Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་ནང་ལས་འགུལ་སྤེལ་ཕྱོགས་གྲོས་གཞི་ནང་ཆད་འདུག་ཨང་།

Posted on 2012-09-252012-09-25 By dhatsenpa 7 Comments on རྒྱ་ནག་ནང་ལས་འགུལ་སྤེལ་ཕྱོགས་གྲོས་གཞི་ནང་ཆད་འདུག་ཨང་།

ད་ལྟ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་༢ པ་ཚོགས་བཞིན་པ་རེད། ཚོགས་ཞུགས་པ་རྣམས་ཀྱིས་ ༡ བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས།  ༢ རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས།  ༣ རྒྱ་གར་དང་ལྷོ་ཤར་ཨེ་ཤའི་ཡའི་ནང་ལས་འགུལ་སྤེལ་ཕྱོགས་བཅས་གྲོས་གཞི་གསུམ་ལ་གཏན་འཁེལ་ནས་བགྲོ་གླེང་ཚ་ཚ་འུར་འུར་བྱེད་ཀྱི་འདུག་ཟེར།
ཚ་ཚ་འུར་འུར་བགྲོ་གླེང་བྱེད་པ་ལེགས་མོད་ཀྱང་དོན་ཚན་དེ་གསུམ་ལས་ཀྱང་ཆེས་གལ་ཆེ་བའི་དོན་ཚན་གཅིག་ལུས་འདུག་པ་དེ་རྒྱུ་མཚན་ཅིའི་ཕྱིར་ལུས་པ་ནི་བསམ་ཡིད་ལ་འཁོར་དཀའ་བ་ཞིག་རེད། དོན་ཚན་དེ་ནི་རྒྱ་ནག་ནང་དང་རྒྱ་མི་རིགས་ནང་ལས་འགུལ་སྤེལ་ཕྱོགས་དེ་བགྲོ་གླེང་གྲོས་གཞིའི་ནང་བཀོད་མེད་པ་དེ་རེད། དེ་བས་ཁོ་ཚོས་ཚ་ཚ་འུར་འུར་ག་ཚོད་ཀྱིས་བགྲོ་གླེང་བྱས་ནའང་་དེ་ནི་རྩ་བ་བཏང་ནས་ཡལ་ག་ལ་འཇུ་སྟངས་ཀྱི་ཚ་ཚ་འུར་འུར་ཞིག་ལས་མ་མཆིས
གོང་གི་ལས་འགུལ་སྤེལ་ཕྱོགས་ཚང་མའི་མཐའ་གཏུགས་སའི་དམིགས་འབེན་ནི་རྒྱ་ནག་མ་ཡིན་ནམ། མེ་བསྲེག་གཏོང་མཁན་ཚང་མ་བོད་ནང་ན་ཡོད་པ་རེད། མེ་བསྲེག་གཏོང་དགོས་དོན་རྒྱ་མིའི་སྲིད་བྱུས་ལ་ཐུག་པ་རེད། ལས་འགུལ་ག་རེ་སྤེལ་ན་འབེན་འདྲ་བོ་དེ་རྒྱ་ནག་རེད། རྒྱལ་སྤྱིའི་སྟེང་ལས་འགུལ་སྤེལ་བ་དེའང་རྒྱ་ནག་ལ་གནོན་ཤུགས་སྤྲོད་པའི་ཆེད་མ་རེད་དམ། དེས་ན་ང་ཚོས་ཀྱང་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཐད་ཀར་རྒྱ་ནག་མི་མང་ནང་ལས་འགུལ་འདྲ་མིན་སྤེལ་རྒྱུ་དེ་ནི་ཆེས་གལ་ཆེ་ཤོས་སུ་འཛིན་དགོས་པར་མཐོང་བས་གོང་གསུམ་དོན་ཚན་གསུམ་སྐོར་ཅང་ཞུ་རྒྱུ་མིན་པར་རྒྱ་ནག་ནང་ལས་འགུལ་སྤེལ་ཕྱོགས་ལ་ཚིག་རེ་ཟུང་ཞུ་འདོད་བྱུང་།

འགའ་རེས་བསམ་ན། རང་ཉིད་ཕྱི་རུ་བསྡད་ནས་རྒྱ་ནག་ནང་ལ་ལས་འགུལ་ཇི་ལྟར་སྤེལ་དགོས་པ་རེད་བསམ་སྲིད་ཀྱང་དེ་ནི་ཁྱེད་རང་ནོར་བ་རེད། ད་ལྟ་དེང་རབས་ཀྱི་འཕྲུལ་ཐབས་གསར་པ་ལ་བརྟེན་པར་བྱས་ན་ཁྱེད་རང་སྐད་ཅིག་རིང་རྒྱ་ནག་གི་ནང་དུ་སྐྱེལ་ངེས་རེད། རྒྱ་གཞུང་གི་ལས་ཁུངས་གང་ལའང་ཁྱེད་རང་འཛུལ་ཐུབ་པ་རེད། མཐོ་དབུས་གཞུང་ནས་ཞིང་ཆེན། ས་ཁུལ་ནས་རྫོང་གང་དུའང་སོང་ནས་ཁོ་ཚོའི་ལས་ཁུངས་ཀྱི་སྒོ་རྡུང་ཆོག་གི་རེད་ལ་སྒོ་ལ་རྡོག་རྒྱག་གཞུ་དགོས་ན་རྡོག་རྒྱག་གཞུས་ནས་ཁོ་ཚོ་སུན་པོ་བཟོ་ཆོག་གི་རེད། ཡང་གུས་ཞབས་དང་བཅས་སྐད་ཆ་འཇམ་པོའང་བཤད་ཆོག་གི་རེད།

ཁྱེད་རང་གིས་རང་ལ་ཡོད་པའི་དྲ་རྒྱ། ཁ་པར། ཡིག་འབྲེལ། ཨི་མེལ་སོགས་བརྒྱུད་ལམ་དེ་དག་བེད་སྤྱོད་བཏང་ནས་རྒྱ་ནག་ཏུ་རྒྱུག་ཆོག་གི་རེད། ཁྱེད་རང་གང་ལ་རྒྱུག་གི་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རྒྱུག་གི་ཡིན་ནམ་འཐབ་ཕྱོགས་གཅིག་གྱུར་ཁང་ལ་རྒྱུག་གི་ཡིན། ཡང་ན་མི་མང་ཚོགས་ཁང་ནང་ལ་རྒྱུག་གི་ཡིན། མིན་ན་སྤྱི་བདེ་ལས་ཁུངས་ནང་ལ་རྒྱུག་གི་ཡིན། དེ་མིན་ན་ཞིང་ཆེན་དང་ས་གནས་སྲིད་གཞུང་གི་ལས་ཁུངས་གང་གི་ནང་རྒྱུག་གི་ཡིན། ཁྱེད་རང་དེ་ལ་སླེབས་ཐུབ་ཀྱི་རེད་ལ་སེམས་ནང་གི་བཤད་འདོད་པའི་སྐད་ཆ་ཚང་མ་བཤད་ས་ཞིག་རྙེད་ཀྱི་རེད།
བོད་ནང་དུ་དོན་དག་ཅིག་བྱུང་མ་ཐག་ཏུ། ཕྱི་ལོགས་ནས་བོད་མི་སྟོང་ཕྲག་མང་པོས་ཁ་པར་དང་ཡིག་ལམ་སོགས་བརྒྱུད་ལམ་འདྲ་མིན་བརྒྱུད་ནས་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་དྲི་བ་འདྲ་མིན་བཏོན་པ་ཡིན་ན་དེ་ནི་ལས་འགུལ་ཆུང་ཆུང་ཞིག་ཡིན་རྒྱུ་མ་རེད་འདོད། བོད་ནང་དོན་དག་གང་ཞིག་བྱུང་སྐབས། ང་ཚོས་རྒྱ་ནག་ནང་ལ་སྦྲག་ཡིག་དམར་པོ་ཆར་དུ་འབེབས་ཆོག་གི་རེད། ང་ཚོས་རྒྱ་ནག་གི་ཁ་པར་སྐུད་ལམ་དག་ཚ་བོ་བཟོ་ཆོག་གི་རེད། དབུས་གཞུང་གི་དཔོན་པོ་དག་གི་ཨམ་ཅོག་ཚ་བོ་བཟོ་ཆོག་གི་རེད།
དེ་ཡིན་ནའང་ང་ཚོ་ལ་ཆ་རྐྱེན་སྐྲུན་མཁན་གཅིག་དགོས་པ་ནི། ཕར་ཕྱོགས་སུ་འབྲེལ་ཡོད་དང་གནད་ཡོད་ལས་ཁུངས་ཁག་གི་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་དུས་དང་དུས་སུ་མི་མང་ལ་མཁོ་སྤྲོད་ཞུ་མཁན་ཞིག་དགོས་པ་དེ་རེད། དེ་ནི་བོད་གཞུང་ངམ་ཚོགས་པ་བྱེ་བྲག་པ་ཞིག་ནས་ཕྱོགས་བསྒྲིགས་ཀྱིས་མི་མང་ལ་མཁོ་འདོན་བྱེད་ཐུབ་ཀྱི་མ་རེད་དམ། གཞན་ཡང་ལས་འགུལ་སྤེལ་ཐབས་འདྲ་མི་འདྲ་ཡོད་རྒྱུ་རེད། ངས་འདིར་རང་གི་བསམ་ཚུལ་བཀོད་པ་ནི་རྣམ་པ་ཚོའི་དགོངས་ཚུལ་རྩ་ཆེན་རྣམས་འདྲེན་པའི་ཆེད་དུ་ཡིན། ད་བར་དུ། ང་ཚོའི་ནམ་རྒྱུན་ལས་འགུལ་སྤེལ་བའི་ནང་ཆད་སྐྱོན་ཞིག་ཡོད་པ་ནི་རྒྱ་ནག་ཐད་ཀར་དམིགས་འབེན་དུ་བཟུང་ནས་ལས་འགུལ་སྤེལ་གྱི་མེད་པ་དེ་རེད་ལ། དེ་ནི་ད་རེས་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་ནང་དུའང་སྔར་བཞིན་ཆད་སྐྱོན་བྱུང་འདུག་པས་ད་རེས་དམིགས་བཀར་རྒྱ་ནག་ནང་ལས་འགུལ་སྤེལ་ཕྱོགས་ལ་ཚིག་འགས་གླེང་སློང་བ་ཙམ་ཡིན།

རྩོམ་རིག

Post navigation

Previous Post: དམིགས་བསལ་ཚོགས་ཆེན་ཐེངས ༢ པའི་གྲོས་གཞི་གསུམ།
Next Post: དམིགས་བསལ་ཚོགས་ཆེན། བོད་ནང་གི་ཛ་དྲག་གནས་སྟངས་ལ་འགན་ཁུར་ཆེད་རེད་དམ་ཁྱབ་བསྒྲགས་བྱེད་ཆེད་རེད།

Comments (7) on “རྒྱ་ནག་ནང་ལས་འགུལ་སྤེལ་ཕྱོགས་གྲོས་གཞི་ནང་ཆད་འདུག་ཨང་།”

  1. གཉིས་མེད་སེངྒེ says:
    2012-09-25 at 11:23 am

    སྐུ་ཞབས་མདའ་ཚན་པའི་དགོངས་འཆར་ཡག་པོ་འདུག

  2. ཐུ་བ་རྒྱ་མཚོ། says:
    2012-09-25 at 2:10 pm

    སེམས་ཚོར་རྣོན་པོའི་བསམ་ཚུལ་བཏོན་ན་དགའ་བསུ་ལོས་ཞུ།

    དམིགས་བསལ་ཚོགས་ཆེན་གྱིས་དོན་ཚན་གསུམ་གྱི་ཐོག་ཚ་ཚ་འུར་འུར་གནང་བཞིན་ཡོད་ན། དམིགས་བསལ་དྲ་གྲོགས་ཚོས་དོན་ཚན་བཞི་པའི་ཐོག་ཚ་ཚ་འུར་འུར་གྱིས་དང་། ཚོགས་པ་དང་མ་ཚོགས་པའི་ཕྱི་ནང་གི་བོད་མི་གང་ན་སུ་ཡོད་རྣམས་ཀྱིས་ལག་འགུལ་སྤེལ་ཕྱོགས་ཐད་ལ་རྐང་འཛིན་ཏེ་རྩལ་བཏོན།

    དེང་སང་རྒྱ་གཞུང་གི་ཚོགས་རྭ་ལ་ཆབ་སྲིད་ཀྱི་ཐལ་རྡུལ་ལངས་བཞིན་པའི་སྒང་ཡིན་པ་དེ་ཤེས་ན་མི་རིང་བར་རྒྱ་གཞུང་གི་ནམ་མཁའ་ལ་སྤྲིན་ནག་འཐིབས་ངེས་ཡིན་ཙང་ང་ཚོའི་གཞིས་ལུས་མི་མང་གི་མྱོང་བཞིན་པའི་སྐད་ཅིག་ཙམ་ལའང་བཟོད་བརླག་བྲལ་བའི་ཚ་གདུང་གི་སྡུག་བསྔལ་འདི་དག་མྱུལ་དུ་མཇུག་བསྡུ་གྲབས་ཡོད་པའི་སྔ་བལྟས་ཡིན་པ་མ་ཟད།བདེན་པའི་ནམ་མཁའ་འང་མགྱོགས་པོ་གསལ་པའི་གྲོགས་རྐྱེན་རེད།
    ང་ཚོས་གྲ་སྒྲིག་བྱེད་དགོས་པ་དེ་མུན་ནག་གི་ནམ་མཁའ་གསལ་རྒྱུ་ཙམ་མ་ཡིན་པར་ནམ་མཁའ་གསལ་རྗེས་ཀྱི་འཛུགས་བསྐྲུན་ལས་ཀ་ཇི་ལྟར་བྱ་རྒྱུ་དེ་རེད། གལ་ཆེན་ནང་གི་དོན་ཆེན་པོ་དོན་དག་འདི་ཡིན། དོན་འདི་ལ་གནད་དུ་འཛིན་རྒྱུ་དེ་ད་རེས་གི་ཚོགས་ཆེན་འཚོགས་དགོས་པའི་གོས་དམིགས་མཐོ་གྲས་སུ་འཇོག་ཐུབ་དགོས། རྒྱ་བཤད་སྟོང་བཤད་ག་ཚད་བཤད་ཀྱང་ས་རུབ་ན་གྲ་སྒྲིག་ཡོད་པ་ཅིག་དང་ནམ་ལངས་ན་གྲ་སྒྲིག་ཡོད་པ་ཅིག་དགོས་གི་རེད།

  3. རྣམ་རྒྱལ། says:
    2012-09-26 at 12:18 am

    མདའ་བཙན་པ་ལགས་ཀྱིས་རྒྱ་ནག་ནང་ལས་འགུལ་སྤེལ་ཕྱོགས་ཀྱི་བསམ་འཆར་འགའ་བཏོན་ཡོད་པར་རྒྱབ་སྐྱོར་ཡོད། ཡིན་ནའང་དམིགས་བསལ་ཚོགས་ཆེན་སྟེང་རྒྱ་ནག་ནང་ལས་འགུལ་སྤེལ་ཕྱོགས་མེད་ཚུལ་གྱི་ཟུར་ཟའམ། སྐྱོན་བརྗོད་ཅིག་དྲུད་ཡོད་པ་དེར་མོས་མཐུན་མེད། ལྷོ་ཤར་ཨེ་ཡ་ཡའི་ནང་དུ་རྒྱ་ནག་ཚུད་གི་མ་རེད་དམ།

  4. བཀའ་འགྱུར་མགོ་སེ says:
    2012-09-26 at 7:45 am

    དགོངས་ཚུལ་ཡག་པོ་འདུག་དེ་འདྲ་བཤད་རོག་གནང།་་་་་་་་་་་་་་་་ཐུགས་རྗེ་ཆེ།

  5. མགོན་པོ་ཕྱག་གཉིས་པ། says:
    2012-09-26 at 10:31 am

    ལྷོ་ཤར་ཨེ་ཤ་ཡའི་ནང་རྒྱ་ནག་དང་འཇའ་པན། ཀོ་རི་ཡ་སོགས་ཚུད་གི་མ་རེད། དེ་ཚོ་ཨེ་ཤ་ཡ་ཤར་མའི་ཁོངས་རེད།

  6. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-09-26 at 12:37 pm

    མདའ་ཚན་པས་རྣམ་དཔྱོད་ལྡན་པའི་དགོང་འཆར་ལ་རྒྱབ་སྐྱོར་ཡོད།   ང་ཚོའི་དུས་ནས་དུས་སུ་བོད་ནང་གི་ཛ་དྲག་གི་གནས་བབ་དང་དངོས་ཡོད་དཀའ་སྡུག་རྣམས་རྒྱ་མི་རིགས་མང་ཤོས་ཀྱིས་མི་ཤེས་པས་དེ་དག་ལ་དེང་དུས་ཀྱིས་བརྒྱུད་ལམ་འདྲ་མིན་ཁག་ནས་འབྲེལ་བཤད་ཚུལ་མཐུན་རྒྱབ་སྟེ་གཟུ་བོར་གནས་པའི་རྒྱ་མི་རིགས་རྣམས་གྲོགས་སུ་བཀུག་སྟེ་བོད་མིའི་བདེན་རྒྱབ་འཚོལ་དགོས།  ལོ་མང་སྔོན་ནས་༧ གོང་ས་ ༧ མཆོག་གིས་རྒྱ་མི་རིགས་རྣམས་དང་འབྲེལ་ལམ་ཤུགས་ཆེར་གནང་འགོ་བཙུགས་པ་འདིའི་གྲུབ་འབྲས་ཀྱང་བརླབས་ཆེན་ཐོན་ཡོད་ལ་ད་དུང་འདིའི་སྟེང་ལས་འགུལ་སྔར་ལྷག་སྤེལ་ཐུབ་ན་དགེ་མཚན་ཆེ་ངེས་མཐོང་། །

  7. སོག་མདའ་ says:
    2012-09-27 at 8:04 am

    འདི་འདྲའི་ཁ་ཚ་དགོས་གཏུགས་ཀྱི་དགོངས་འཆར་གནང་བ་ཕན་ཐོགས་ཆེན་པོ་འདུག།རྩོམ་ཡིག་འདི་འདྲ་ཁ་བརྡ་གཅིག་པོ་མ་ཡིན་པར།གཞན་བོད་ཀྱི་དུས་བབས་་དང་བང་ཆེན་སོགས་ཚགས་པར་ཐོག་བཀོད་ན།གློག་ཀླད་ཡོད་མེད་གཉིས་ཀྱི་བལྟ་ཐུབ་པས་དེ་བས་ཕན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme