Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ངོ་རྒོལ་བྱས་པར་བོད་མི་༡༡་འཇུ་བཟུང་བཀག་ཉར།

Posted on 2012-03-292012-03-29 By ཁ་བརྡ་ 7 Comments on རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ངོ་རྒོལ་བྱས་པར་བོད་མི་༡༡་འཇུ་བཟུང་བཀག་ཉར།


གནས་ཚུལ་གཏོང་མཁན། ཚེ་རིང་བཀྲ་ཤིས། (ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ)
ལྡི་ལི། ཕྱི་ཟླ་༣་པའི་ཚེས་༢༨་ཉིན། ཕྱི་དྲོ་ཆུ་ཚོད་༣:00

རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་འབྱོར་བར་བོད་དོན་ལས་འགུལ་བ་བུ་གཅིག་དང་བུ་མོ་གཉིས་ཀྱིས་ཁོ་རང་བཞུགས་སའི་ཨོ་བྷེ་རོ་མགྲོན་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱས་པས་རྒྱ་གར་གྱི་ཉེན་རྟོག་མི་སྣས་འཇུ་བཟུང་བྱས་ཡོད་ལ། དེ་ཙམ་མ་ཟད། མགྲོན་ཁང་དང་རྨིད་་༡༠༠་བརྒྱ་ཙམ་ཡོད་སར་བོད་པའི་བུ་མོ་བརྒྱད་ཀྱིས་ངོ་རྒོལ་གྱི་སྐད་འབོད་ཤུགས་ཆེར་བསྒྲགས་པས་ཚང་མ་འཇུ་བཟུང་བྱས་ཡོད་པ་རེད། ལས་འགུལ་འདི་ནི་རྒྱ་ནག་གི་སྲིད་འཛིན་གྱིས་བོད་ནང་དུ་བསྟར་བའི་གདུག་རྩུབ་ཀྱི་སྲིད་ཇུས་ལ་བརྟེན་ནས་བོད་མི་གང་མང་གིས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་བསྲེགས་བཏང་ནས་སོ་སོའི་མི་རིགས་ཀྱི་དགོས་འདུན་ཕྱི་རུ་བཏོན་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་རྒྱ་ནག་གི་སྲིད་འཛིན་ལ་བོད་མི་ཚོར་རང་དབང་རང་བཙན་མ་ཐོབ་པར་བོད་མི་ཚོས་རྒྱ་ནག་གཞུང་ལ་སུན་གཙེར་བཟོ་རྒྱུ་ནམ་ཡང་མཚམས་འཇོག་མི་བྱེད་པའི་བརྡ་ལན་གསལ་བོ་སྟོན་ཆེད་རེད།

དེ་ཡང་མཁྱེན་གསལ་ལྟར་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གནས་སྡོད་བྱེད་བཞིན་པའི་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མཆོད་མེར་ཕུལ་ནས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་ལ་ཕེབས་པར་ངོ་རྒོལ་བྱས་པའི་ཉིན་དེ་ནས་བཟུང་། རྒྱ་གར་གྱི་ཉེན་རྟོག་མི་སྣ་འབོར་ཆེན་ཡོང་ནས་ལྡི་ལི་ནང་གི་བོད་མི་སྐྱབས་བཅོལ་བའི་སྡོད་གནས་ཡོངས་རྫོགས་མཐའ་སྐོར་ནས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ཚང་མར་འཀག་སྡོམ་བྱས་ཡོད།

དེ་ཡང་ད་བར་བོད་ནང་དུ་བོད་མི་༣༠་ལྷག་གིས་ “བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ལ་སོགས་པའི་གཅིག་གྱུར་གྱི་འབོད་སྒྲའི་ཁྲོད་ནས་རང་ལུས་གསོན་པོ་མཆོད་མེའི་ཚུལ་དུ་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་བློས་གཏོང་བྱས་ཡོད་ལ། བོད་མི་ཚོའི་གཅིག་གྱུར་གྱི་འབོད་སྒྲ་དེ་ཉེ་ལམ་བོད་ནང་གི་ས་ཆ་འདྲ་མིན་ནང་བོད་མི་ཚོས་སྤེལ་བའི་འཚེ་མེད་ཞི་བའི་ལས་འགུལ་གྱི་ཁྲོད་དུ་ཡང་གསལ་བོར་ཐོས་ཐུབ། འོན་ཀྱང་རྒྱ་ནག་གཞུང་གིས་སྔར་བཞིན་མཁྲེགས་འཛིན་གྱི་སྲིད་ཇུས་ལག་བསྟར་བྱས་ནས་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་མི་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་ནས་བོད་མི་གང་མང་རྐྱེན་ལམ་དུ་བཏང་ཡོད། གནས་སྟངས་དེའི་འོག་ནས་ཕྱི་ལོ་༢༠༡༢་གཅིག་པུར་ཆ་མཚོན་ན་བོད་མི་༡༧་ལྷག་གིས་རང་སྲོག་བློས་གཏོང་གནང་ཡོད་པ་རེད། རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བའི་ཁྲོད་དུ་ཡང་ད་་བར་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐེངས་བཞི་ལྷག་བྱུང་ཡོད།

“འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེས་བོད་ནང་གི་བོད་མི་ཚོ་ད་ལྟའི་ཛ་དྲག་གི་གནས་བབ་ལས་གང་མགྱོགས་སྐྱོབ་རྒྱུ་དང་བོད་མིའི་རང་དབང་གི་རྩ་དོན་གཙང་སེལ་དགོས་རྒྱུ་གསལ་སྟོན་བྱས་ཡོད།་ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བློ་བཟང་ཕན་བདེ་ལགས་ཀྱིས་བརྗོད་སོང་། ཁོས་མུ་མཐུད་ནས་རྒྱ་གར་སྲིད་བློན་་དང་ ར་ཞི་ཡ། སྦར་ཛིལ། ལྷོ་ཨ་ཧྥེ་རི་ཁའི་(BRICS)མགོ་ཁྲིད་ཚང་མས་རྒྱ་ནག་གི་་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་གནོན་ཤུགས་སྤྲད་ནས་ད་ལྟའི་བོད་ནང་གི་དྲག་གནོན་མཚམས་བྱེད་དུ་འཇུག་དགོས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་མངོན་འདོད་ནི་ཧ་ཅང་གསལ་པོ་ཡིན། ་ད་ལྟ་རང་ལ་ང་ཚོར་འགྱུར་བ་དགོས། ད་ལྟ་རང་ལ་ང་ཚོར་རང་དབང་དགོས་ཞེས་བརྗོད་སོང་།

བོད་ནང་གི་ཛ་དྲག་གི་གནས་བབ་དེ་ཁ་གསལ་ཡོང་ཆེད་འདི་ལོའི་ཕྱི་ཟླ་༣་པའི་ཚེས་སྟོད་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་གར་གྱི་གྲོས་ཚོགས་་ཚོགས་མི་ཁག་དང་ཐུག་འཕྲད་བྱས་ནས་བོད་ཀྱི་དཀའ་རྙོག་དེ་རྒྱ་གར་གྱི་གྲོས་ཚོགས་ནང་གླེང་སློང་ཡོང་ཐབས་དང་རྒྱ་གར་གཞུང་གིས་བོད་ཐོག་ལ་ཕྱི་འབྲེལ་གྱི་ལངས་ཕྱོགས་བརྟན་པོ་ཡོང་ཐབས་ཤུགས་སྣོན་ཡང་བརྒྱབ་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: རིན་ཐང་མ་ལོན་པའི་རྒྱལ་གཅེས་དཔའ་བོའི་གཅེས་སྲོག
Next Post: ལྡི་ལིར་འཚོགས་པའི་(BRICS SUMMIT)་དང་བོད་མི་ངོ་རྒོལ་བའི་གནས་སྟངས།

Comments (7) on “རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ངོ་རྒོལ་བྱས་པར་བོད་མི་༡༡་འཇུ་བཟུང་བཀག་ཉར།”

  1. མངའ་རིས་ཕྲིན་ལས། says:
    2012-03-29 at 12:29 pm

    ཐུགས་རྗེ་ཆེ་གཞོན་ནུ་དང། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རྒྱ་མར་གཞུང་ལ་ངོ་བརྒོལ་ཤུགས་ཆེན་བྱས་པར་ལྷག་བསམ་དྲི་མེད་དར་དཀར་ཡུག་གཅིག་གིས་མཚོན་པར་བྱས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་གཞུང་ངོས་ནས་གང་གནང་བཞིན་ཡོད་པ་གསལ་པོ་མིན་འདུག

  2. མེ་ཏོག་དཀར་པོ། says:
    2012-03-29 at 12:46 pm

    ཁྱེད་རྣམས་ཀྱི་རྩ་རྒྱུས་ནང་བོད་ཀྱི་ཟུང་ཁྲག་ཚ་པོ་རྒྱུག་གོ་ཆོད་འདུག
    གཞོན་ནུ་རྒྱལ་ལོ། སློབ་ཕྲུག་ཕོ་མོ་རྒྱལ་ལོ།

  3. ཨ་མའི་བུ། says:
    2012-03-29 at 12:57 pm

    མགྲོན་ཁང་དང་སྤྱི་ལེ་༡༠༠་བརྒྱ་ཙམ་ཡོད་སར་བོད་པའི་བུ་མོ་བརྒྱད་ཀྱིས་ངོ་རྒོལ་གྱི་སྐད་འབོད་ཤུགས་ཆེར་བསྒྲགས་པས་ཚང་མ་འཇུ་བཟུང་བྱས་ཡོད་པ་རེད། སྤྱི་ལེ་༡༠༠་ཟེར་བ་དེ་ནོར་བ་འེ་ཡིན་བསྙམ། གང་ཡིན་ཟེར་ན་དེ་ཧ་ཅང་ཐག་རིང་པོ་རེད་རྒྱལ་ས་རྡི་ལི་ལས་ཕྱི་རོལ་རེད།

  4. མེ་ཏོག་དཀར་པོ། says:
    2012-03-29 at 1:09 pm

    ༡༠ ཡིན་གྱི་རེད།

  5. ཁྱི་ཕྲུག says:
    2012-03-29 at 1:31 pm

    དགོངས་དག་ྲྲྲ རྨིད་བརྒྱ་ཙམ་གྱི་ས་རེད

  6. རག་ཕྱགས་རྡོར says:
    2012-03-29 at 11:39 pm

    ལས་འགུར་ཡག་པོ་དཔལ་འདུག་ སྙིང་ཐག་པ་ནས་རྗེས་སུ་ཡི་རིང་ཡོད་བོད་ཀྱི་གཞོན་ནུ་དག་ལ། ད་ཡིན་ན་ཉམས་ཆུང་གྱི་བོད་པ་ཚོ་རྒྱལ་བཅེས་ཀྱི་དཔའ་བོ་ཚོ་ཁྱེད་རྣམས་ཀྱིས་ཡོད་ ཚད་བློས་བཏང་ཚར་ཟིན་པས་གདུག་རྩུབ་ཅན་གྱི་མཁྲིགས་བཟུང་གྱི་རྒྱ་གཞུང་གི་དཔོན་ ངན་དག་གིས་ད་དུང་ཡང་མགོ་མེད་གཞུག་མེད་ཁྲེལ་མེད་ལུགས་མེད་ཀྱི་གཏམ་ཁོ་ན་ལོངས་ སུ་སྤྱོད་བཞིན་རེད་འཛམ་བུ་གླིང་གི་རྒྱལ་ཁབ་དག་གིས་ཀྱང་ཅི་ཡང་མི་ཟེར་བས་རང་ ཉིད་ཀྱི་ཁེ་ཕེན་ལ་དོ་ཕོག་ཡོང་བར་དོགས་ནས་བསྡད་ཡོད་ཐ་ན་ཆེས་བསྐུལ་བར་འུས་པ་ གནས་ཚང་རྒྱ་གར་ཡང་ནེ་པལ་ལེས་ནང་བཞིན་དམར་ནག་ཇོད་ཀྱི་སྡུང་པོའི་དཔོན་ངན་དག་ ངོས་མི་ཟིན་ནས་ཁྱི་ཡིས་ལྟོ་ཆས་ལྷུང་བར་བཞིན་རང་ཉིད་ཀྱི་ཚུལ་འཆོས་ཡོངས་སུ་ ཤོར་ཟིན་པས། ད་ཡིན་ན་ང་ཚོ་བོད་མི་དག་གིས་གང་བྱས་ན་ཡག་གང་བྱས་ན་བཟང་འཛམ་གླིང་འདི་ཡི་ནང་ དུ་རང་ཚུག་སྐད་ཆ་འཆད་ཐོབ་ཉིན་ཨི་ཡོད་ན་བདེན་པར་ངོས་འཛིན་ཐོན་ཉིན་ཨི་ཡོད་ན་ ང་ཚོ་བོད་མི་དག་གིས་རང་དབང་ཇི་བལྟར་ལེན་དགོས་ཡང་ན་ཕྱི་ཡི་རྒྱལ་ཁབ་དག་གི་མི་ སྣ་ལ་མིག་དཔེ་བལྟ་ནས་རང་ཉིད་བློས་གཏོང་བ་དང་མཉམ་དུ་མཁྲིགས་བཟུང་ཅན་གྱི་ དཔོན་ངན་དག་གང་གསོད་ཐོབ་ཐོབ་བྱེད་དགོས་དེ་ནས་འཛམ་བུ་གླིང་འདི་ཡིས་དོ་སྣང་ འདྲ་མ་བྱས་རང་བྱས་ཡོང་སྲིད་མཁྲིགས་བཟུ་ཅན་གྱི་དཔོན་ངན་དག་ཡང་འགྱོད་པ་གཞི་ནེ་སྐྱེ་སྲིད་

  7. རག་ཕྱགས་རྡོར says:
    2012-03-29 at 11:42 pm

    ལས་འགུར་ཡག་པོ་དཔལ་འདུག་སྙིང་ཐག་པ་ནས་རྗེས་སུ་ཡི་རིང་ཡོད་བོད་ཀྱི་གཞོན་ནུ་དག་ལ། ད་ཡིན་ན་ཉམས་ཆུང་གྱི་བོད་པ་ཚོ་རྒྱལ་བཅེས་ཀྱི་དཔའ་བོ་ཚོ་ཁྱེད་རྣམས་ཀྱིས་ཡོད་ཚད་བློས་བཏང་ཚར་ཟིན་པས་གདུག་རྩུབ་ཅན་གྱི་མཁྲིགས་བཟུང་གྱི་རྒྱ་གཞུང་གི་དཔོན་ངན་དག་གིས་ད་དུང་ཡང་མགོ་མེད་གཞུག་མེད་ཁྲེལ་མེད་ལུགས་མེད་ཀྱི་གཏམ་ཁོ་ན་ལོངས་སུ་སྤྱོད་བཞིན་རེད་འཛམ་བུ་གླིང་གི་རྒྱལ་ཁབ་དག་གིས་ཀྱང་ཅི་ཡང་མི་ཟེར་བས་རང་ཉིད་ཀྱི་ཁེ་ཕེན་ལ་དོ་ཕོག་ཡོང་བར་དོགས་ནས་བསྡད་ཡོད་ཐ་ན་ཆེས་བསྐུལ་བར་འུས་པ་ གནས་ཚང་རྒྱ་གར་ཡང་ནེ་པལ་ལེས་ནང་བཞིན་དམར་ནག་ཇོད་ཀྱི་སྡུང་པོའི་དཔོན་ངན་དག་ ངོས་མི་ཟིན་ནས་ཁྱི་ཡིས་ལྟོ་ཆས་ལྷུང་བར་བཞིན་རང་ཉིད་ཀྱི་ཚུལ་འཆོས་ཡོངས་སུ་ཤོར་ཟིན་པས། ད་ཡིན་ན་ང་ཚོ་བོད་མི་དག་གིས་གང་བྱས་ན་ཡག་གང་བྱས་ན་བཟང་འཛམ་གླིང་འདི་ཡི་ནང་ དུ་རང་ཚུག་སྐད་ཆ་འཆད་ཐོབ་ཉིན་ཨི་ཡོད་ན་བདེན་པར་ངོས་འཛིན་ཐོན་ཉིན་ཨི་ཡོད་ན་ ང་ཚོ་བོད་མི་དག་གིས་རང་དབང་ཇི་བལྟར་ལེན་དགོས་ཡང་ན་ཕྱི་ཡི་རྒྱལ་ཁབ་དག་གི་མི་ སྣ་ལ་མིག་དཔེ་བལྟ་ནས་རང་ཉིད་བློས་གཏོང་བ་དང་མཉམ་དུ་མཁྲིགས་བཟུང་ཅན་གྱི་དཔོན་ངན་དག་གང་གསོད་ཐུབ་ཐུབ་བྱེད་དགོས་དེ་ནས་འཛམ་བུ་གླིང་འདི་ཡིས་དོ་སྣང་ འདྲ་མ་བྱས་རང་བྱས་ཡོང་སྲིད་མཁྲིགས་བཟུ་ཅན་གྱི་དཔོན་ངན་དག་ཡང་འགྱོད་པ་གཞི་ནེ་སྐྱེ་སྲིད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (51)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (26)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme