Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ལ་བོད་དོན་འཐབ་རྩོད་པའི་ངོ་རྒོལ་སྐད་འབོད་ཀྱི་རྡུང་རྡེག་དྲག་པོ་ཕོག་པ།

Posted on 2013-05-202013-05-20 By ཁ་བརྡ་ 5 Comments on རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ལ་བོད་དོན་འཐབ་རྩོད་པའི་ངོ་རྒོལ་སྐད་འབོད་ཀྱི་རྡུང་རྡེག་དྲག་པོ་ཕོག་པ།

གནས་ཚུལ་མཁོ་གཏོང་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ།

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞོགས་པའི་ཆུ་ཚོད་བཅུ་གཅིག་ཙམ་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་གསུམ་གྱིས་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆང་རྒྱ་གར་ལ་གཞུང་འབྲེལ་གཟིགས་སྐོར་ཆེད་སླེབས་ཡོད་པར་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད། དེ་རིང་ལས་འགུལ་དེ་ཉིན་འགའི་རིང་སྲིད་བློན་ཁོང་རྒྱ་གར་ལ་གཞུང་འབྲེལ་གཟིགས་སྐོར་སྐབས་སྡོད་སའི་་ཏཇ་མགྲོན་ཁང་གི་(Taj Palace་Hotel)གི་ཉེ་འགྲམ་མི་ཊར་བརྒྱ་ལྷག་ཙམ་ཞིག་ནས་སྤེལ་ཡོད་པ་དང་། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་འདིའི་ཐོག་མཉམ་ཞུགས་གནང་མཁན་བཀྲ་ཤིས་ལགས་ནས་རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག རྒྱ་ནག་རྒྱ་གར་ནས་ཕར་རྒྱུགས་ཤིག ལེ་ཁེ་ཆང་། བོད་ལ་རང་དབང་མྱུར་དུ་ཐོབ་ཀྱི་རེད་ཅེས་འབོད་ཚིག་བྲིས་ཡོད་པའི་ཕིཊི་ཉི་ཤུ་ཅན་གྱི་འཕྲེད་དར་རིང་པོ་ཞིག་བཏོན་ནས་བོད་རང་བཙན།བོད་མིའི་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་འབོད་ཚིག་ཤུགས་ཆེན་བསྒྲགས་ཡོད་པ་རེད། ད་ལྟ་ལས་འགུལ་སྤེལ་མཁན་ཕལ་ཆེ་བ་ཞིག་རྒྱ་གར་ཉེན་རྟོག་པའི་འཇུ་བཟུང་བྱས་ནས་ཉེ་འགྲམ་གྱི་ས་གནས་བཙོན་ཁང་ཞིག་གི་ནང་བཀག་ཉར་བྱས་ཡོད།

རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་འབྲེལ་མཐུད་པ་བསྟན་འཛིན་ཚེ་ལྷ་ལགས་ནས་“ང་ཚོ་དེ་རིང་འདིར་ཡོང་ནས་ལས་འགུལ་སྤེལ་ཡག་དེ་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆང་ལ་བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་དང་དཀའ་ངལ་རྣམས་ཁོ་སྲིད་བློན་ཞིག་ཡིན་པའི་ཆ་ནས་ནག་ཉེས་ཡོད་ཙང་ཁོ་ལ་གདོང་ལེན་དང་ངོ་ཚ་ཕབ་པའི་ཆེད་དུ་ཡིན་ཞིང་། རྒྱ་ནག་གི་དྲང་བདེན་མ་ཡིན་པའི་སྲིད་བྱུས་ཀྱི་འོག་ཏུ་ད་བར་དུ་བོད་མི་༡༡༧ གྱིས་རང་ལུས་མཆོད་མེ་རུ་ཕུལ་བའི་གནས་ཚུལ་བྱུང་ཡོད་པས་རྒྱ་ནག་གི་ངོས་ནས་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་མཚམས་འཇོག་བྱེད་དགོས་པའི་བརྡ་ལན་གསལ་བོ་ཞིག་སྤྲད་རྒྱུའི་ཆེད་དུ་ཡིན་”ཞེས་བརྗོད་སོང་། “གལ་ཏེ་རྒྱ་གར་གྱི་ཆེས་མཐོའི་འགོ་འཁྲིད་ཚོ་སོ་སོའི་རྒྱལ་ཁབ་ལ་ཞི་བདེ་དང་བདེ་འཇགས་སྲ་བརྟན་ཡོང་བའི་རེ་འདུན་བཅངས་ཡོད་ཚེ་སྲིད་བློན་ལི་དང་མཉམ་དུ་བོད་ཀྱི་གནད་དོན་ཐད་གྲོས་བསྡུར་ངེས་པར་དུ་བྱེད་དགོས་པ་དང་།རྒྱ་ནག་གིས་ཁྲིམས་འགལ་ཐོག་བོད་བཙན་འཛུལ་བྱས་པའི་ཆབ་སྲིད་ཀྱི་དཀའ་རྙོག་དེ་སེལ་ཐུབ་པ་ཡིན་ན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྙོག་དྲ་དེ་རང་བཞིན་གྱི་མེད་པ་ཆགས་ཀྱི་རེད། རྒྱ་གར་གཞུང་ཕྱོགས་ངོས་ནས་ངེས་པར་དུ་རྒྱལ་ཁབ་གཞན་དང་ལྷན་དུ་གྲོས་མོལ་གྱིས་བོད་ཀྱི་ཆུའི་ཐོན་ཁུངས་དེ་རྒྱ་ནག་རྒྱལ་ཁབ་གཅིག་པུའི་སྟངས་འཛིན་འོག་མ་ཚུད་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་རེད།”

དེ་རིང་གི་ལས་འགུལ་དེ་མ་སྤེལ་གོང་གི་ཉིན་གཅིག་གི་སྡ་རོལ་དུ་(Li Premier League)ཅེས་པའི་རྒྱ་ནག་གི་སྲིད་བློན་ཁོང་ལ་འཕྱ་སྨོད་དང་ཟུར་ཟའི་རྣམ་པ་གསལ་པོ་མཚོན་ཐུབ་པའི་བརྙན་པར་ཐུང་ངུ་ཞིག་རྒྱལ་སྤྱིའི་བརྙན་པར་དྲ་གནས་་ཡོ་ཀྲོ་བྷི་དང་། རྒྱ་ནག་གི་བརྙན་པར་དྲ་གནས་ཁྱབ་ཆེ་ཤོས་ཡོ་ཁཱོ་གཉིས་ཀྱི་ནང་ཁྱབ་སྤེལ་བྱས་ཡོད་པ་དང་བརྙན་པར་ཐུང་ངུ་འདི་ནི་དེང་སང་རྒྱ་གར་ན་གྲགས་ཆེ་བའི་དབྱུག་རྕེད་རྩེད་མོའི་མཐུན་ཚོགས་( T20 Indian Premier League)ཀྱི་སྔོན་འགྲོའི་གླུ་དབྱངས་(Dil Jumpin Zapak)ཞེས་པ་དེ་ལས་དབྱངས་རྟ་ཚུར་བླངས་ནས་བེད་སྤྱོད་པ་ཞིག་ཡིན་འདུག བརྙན་པར་ཐུང་ངུ་འདིའི་ནང་སྲིད་བློན་ལི་ཁེ་ཆང་གིས་སོ་སོ་རང་ཉིད་ཉེ་ལམ་རྒྱ་གར་གྱི་ས་མཚམས་ནང་རྒྱ་ནག་དམག་མི་ཆོག་མཆན་མེད་པར་སིམ་འཛུལ་བྱས་པར་འཕྱ་སྨོད་དང་གནོང་འགྱོད་བྱེད་པའི་རྣམ་པ་ཟུར་གཅིག་་བསྟན་ཡོད་ལ། པེ་ཅིན་གཞུང་གིས་བོད་མི་ཚོའི་འགྲོ་བ་མིའི་གཞི་རྩའི་རང་དབང་འཕྲོག་ནས་རྟག་ཏུ་གཉའ་གནོན་བྱེད་བཞིན་པའི་རྣམ་པ་གསལ་བོ་བསྟན་ནས་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་གང་མང་ཞིག་གིས་སྲིད་བློན་ཁོ་ལ་ངོ་རྒོལ་སྐད་འབོད་སོགས་ཀྱི་རྡུང་རྡེག་དྲག་པོ་ཕོག་པའི་གནས་སྟངས་མཚོན་ཐུབ་པ་བྱས་ཡོད།
བརྙན་པར་གྱི་འབྲེལ་ཐག http://bit.ly/113iYsf]

རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ནས་“རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་ནི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་བོད་དོན་འཐབ་རྩོད་བྱེད་བཞིན་པའི་བོད་མི་ས་ཡ་དྲུག་ཙམ་གྱི་གནད་དོན་ཙམ་ཞིག་མ་ཡིན་པར་རྒྱ་གར་གྱི་མངའ་ཁོངས་བདེ་འཇགས་ཀྱི་གནད་དོན་ཞིག་ཀྱང་ཡིན་ཞིང་ཉེ་སྔོན་རྒྱ་ནག་གི་དམག་མི་གང་མང་ཞིག་རྒྱ་གར་གྱི་མངའ་ཁོངས་ཡིན་པའི་ལ་དྭགས་ཤར་ཕྱོགས་ཁུལ་ལ་སིམ་འཛུལ་བྱས་པ་དེས་དམར་པོའི་སྲིད་གཞུང་གི་བཙན་རྒྱལ་རིང་ལུགས་པའི་འཆར་བཀོད་ཞིག་ཀྱང་གསལ་སྟོན་བྱས་ཡོད་”ཞེས་བརྗོད་སོང་། “ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འདི་ཡིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རེ་བ་ནན་པོ་བཅངས་ཀྱི་ཡོད་ཅིང་ང་ཚོ་བོད་རིགས་དང་རྒྱ་གར་ཡུལ་མི་སྤུན་ཟླ་རྣམས་ཀྱིས་མཐུན་སྒྲིལ་གྱི་ལག་ཟུང་གཅིག་ཏུ་བསྒྲིལ་ནས་རྒྱ་ནག་གི་གདུག་རྩུབ་སྲིད་དབང་ལ་གདོང་ལེན་བྱ་རྒྱུ་གོམ་པ་མཉམ་སྤོས་དང་རྒྱ་གར་གཞུང་ཕྱོགས་ངོས་ནས་ཀྱང་ད་ལྟའི་སྐབས་བབས་ཀྱི་རྒྱ་དཀར་ནག་གཉིས་ཀྱི་གྲོས་མོལ་སྟེང་དུ་བོད་ཀྱི་གནད་དོན་འདི་གཙིགས་ཆེན་དུ་བཟུང་ནས་རྒྱ་ནག་གི་སྲིད་བློན་གསར་པ་དང་ལྷན་དུ་བོད་དོན་བགྲོ་གླེང་ལྷུག་པོ་བྱེད་པའི་་རེ་བ་བཅངས་བཞིན་ཡོད།”་ཅེས་མུ་མཐུད་ནས་བརྗོད་བྱུང་།

ད་ལན་(Change.org)ཞེས་པའི་དྲ་ལམ་འདིའི་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། འདི་ནི་རྒྱ་གར་ཀྱི་སྲིད་བློན་མཆོག་ལ་ཉེ་སྔོན་རྒྱ་ནག་གིས་རྒྱ་གར་གྱི་མངའ་ཁོངས་ས་ཆ་གང་མང་ཞིག་ལ་སིམ་འཛུལ་བྱས་ཡོད་པའི་གནས་ཚུལ་འདིར་དགག་བྱ་ཤུགས་ཆེར་གནང་རྒྱུ་དང་རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ལ་བསམ་ཚུལ་བསྐྱར་གནོན་ཐོག་རྒྱ་དཀར་ནག་གཉིས་ཀྱི་གྲོས་མོལ་ཚོགས་འདུ་གང་འདྲ་ཞིག་ཡིན་ཡང་བོད་ཀྱི་གནད་དོན་ལ་གཙིགས་ཆེན་འཛིན་རྒྱུའི་དྲ་ལམ་གྱི་མཚན་རྟགས་བསྡུ་རུབ་ལས་འགུལ་ལ་མི་མང་ ༥༠༠ ལྷག་ཙམ་གྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།

དྲ་ལམ་གྱི་མཚན་རྟགས་བསྡུ་རུབ་འབྲེལ་ཐག http://chn.ge/YGx949

དེ་རིང་གི་ལས་འགུལ་ལ་བརྙན་པར་གྱི་ལམ་ནས་གཟིགས་འདོད་ཚེ། རྒྱ་གར་དུས་བབ་ཀྱི་དྲ་ངོས་འདི་ལ་གཟིགས། http://timesofindia.indiatimes.com/videos/news/Li-Keqiangs-visit-Exiled-Tibetans-protest-in-Delhi/videoshow/20148513.cms

20/05/2013

གསར་འགྱུར།

Post navigation

Previous Post: བཙན་པོའི་སྙིང་སྟོབས། (རང་ལུས་ཞུགས་འབུལ་དང་པེ་ཅིན་སྲིད་གཞུང༌།)
Next Post: ཀྱེ་ཀྱེ་གླིང་ཚང་།

Comments (5) on “རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ལ་བོད་དོན་འཐབ་རྩོད་པའི་ངོ་རྒོལ་སྐད་འབོད་ཀྱི་རྡུང་རྡེག་དྲག་པོ་ཕོག་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-05-20 at 9:59 pm

    རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ལ་བོད་དོན་འཐབ་རྩོད་པའི་ངོ་རྒོལ་སྐད་འབོད་ལ་བྱས་པ་ལ། རྒྱབ་སྐྱོར་དང་། རྗེས་སུ་ཡི་རང་ཞུའོ། །

  2. གངས་རིའི་བུ་རྒོད། says:
    2013-05-21 at 8:48 am

    ད་ཡང་འདྲ་མི་འདྲ་མ་བྱེད་རྒྱལ་བའི་བཀའ་དང་འགལ་ཡོང་། གལ་སྲིད་བོད་རང་བཙན་ཐོབ་ན་ཚང་མ་ལོག་དགོས་ཀྱི་རེད། དེ་ནས་་་་་་་་གཅིག་པ་བྱེད་དགོས་ཆགས་ཡོང་། དེ་ལས་དབུ་མ་དབུ་མ་ལབ་ནས་ལུང་ཆུང་ནང་གི་དཔོན་ཆུང་བྱས་སྡད་ན་ཡག་ཤོས་མ་རེད་པས།

  3. ཁྱི་ཕྲུག says:
    2013-05-21 at 12:09 pm

    སྐད་མ་བརྒྱབ་པར་སྦལ་བ་ལྟར་ཁྲོམ་པའི་ནང་བསྡད་བསྡད་ན་འཛམ་གླིང་མིག་གི་མཐོང་ཐུབ་གི་མ་རེད་དོ

  4. ཁྱི་ཕྲུག says:
    2013-05-21 at 12:11 pm

    རྒྱ་ནག་གི་སྲིད་བློན་རྒྱ་གར་ལ་སླེབས་ཀྱི་ཡོད་རུང་བོད་གཞུང་དམངས་གཉིས་ཀྱིས་ངོས་ནས་ངོ་རྒོལ་གང་ཡང་མ་བྱས་པར་བརྟེན་རྒྱ་གར་ནང་ཀློག་གྲངས་ཆེས་མང་ཤོས་ཀྱི་རྒྱ་གར་དུས་བབ་དྲ་ཚིགས་ངོས་སུ་”རྒྱ་ནག་གི་སྲིད་བློན་གྱི་གཟིགས་སྐོར་དང་། ལྷིང་འཇགས་ངང་གནས་པའི་ངྷ་རམ་ས་ལ་”ཞེས་པའི་གནས་ཚུལ་ཞིག་ཀྱང་བཀོད་འདུག་ཟེར་ག་་་་ངོ་མ་མི་ཚང་མ་མགོ་འཐོམ་ནས་ལྷག་འདུག

  5. ཀརྡོ་གཉེར་ཕྱག་པ་ says:
    2013-05-22 at 12:33 am

    ”རྒྱ་ནག་གི་སྲིད་བློན་གྱི་གཟིགས་སྐོར་དང་། ལྷིང་འཇགས་ངང་གནས་པའི་ངྷ་རམ་ས་ལ་”

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme