོད། གང་ལྟར་ཡང་། ཞིའི་ཅིན་ཕེན་གྱིས་སྣེ་ཁྲིད་པའི་རྒྱ་ནག་སྲིད་གཞུང་འཛམ་གླིང་གི་ལག་དམར་དུ་གྱུར་ཡོད་པ་ཁྱེད་ཚོ་སུས་བལྟས་ཀྱང་ཤེས་ནུས་པས། ད་ཐེངས་འདི་དང་རྐྱེན་བྱས་ཏེ་འཛམ་གླིང་གིས་རྒྱ་ནག་གུང་ཁྲན་ཏང་གི་ལྕགས་སྒྲོགས་དེ་གཏོར་ཐུབ་པའི་རེ་བ་ཡོད་ལ། གུང་ཁྲན་ཏང་ནང་ཁུལ་གྱི་རྙོག་འཛིངས་མེ་ལྕེ་བཞིན་དུ་འབར་ནས་ཏང་སྲིད་དམག་གསུམ་གྱི་དབང་ཆ་རོ་སྒམ་ནང་དུ་འཇུག་ཐུབ་པའི་རེ་བ་ཡང་ཡོད། ༢༠༢༠ཟླ་༤ཚེས༤ལ་ཡོ་རུབ་ནས་བྲིས།

བསམ་ཚུལ།

Post navigation

Previous Post: བརྩེ་དུང་།
Next Post: གཉན་ནད་ཀྱི་རྒྱུ་རྐྱེན་དང་སྐྱེ་ཁམས་བར་གྱི་འབྲེལ་བ།

Comments (13) on “རྒྱ་ནག་ནི་འཛམ་གླིང་གི་ལག་དམར་དུ་གྱུར།”

  1. བྱང་ཆུབ་ལོ་མ། says:
    2020-04-05 at 3:15 pm

    བཀླགས་སོ།། གནས་ཚུལ་གསལ་འདོན་དང་དབྱེ་ཞིབ་གནང་བ་ལེགས།

  2. རིན་ཆེན says:
    2020-04-05 at 4:15 pm

    འོ་རྩོམ་བྱང་མཐོང་མ་ཐག་འཇིགས་ཆེ་དྲགས་འདུག་བསམ་སོང་།བཀླགས་རྗེས་བདེན་པ་རེད་སྙམ། གང་ལྟར་རྒྱ་ནག་ཤི་གྲངས་༣༣༨༠ལས་ལྡབ་ཁ་ཤས་ཀྱིས་མང་གི་རེད།ས་ཡ་མང་པོ་གང་ཤེས། གང་ལྟར་རྒྱ་ནག་ལ་གནོད་པའི་རྩོམ་འབྲི་མཁན་ཁྱོད་དང་རེ་ཟུང་ལས་མི་འདུག་ག་རེ་ཡིན་མིན་མི་ཤེས།

  3. ཀརྡོ་རབ་འབྱམས་པ་ says:
    2020-04-06 at 2:45 am

    ་་་་་་་་་་་ གང་ལྟར་ཡང་། ཞིའི་ཅིན་ཕེན་གྱིས་སྣེ་ཁྲིད་པའི་རྒྱ་ནག་སྲིད་གཞུང་འཛམ་གླིང་གི་ལག་དམར་དུ་གྱུར་ཡོད་པ་ཁྱེད་ཚོ་སུས་བལྟས་ཀྱང་ཤེས་ནུས་པས། ད་ཐེངས་འདི་དང་རྐྱེན་བྱས་ཏེ་འཛམ་གླིང་གིས་རྒྱ་ནག་གུང་ཁྲན་ཏང་གི་ལྕགས་སྒྲོགས་དེ་གཏོར་ཐུབ་པའི་རེ་བ་ཡོད་ལ། ་་་་་་་་་་་་་་་

  4. ཀརྡོ་རབ་འབྱམས་པ་ says:
    2020-04-06 at 3:09 am

    མ་འོ་ལག་དམར་སྡུག་ཤི་ཐེབས། །
    ཏིང་སོགས་ལག་དམར་རྒས་ནད་ཐེབས། །
    ཞི་གཅིང་ལག་དམར་ནད་འབུས་མནར། །
    རྒྱ་ཡི་ཏིང་གཞུང་རྩ་གཏོར་ངེས། །

  5. ཀརྡོ་རབ་འབྱམས་པ་ says:
    2020-04-06 at 3:19 am

    མ་འོ་ཅ་འོ་ལས་ངན་གྲོངས། །
    ཛང་དང་ཧུ་གཉིས་རྒས་ནད་མནར། །
    ཞི་གཅིན་གཉེན་ནད་ནད་ཀྱིས་མནར། །
    རྒྱ་ནག་དམར་གཞུང་མནར་ཞིང་མནར། །
    ་
    ཨ་རིས་དབྱིབས་ནད་བཏང་ཞེས་ཟེར། །
    ཧུ་ནད་རྒྱ་ནད་མ་ཟེར་ཟེར། །
    རྒྱ་མི་ནད་པ་ཉུང་ཉུང་ཟེར། །
    རྒྱ་གཞུང་མི་ཟེར་འདི་ཟེར་མེད། །
    ་
    རྒྱ་ནད་འདི་ཡིས་ཛམ་གླིང་མནར། །
    རྒྱ་ནད་འདི་ཡི་མི་ཡོངས་མནར། །
    རྒྱ་གཞུང་དཔལ་འབྱོར་རྒུད་ནས་མནར། །
    རྒྱ་གཞུང་རྫུན་དང་ནད་ཀྱིས་མནར། །
    ་
    མནར་བའི་ཞོར་ལ་མནར་དོན་གྱིས། །
    རྫུན་དང་ཧམ་པ་ད་བཞག་ནས། །
    ཏང་གཞུང་མངས་གཙོ་ཞིག་ལ་སྒྱུརད། །
    ཛམ་གླིང་ཞི་བདེ་གསར་པར་སྒྱུརད། །

  6. རིན་ཆེན says:
    2020-04-07 at 3:53 am

    འཛམ་བུ་གླིང་ན་ལག་དམར་བཞི་ཡོད་ལ།།
    གཅིག་ནི་རྒྱ་ནག་མའོ་ཙེ་ཏུང་ནི་རེད།།
    དུས་རབས་ཉེར་གཅིག་འཛམ་གླིང་གི།
    ལག་དམར་གྱུར་བ་ཞིའི་ཅིན་ཕེན་ཡིས།།
    བསམ་བཞིན་ནད་འབུ་བཟོས་ཏེ་འཛམ་གླིང་དཀྲིགས།།
    འཛམ་གླིང་མི་རྒྱུ་གཉིས་ལ་གོད་ཆགས་བྱུང་བ་འདི།།
    རྒྱ་གཞུང་དམར་པོའི་ནག་ཉེས་ལས།།
    དེ་མིན་རྒྱལ་ཁབ་གང་ལ་ནག་ཉེས་ཅི་ཡང་མེད།།
    འཛམ་གླིང་མི་དམངས་ལངས་ཏེ་ངོ་རྒོལ་བྱོས།།

  7. བདེ་འཇགས་ཕོ་ཉ། says:
    2020-04-07 at 1:37 pm

    ངར་བ་རེད་ཡ། འདི་མོ་འདི་འབྲི་དགོས་ནི་རེད། མུ་མཐུད་བོད་ཡིག་ཐོག་ལ་འདི་མོ་འདི་མང་ཙམ་བྲི་རོགས། བོད་ཀྱི་གསར་ཁང་དེ་ཚོས་cctv གསར་འགྱུར་དག་ཡར་བཤུ་མར་བཤུ་འདྲ་བྱས་ནས་བསྡད་འདུག དེ་ཚོ་ཀློག་སྙིང་མི་བྲོ་གི

  8. འབྲོང་བུ་སོག་ཚ། says:
    2020-04-07 at 5:51 pm

    ནད་ཀྱི་ངོ་བོ་ལ་མི་བལྟ་བར་དེའི་འབྱུང་ཁུངས་ལ་བལྟ་དགོས་པ་བཞིན་ད་ལན་ནད་འདི་ཡི་འབྱུང་རྩ་ངོ་མ་རྒྱ་ནག་དམར་ཤོག་ཡིན་པས་ཀུན་གྱིས་རྟོགས་པར་གྱུར་ཅིག།

  9. རིན་ཆེན says:
    2020-04-08 at 3:27 am

    བྱང་ཨ་རི་ནས་བཟུང་ཤར་རྒྱ་གར་རྡ་སའི་བར་གྱི་བོད་ཀྱི་གསར་ཁང་ཚོས་བཙན་བྱོལ་ནང་གི་རྙོག་དྲ་སྤར་མོ་གང་བོ་མ་གཏོགས་རྒྱ་ནག་ལ་གནོད་པའི་གསར་འགྱུར་དང་དཔྱད་གླེང་སྤེལ་བ་མཐོང་ཐོས་བྱུང་མ་མྱོང་ལབ་ན་འགྲིག གལ་སྲིད་མཐོང་ཐོས་ཡོད་མཁན་ཡོད་ན་གསུང་དང་། བོད་ཡིག་ཐོག་རྒྱ་ནག་ལ་གནོད་པའི་བསམ་ཚུལ་གླེང་ས་ཁ་བརྡ་ཁོ་ན་རེད།

  10. བློ་བཟང་། says:
    2020-04-08 at 8:22 am

    ནད་འདི་འགྲོ་བ་ཡོང་གྱི་ལས་ལས་ཡོང་བ་ཡིན་རྒྱུ་རེད། ནམ་རྒྱུན་ང་རྒྱ་མི་ཡོད་ཚད་ལ་མི་དགའ་མཁན་ཞིག་ཡིན། ཡིན་ཡང་དྲང་མོར་བཤད་ན་རྒྱ་ནག་ལ་ནད་འདི་བྱུང་ནས་ཟླ་གཉིས་ལྷག་གི་རིང་ལ་མི་ག་ཚོད་ཤི་ཡོད་པ་ཚང་མས་ཤེས་གསལ་རེད། ཤེས་བཞིན་དུ་རྒྱ་ནག་དང་འབྲེལ་བ་བྱས་ན་ཡོང་རྒྱུ་འདི་རེད། གང་ལྟར་རྒྱ་ནག་དང་འབྲེལ་བ་ཆེ་པའི་རྒྱལ་ཁབ་ཚོ་ལ་ན་བ་དང་ཤི་མཁན་མང་བ་འདུག སྡུག་རྒྱོང་རེད་འདི་རྒྱ་ནག་གིས་བཟོས་བ་མ་རེད།

  11. བསོད་ནམས་སྟོབས་རྒྱལ says:
    2020-04-08 at 2:17 pm

    བློ་བཟང་ནས་། ནམ་རྒྱུན་ང་རྒྱ་མི་ཡོད་ཚད་ལ་མི་དགའ་མཁན་ཞིག་ཡིན། ཞེས་པར་ང་སེམས་གཉིས་ཡིན། གང་གིས་ན། ནད་འདི་འགྲོ་བ་ཡོང་གྱི་ལས་ལས་ཡོང་བ་ཡིན་རྒྱུ་རེད། ཟེར་དུས་ཏོག་དབྱིབས་མི་ཟ་དེ་རྒྱ་ནས་འབྱུང་པ་བཀག་ནས་འགྲོ་བའི་ལས་ལ་འགྱུར་མི་འདུག་གས། ནང་པ་ཡིན་པའི་ཞེན་དྲང་མོ་འདུག དེ་མིན་རྒྱ་འོས་ཀྱི་ཁྱེད་ཀྱིས་གནས་སྤེལ་ཁ་ཤས་ཀློག་ཉུང།

    གཞན། ༢༠༢༠སྤྱི་ཟླ༣ཚེས༢༤ཉིན་གྱི་south Asia monitorསྟེ་རྒྱ་གར་གྱི་ཤར་ལྷོའི་རྒན་བདག་ཟེར་
    བྱིན་ཅིའི་ལུང་པའི་englandགསར་ཤོགdaylystarཉིན་རེའི་སྐར་མའི་སྟེང་བཀོད་པ་འདི་ལྟར། མིང་ཚིགས་དེ་དག་དོན་བསྒྱུར་ཞུས་པ་ལས་བོད་ཡིག་ནང་དེ་ག་རང་བྲིས་ན་མི་ལེགས་སམ། སྐད་ཡིག་གང་ཡིན་མཉམ་དུ་བྲིས་པས་ཧ་མོ་བདེ་འདུག་ཀྱང་མོཎི་ཊར་དང་ཌེལི་སི་ཊར་ལ་རྒན་བདག་དང་སྐར་མ་གཉིས་སུ་དོ་བདག་གསར་ཤོག་སོ་སོས་གོ་བཞེད་དུ་ངོས་ཕལ་ཆེར་ཨེ་ལེན།

  12. རིན་ཆེན says:
    2020-04-09 at 3:58 am

    ཁ་སང་མཚན་མོ་རྒྱ་ནག་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། དམར་ཤོག་གི་མགོ་ཁྲིད་ཟུར་བ་རིན་ཀྲི་ཆིང་རྒྱ་ནག་གི་པེ་ཅིན་སྲིད་གཞུངགིས་བཀག་གཉེར་ཞིབ་བཤེར་བྱེད་ཀྱི་འདུག་ཟེར།རིན་ཀྲི་ཆིང་གིས་རྒྱ་ནག་གི་སྲིད་འཛིན་ལ་སྐྱོན་བརྗོད་ཤུགསཆེན་བྱས་སྟབས།སྲིད་གཞུང་གི་ཁྲིམས་དང་འགལ་ཚེ་བཤད་པས། ད་རུང་ཞིའི་ཅིན་ཕེན་གྱི་གཉའ་གནོན་སྲིད་ཇུས་ལ་འགྱུར་བ་ཡོང་ས་མ་རེད་སྙམ།གལ་སྲིད་བཙན་བྱོལ་གཞུང་གིས་ཞིའི་གདོང་མོག་མོག་ལ་རེ་བ་རྒྱག་གི་ཡོད་ཚེ།རེ་བ་མེད་པ་ཐག་གིས་ཆོད།

  13. འབྲོང་བུ་སོག་ཚ། says:
    2020-04-09 at 6:09 pm

    ང་ཚོ་བོད་བཙན་བྱོལ་སྦར་མོ་གང་གིས་རྒྱ་ནག་པོའི་འགོ་ཁྲིད་ཚོ་ལ་སྟོད་ར་གཏོང་རྐྱང་བྱེད་ནའང་རྒྱ་རྒན་དམར་པོ་དེ་ཚོའི་སེམས་ལ་འགྱུར་བ་གང་མེད་པར་ད་དུང་གཞིས་བཞུགས་སྤུན་ཟླ་ཚོ་ལ་མནར་བཅོད་བཏང་དང་གཏོང་བཞིན་པ་རེད་འདུག། ལས་ངན་བོད་པ་འདི། སྲོག་བཅད་སར་རླ་འཁོར། སྐེ་བཏག་སར་འཇའ་ཤར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme