Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་དང་རྒྱ་གར་གྱི་རྩེད་ཆས་བོད།

Posted on 2019-08-20 By ཁ་བརྡ 2 Comments on རྒྱ་ནག་དང་རྒྱ་གར་གྱི་རྩེད་ཆས་བོད།

མི་ཉག་སྐལ་བཟང་།
 
ང་ནི་གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ་སྐྱེས་ཤིང་། སྔོ་ལྗང་གི་རྩྭ་ཐང་དང་དྭངས་གཙང་གི་ཆུ་བོ། མཛེས་སྡུག་ལྡན་པའི་རང་བྱུང་གི་བཀོད་པ་ཡིད་དུ་འོང་བ་དང་ལྷན་དུ་འཚར་ལོངས་བྱུང་ཡོད། ཞིང་ཁམས་དེ་སྤྱིར་བཏང་གི་ཞིང་ཁམས་ཤིག་མ་ཡིན་པར་ལྷ་ཡི་ཞིང་ཁམས་ཤིག་ཡིན་པའི་དབང་དུ་བཏང་པ་ཡིན་ན། ང་རང་ནི་ལྷ་ཞིག་དང་ཡང་ན་ལྷ་མོ་ཞིག་གི་སྤྲུལ་པ་ཡིན་པར་ཐེ་ཚོམ་མེད། ཐེ་ཚོམ་མེད་ཀྱང་ང་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད་ལ། དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཡང་ཡོད།

ཆུང་དུས་སུ་དཔེ་ཁུག་ཆུང་ཆུང་རྒྱབ་ཏུ་འཁྱེར་ཏེ་སློབ་ཆུང་སློབ་གྲྭར་འགྲིམས་པའི་སྐབས་ནས་བཟུང་། བོད་ཀྱི་གསར་འགྱུར་དང་བོད་ཀྱི་གློག་བརྙན་ཟེར་བ་ཞིག་མཐོང་མ་མྱོང་ལ། དེ་ལས་ལྡོག་ཏེ་རྒྱ་མིས་བཟོས་པའི་རི་འགོག་དམག་འཁྲུག་དང་། ཀྲུང་གོ་ཡིས་ཉི་ཧོང་དང་འཐབ་པས་གཡུལ་ལས་རྣམ་པར་རྒྱལ་བའི་གློག་བརྙན་མང་པོར་བལྟས་མྱོང་། སྐབས་དེར་ང་ཚོའི་ཀྲུང་གོ་ཞེས་པའི་ཚིག་དེ་ཁ་ནས་མ་ཎི་བགྲངས་པ་ལྟ་བུ་ཡིན། སྐབས་རེར་འཛམ་བུ་གླིང་འདིར་ཀྲུང་གོ་དང་ཉི་ཧོང་གཉིས་མ་གཏོགས་གཞན་གང་ཡང་མེད་པར་ཚོར་མྱོང་།

ང་རིམ་བཞིན་ནར་སོན་པ་དང་། ཀྲུང་ཀོ་ལས་ཐ་དད་པའི་རྒྱ་གར་འཕགས་པའི་ཡུལ་ཟེར་བ་ཞིག་ཡོད་པ་དེར། སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ཀྱང་འཚོ་བཞིན་བཞུགས་པ་ཤེས་རྟོགས་བྱུང་རྗེས། རྨི་ལམ་མངོན་འགྱུར་ལྟ་བུ་ཞིག་གི་གནས་སྟངས་འོག་ནས་རྒྱ་གར་དུ་འབྱོར། དུག་སྦྲང་དང་འདྲེ་ཤིག་གིས་ངའི་ཟུངས་ཁྲག་འཇིབ་ཞོར་བོད་ཀྱི་ཆོས་དང་རིག་གཞུང་གིས་ངའི་ཡིད་དབང་འཕྲོག་པ་ནས་བཟུང་ངས་བོད་ཀྱི་གློག་བརྙན་དང་། རྒྱ་ནག་གིས་བོད་ཇི་ལྟར་དབང་བསྒྱུར་བྱས་པའི་གློག་བརྙན་རིགས་མ་འདྲ་བ་མང་པོར་བལྟས། ཉིན་རེའི་གསར་འགྱུར་དང་ཟླ་རེའི་དུས་དེབ། ཚགས་ཤོག་འདྲ་མིན་བཀླགས་པ་ནས་བཟུང་སྔོན་ཆད་ངའི་ཁ་ལ་སྦྱར་མྱོང་བའི་ཀྲུང་གོ་ཞེས་པའི་ཚིག་འདིས་ངའི་སེམས་པ་ལན་མང་དུམ་བུ་དུམ་བུར་བཏང་མྱོང་། ཀྲུང་གོས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་པ་ནི་བཙན་པོ་དབང་ཡོད་དང་། ཀྲུང་གོས་བོད་བཅིངས་འགྲོལ་བཏང་པ་ཡིན་ཞེས་བཤད་སྲོལ་ཡོད་པ་དག་ནི་སྐྱག་རྫུན་སྐྱག་ནག་ཡིན་པ་དང་། ཀྲུང་གོ་ཁོ་ནའི་ཁེ་ཕན་ཞིག་གི་ཆེད་དུ་ཡིན་པ་ལས་བོད་བཅིངས་འགྲོལ་བཏང་པ་དང་། བོད་པར་ཁ་ཞེ་གཉིས་ཀྱིས་རོགས་སྐྱོར་གཅིག་ཀྱང་བྱས་མི་འདུག

གླང་པོ་ཆེ་དང་མ་ཧེ་མང་པོ་ཡོད་སའི་ལུང་པ་དེར་ཚ་བ་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་ལོ་མང་རིང་བསྡད་པ་ཡིན། བོད་མི་ཚོས་དུས་རྒྱུན་དུ་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་འཁུར་དགོས་ཟེར། རྒྱལ་གར་གྱི་ཡུལ་སྲོལ་གོམས་གཤིས་ལ་དགའ་མོས་ཆེ་ཞིང་། འབྲས་དང་ལྡ་ལི་བཟས་ན་སྲོག་ལ་ཉེན་ཁ་མེད་ཟེར། གལ་ཏེ་སྲོག་ལ་ཉེན་ཁ་ཡོད་ན་ཡང་འབྲས་དང་ལྡ་ལི་ནི་མ་བཟའ་ཀ་མེད་རེད། རྒྱ་གར་ནི་བོད་ཀྱི་ཕ་ཡུལ་གཉིས་པ་ཡིན་ཞེས་དང་། བོད་པར་བཀྲིན་ཆེ་ཤོས་ནི་རྒྱ་གར་རེད་ཅེས། རྒྱ་གར་ནི་རྒྱ་ནག་ལྟ་བུ་མིན་པར་ཁ་ཞེ་གཉིས་མེད་ཀྱིས་བོད་པར་རྒྱབ་སྐྱོར་བྱེད་མཁན་དེ་ཡིན་ཚུལ་དྲན་མྱོང་། རྒྱ་གར་ནི་འཕགས་པའི་ཡུལ་དང་རྒྱ་གར་བ་ཚོ་ནི་ལྷ་རྣམས་མིའི་རིགས་སུ་སྐྱེས་བའི་མི་རིགས་ཤིག་ཡིན་པའི་་ཚོར་སྣང་བྱུང་།

རྩྭ་བཟང་ས་དང་ཆུ་ཡག་ས་ཞེས་པའི་དཔེ་ལྟར་རྨི་ལམ་འཁྲུགས་པ་ལྟ་བུ་ཞིག་གིས་ང་རང་ཡོ་རོབ་རྒྱལ་ཁབ་ཅིག་གི་ནང་འབྱོར་ནས་ལོ་ངོ་བཅུ་ལྷག་ཕྱིན་སོང་། ཡོ་རོབ་རྒྱལ་ཁབ་ཚོའི་དཔལ་འབྱོར་ཡར་རྒྱས་དང་། ཁོར་ཡུག་གཙང་མ། ཞི་བདེ་དང་མི་ལ་རང་དབང་ཆེ་ཞིང་། ཐ་ན་སེམས་ཅན་ཁྱི་དང་ཞི་མི་སོགས་ལ་ཡང་རང་དབང་ཡོད་པ། ཕོ་མོ་འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང་ཡོད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབ་པའི་སྐྱབས་བཅོལ་གྱི་ཐོབ་ཐང་ཡོད་སར་ལྷ་སྡེ་དང་མི་སྡེ། མགོ་སེར་དང་མགོ་ནག་ཡོངས་ཀྱིས་དགའ་སྐྱིད་ཀྱིས་དཔལ་ལ་རོལ་བཞིན་པའི་སྤྱི་ཚོགས་ཤིག་གི་ཆབ་དཔལ་རིག་གསུམ་ལ་ལོངས་སུ་སྤྱོད་དུས། སླར་ཡང་རྒྱ་གར་ལ་ཕྱི་མིག་ཅིག་མ་བལྟ་ཀ་མེད་བྱུང་།

རྒྱ་གར་གྱིས་ང་ཚོར་འབྲས་དང་ལྡ་ལི་ཡིས་ཕོ་བ་འགྲང་ཙམ་དང་། རས་གོས་དཀར་པོས་ལུས་པོ་ཁེབས་ཙམ་གྱིས་གནས་ཚང་གཡར་བ་ཙམ་ལས་དོན་ངོ་མར་ང་ཚོ་ནི་རྒྱ་གར་གྱི་མགྲོན་པོ་ཙམ་ཡིན་པས་ཕྱིར་འབུད་གཏོང་ཆོག་ཆོག་གི་གནས་ཚང་ཞིག་གཡར་བ་དེ་རེད། སྐྱབས་བཅོལ་ཟེར་ན་སྐྱབས་བཅོལ་བའི་ཁོངས་སུའང་མེད་པ། སྐྱབས་བཅོལ་མ་རེད་ཟེར་ན་མིང་སྐམ་པོ་ཞིག་གི་སྐྱབས་བཅོལ་བ་འདྲ་པོ་ཡིན་པ། མི་ལོ་དྲུག་ཅུ་ལྷག་ཙམ་རྒྱ་གར་ལ་བསྡད་རུང་ད་དུང་སྐྱབས་བཅོལ་བ་ཞིག་གི་ཐོབ་ཐང་ཙམ་ཡང་མ་སྤྲད་པར་ང་་ཚོ་ནི་རྒྱ་གར་གྱི་འགྱིག་གི་རྩེད་མོ་རྩེད་ཆས་ངོ་མ་དེ་རེད། སྨན་བླ་སྐྱབས་ཀྱིས་ཁ་ཤགས་ལྟར་ན་༼ངས་ཅི་ཡང་བཙལ་ཀྱང་ཅི་ཡང་མ་རྙེད༽ ལྟ་བུ་ཆགས་པ་ནི་ཧ་ཅང་གི་ཡིད་སྐྱོ་བ་ཞིག་རེད།

མི་ལ་ལར་རྒྱ་གར་ངན་རབས་བཤད་པ་ཡིན་ན་འཚིག་པ་ཟ་སྲིད་པ་དང་མིག་ལོག་ཀྱང་བལྟ་སྲིད། མི་ཚོས་རྒྱ་གར་ནི་འཕགས་པའི་ཡུལ་དང་། ཕ་ཡུལ་གཉིས་པ། བོད་ཀྱི་ཆོས་དང་རིག་གཞུང་གི་འབྱུང་ཁུངས་ཡིན་པའི་སྒྲུབ་བྱེད་ཡོད་མདོག་ཁ་པོ་རེད། ཆོས་དང་རིག་གཞུང་ནི་ཚོང་འབྲེལ་ལྟ་བུའི་འབྲེལ་བ་བྱུང་ཡོད་པས་བོད་ཀྱི་བཙན་པོས་རིན་ཆེན་གསེར་དངུལ་སྤྲད་ནས་ཉོས་པ་ཞིག་མ་རེད་དམ། ཞིབ་ཏུ་དཔྱད་པ་ཡིན་ན་རྒྱ་གར་གྱི་སྲིད་བློན་ནེ་རུ་དང་ཁོང་གི་རྗེས་འབྲངས་ཚོས་བོད་པར་སྡོད་ས་ཙམ་མ་གཏོགས་གཞན་ཅི་གང་སྤྲད་མེད་ལ། དུས་ད་ལྟའང་མུ་ཏིའི་སྲིད་གཞུང་གིས་ཀྱང་བོད་དོན་ལ་ཐུག་དུས་དེ་ལས་ལྷག་པ་ཞིག་བྱེད་ཀྱིན་མེད་པ་ནི་མིག་མཐོང་ལག་ཟིན་རེད།

རྒྱ་ནག་ལ་ཆ་མཚོན་ན་བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་ལ་དགོས་མཁོ་མེད་པའི་དབང་དུ་བཏང་རུང་གཞི་རྒྱ་ཆེ་བའི་བོད་ཀྱི་ས་ཆ་དང་། ས་འོག་དང་ས་སྟེང་གི་རང་བྱུང་གཏེར་རྫས་རྣམས་རྒྱ་ནག་ལ་མེད་དུ་མི་རུང་བ་ཡིན་པས་བོད་ནི་རྒྱ་ནག་གི་རྩེད་ཆས་ངོ་མ་དེ་ཡིན། རྒྱ་གར་ལ་མཚོན་ན་ཡང་བཙན་བྱོལ་གྱི་བོད་པ་ཚོར་སྐྱབས་བཅོལ་གྱི་ཐོབ་ཐང་ཙམ་ཡང་སྤྲད་མེད་ཀྱང་བྲན་གཡོག་ལྟ་བུའི་རྒྱ་གར་གྱིས་གནས་ཚང་གཡར་བ་ཙམ་གྱིས་རྒྱ་གར་ལ་ཆེ་མཐོང་ལ་རམ་འདེགས་བྱས་དང་བྱེད་བཞིན་ཡོད། ༧གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་ཡིན་པས་རྒྱ་གར་ལ་བཞུགས་པ་ཙམ་གྱིས་རྒྱ་གར་གྱི་ཆེ་མཐོང་དང་། མགོན་པོ་མཆོག་གིས་བཀའ་སློབ་བདུད་རྩི་རེ་རེས་རྒྱ་གར་གྱིས་མཐོ་རིམ་མི་སྣ་དང་། མི་མང་ཚོར་སེམས་ཀྱི་ཞི་བདེ་སྟེར་བའི་སྨན་མཆོག་ལྟ་བུ་དེ་ཡིན་པས་༧གོང་ས་མཆོག་དང་བོད་མི་མང་ཡང་རྒྱ་གར་ལ་མཁོ་བའི་རྒྱ་གར་གྱི་འགྱིག་གི་རྩེད་མོ་རྩེད་ཆས་ལྟ་བུ་རེད།

སྤྱིར་བཏང་བཤད་པ་ཡིན་ན་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་ཞིག་མེད་ལ། བོད་ས་ཡོངས་རྫོགས་རྒྱ་ཡིས་དབང་བསྒྱུར་བྱས་པ་ནས་བཟུང་རྒྱ་དཀར་ནག་གཉིས་ཀའི་ས་མཚམས་ཀྱི་རྩོད་རྙོག་ལ་རྫོགས་མཐའ་མེད་ཅིང་། རང་རང་གི་ཁེ་གྱོང་ལ་ཐུག་དུས་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱིས་བོད་མིའི་བདག་དབང་ལ་རྩིས་མེད་རྡོག་རོལ་དུ་བཏང་ནས་བོད་ནི་རྒྱ་དཀར་ནག་གཉིས་ཀའི་རྩེད་མོ་རྩེད་ཆས་ལྟ་བུ་རེད། རྒྱ་ནག་གིས་ལ་དྭགས་དང་མོན་རྟ་དབང་སོགས་སྔ་མོའི་བོད་ས་ཡོངས་རྫོགས་རྒྱ་ནག་གི་མངའ་ཁོངས་སུ་བཅུག་འདོད་པ་དང་། རྒྱ་གར་གྱིས་དེ་ལས་ལྡོག་སྟེ་ས་ཁུལ་དེ་དག་རྒྱ་གར་གྱི་མངའ་ཁོངས་སུ་བཅུག་འདོད་པ་དེ་ཡིན། གལ་ཏེ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་འཐོབ་པ་ཡིན་ན་ད་ལྟའི་རྩོད་རྙོག་ཅན་གྱིས་ས་ཆ་དེ་དག་རྩོད་མེད་རང་བཞིན་གྱི་བོད་ལ་བདག་འགྲོ་བ་དང་། རྒྱ་ནག་ལ་བདག་འགྲོའི་དོགས་པ་ཡང་ཡོད་སྲིད་པ་རེད།

རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ལ་དོ་ཕོག་ཀྱང་མི་འགྲོ་བའི་སླད་དུ་མུ་ཏིའི་སྲིད་གཞུང་གིས་༧ གོང་ས་མཆོག་དང་ཞིས་གཉིས་མཇལ་འཕྲད་ལ་བར་ཆད་བཏང་པ་དེ་ཡང་རྒྱ་དཀར་ནག་གཉིས་ཀྱི་ཁེ་ཕན་ལ་བལྟས་པ་མ་གཏོགས་བོད་དང་བོད་དོན་ནི་ནམ་ཡང་དེ་གཉིས་ཀའི་རྩེད་མོ་རྩེད་ཆས་རེད། མི་ལོ་དྲུག་ཅུ་ལྷག་ཙམ་ཧམ་པ་དང་རེ་དོགས་ཀྱི་དབར་ན་འདས་ཀྱང་ང་ཚོ་ནི་འདམ་རྫབ་ནང་དུ་ལྷུང་བའི་མེ་ཏོག་གི་ལོ་མ་བཞིན་ད་དུང་གོ་མེད་ཚོར་མེད་ལྟ་བུ་རེད། འོན་ཀྱང་། རང་གི་གདོང་པར་གཡག་འགྲོ་བར་མ་མཐོང་པར། གཞན་གྱི་གདོང་པར་ཤིག་འགྲོ་བར་མཐོང་བའི་དཔེ་ལྟར། སྐྱོན་གྱི་ཕུང་པོ་གང་བོ་རྒྱ་དཀར་ནག་གཉིས་ཁོ་ནར་སྤུངས་འདོད་པ་གཏན་ནས་མིན། སྤྱིར་གངས་ཅན་པ་ཚོ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་རུང་། སྐབས་རེ་སྐབས་རེར་སྣང་མེད་ངང་འཐུས་ཤོར་སོང་བ། ཆོག་ཤེས་དང་སྙིང་རྗེ་ཡོད་མདོག་གིས་གཡོ་འོག་ཏུ་ཚུད་པ། གཅིག་སྒྲིལ་གྱིས་ནུས་པ་ཞན་པ། འཐེན་འཁྱེར་དང་ཕྱོགས་ལྷུང་གིས་རྒྱ་ལས་མ་གྲོལ་བའི་བོད་པ་ལའང་རི་བོ་ཆེ་ཆུང་དང་། རྫ་རི་དང་བྲག་རི་ལྟ་བུའི་སྐྱོན་རྣམས་ང་ཚོས་ངོས་འཛིན་ཏེ་ཆུ་མ་ཡོང་གོང་ནས་ཆུ་རགས་རྒྱག་དགོས་སོ།།

བསམ་ཚུལ།

Post navigation

Previous Post: ཀརྨ་བསྟན་སྐྱོང་དབང་པོའི་རྟོགས་བརྗོད། ཐོག་མར་དགེ་བ།
Next Post: ང་དང་སྙན་ངག

Comments (2) on “རྒྱ་ནག་དང་རྒྱ་གར་གྱི་རྩེད་ཆས་བོད།”

  1. པདྨ་གར་དབང་། says:
    2019-08-22 at 1:25 am

    བོད་གངས ་ཅན་པའི་ཕོ ་རྒོད་ཁྱེད་ངོ་མ་བདེན།

  2. ཨ་ཤོ་ཀ says:
    2019-08-22 at 8:33 am

    ཤར་ཁུགས་ལ་རྩོམ་བྲིས་ན་བཟང

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (74)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme