Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་དང་ཀྲུང་གོའི་ཁྱད་ཆོས། བོད་ལ་ཅི་ཞིག་ཐོབ་སྲིད།

Posted on 2011-06-30 By ཁ་བརྡ་ 5 Comments on རྒྱ་ནག་དང་ཀྲུང་གོའི་ཁྱད་ཆོས། བོད་ལ་ཅི་ཞིག་ཐོབ་སྲིད།

རས་པ།

ཅི་འདྲ་ཞིག་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲོམ་གཞི་གསར་བ་ཟེར་གྱི་རེད། འདིའི་ཐད་སྐད་ཆ་དང་པོ་བཤད་ཐུབ་མཁན་ནི་ཀྲུང་གོའི་དམར་ཤོག་གི་མཐོ་རིམ་མི་སྣ་ཁག་ལས་གཞན་སུ་ཡང་མེད་པ་ཡིན། འོན་ཀྱང་། ཁོ་ཚོས་ནམ་རྒྱུན་བཤད་བཞིན་པའི་“ལྟེ་བ་གཅིག་”ཟེར་བ་སྒྲོམ་གཞི་གསར་བ་འདིའི་ནང་དུའང་གླེང་འདུག ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་ཞེས་པའི་སྟེང་ཧྥུའུ་ཅིན་ཐའོ་ཡིས་ངེས་པར་དུ་འགྱུར་བ་འགྲོ་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པར་འགྱུར་བ་འགྲོ་དགོས་པ་སོགས་ཀྱི་གླེང་བྱ་བཏོན་ཡོད་པ་དང་། དེ་ཉིད་གཞུང་འབྲེལ་གསར་ལམ་ཁག་ཏུ་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། སྲིད་བློན་ཝུན་ཅ་པོ་ཡི་བཤད་ཚུལ་དང་ཡང་མཐུན་པ་ཞིག་ཡིན།
བོད་དང་ཡུ་གུར། ནང་སོག་དང་མེ་ཏོག་བ་སྤྲུའི་ལས་འགུལ་སོགས་ཀྱི་ངོ་རྒོལ་རིམ་པར་སླེབས་ཤིང་། ཀྲུང་གོའི་སྤྱི་དམངས་སུ་བཅུག་ཡོད་པའི་ཁོངས་ནས་ངོ་བོ་དང་དམིགས་ཡུལ་མི་འདྲ་བའི་ངོ་རྒོལ་གྱི་ཚ་རླབས་ཆེ་རུ་འགྲོ་བཞིན་ཡོད། ཚོགས་ཆེན་འདིའི་ཐོག་ཏུ་ངོ་རྒོལ་ལ་སྣང་མེད་ཀྱི་ཉམས་འགྱུར་འདོན་པ་དང་ལྷན་དུ་རེ་བ་ཡོད་པའི་སྣང་ཚུལ་ཞིག་ཀྱང་ཚོར་དུ་འཇུག་རྒྱུ་ནི་དམར་ཤོག་གི་བརྟན་བརླིང་དང་འབྲེལ་བ་ཡོད་པའི་ལས་འགུལ་གལ་ཆེན་ཞིག་ཡིན་པ་རེད། བོད་དང་ཡུ་གུར། ནང་སོག་ལྟ་བུ་ལ་དམར་ཤོག་གིས་རེ་བ་ཡོད་པའི་རྣམ་འགྱུར་སྟོན་པ་དང་། སྟོན་དགོས་པ་གལ་ཆེན་དུ་བསམ་གྱི་མེད་པ་མ་ཟད། མི་རིགས་འདི་གསུམ་གྱིས་རང་ས་ནས་ངོ་རྒོལ་བྱེད་ཐེངས་རེར་རྒྱ་གཞུང་གི་གསར་ལམ་ཁག་ཏུ་ས་ཁུལ་སོ་སོར་“འོད་སྟོང་འབར་བའི་འཕེལ་རྒྱས་”ཟེར་ནས་རྒྱས་བཤད་རྫོགས་རྒྱུ་མེད་པ་རེ་བྱེད་པ་ཡིན། འོན་ཀྱང་། མེ་ཏོག་བ་སྤྲུའི་ལས་འགུལ་ནི་ཉམས་ཆུང་བའི་མི་རིགས་འདི་གསུམ་དང་མི་འདྲ་བར་དཔལ་འབྱོར་གྱི་འཕེལ་ཤུགས་ཆེ་བའི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ཁེ་ལས་བ་ཆེན་པོ་དག་དང་འབྲེལ་བ་ཡོད་པ་ཞིག་ཡིན།
དམར་ཤོག་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྟེང་གི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲོམ་གཞི་གསར་བ་འདི་ཡང་བོད་དང་ཡུ་གར། སོག་པོ་ལྟ་བུ་ལ་དོན་དངོས་བཤད་ན་འབྲེལ་བ་མེད་པ་ཞིག་ཡིན། གལ་སྲིད་ཐེངས་འདིར་སྒྲོམ་གཞི་གསར་བ་འདིའི་གླེང་སློང་བྱེད་མ་ཐུབ་པ་ཡིན་ན་ཧྥུའུ་ཅིན་ཐའོ་ཡིས་སྐབས་རྗེས་མའི་ཏང་སྲིད་དམག་གསུམ་གྱི་སྲིད་འཛིན་གསར་བར་རྩིས་སྤྲོད་བྱ་རྒྱུའི་སྲིད་དབང་ནི་༸གོང་ས་ཏཱ་ལའི་བླ་མས་དགོང་ལོ་བཅུ་དྲུག་སྟེང་བཞེས་གནང་བའི་བོད་ཀྱི་སྲིད་དབང་ལས་ཀྱང་། ཁ་འཐོར་རྩབ་ཧྲལ་ཞིག་ཡིན་སྲིད། གལ་སྲིད་དམ་དྲག་ལྷོད་པ་དང་། དཔལ་འབྱོར་གུ་ཡངས་ཀྱི་སྲིད་ཇུས་གསར་བའི་ཁ་ཕྱོགས་སྟོན་མ་ཐུབ་པར་སྔར་བཞིན་ཀྲུང་གོའི་སྲིད་ཇུས་གནས་པ་ཡིན་ན་ཧྲང་ཧེ་ལྟ་བུའི་ནུབ་ཕྱོགས་ཀྱི་ཕྱོགས་ཡོངས་ཀྱི་ཤུགས་རྐྱེན་ཆེ་བའི་གྲོང་ཁྱེར་ཁག་ཏུ་ངོ་རྒོལ་མུ་མཐུད་ནས་བྱེད་སྲིད་པ་དང་། མི་དམངས་ཀྱང་ལས་འགུལ་དེ་ལ་མཉམ་ཞུགས་སྔར་ལས་ཤུགས་ཆེ་བ་བྱེད་ཀྱི་རེད། ཁ་གསལ་བས་བཤད་ན་རྒྱ་ནག་གི་མེ་ཏོག་བ་སྤྲུའི་ལས་འགུལ་ནི་དཔལ་འབྱོར་གནད་དོན་སྟེང་ནས་སླེབས་པ་ལས་ཆབ་སྲིད་ཀྱི་ལྟ་བའི་གནད་དོན་མེད་ཅིང་། དཔལ་འབྱོར་ཅན་གྱི་ཁེ་ལས་པ་རྣམས་ཀྱིས་རྒྱ་ནག་གི་དཔལ་འབྱོར་སྲིད་ཇུས་ལ་མ་དགའ་བའི་རྣམ་འགྱུར་ཆེད་དུ་བཟོ་གྲྭ་ཁ་ཤས་སྒོ་རྒྱབ་པ་ཡིན་ན་རྒྱ་མི་རྣམས་ཀྱིས་འབུ་ཡང་ཟ་རྒྱུ་རྙེད་ཁག་པོ་བྱུང་གི་རེད། དེའི་རྐྱེན་གྱིས་རྒྱ་མི་རྣམས་ཀྱིས་དོན་རྐྱེན་གྱི་འབྱུང་རྩ་འཚོལ་ཞིབ་དང་་འཁངས་ར་བྱེད་ཀྱི་ཡིན་ཅིང་། གཞི་རྒྱ་ཆེ་བའི་ཁྲོམ་སྐོར་སྐད་འབོད་ཀྱང་ཀྲུང་གོ་ཡོངས་སུ་ཁྱབ་སྲིད།
དེ་ལྟ་བུའི་ཟང་ཟིང་གི་སྐབས་སུ་དམར་ཤོག་ནང་ཁུལ་གྱི་འགལ་ཟླའི་ཐད་ནས་ཀྱང་གནད་དོན་ལྷགས་ངེས་པ་ཡིན་ཞིང་། མི་མང་གི་ངོ་རྒོལ་སྟོབས་ཤུགས་ལ་བརྟེན་པའི་དབང་ཆའི་རྩོད་རྙོག་ཐད་ཐེངས་དང་པོར་དམག་མི་བཀོད་བསྒྱུར་གྱི་དབང་ཆ་འཕྲོག་རྩོད་བྱེད་ངེས། འོན་ཀྱང་། ཀྲུང་གོའི་དམག་མི་ནི་གྲངས་ཉུང་མི་རིགས་ས་ཁུལ་དུ་གནས་པའི་སྨྱོས་མ་ཡིན་གྱི་དམག་མི་གླེན་པ་དེ་དག་ལས་གཞན་དག་རྒྱ་ནག་རང་གི་སར་གནས་པ་རྣམས་ནི་དེ་འདྲིའི་གླེན་སྤྱོད་ཆེ་བ་རང་མ་ཡིན་པར་དམག་ཁུལ་གྱི་བསམ་ཚུལ་ཀྱང་། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་སྐབས་ལས་ལྡོག་སྟེ་སྤྱི་དམངས་དང་སེམས་པ་ཅུང་ཉེ་བོ་ཡོད་པར་བཤད་ཆོག དེའི་རྐྱེན་གྱིས་དེ་ལྟ་བུའི་ཟང་ཟིང་གི་སྐབས་སུ་མི་མང་ནང་ཁུལ་དུ་མང་བཀུར་གྱི་འགོ་ཁྲིད་ཅིག་སླེབས་སྲིད་ཅིང་། འགོ་ཁྲིད་དེ་ཉིད་ཀྱིས་དབུ་ཁྲིད་པའི་སྒྲིག་འཛུགས་ཀྱང་ཆགས་ངེས་ཤིང་། སྒྲིག་འཛུགས་དེ་ནི་དམར་ཤོག་གི་དབང་བསྒྱུར་ལ་སྐྱེལ་མ་བྱེད་པའི་རྒྱ་ནག་གི་ཁྲིམས་མཐུན་གྱི་གཞུང་འཛིན་པའང་ཆགས་ངེས་པ་རེད།
ཧྥུའི་ཅིན་ཐོ་ཡི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲོམ་གཞི་གསར་བ་ཡིས་དེ་ལྟ་བུའི་ཉེན་ཁ་ལྡོག་པར་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། ལོ་རེ་བཞིན་ཧ་ཅང་མང་པོའི་“ནང་སྲུང་རྒྱལ་དངུལ་”གྱི་གྲངས་འབོར་ཉུང་རུ་གཏོང་བར་ཡང་བསམ་བློ་བཏང་ཡོད་སྲིད། འོན་ཀྱང་། སྒྲོམ་གཞི་གསར་བ་འདི་ཡིས་གྲངས་ཉུང་མི་རིགས་ཁག་ལ་དཀར་ངོགས་སྟོན་རྒྱུ་མིན་ཞིང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་ཡོང་ཁུངས་ནི་བཟོ་ལས་ཐོན་བསྐྱེད་དང་། གཞི་རྒྱ་ཆེའི་ཚོང་ལས་ཀྱི་ལས་གཞི་མ་ཡིན་པར་རང་ཉིད་ཀྱི་ལུས་ཤུགས་ལ་བརྟེན་པ་དང་། ཐོན་འབྲས་ཆུང་ཁག་ཕྱིར་བཙོང་གི་ལས་རིགས་ལ་བརྟེན་པ་ཡིན་པས་སྒྲོམ་གཞི་གསར་བ་འདི་ལག་བསྟར་བྱེད་ཐབས་མེད་པ་ཡིན། གོང་བཀོད་རྒྱུ་མཚན་ལ་བརྟེན་ནས་མི་དམངས་གཙོ་བོ་ཡིན་པའམ་མི་དམངས་ཀྱི་ཁེ་ཕན་གཙོ་བོ་ཡིན་པའི་ “ལྟེ་བ་གཅིག་”ཟེར་བའི་ཁ་དྲོ་བཀྲ་ཤིས་དེའང་བོད་ལྟ་བུར་ཡོང་རྒྱུ་མེད་པ་རེད།
༢༠༡༡།༦།༢༨དགོང་མོ།

རྩོམ་རིག

Post navigation

Previous Post: སངས་རྒྱས་ཀྱི་འཕྲིན་བཟང་།
Next Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Comments (5) on “རྒྱ་ནག་དང་ཀྲུང་གོའི་ཁྱད་ཆོས། བོད་ལ་ཅི་ཞིག་ཐོབ་སྲིད།”

  1. ཇ་མ་ says:
    2011-07-01 at 2:30 pm

    རས་པ་ལགས། ཁྱེད་ཀྱི་རྩོམ་ཡིག་འདིའི་འགོ་ནས་ཐིག་ཕྲང་གཅིག་གཉིས་ལས་ལྟ་ཐུབ་མ་སོང་། དགོངས་དག ཐོག་མའི་དྲི་བ་དེ་ངའི་བསམ་བློ་གང་ཡང་གཏོང་མི་དགོས་པར་ལན་རྒྱུག་ཐུབ།
    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲོམ་གཞི་གསར་བ་ཟེར་བ་ནི་ཏིན་བླ་བསང་བོས་གསར་བཤད་བྱས་པ་ཞིག་ཡིན། དེའི་ནང་དོན་གཙོ་བོ་ནི་མངོན་སུམ་འཛེམ་མེད་ཀྱིས་ལྐོག་ཟ་རུལ་སུངས་བྱེད་རྒྱུ་དང་། བཙན་པོ་དབང་ཡོད་བྱས་ནས་མི་སེར་ཤ་པགས་དམར་བཤུ་བྱེད་པ་དེ་ལ་གོ་དགོས་པ་རེད།

  2. འཇིགས་མེད་ཚེ་རིང་། says:
    2011-07-02 at 5:53 am

    ཇ་མ་ལགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་༝ོགས་རང་ལུགས་ནི་ཏིན་གྱིས་གསར་དུ་བཏོན་པ་རེད་ཀྱང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་སྒྲོམ་གཞི་གསར་བ་ཞེས་པ་ནི་ཧུའུ་ཡིས་ཉེ་སྔོན་གསར་དུ་བཏོན་པ་ཞིག་རེད་འདུག

  3. འདྲེ་མགོ་རྡོ། says:
    2011-07-02 at 7:14 am

    ཡག་པོ་བྲིས་འདུག

    ཡིན་ནའང་ཁ་སང་མཚོ་སྔོན་རླུང་འཕྲིན་ཁང་གིས་བོད་བསྒྱུར་བྱས་པའི་ཧུའུ་ཐོའི་གཏམ་བཤད་ཀྱི་ནང་དོན་འགྲེལ་བཤད་དེ་དག་གི་ཁྲོད་ནས་སྙིང་བསྡུས་འདྲ་བོ་” སྲིད་འཛིན་ཏང་” དང་” མི་མང་གཙོ་བོ་ཡིན་པ” ཤུགས་ཆེ་བྱས་ཡོད་པ་རེད། བཤད་སྟངས་འདི་གུང་བྲན་ཏང་གི་འདུན་པ་རེད་ལ་མི་མང་དང་རྒྱལ་སྤྱི། དུས་རབས་བཅས་ལ་ཉན་པ་གཏད་པའི་འགྱུར་རིམ་རེད་ཅེས་འགྲིག་གི་ཡོད་པ་རེད།

    ཁ་སང་གི་གཏམ་བཤད་ལ་དངོས་སུ་ཉན་སྐབས། གང་ལྟར་གུང་བྲན་ཏང་གནས་དགོས་ངེས་ལ་གནས་སྟངས་ཤིག་གསལ་འདོན་བྱས་བཞག་པ་འདི་ཡ་མཚན་ཞིག་རེད། དེ་མིན་ཀྲུང་གོའི་ཁྱད་ཆོས་ཟེར་བ་སོགས་ནི་བསྐྱར་ཟློས་ཙམ་རེད། ད་དུང་ནུབ་རྒྱུད་ཐོན་འབྱེད་ཤུགས་ཆེས་མཇུག་སྐྱོང་བྱེད་འདོད་པར་བསྒྲགས་པ་སོགས་ཀྱིས་ཀྱང་དེ་རེའི་ཧུའུ་ཡི་གཏམ་བཤད་ལ་ཉན་སྟངས་མ་འདྲ་བ་ཞིག་དགོས་པ་རེད།

    སྔོན་མའི་སྐད་གཉིས་སློབ་གསོའི་རྩ་གནད་དང་སྡོད་ཁང་གསར་རྒྱག་སོགས་རྒྱ་ནག་པ་རང་གི་གནས་བབ་ལ་དམིགས་པ་དང་། ལྷག་ཏུ་གོམས་གཤིས་ཡོད་ཀྱང་སྐད་ཡིག་མེད་པའི་གྲངས་ཉུང་མི་རིགས་གཞན་གྱི་འདོན་འདུན་གཉིས་བསྡུར་ནས་ལྟོས་ཡོང་དུས། གྲངས་ཉུང་མི་རིགས་འབུར་ཐོན་ཅན་བོད་དང་ཤིན་ཅང་སོགས་ཀྱིས་སྤྱིར་བཏང་བརྒྱ་ཆའི་ཅང་མི་ཟིན་ཁར། ཧུའུ་ཡི་གཏམ་བཤད་ལ་ཤུགས་རྐྱེན་ཐབེས་པ་ཞིག་ཀྱང་བྱེད་རྒྱུ་ཁེགས་ཚོད་རེད།

    དེ་ནི་གཙོ་བོ་བོད་ལ་བསྟན་པའི་སྲིད་བྱུས་ཀྱི་ངོ་གདོང་ནི་གསལ་བོ་ཞུས་ན། རྣམ་འགྱུར་ཙམ་དང་འགྲོ་ཐབས་འདུག་ཐབས་ཙམ་ཡིན་པ་དེ་རེད། ཡིན་ནའང་བོད་ལ་མཚོན་ན་ད་དུང་སྐད་དང་གོམས་གཤིས་གཉིས་ཀ་བརྟན་བརླིང་ལྟ་བུར་གནས་ཡོད་པ་རེད།

  4. འཇིགས་མེད་ཚེ་རིང་། says:
    2011-07-02 at 8:41 am

    འདྲེ་མགོ་རྡོ་ལགས་ཐུགས་རྗེ་ཆེ། རྒྱ་ནག་གིས་ཅིའི་ཕྱིར་གུང་ཁྲན་ཏང་ལ་ལྷན་པ་རྒྱག་གི་ཡོད་པའི་ཐད་ནས་ང་ཚོས་ཞིབ་ཚགས་མོས་གླེང་མོལ་བྱེད་འོས།
    ངའི་གྲོགས་པོ་གསར་འགོད་པ་ཞིག་གིས་གསུངས་པ་ལྟར་ན་དེང་གི་གུང་ཁྲན་ཏང་ནི་སྲིད་འཛིན་སུས་ལག་ནས་མཚམས་འཇོག་རྒྱུ་ཡིན་མིན་གྱི་གནད་དོན་ཞིག་ལས་གུང་ཁྲན་ཏང་གི་ལྟ་བ་དང་ལམ་ལུགས་གང་འདྲ་ཞིག་གི་ཐོག་ནས་འགྲོ་རྒྱུ་ཡིན་མིན་དེ་དོན་དངོས་ཀྱི་ཁོ་ཚོའི་གནས་སྟངས་མིན་པ་རེད་ཟེར་གྱི་འདུག
    གུང་ཁྲན་ཏང་གིས་ཟམ་གདོང་རིན་པོ་ཆེས་གསུངས་པ་བཞིན་ནང་དུ་སྦས་པའི་མཆེ་བ་ཞིག་དང་ཕྱི་རུ་སྟོན་པའི་མཆེ་བ་ཞིག་གི་སྲིད་བྱུས་འཛམ་པོའི་གླིང་ལ་སྟོན་གྱི་ཡོད་མེད་ནི་ངས་བསམ་ན་ཤེས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག
    དེའི་རྐྱེན་གྱིས་ཁོ་བ་ཚོའི་སྲིད་ཇུས་གང་ཡིན་གྱི་ཡོང་སྟངས་ངོས་འཛིན་དགོས་ཀྱི་རེད་བསམ།

  5. ཁྲོ་གཏུམ། says:
    2011-07-03 at 11:36 am

    གྲོགས་རེས་པ་ལགས་ཀྱི་མ་རྩོམ་དང་མཆན་ལན་དག་ལ་མིག་གིས་ལོངས་སྤྱོད་བྱས་པ་ཡིན། ངས་བསམ་ན་ཁྱེད་ཀྱི་བསམ་གཞིགས་དེ་ནི་ད་ལྟའི་རྒྱ་ནག་གི་གནས་ཚུལ་དངོས་ཡིན་ལ། དེང་རབས་རྒྱ་རིགས་ན་གཞོན་རྩོམ་པ་པོ་ཧན་ཧན་གྱིས་ཞ་མོན་སློབ་ཆེན་དུ་སྤེལ་བའི་གཏམ་བཤད་དུ། རྒྱལ་གཅེས་རིང་ལུགས་ནི་འཁྱམས་པོ་ཚོའི་ཆེས་མཐར་འཇུག་གི་ཚང་མལ་རེད་ཅེས་པ་དང། རྒྱལ་གཅེས་རིང་ལུགས་དངོས་མ་ནི་རྒྱལ་ཁབ་འདིར་སྲིད་གཞུང་གིས་གནོད་འཚེ་མི་ཕོག་པར་སྲུང་སྐྱོབ་བྱ་དགོས་ཞེས་པ་དེའོ། ཚིག་དུམ་འདི་གཉིས་རྩ་དོན་དུ་བཟུང་ནས་ཀྲུང་གོ་རིག་གནས་ཀྱི་རྒྱལ་ཁབ་ཆེན་མོ་ཞིག་ཏུ་འགྱུར་དགོས་པ་དང་འགྱུར་མ་ཐུབ་པའི་གནད་དོན་མགོ་ཁྲིད་ཡིག་རྨོངས་དག་ནས་བཟུང་སྟེ་གཏམ་བཤད་གནངས་འདུག་པས། འདི་འདྲའི་བསམ་བློ་སྔོན་ཐོན་གྱི་སློབ་བུ་ཡང་མང་ཚོད་འདུག་པས་རྒྱ་ནག་དང་ཀྲུང་གོའི་ཁྱད་ཆོས་ནི་དུས་རབས་དང་མི་རབས་ཀྱིས་འབུར་དུ་བཏོད་པ་དང་བོད་ནི་དེའི་བར་གྱི་དམིགས་བསལ་གང་ཞིག་ཡིན་གསལ་ཁ་འགྱིད་མི་ཤེས་ཀི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (21)
  • ན་ཟུག (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme