Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གིས་ནིའུ་ཡོག་དུས་བབ་ཀྱི་བརྙན་ཐུང་བཀྲ་ཤིས་དབང་ཕྱུག་གི་ཁ་གཏད་དུ་དཔང་རྟགས་སུ་བེད་སྤྱད་པ།

Posted on 2018-01-122018-01-12 By ཁ་བརྡ No Comments on རྒྱ་ནག་གིས་ནིའུ་ཡོག་དུས་བབ་ཀྱི་བརྙན་ཐུང་བཀྲ་ཤིས་དབང་ཕྱུག་གི་ཁ་གཏད་དུ་དཔང་རྟགས་སུ་བེད་སྤྱད་པ།

ཇཱོ་ན་ཨེམ་ཀེ་སེལ་(Jonah M.Kessel)གྱིས་ནིའུ་ཡོག་དུས་བབ་ཐོག་ཟླ་༡ པོའི་ཚེས་༡༠ ཉིན་བྲིས།

སྐལ་བཟང་དོན་གྲུབ་ཀྱིས་བོད་བསྒྱུར་བྱས།

 

ང་རང་རྒྱ་ནག་ལ་ལོ་བརྒྱད་བསྡད་པའི་རིང་། ལན་མང་པོར་མི་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་འོག ཁོ་ཚོར་རང་གི་བསམ་ཚུལ་བརྗོད་པའི་སྡིངས་ཆ་མེད་སྐོར་བརྗོད་ཀྱི་ཡོད་པ་དང་། གནད་དོན་དེ་ནི་གྲངས་ཉུང་མི་རིགས་ལ་ལྷག་པར་དུ་དངོས་ཡོད་ཅིག་རེད་པེ། ཕྱི་ལོ་༢༠༡༥ ལོའི་དཔྱིད་ཀར་རྫི་བོ་ནས་ཚོང་ཁང་བདག་པོར་འགྱུར་བའི་སྐུ་ཞབས་བཀྲ་ཤིས་དབང་ཕྱུག པེ་ཅིང་གི་ང་སྡོད་སར་སླེབས་དུས། ང་རང་ཁོང་གི་སྒྲུང་ཉན་འདོད་བྱུང་བ་ཡིན་དང་ཡིན། ཁོང་གིས་བོད་མཐོ་སྒང་དུ་རྒྱ་རིགས་དཔོན་པོ་ཚོས། བོད་པའི་སློབ་གྲྭ་དང་ཚོང་རར་བོད་ཀྱི་སྐད་ཡིག་རྩ་མེད་ག་ལེར་གཏོང་བཞིན་ཡོད་སྐོར་བརྗོད་བྱུང་། ཁོང་གིས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་བཀག་སྡོམ་བྱེད་པ་དེ་རྒྱ་ནག་གི་རྩ་ཁྲིམས་ལས་འགལ་བ་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག


ཁོང་གིས་གནད་དོན་གླེང་ཐབས་བྱ་ཡུལ་དང་པོ་དེ་ནིའུ་ཡོག་དུས་བབ་མིན་པ་ངས་ཤེས་སོང་། རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་བརྒྱུད་ལམ་ཚོས་ཁོང་གི་གནད་དོན་ལ་ཉན་རྒྱུར་མོས་མཐུན་བྱས་མི་འདུག་པ་དང་། ལོ་ཤས་སྔོན་ཁོང་གིས་བསམ་ཚུལ་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་དུ་སྤེལ་རྐྱེན། རྒྱ་ནག་གཞུང་གིས་ཁོང་དུས་ཐུང་རིང་བཙོན་འཇུག་བྱས་པ་བྱུང་འདུག་པས། ཁོང་གི་བསམ་ཚུལ་སྤེལ་ཐབས་སུ་ཕྱིའི་རྒྱལ་ཁབ་ཀྱི་བརྒྱུད་ལམ་དེ་ཐབས་ལམ་མཐའ་མ་དེ་ཆགས་འདུག

ང་གཉིས་ཐུག་འཕྲད་བྱས་ནས་ལོ་གཉིས་ལས་མང་བ་སོང་བའི་བདུན་ཕྲག་སྔོན་མར། སྐུ་ཞབས་བཀྲ་ཤིས་དབང་ཕྱུག་ལ་ཁ་བྲལ་བརྒྱུད་སྐུལ་བྱས་པའི་ཉེས་འཛུགས་འོག་ཁྲིམས་བཤེར་བྱས་ཡོད་པ་རེད། ཉེས་འཛུགས་དེ་ནི་རྒྱ་ནག་ནས་རང་བཙན་ལེན་ཐབས་བྱེད་པར་ཤུགས་ཆེན་པོ་གོ་ཡི་ཡོད། ད་ལྟའི་ཆར་ཁྲིམས་ཐག་བཅད་མེད་ཀྱང་། ལོ་ངོ་༡༥ ཡི་བཙོན་འཇུག་ཁྲིམས་ཆད་འཕོག་སྲིད། (ཁོང་ལ་ཉེས་མེད་ར་སྤྲོད་བྱུང་རྒྱུར་རེ་བ་རྒྱག་མཁན་ཚོས་ཤེས་དགོས་པ་གལ་ཆེན་ཞིག་ལ། རྒྱ་ནག་གི་ཁྲིམས་ཁང་ནང་ནག་ཉེས་ར་སྤྲོད་བྱུང་བའི་བརྒྱ་ཆ་ནི་༩༩ རེད།) འོན་ཀྱང་ཁོང་གི་ནག་ཉེས་ཀྱི་རྩ་བ་ནི་ང་དང་སྐད་ཆ་བཤད་པ་དེ་ཡིན་པ་འདྲ་བོ་འདུག

ཕྱི་ལོ་༢༠༡༥ ལོར་ང་དང་སྐུ་ཞབས་བཀྲ་ཤིས་དབང་ཐུག་འཕྲད་བྱུང་རྗེས། ངས་ཁོང་གིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་གནས་སྟངས་ཐད་རྒྱ་ནག་དབུས་གཞུང་དང་གཞུང་འབྲེལ་བརྒྱུད་ལམ་ཁག་ལ་ཞུ་གཏུག་བྱེད་ཐབས་བྱས་པའི་སྐོར་ལ་སྐར་མ་༩ ཡི་བརྙན་ཐུང་ཞིག ནིའུ་ཡོག་དུས་བབ་ཐོག་ཏུ་བཀོད་ཆེད་དུ་བཟོས་ཡིན། བདུན་ཕྲག་སྔོན་མར་ཁྲིམས་ཁང་ནང་དུ་བརྙན་ཐུང་དེ་བསྟན་ནས། ཁོང་གིས་ཁ་བྲལ་བརྒྱུད་སྐུལ་བྱས་པའི་དཔང་རྟགས་གཙོ་བོར་བེད་སྤྱད་པ་རེད། ངའི་བརྙན་ཐུང་དེ་ཁོང་གི་ཁ་གཏད་དུ་དཔང་རྟགས་ལ་བེད་སྤྱད་པ་དེས་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པ་ཚོར་དཀའ་སྡུག་སྤྲོད་བྱེད་ཀྱི་ལག་ཆ་རྣོ་ཤོས་ཀྱི་གནད་དོན་ཁག་ལས་གཙོ་བོ་ཆགས་པ་རེད། ང་ཚོས་བསམ་ཚུལ་བརྗོད་པའི་སྡིངས་ཆ་མེད་མཁན་ཚོར་སྡིངས་ཆ་སྤྲོད་རྒྱུ་དང་དབང་འཛིན་པ་ཚོར་འགན་གཡོག་ཆེད་དུ་བྱས་པའི་ལས་ཀ་དེས། སྡིངས་ཆ་སྤྲད་ཡུལ་མི་རྣམས་ཉེན་ཁའི་གནས་སུ་སྐྱེལ་གྱི་ཡོད་དུས། ང་ཚོས་ལས་ཀ་དེ་འགྲིག་པ་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་གང་འདྲ་བྱེད་དགོས་པ་རེད་དམ།

ངས་བརྙན་ཐུང་དེ་མ་བཟོས་སྔོན་དུ། སྐབས་དེའི་པེ་ཅིང་དུ་ཡོད་པའི་ནིའུ་ཡོག་དུས་བབ་གསར་ཁང་གི་འགན་འཛིན་ཨེ་ཌ་ཝེར་ཌ་ཝོང་དང་ང་གཉིས་ཀྱིས། སྐུ་ཞབས་བཀྲ་ཤིས་དབང་ཕྱུག་དང་དུས་ཚོད་རིང་པོའི་རིང་། ཁོང་ང་ཚོ་དང་སྐད་ཆ་བཤད་པ་དང་བརྙན་ཐུང་ནང་མཉམ་ཞུགས་བྱས་ཚེ་ཉེན་ཁ་ཡོད་པའི་སྐོར་སྐད་ཆ་བཤད་ཡིན། ཁོང་གིས་མི་ཚོས་ཁོང་དངོས་སུ་མ་མཐོང་ན་ཁོང་གི་དངོས་སྒྲུང་དེ་བདེན་པར་འཛིན་མི་སྲིད་པར་ངོས་འཛིན་བྱེད་ཀྱི་འདུག ངས་ཀྱང་ཁོང་བརྙན་ཐུང་ནང་དངོས་སུ་མཉམ་ཞུགས་མ་བྱས་པ་དང་བྱས་པ་གཉིས་བར་ནུས་པ་གཅིག་པ་ཐོན་རྒྱུ་མིན་པར་མོས་མཐུན་བྱས། ཁོང་གིས་རང་ཉིད་ཁྲིམས་དང་མཐུན་པའི་ཐོག་ལས་ཀ་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་འདུག ངས་ཁོང་གི་བསམ་ཚུལ་དེ་ཡིན་གཅིག་མིན་གཅིག་མི་གཞན་ལ་སྤེལ་དགོས་པར་ཡིད་ཆེས་སྐྱེས་པའི་ཐོག་ནས། ཁོང་ལ་རྒྱ་ནག་གཞུང་དང་གཞུང་འབྲེལ་བརྒྱུད་ལམ་གཉིས་ཀྱི་མ་སྤྲད་པའི་སྡིངས་ཆ་སྤྲོད་རྒྱུ་གལ་ཆེན་རྩིས་ཡིན།

འོན་ཀྱང་ཁོང་གིས་བསམ་ཚུལ་བརྗོད་པའི་མཇུག་འབྲས་སུ་ཁོང་ལ་དཀའ་ངལ་འཕྲད་པ་རེད། ཕྱི་ལོ་༢༠༡༦ ལོའི་མགོ་སྟོད་དུ། དེ་སྔོན་ང་ལ་དམིགས་སུ་བཀར་ནས་རང་བཙན་རྩོད་ལེན་བྱེད་ཀྱི་མེད་དོན་བརྗོད་མཁན་སྐུ་ཞབས་བཀྲ་ཤིས་དབང་ཕྱུག་བཙན་ཁྲིད་བྱས་ནས་གསང་བའི་ཐོག་བཀག་ཉར་བྱས་ནས། ཟླ་བ་མང་པོ་ཞིག་གི་རིང་ཁྲིམས་རྩོད་པ་དང་ནང་མིར་འབྲེལ་བ་བྱས་མེད་ཁར། བསྟུད་མར་དྲི་རྩད་བྱས་པ་རེད། ལོ་གཉིས་རིང་ཁོང་བཙོན་ཁང་ནང་དུ་རང་གི་བསམ་ཚུལ་བརྗོད་ཡུལ་མེད་པར་བསྒུག་ནས་ལྷགས་པ་རེད། འོན་ཀྱང་ཁོང་གི་འཐབ་རྩོད་དང་མཉམ་དུ་རེ་བ་གསར་པ་ཞིག་སླེབས་ཡོད་པ་ནི། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ཁོང་དང་ཁོང་གི་གནད་དོན་ཐད་གླེང་སློང་བྱེད་འགོ་བཙུགས་པ་རེད།

མཉམ་འབྲེལ་རྒྱལ་ཁབ་ཀྱི་འགན་ཁུར་མི་སྣ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། ཨ་རིའི་སྨྱུག་ཚོགས། པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་བཅས་ཀྱིས། ཡོངས་གྲགས་སུ་ཁོང་གི་གནད་དོན་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད། ལོ་སྔོན་མའི་ཟླ་བ་༣  པའི་ནང་ཡུ་རོབ་མཐུན་ཚོགས་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས། ཁོང་གི་འཛིན་བཟུང་ཐད་སེམས་འཚབ་ཡོད་སྐོར་བསྒྲགས་ཡོད། ཁོང་གི་གནད་དོན་དེ་འཛམ་གླིང་ནང་གི་བརྒྱུད་ལམ་མང་པོ་ཞིག་གི་ཐོག་ཏུ་བཀོད་ཡོད་པ་དང་། ཁོང་གི་འཛིན་བཟུང་དེས། འཛིན་གྲྭ་ལྔ་པ་ལས་སོང་མེད་པའི་ཚོང་ཁང་བདག་པོ་དཀྱུས་མ་ཞིག་ནས། ཁོང་དྲང་བདེན་དང་གཉའ་གནོན་གཉིས་ཀྱི་ཡོངས་ཁྱབ་མཚོན་དོན་ཞིག་ལ་འགྱུར་བ་རེད། ཁོང་གི་ཁྲིམས་རྩོད་པ་ཞིག་གིས་ཁོང་གི་ཕ་ཡུལ་ཡུལ་ཤུལ་ཁུལ་གྱི་བོད་མི་ཚོས། ཁོང་གིས་ཁུལ་དེས་བོད་མི་ཚོར་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པས། མི་ཚོས་ཁོང་ལ་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད་པ་ང་ཚོར་བརྗོད་བྱུང་།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས། ཁོང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་བོད་མི་རྣམས་ལ་དྲང་བདེན་ཡོང་ཆེད་དུ་འཐབ་རྩོད་བྱེད་པའི་སྙིང་སྟོབས་དང་བློས་གཏོང་ངོས་འཛིན་ཐོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙོང་སྟོབས་གཟེངས་རྟགས་ཕུལ་བ་རེད།

དུས་སྐབས་དེ་དག་རིང་ཁག་ཅིག་གིས་ང་ལ་བརྙན་ཐུང་དེ་བཟོས་པར་འགྱོད་པ་སྐྱེས་ཀྱི་ཡོད་མེད་སྐོར་དྲིས་བྱུང་། སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཐོག་ནས་དང་། བོད་དོན་རྒྱབ་སྐྱོར་བའི་ཚོགས་ཁག གསར་འགོད་པ། སློབ་མ། གསར་འགོད་རང་དབང་གི་ཚོགས་ཁག་སོགས་ཀྱིས་ང་ལ་གནད་དོན་དེའི་ཐོག་དྲི་བ་འདྲི་མཁན་བྱུང་། ཁག་ཅིག་གིས་སྐྱོན་བརྗོད་ཀྱིས་ངས་བརྙན་ཐུང་དེ་བཟོས་པ་ནོར་བ་ཡིན་སྐོར་བརྗོད་བྱུང་། ཨ་རིའི་ཕྱི་སྲིད་ལས་ཁང་གི་ལས་བྱེད་ཟུར་པ་ཞིག་གིས། ངས་ཧ་གོ་བཞིན་དུ་དཀའ་ངལ་འཕྲད་ཉེན་ཆེ་བའི་མི་རིགས་ཤིག་གི་ཁོངས་སུ་ཚུད་པའི་མི་ཞིག་ཉེན་ཁའི་གནས་སུ་བསྐྱལ་ཡིན་མིན་གྱི་དོགས་འདྲི་སླངས་སོང་། ངས་རང་ངོས་ནས་གནད་དོན་དེ་དག་ལ་བསམ་གཞིབ་གདོང་ལེན་བྱས་པ་དང་། ངས་བོད་མིའི་ཐོབ་ཐང་ཐོག་གི་གླེང་སློང་དེ་མི་ཞིག་གི་ལོ་ངོ་བཅུ་གཉིས་ལས་མང་བའི་རང་དབང་ལས་གལ་ཆེ་བ་ཡིན་མིན་དང་། སྐུ་ཞབས་བཀྲ་ཤིས་དབང་ཕྱུག་འཛིན་བཟུང་དེས་ཁོང་གི་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་བཏང་ཡོད་མེད་སོགས་ཀྱི་ཐད་བསམ་བློ་བཏང་བ་ཡིན། དེ་དག་ནི་དྲི་བ་གལ་ཆེན་པོ་དང་ཁག་པོ་རེད། ང་ལ་ལན་ངེས་གཏན་ཞིག་མེད་རུང་། སྐུ་ཞབས་ཁོང་དང་ཁོང་གི་བོད་ཀྱི་སྐད་ཡིག་ཐོག་ལ་ཡོད་པའི་སེམས་འཚབ་དེ་འཛམ་གླིང་གང་སར་ངོས་ལེན་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད། རེས་གཟའ་ཟླ་བའི་ཉིན་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་རྒྱ་ནག་མི་མང་ཚང་མར་སྐད་ཡིག་རང་དབང་དགོས་པ་དང་། སྐུ་ཞབས་བཀྲ་ཤིས་དབང་ཕྱུག་གློད་གྲོལ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་མཁན་འཛོམས་འདུག ལས་འགུལ་དེ་རིགས་ལོན་ཀྲོན་དུ་ཡང་སྤེལ་ཡོད་པ་རེད། ཨོ་སི་ཀྲོ་ལི་ཡའི་ནང་གི་ཆབ་སྲིད་ཀྱི་ཟུར་ཟའི་རི་མོ་བ་ཞིག་གིས་བཀྲ་ཤིས་དབང་ཕྱུག་གི་གནད་དོན་དེ་ཟུར་ཟའི་རི་མོར་བྲིས་ཡོད་པ་སོགས། མཐའ་མ་དེར་ཁོང་གི་བསམ་ཚུལ་རྒྱལ་སྤྱིའི་སྡིངས་ཆར་བྲག་ཆ་འཁོར་བཞིན་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་གིས་ཀྱང་དྲི་བ་དེའི་རིགས་ལ་བསམ་གཞིབ་བྱས་ཏེ། མཐའ་མར་ཁོང་གིས་སྐད་ཡིག་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་པ་དང་། དེ་དག་ནི་རྒྱ་ནག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད་པས། དཀའ་ངལ་གང་འཕྲད་མིན་ལ་མ་ལྟོས་པར་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ནི་ཁོང་གི་ལས་འགན་ཡིན་པར་ཐག་གཅོད་བྱས་པ་ངས་ཤེས་ཀྱི་ཡོད།།

མ་རྩོམ། https://www.nytimes.com/2018/01/10/insider/tashi-wangchuk-documentary-china.html?smid=tw-share

གསར་འགྱུར།

Post navigation

Previous Post: བློ་མིག་དང་སྤེན་མིག་གི་བདེན་པ།
Next Post: ༄༅།། ཁུངས་རྩ་ནས་འཁྱོལ་མེད་པའི་སེང་གེའི་བཀའ་ཤག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme