Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་དེང་རབས་རྩོམ་རིག་གི་ཉམས་རྒུད།

Posted on 2011-09-09 By དབང་ཕྱུག་ 3 Comments on རྒྱ་ནག་དེང་རབས་རྩོམ་རིག་གི་ཉམས་རྒུད།

ཡེས་ཅེས་བརྩམས།
རྟ་ནག་སྐལ་བཟང་ལུང་རིགས།

བློ་མཐུན་ཧོའུ་ཅིན་ཐོ་ཡིས་མངོན་བསྒྲགས་མཛད་པའི“འཆམ་མཐུན་སྤྱི་ཚོགས”སུ་འབོད་པའི་དེ་རིང་གི་རྒྱ་ནག་དུ། བགྲང་ཚོད་མ་ཡོད་པའི་ཉི་མ་རེ་རེ་ཡི་ཡ་ང་ཞིང་སྐྱི་འདར་བའི་གསར་འགྱུར་དག་གིས་ཁེངས་ནས་ཡོང་། རྒན་མོ་གསེར་ཁུར་གྱི་དུས་སྐབས་སུ་བསྙད་པའི་གླུ་ལེན་བྲོ་རྡུང་རེ་རེ་ཡིས་ཉི་མ་རེ་རེའི་སེམས་སྐྱོ་བའི་གསར་འགྱུར་དག་ཅི་ཡང་མི་མངོན་པར་བྱས་འགྲོ། ཉི་མ་རེ་རེ་ལ། “ང་ཚོས་མཐོང་དུ་མ་ཡོད་པ་ནི་དཀའ་སྡུག་གི་སྐོབས་སུ་ཚུད་པའི་ཉམ་ཐག་གི་སྐྱེ་བོ་དེ་དག་གོ ། ཐོས་སུ་མ་ཡོད་པ་ནི་སྐྱེ་བོ་དེ་དག་གི་ཟུངས་ཟད་པའི་གླུ་སྐད་དོ།། དར་ཡོལ་རྒྱབ་ཏུ་ཅི་བྱུང་གི་འཚོ་བའི་སྐྱོ་གར་རེ་རེ་ནི་ནམ་ཞར་དུ་མཐོང་དུ་མེད་དོ།། གང་ག་བདེ་འཇགས་དང་ཞི་བདེ་ཡིན་པར་བསྙད་པ་ཙམ་ལས། ངོ་ལོག་གི་དོན་རྐྱེན་རེ་རེ་ནི་བགྲང་ཚོད་མ་ཡོད་པའི་ཚོད་དུ་བདོག་སྟེ། སྐྱེ་བོ་ག་ཙམ་ཞིག་སྨྱོས་སོང་། སྐྱེ་བོ་ཅི་ཙམ་དུག་གིས་བཟི་སོང་། འཚོག་ཆས་དང་སྨན་མི་བདོག་པའི་བུས་པ་ག་ཙམ་ཞིག་འཆི་ལམ་དུ་ཕྱིན་སོང་། འདི་ལྟར་ས་ཕྱར་ཏེ་ཕྱིན་ན་རྡོ་ལྷང་ལ་བུད་ཡོང་ངོ་།། བདེ་སྐྱིད་དང་ལྡན་པའི་སྐྱེ་བོ་དག་གིས་བདེ་སྐྱིད་འབའ་ཞིག་ལས་ཅི་ཡང་མ་ཚོར་བས། བདེ་བ་དང་མི་ལྡན་ཞིང་ཉམ་དམའ་བའི་སྐྱེ་བོ་དག་གིས་ཁུ་སུམ་མེར་སྡུག་བསྔལ་བའི་རྡོག་ཕྲེས་དག་ཁུར་དུ་ལེན་པ་ལས། ཉི་མ་རེ་རེ་ལ་ལྷིང་འཇགས་ཤིག་རྦད་ཀྱི་མ་བྱུང་བ་ཡིན་ནོ།། སྐྱེ་བོ་འགའ་ཤས་ཀྱི་བདེ་སྐྱིད་ནི་བློ་ལས་ཡར་བ་ཞིག་རེད་དོ།།”(ཆེའེ་ཁི་ཧྥོའུ་ཡི༼སྐྱེ་ཤིང་དོ་ལུམ༽ལས་དྲངས) བདག་ཉིད་ཆེས་འཇིགས་ས་ནི་སྐྱོ་གར་གྱི་དེ་ཉིད་མ་ཡིན་ཏེ། སྐྱོ་གར་གོ་མེད་ཚོར་མེད་དུ་གྱུར་འགྲོ་བ་དང་། སྐྱོ་གར་གོམས་གཤིས་ཤིག་ཏུ་ཆགས་འགྲོ་བ་དེའོ།། རྒྱལ་ཁབ་འདིར་སྐྱོ་གར་ཡོད་ཚད་སྤྲོ་གར་ཞིག་ཏུ་གྱུར་སོང་། བརྩེ་བ་མེད་པས་མིག་ཆུ་མེད་ལ། བྱམས་བརྩེས་སྟོངས་པས་སེམས་གསོ་དང་མྱ་ངན་ཡང་བརླག་འགྲོ་བ་དེའོ།།
སྐམ་ས་ཆེན་མོའི་རྩོམ་རིིག་དགག་སྒྲུབ་ཀྱིས“སློབ་དཔོན་ཆེན་མོ་འཚོལ་བ”ཞེས་པའི་ལས་འགུལ་ཞིག་གི་དབུ་བསླངས་བར་བདག་གིས་མཉམ་འཇོག་བགྱིས་པ་ཡིན། སྨྱན་སྦྱོར་ལས་རིགས་པ་འབོར་ཆེན་ཞིག་གིས་ཀྱང་ཤོག་ལྷེ་དེབ་ཚད་ཅན་རེ་ངོ་སྤྲོད་དང་མཚམས་སུ་སྦྱར་ནས་དེ་འབྲེལ་གྱི་བགྲོ་གླེང་ཡང་མང་དུ་བྱས་ཏེ། སྐྱེ་བོ་འདི་དང་འདི་དག་ནི་རྒྱ་ནག་དེང་རབས་རྩོམ་རིག་གི་སློབ་དཔོན་ཆེན་མོ་ཡིན་ཚུལ་དང་། ཁོ་ཚོའི་བརྩམས་ཆོས་ནི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཀྱི་འོས་ཆོས་ལས་སྔ་ས་ནས་བརྒལ་འདུག་སྐད་སོགས་གླེང་སོང་མོད། ཤིན་ཏུ་ནས་རིང་པའི་བརྩམས་ཆོས་དེ་དག་གི་དེབ་བྱང་མཐོང་བའི་དུས་ཉིད་དུ། གད་མོ་འཆོར་འོས་པ་ཞིག་ཡོད་པ་ནི། རྩོམ་རིག་སློབ་དཔོན་ཆེན་མོ་སུ་ཡིན་མིན་གྱི་དཔྱད་གླེང་འདིའོ།། སློབ་དཔོན་ཆེན་མོ་ཡོད་དང་མེད་ནི་རྒྱ་ནག་དེང་རབས་རྩོམ་རིག་གི་མིག་སྔའི་གནད་དོན་ཞིག་གཞར་ནས་མིན་ཏེ། རྒྱུན་ལྡན་དུ་གནས་པའི་ཚེ་སྲོག་གི་ཚོར་བ་ཡང་བསྐྱར་འཚོལ་ཞིབ་དང་། མི་ཆོས་ཀྱི་འགག་རྩ་ཡི་གེར་བྲི་རྒྱུ་དང་། དྲང་བདེན་གླེང་བའི་སྙིང་སྟོབས་བཅས་ནི་རྒྱ་ནག་དེང་རབས་རྩོམ་རིག་གི་མིག་སྔའི་གནད་དོན་འབའ་ཞིག་ཡིན་པས་སོ།།
ཤིན་ཏུ་ཤིན་ཏུ་ནས་ཡ་མ་གཟུགས་སུ་གྱུར་འདུག་པའི་རྒྱ་ནག་སྤྱི་ཚོགས་ཁྲོད་དུ་རྩོམ་མཁན་དག་ཀྱང་མི་སེར་དང་མཉམ་དུ་རྒུད་པའི་ལམ་དུ་ཕྱོགས་སོང་སྟེ། རྩོམ་མཁམ་རྣམས་ནི་མི་སེར་དག་གི་མིག་ནང་གི“ཡིད་རྟོན་བྲལ་བའི་མི”རུ་གྱུར་དང་འགྱུར་བཞིན་པ་དེ་དང་། མི་སེར་རྣམས་ཀྱི་བག་ཆགས་ངོས་སུ་བདོག་པའི་རྩོམ་མཁན་དག་ནི་ལུག་མགོ་བཀལ་ནས་ཁྱི་ཤ་འཚོང་མཁན་དུ་གྱུར་འདུག་པ་དེ་དང་། དཔོན་རིགས་དག་གི་ཆང་ཅོག་འགྲམ་གྱི་སྣེ་ལེན་པར་གྱུར་འདུག་པ་དེས་སོ།། འདི་ནི་ཤིན་ཏུ་ནས་སྐྱོ་འོས་ཤིང་སྐྱོ་དགོས་པའི་སྣང་ཚུལ་རེད་ཨང་། དེ་ལྟ་ནའང་། རྒྱ་ནག་གི་མི་འབོར་གྲངས་ཚད་དང་མཉམ་པའི་དཔེ་དེབ་ཁྲོམ་ར་ལ་རྟེན་མཁན་གྱི་གྲགས་ཅན་རྩོམ་མཁན་དག་ནི་འདི་ལྟ་སྟེ། དངོམ་ཆེ་བའི་རྩོམ་ཡོན་དེ་ཐོབ་ཟིན་ཚེ་བློ་རྦད་ཀྱིས་བདེ་འགྲོ་ལ། རང་ཉིད་ཀྱི་བརྩམས་ཆོས་དག་ཀུན་དགའ་ར་བར་བསྒྲིགས་རྗེས་རང་ཉིད་ནི་“སློབ་དཔོན་ཆེན་མོ”ཞིག་ཡིན་སྙམ་གྱི་དགའ་བདེའི་ཚོར་བས་ཁྱབ་འདུག་པ་དེའོ།། ཁོ་ཚོས་རང་ཉིད་ཀྱི་འཚོ་བའི་ཐད་ཀྱི་ཁ་རྗེ་དབང་ཐང་ལ་དམིགས་ཏེ་བྲིས་པའི་བརྩམས་ཆོས་དག་ལ་རྩོམ་རིག་གི་རིན་ཐང་དང་བསམ་གཞིག་གི་རིན་ཐང་ཟེར་བ་ཞིག་གང་ན་ཡོད་དེ་གཞར་ནས་མེད་དོ།།
བདག་གིས་བལྟས་ན། རྒྱ་ནག་དེང་རབས་རྩོམ་རིག་ལ་ཚབས་ཆེ་བའི་རིམས་ནད་ལྔ་ཞིག་འགོས་ནས་ཡོད་དེ། དང་བོ། “རིག་པ་ཆུང་བ་” ཁོ་ན་ཡོད་པ་ལས། “ཤེས་རབ་ཆེ་བ”མེད་པོའོ།། གཉིས་པ། སེམས་ཁམས་མཚོན་པའི་བརྩེ་བ་འབའ་ཞིག་ལས། བདེན་དོན་གླེང་བའི་སྨྲ་ལྕེ་རྦད་ཀྱིས་དབེན་པའོ།། གསུམ་པ། ཁྲག་དྲི་དྲོ་བའི་འཚེ་བ་ཁོ་ན་ལས། བརྩེ་བ་དང་སྐྱོ་བས་སྟོངས་པའོ།། བཞི་བ། གདོས་བཅས་ཀྱི་ལུང་ཕུང“འཚོ་བ”འབའ་ཞིག་ལས། རྣམ་ཤེས་ཀྱི་འཚོལ་སྙེག་བྲལ་བའོ།། ལྔ་བ། གཉིས་སྦྱོར་ཆགས་སྲེད་ཀྱི་ཚུ་རོལ་ཏུ་འཚོ་བ་ལས། གཏན་དུ་འཚོ་བའི་ཕ་རོལ་ལ་འཁྲེང་ཞེན་དབེན་པའོ།།
ང་ཚོས་རྒྱ་ནག་དེང་རབས་རྩོམ་རིག་གི་རིམས་ནད་དང་བོ་སྟེ། “རིག་པ་ཆུང་བ་” ཁོ་ན་ཡོད་པ་ལས། “ཤེས་རབ་ཆེ་བ”མེད་པོའོ།། ཞེས་པ་འདིར་བལྟ་བར་བྱ་སྟེ། རྩོམ་མཁན་འདི་དག་གི་ཚབ་མཚོན་མི་སྣ་ནི་“ཁུ་ནུ་རིག་གནས”དཔེ་མཚོན་དུ་བལྟ་བའི་ཆན་ཀྲུང་ཧྲོའུ་1རེད། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་ཡང་བསྐྱར་པར་དུ་བཏབ་པའི་ ཆན་ཀྲུང་ཧྲུའུ་ཡི་སྒྲུང་རིང་<གྲོང་ཁྱེར་བསྐོར་བ> དང་། རིག་གཞུང་བརྩམས་ཆོས <དཔྱད་ཞིབ་བསྡུར་གསུམ་གྱིས་ལོ་རྒྱུས་ལ་བལྟ་བ>དག་ནི་དེང་རབས་རྩོམ་རིག་གི་ལོ་རྒྱུས་ཁྲོད་དུ་ཉམས་པ་མེད་པའི་ཕུལ་བྱུང་རྩོམ་རིག་གི་མཚན་སྙན་གསོལ་ནས་ཡོད་ནའང་། གཟི་བརྗིད་ཀྱི་སྙན་པ་འདི་དག་གིས་ནམ་ཞར་དུ་ཁ་གསབ་ཏུ་མ་ཡོད་པ་ཞིག་ནི། ཆན་ཀྲུང་ཧྲུའུ་ཡིས་མི་མང་དང་། རིག་གཞུང་དང་། སྒྱུ་རྩལ་ལ་གསོག་གསོབ་དང་གཡོ་ལས་བགྱིས་པའི་བཀག་རྒྱ་དང་འཕན་ཟེལ་ཅི་སྙེད་པ་དེའོ།། ཆན་ཀྲུང་ཧྲོའུ་ཡི་དྲན་ཤེས་ནི་དངོས་གནས་རྨད་དུ་བྱུང་བ་ཞིག་ཡིན་ཚོད་ཀྱང་། ཕན་ཚུན་གཅིག་སྦྲེལ་གྱི་དྲ་རྒྱའི་དུས་རབས་འདིར་ཁོའི་དྲན་ཤེས་ལ་རིན་ཐང་ཅི་ལྟར་བསྟབས་ནའང་། གློག་ཀླད་རྩིས་འཁོར་ཞིག་དང་མཚུངས་པ་ལས་ཅི་ཡང་མིན་ནོ།། དོན་སྙིང་ངེས་ཅན་ཞིག་ལས་གླེང་ན། ཆན་ཀྲུང་ཧྲོའུ་ནི“གནས་སྐབས་ཀྱི་འཚོ་བའི་སླད་དུ་འཇིག་རྟེན་ལ་ཕུང་ལ་སྦྱོར་མཁན”ནམ། “གཟེངས་སུ་ཐོན་པའི་ཆེད་དུ་རྒྱལ་ཕྲན་གྱི་དཔོན་པོར”སྙོབ་པོ་སྟེ་ཀྲང་ཙི་2དང་ཀྲོའུ་ཀི་ལང་3གི་ཁྲག་རྒྱུད་ཕྱི་མ་ཡིན་ནོ།། ཆན་ཧྲོའུ་ཀྲུང་ལ་གཉུག་མར་གནས་པའི་མི་ཚེའི་མྱོང་བས་སྟོངས་ལ། ཚེ་སྲོག་གི་རིན་ཐང་ལ་སྐྱབས་སུ་འགྲོ་འོས་པའི་ཤུལ་བཞག་སྣ་གཅིག་ཀྱང་མ་ཡོད་པའོ།། ཆན་ཀྲུང་ཧྲོའུ་ཡི་བློ་རིག་ནི་བརྙས་སྨོད་དང་དཀའ་ཐུབ་ཀྱིས་ངལ་རྩོལ་ལ་གཞོལ་བའི་མི་སེར་དག་གི་ཤེས་རབ་ལས་ཀྱང་དམན་ཏེ། ཁོ་ལ་སྐྱེས་ཐོབ་ཀྱི་ཤེས་རབ་མེད་ལ། དགེ་སྡུག་དང་བདེན་རྫུན་གྱི་རྣམ་གཞག་ཕུགས་བརྟོལ་བའི་ཆོས་ཉིད་རྣམ་འབྱེད་ཀྱི་རིག་པ་དེ་བས་ཀྱང་ངོ་།། རྒྱུ་མཚན་དེས་ཆན་ཧྲོའུ་ཀྲུང“རྟུལ་བོ་མ་ཡིན་པའི་རྟུལ་བོ”ཞིག་གི་ཟོལ་གྱིས་འཚོ་ཐུབ་པ་བྱུང་ཞིང་། དེ་ཡང་མི་ཚེ་རིང་བོའི་བར་དུའོ།།
ཆན་ཀྲུང་ཧྲོའུ་ཡི་སྒྲུང་རིང་<གྲོང་ཁྱེར་བསྐོར་བ> དང་། རིག་གཞུང་བརྩམས་ཆོས <དཔྱད་ཞིབ་བསྡུར་གསུམ་གྱིས་ལོ་རྒྱུས་ལ་བལྟ་བ>བཅས་གང་ཡིན་ནའང་། རྒྱ་ནག་གི་རྩོམ་རིག་གི་སླད་དང་། རིག་གཞུང་གི་སླད་དུ་ཚད་བརྒལ་རང་བཞིན་གྱི་མནོ་བསམ་དང་། སྙིང་སྟོབས་ཀྱི་ཡུལ་ཁམས་ཅི་དང་གང་ཡང་མེད་དོ།། <གྲོང་ཁྱེར་བསྐོར་བ>ནི་རི་འགོག་དམག་འཁྲུག་གི་སླད་དུ་བྲིས་པ་ཡིན་ནའང་། གཡུལ་ས་ཡི་མེ་ཡི་དུ་བ་དང་། ཁྲག་གི་མིག་ཆུའི་ཁྲོད་དུ་སྲོག་བསྡོས་ཀྱིས་འཐབ་པའི་སྤུན་ཟླ་དག་ལ་ནི་རྩོམ་མཁན་རང་ཉིད་ལ་བརྩེ་བ་ཅི་ཡང་མེད་ལ། བརྩམས་ཆོས་དེའི་འཇིངས་སུ་སིམ་ནས་ཡོད་པ་ནི་རང་ཉིད་ལྟེ་བ་ཡིན་པའི་རང་ལྟེ་རིང་ལུགས་ཀྱི་རོལ་རྩེད་ཅིག་གོ།།
༢༠༡༡། ༩། ༨། ཉིན་བསྒྱུརད།

མཆན་འགྲེལ།
1钱钟书ཆན་ཀྲུང་ཧྲོའུ། ༡༩༡༠_______༡༩༩༨ རྒྱ་ནག་གི་རྩོམ་པ་བོ་དང་། ལོ་ཙྭ་བ། དེང་དུས་ཀྱི་རྒྱ་ནག་ན་གཞོན་རྩོམ་མཁན་དག་གི་ཁྲོད་དུ་གདེངས་འཇོག་བྱེད་མཁན་ཤིན་ཏུ་ཉུང་། རྒྱུ་མཚན་ནི་ཁོའི་བརྩམས་ཆོས་དག་ནི་མི་སེར་གྱི་བདེ་སྡུག་དང་ཁ་བྲལ་ཡན་གར་དུ་གནས་པས་ཡིན་སྐད་དོ།།
2庄子ཀྲང་ཙི། སྤྱི་ལོའི་སྔོན། ༣༦༩ ཏོ་ལུགས་ཀྱི་གྲུབ་མཐའི་ཚབ་མཚོན་མི་སྣ། ཀྲང་ཙི་གྲུབ་མཐའ་ཡི་གསར་གཏོད་པ། རྩོམ་པ་བོ་དང་། མཚན་ཉིད་རིག་པ་བ་བཅས་ཡིན།
3诸葛亮ཀྲོའུ་ཀི་ལང་། སྤྱི་ལོ༡༨༡_____༢༣༤རྒྱ་ནག་གི་ལོ་རྒྱུས་སྟེང་དུ་ས་གྲགས་གནམ་གྲགས་སུ་གྱུར་ཡོད། རྒྱལ་ཁབ་གསུམ་སྐབས་ཀྱི་དམག་དོན་པ། ཆབ་སྲིད་པ། གསར་གཏོད་པ་བཅས་སོ།། དེང་དུས་ཀྱི་རྒྱ་ནག་ཧྲན་ཏུང་གི་མི་ཡིན།
http://www.nawomen.com/viewthread.php?tid=6626 དྲ་ཚིགས་འདི་ལས་བཏུས་ཏེ་བསྒྱུརད།

འགྱུར་རྩོམ།

Post navigation

Previous Post: གནའ་བོའི་ཡབ་མེས་དག་གི་ཞབས་རྗེས་ན།
Next Post: ཀླུ་སྨྱོན་རྩོམ་རིག་བྱ་དགའ་ལས་འཕྲོས་པའི་རྒོལ་གཏམ།

Comments (3) on “རྒྱ་ནག་དེང་རབས་རྩོམ་རིག་གི་ཉམས་རྒུད།”

  1. ཆུ་ཐིགས་སྔོན་མོ། says:
    2011-09-10 at 3:20 am

    ཅིག་བཀླགས་པ་ཡིན་ཡང་་་་དེ་ཙམ་གོ་མ་སོང་་་་་ང་རྟུལ་དྲགས་པས་མིན་འགྲོ།

  2. ཆུ་ཐིགས་སྔོན་མོ། says:
    2011-09-10 at 3:50 am

    དྲ་གྲོགས་རྟ་ནག་པ་ལགས་་་་སྤྱིར་བཤད་ན་ངས་འདི་འདྲའི་སྐོར་ནས་འཕྲོས་ཏེ་གླེང་མོལ་བྱེད་འདོད་མེད་ལ་་་་ངས་ཁྱེད་ལ་གདེང་འཇོག་ཀྱང་ཆེན་པོ་བྱེད་ཀྱི་ཡོད་་་་་་འོན་ཀྱང་ཉིད་ཀྱིས་ཀླུ་སྨྱོན་རྩོམ་རིག་ལ་བཏང་བའི་རྒོལ་གཏམ་དེ་མཐོང་དུས་ང་ཅུང་མ་བདེ་བ་འདྲ་ཞིག་ཆགས་སོང་་་་་གང་ཡིན་ཞེ་ན་འགྲན་རྩོམ་འདིའི་མིང་ལ་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཞེས་བཏགས་ན་ང་ཚོའི་རིག་གཞུང་དང་རྩོམ་རིག་ལ་གནོད་པ་ཅི་ཞིག་ཐེབས་ཀྱི་འདུག་་་་་་མིང་བྱང་འདིའི་འོག་གི་རྩོམ་ཡིག་དག་མ་འགྲིག་པ་ཡིན་ན་ཉིད་ཀྱིས་རྩོམ་ཡིག་རེ་རེར་སྐྱོན་བརྗོད་བྱས་ན་དེ་ལ་དགའ་བསུ་ཞུ་རྒྱུ་ལས་མེད། འོན་ཀྱང་རྩོམ་རིག་འགྲན་བསྡུར་ཞིག་ལ་གོ་སྒྲིག་པའི་སྨྱུག་མིང་བཏགས་ན་དེ་ལ་སྐྱོན་ཞིག་ཡོད་པ་མཐོང་གི་མི་འདུག་ལ་དེས་བོད་ཀྱི་རིག་གཞུང་དང་རྩོམ་རིག་ཕྱོགས་ལ་གནོད་པའང་ཐེབས་ཀྱི་མེད་པ་འདྲ།

  3. ཆབ་བྲག་ཕོ་ཉ། says:
    2011-09-12 at 9:44 am

    རིན་ཐང་ལྡན། ཕན་ཐོགས་ཆེ། དུས་ལ་བབས། མངོན་པར་བསྟོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme