Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་སྒྲ་བཤད་གསར་པ།

Posted on 2009-03-132009-03-14 By dhatsenpa 11 Comments on རྒྱ་ནག་གི་སྒྲ་བཤད་གསར་པ།

བཀྲ་ཤིས་བདེ་ལེགས། དྲ་གྲོགས་རྣམ་པ། ང་རང་མི་ལས་ངན་ཅིག་ཡིན་པ་འདྲ། ར་བཟི་བའི་སྐབས་མ་གཏོགས་ཁྱེད་ཚོར་མཇལ་བ་དང་ཁྱེད་ཚོའི་གསུང་གི་སྦྲང་རྩིར་མྱངས་པའི་གོ་སྐབས་ཐོབ་ཐབས་བྲལ། ཡང་ཁྱེད་ཚོ་ཡང་ལས་ངན་ཞེ་ཅིག་རང་སྟེ་ང་ར་བཟི་བའི་སྐད་ཆ་ཁོ་ན་མ་གཏོགས་ཉན་ཐུབ་པའི་གོ་སྐབས་དབེན། ད་དེ་ནི་སྐྱེ་བ་སྔ་མའི་ལས་དབང་རང་སྟེ་མ་དགའ་ན་ཡང་གཅིག་གཅིག་གི་གདོང་ལ་བལྟས་ནས་ཉན་ཙམ་དང་ལྟ་ཙམ་བྱས་སྡོད་པ་ལས་ཐབས་ལམ་གཞན་ཅི།
དེ་རིང་ངས་རྒྱ་ནག་གི་མིང་གི་ཐོགས་དོན་ལ་ཁ་བརྡ་འཁྱུག་ཙམ་བྱེད་བསམ་སོང་། འཁྱུག་ཙམ་ཟེར་ན་དུས་ཡུན་ཐུང་ངུའི་དོན་ལ་འཇུག་པ་མ་ཟད་གློག་དང་འོད་འཁྱུག་པ་ལའང་འཇུག ད་བར་ང་ཚོའི་བསྟན་བཅོས་ཁག་ནང་རྒྱ་ནག་ཟེར་བའི་ཡི་གེ་འདིར་སྒྲ་བཤད་མང་པོ་ཅིག་བྱུང་བ་རེད། དེ་ཚང་མ་ཨ་ལགས་ཞབས་དྲུང་ཚང་གི་ཐོན་མིའི་ཞལ་ལུང་ནང་དྲངས་ཡོད་པས་ངས་ཡང་སྐྱར་ཟློས་ནས་ངལ་བ་བྱེད་དགོས་མ་མཆིས། འགྲེལ་བཤད་དེ་ཚོར་ཁྱད་པར་ཅུང་ཟད་རེ་ཡོད་པ་ལས་རྩ་བའི་ཆ་ནས་དཀར་པོ་དང་ནག་པོ་ལས་མ་འདས་པ།
གཞན་དེ་ལ་བསམ་ཚུལ་ལམ་འགྲེལ་བཤད་མ་འདྲ་བ་ཅིག་བྱུང་བ་ནི་པད་མ་འབུམ་ལགས་ཀྱིས་བྲིས་པའི་དུས་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ནང་། ཨ་མདོའི་སྐད་ལ། རྒྱ་ཡ་ནི་དགྲ་ཡ་གི་དོན་དང་། རྒྱ་ནག་ནི་དགྲ་ནག་པོའི་དོན་ཡིན་པ་ལྟ་བུ་ཅིག་བཤད་པ་དྲན།
དེ་མིན་བསམ་ཚུལ་གཞན་ཅིག་ནི། གུང་ལོ་ཆེན་མགོན་པོ་སྐྱབས་གིས་མཛད་པའི་རྒྱ་ནག་ཆོས་འབྱུང་རེད། དེར་ ་་འཕགས་ཡུལ་པ་རྣམས་མ་ཧྰ་ཙི་ནར་འབོད་པའི་མ་ཧྰ་ནི་ཆེན་པོ་དང་། ཙི་ན་ནི་ཚིན་ཞེས་པའི་རྒྱ་སྐད་ཟུར་ཅུང་ཟད་ཆག་པ་སྟེ་་ ཞེས་དང་། དེ་ནས་མར་ཙམ་ན། ་་ཐོག་མ་ཉིད་ནས་གྲགས་ཆེས་པས་ཚིན་མིང་ཐེར་ཟུག་ཆགས་ཤིང་རྒྱུན་འབྱམས་པར་མངོན་ནོ། སྒྲ་ཟུར་ཆགས་ཐལ་ཆེས་པའམ་གང་ལྟར་བོད་རྣམས་རྒྱ་ནག་ཏུ་འབོད་པ་་ ཞེས་གསལ། དབྱིན་ཡིག་ནང་ china དང་ཧྥ་ཡིག་ནང་ chine ཞེས་འབྲི།
མིང་གི་ཡོང་ཁུངས་འདིའི་ཁུངས་དེད་ན་ཏ་ཟིག་དང་རྒྱ་གར་སྐད་ལ་ཐུག་པར་བཤད། དེས་ན་མདོར་དེད་ན་རྒྱ་གར་གྱིས་རྒྱ་ནག་ལ་ཚིན་ཟེར་བ་འདི་ལ་ཐུག་ཡོད་པ་འདྲ། དེས་ན་ང་ཚོས་རྒྱ་གར་སྐད་འབྲི་སྐབས་ཅ་ཆ་ཇ་གི་གདངས་ཚང་མ་ཙ་ཚ་ཛ་བྲིས་ཡོད་པ་རེད། དཔེར་ན། ཙཀྴུསྟེ་མིག་དང་། ར་ཛ་སྟེ་རྒྱལ་པོའི་དོན་ལ་རྒྱ་གར་སྐད་ལ་ཅཀྴུ་དང་ར་ཇ་ཟེར་ནས་ཤོད་གི་ཡོད་པ་ལྟར། ཚིན་ཟེར་བ་འདི་ཡང་དོན་ངོ་མ་འབབ་ས་དེ་ཆིན་ལ་ཐུག ཆིན་ནི་རྒྱ་ནག་རང་གི་སྐད་དང་། དེ་ནི་རྒྱ་ནག་གི་གཅིག་གྱུར་རྒྱལ་རབས་དང་པོ་དེ་ཡིན།
ང་ཚོས་ལྷ་སའི་སྐད་ལྟར་ཀློག་པ་ཡིན་ན། ཟུར་ཆགས་པའི་སྐད་གི་འགྱུར་བ་དང་འཕེལ་རིམ་ཐོག་ནས་དཔྱད་པ་ཡིན་ན་རྒྱ་ནག་དང་ཆིན་གཉིས་ལ་འབྲེལ་བ་དམ་པོ་འདུག རྒྱ་ནག ཅ་ན། ཆ་ན། ཆིན་འདི་ཚོ་སྒྲ་གདངས་མཆེད་ཁུངས་གཅིག་ཡིན་པར་ངེས་པ་སྟེར། དེས་ན་རྒྱ་ནག་འདི་ཡང་ཆིན་གི་སྒྲ་རིམ་པས་འགྱུར་བ་ལ་བརྟེན་ནས་བྱུང་བ་ཅིག་ཡིན་པ་འདྲ་བོ་འདུག གུང་ལོ་ཆེན་པོས་སྒྲ་ཟུར་ཆགས་པ་ཐལ་ཆེ་བའམ་ཟེར་བ་འདི་ཐེ་ཚོམ་གི་དྲི་བ་ཅིག་ཡིན་ན་ཡང་ད་བར་གི་རྒྱ་ནག་གི་སྒྲ་བཤད་ཚང་མའི་ནང་ནས་ཁུངས་དག་ཤོས་སུ་མཐོང་།
ང་ཚོའི་མི་རིགས་གི་མཆེད་རིམ་དེ་རྒྱ་གར་ལས་རྒྱ་ནག་ལ་འབྲེལ་བ་ཆེ་བས་ཆིནལས་རིམ་པས་སྒྲ་འགྱུར་ཏེ་རྒྱ་ནག་གི་མིང་བྱུང་བ་དང་དེ་ནས་དེའི་ཟླས་དབྱེ་བས་ཕྱེ་སྟེ་རྒྱ་གར་གི་མིང་འདི་རྗེས་སུ་བྱུང་བ་འདྲ།
ཉམས་ཞིབ་ཟེར་ན་ཆེ་དྲགས་ཤིང་།། རྨོངས་འཆར་ཟེར་ན་ཅུང་དྲགས་ཡོད།། གད་ཕྱིས་སྡེར་མ་བཀྲུ་ཞོར་ལ།། བསམ་ཚུལ་ཐ་ཐོར་བྲིས་པ་དགེ།།

གསར་འགྱུར།

Post navigation

Previous Post: ཏ་ཞིག
Next Post: ༸རྒྱལ་བ་རིན་པོ་ཆེ་ཡང་ཐང་སིན་བླ་མ་ནང་བཞིན་བཞུགས་ན་ལེགས་པར་མ་མཐོང་།

Comments (11) on “རྒྱ་ནག་གི་སྒྲ་བཤད་གསར་པ།”

  1. ཟུར་གནས། says:
    2009-03-16 at 1:43 pm

    མདའ་ཚན་པ་ལགས།

    རྒྱ་ནག་གི་མིང་དེ་སྒྲའི་འཕེལ་རིམ་ནས་བལྟས་ནས་གསུངས་པ་དེ་མ་རེད་ཟེར་ཡག་མིན་འདུག ད་དེ་ལྟར་ཡིན་ན། རྒྱ་གར་ཟེར་བ་འདི་སྒྲ་གང་གི་ཆ་ནས་འཇོག་གམ།

  2. མགོན་པོ་ཕྱག་གཉིས་པ། says:
    2009-03-16 at 4:24 pm

    ཁྱེད་རང་གི་དྲི་བ་འདི་ང་ལ་ཡང་འཁོར་ཏེ་གོང་གསལ་གྱི་རྩོམ་མཇུག་ཏུ་ངས་འདི་ལྟར་བྲིས་ཡོད་པ་མ་མཐོང་ངམ། ་་ང་ཚོའི་མི་རིགས་གི་མཆེད་རིམ་དེ་རྒྱ་གར་ལས་རྒྱ་ནག་ལ་འབྲེལ་བ་ཆེ་བས་ཆིནལས་རིམ་པས་སྒྲ་འགྱུར་ཏེ་རྒྱ་ནག་གི་མིང་བྱུང་བ་དང་དེ་ནས་དེའི་ཟླས་དབྱེ་བས་ཕྱེ་སྟེ་རྒྱ་གར་གི་མིང་འདི་རྗེས་སུ་བྱུང་བ་འདྲ།་་ཞེས་བྲིས་ཡོད་པ་འདི་ཙམ་ལས་ང་ལ་བཤད་རྒྱུ་ཅི་ཡང་མེད་དོ།

  3. ཟུར་གནས། says:
    2009-03-16 at 5:02 pm

    མདའ་ཚན་པ་ལགས། 

    མཆེད་རིམ་ཞེས་པ་དེ་གང་ཟེར། 

  4. མགོན་པོ་ཕྱག་གཉིས་པ། says:
    2009-03-16 at 6:21 pm

    མི་རིགས་གང་ཞིག་ཡིན་ན་ཡང་དེ་གང་ལས་མཆེད་པའི་ཁུངས་ཤིག་དང་དེ་ནས་ཇི་ལྟར་མཆེད་པའི་རིམ་པ་ཞིག་ཀྱང་ཡོད་པ་མ་རེད་དམ།

  5. ཟུར་གནས། says:
    2009-03-17 at 9:31 am

    ད་ཧ་གོ་སོང་། ཁྱེད་ཀྱི་ཟེར་ན་བོད་མིའི་འབྱུང་ཁུངས་ཀྱི་རིམ་པ་དེ་རྒྱ་གར་ལས་རྒྱ་ནག་ལ་འབྲེལ་བ་ཆེ་བ་ཡོད་ཟེར། དབྱེ་ཞིབ་དེ་ཡག་པོ་འདུག ངོ་མ་དབུ་མའི་ལམ་དང་མཐུན་གྱི། མེས་རྒྱལ་ཁྱིམ་ཚང་ཆེན་པོ་ཟེར་བ་དེར་ཐེངས་དང་པོར་རིགས་པའི་གཞུང་ལུགས་ཀྱི་རྒྱབ་གཉེར་བཏོན་འདུག་སེམས།

    ངས་ད་བར་བོད་རྒྱ་ཁོངས་རེད་ཟེར་བ་འདིར་རིགས་པའི་གཞུང་ལུགས་ནས་རང་མགོ་འཐོན་ཐུབ་པའི་གཞུང་ལུགས་གཅིག་མཐོང་མ་སོང་། ད་རེས་ཁྱེད་ཀྱི་ཞིབ་འཇུག་དེ་བོད་པ་གཅིག་གིས་འདི་ལྟར་བཤད་པ་ཐོག་མ་ཡིན་སྲིད། 

    ད་དུང་ཁྱེད་ལ་ཞིབ་འཇུག་གི་འབྲས་བུ་གསར་པ་འདྲ་བཏོན་ཡས་ཡོད་ན་གསུངས་ཤོག ཉན་འདོད་འདུག

  6. མགོན་པོ་ཕྱག་གཉིས་པ། says:
    2009-03-17 at 2:50 pm

    འདི་རིགས་པའི་གཞུང་ལུགས་གསར་པ་ཅང་མ་རེད། མི་རྒྱུད་རིག་པ་བ་ཚོས་བྲིས་པའི་དཔེ་དེབ་ཡག་པོ་ཀློག འཛམ་གླིང་འདིར་མི་རིགས་ཆེན་པོ་བཞི་སྟེ། ནག་པོ། དཀར་པོ། ཤར་དཀྱིལ་མི་རིགས། མི་རིགས་སེར་པོ་བཅས་བཞི་ཡོད་པ་ལས་ང་ཚོའི་མི་རིགས་སེར་པོ་དེའི་མཆེད་ཁུངས། མཆེད་སྟངས། མཆེད་རིམ་བཅས་ལ་ལྟོས་དང་ཤེས་ཡོང་། དེ་ལ་ཁྱེད་རང་ནས་ཆབ་སྲིད་ཀྱི་རྣམ་རྟོག་དེ་འདྲ་ཁྱེར་ཡོང་དགོས་དོན་ཡོད་པ་མ་རེད། དེ་ནི་ལོ་ཁྲི་དུ་མའི་སྔོན་གྱི་སྐད་ཆ་རེད། ལྷག་པར་དུ་མི་རྒྱུད་ལ་འབྲེལ་བ་ཡོད་པ་ཙམ་གྱིས་གཅིག་ཁོངས་གཅིག་ཡིན་དགོས་ན་འཛམ་གླིང་འདིར་རྒྱལ་ཁབ་བཞི་མ་གཏོགས་ཡོད་མ་འོས་པ་རེད།

  7. བོད། ལྷ་ཀླུ་གཉན་གསུམ། says:
    2009-03-17 at 7:23 pm

    ཁྱེད་གཉིས་ཀྱི་རྩོད་པ་གང་འདྲ་བརྒྱབ་ཀྱང་ཆོག ཤ་འདོག་དཀར་ནག་གིས་མི་རིགས་སོ་སོའི་ཁུངས་འཚོལ་དགོས་པ་ཞིག་བྱུང་མི་སྲིད། ཤ་འདོག་གི་དབྱེ་བ་དེ་ནི་གཙོ་བོ་ནུབ་ཕྱོགས་ནས་འགོ་བཙུགས་དེ་འོང་བ་ཞིག་ལས་བོད་དང་ས་འབྲེལ་རྒྱ་དཀར་ནག་གཉིས་ལས་མཆེད་པ་ཞིག་མ་རེད།

  8. ཟུར་གནས། says:
    2009-03-18 at 9:08 pm

    མགོན་པོ་ལགས། ངས་ཁ་ས་རྒྱ་ནག་ལ་བོད་པ་ཞིག་དང་ཁ་བརྡ་བྱེད་སྐབས་ཁྱེད་རང་གི་གནད་འགག་ཅན་གྱི་ཞིབ་འཇུག་གི་འབྲས་བུ་དེ་བཤད་པ་ཡིན། ཁོང་གི་ཁྱེད་རང་གིས་དེའི་སྐོར་ལ་གཅིག་བྲིས་ན་ཀྲུང་གོའི་བོད་ལྗོངས་ཟེར་བའི་དུས་དེབ་ཐོག་ཁོང་གིས་འདོན་ཐུབ་པ་བྱེད་ཀྱི་ཡིན་ཟེར། དེ་གང་འདྲ་འདུག 

    ད་ལྟ་རྒྱ་ནག་པ་ཚོ་བོད་པའི་མགོ་ཁྲག་བྲི་བྲོ་བ་བརྡུང་ཐུབ་རུང་ཁོང་ཚོའི་བསམ་བློ་དེ་ད་དུང་འགུག་ཐུབ་མིན་འདུག བྱས་ཙང་བོད་ཀྱི་མཆེད་རིམ་དེ་རྒྱ་ནག་དང་འབྲེལ་བ་ཡོད་པའི་སྐོར་ལ་གཅིག་བྲིས་ན། དེས་རྒྱ་ནག་པ་ཚོར་གཞུང་ལུགས་གཅིག་བཤད་རྒྱུ་རག བོད་པ་ཚོས་ཉན་ཁུལ་བྱེད། བར་ལ་དམག་མིའི་ཉེས་བརྡུང་མྱོང་དགོས་པ་མིན་འདུག་ྙམ།

  9. ཟུར་གནས། says:
    2009-03-18 at 9:11 pm

    མགོན་པོ་ལགས། གོང་དུ་སྨྲོས་པ་འདིྩེད་མོ་ཡིན། དགོངས་འགལ་མེད་པ། ྙིང་ཐག་པ་ནས་དགོངས་དག་ཞུ། ཁྱེད་ཀྱིས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱས་པ་འདིར་དགའ་པོ་བྱུང་། 

    ཁ་སང་ཕྱི་རྒྱལ་གྱི་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་ཞིག་དང་གླེང་མོལ་བྱེད་སྐབས། བོན་ཆོས་དེ་གནའ་རབས་ཁ་ཆེའི་ཆོས་དང་འདྲེས་འདུག་ཟེར། ཁྱེད་ཀྱི་དེ་གོ་ཨེ་མྱོང་། 

  10. མགོན་པོ་ཕྱག་གཉིས་པ། says:
    2009-03-19 at 9:56 pm

    ཨི་རན་གྱི་གནའ་སྔ་མོའི་ཆོས་ལུགས་དེ་རིའི་རྩེ་ལ་ཕྱིན་ནས་ལྷ་གསོལ་བྱེད་པ་ཞིག་ཡིན་འདུག དེ་ཡང་ང་ཚོ་ནང་བཞིན་ཆུ་ལྷ། རླུང་ལྷ། མེ་ལྷ་སོགས་རང་བྱུང་གི་ལྷ་ལ་མཆོད་པ་བྱེད་གི་ཡོད་འདུག དེར་མ་ཟད། ང་ཚོ་ནང་བཞིན་བྱ་གཏོར་བྱེད་མཁན་གྱི་ཚོ་ཁག་ཅིག་ཀྱང་ཡོད་པའི་པར་རིས་འགའ་ཞིག་ལོ་ཤས་སྔོན་པར་རིས་འགྲེམས་སྟོན་ཞིག་གི་སྐབས་མཐོང་སོང་། བཀའ་ཐང་སྡེ་ལྔ་ནང་ཡང་། ་་རྒྱལ་པོ་གྲི་གུམ་བཙན་པོའི་སྐུ་རིང་ལ།། ཏ་ཟིག་འ་ཞའི་བོན་པོ་གདན་དྲངས་ནས།། རྡོ་ནག་ཐོམ་དོ་ལྷུ་དང་སྡུམ་དུ་སྦྲེལ།། ཤི་ལྤགས་སྐྱ་མོའི་བླ་གཞི་འབྲིང་དུ་འདྲ།། གསོན་གྱི་ལྷ་མཆོད་གཤིན་གྱི་འདྲེ་འདུལ་བྱུང་་་ སོགས་འདུག

  11. མགོན་པོ་ཕྱག་གཉིས་པ། says:
    2009-03-21 at 8:53 pm

    ང་ཚོའི་བོན་དེ་སྟོན་པ་གཤེན་རབ་དང་ཞང་ཞུང་ལ་འབྲེལ་བ་ཡོད་པ་དང་། ཞང་ཞུང་དེ་སྟག་གཟིག་དང་འབྲེལ་བསྡད་ཡོད་པ་རེད། ཡང་སྟོན་པ་གཤེན་རབ་དེ་སྟག་གཟིག་འོལ་མོ་ལུང་རིང་དུ་འཁྲུངས་པར་ཤོད། དེས་ན་སྟག་གཟིག་ཟེར་བ་འདིའི་ཐོག་ནས་འོལ་མོ་ལུང་རིང་དེ་སྟག་གཟིག་དང་འབྲེལ་བ་ཡོད་པ་འདྲ་པོ་མི་འདུག་གམ།
    ཁ་སང་ངས་ཁ་ཆེ་དང་བོད་གཉིས་ཀྱི་འབྲེལ་བའི་སྐོར་གྱི་རྩོམ་འཚོལ་བའི་ཕྱིར། THE TIBET JOURNAL སྔོག་པ་ཡིན། ༡༩༨༡ལོའི་དབྱར་ཁའི་འདོན་ཐེངས་ནང་། The highest Deities of the Tibetan Bon religion ཟེར་བ་B.I. Kuznetsovནས་མཛད་པ་ཞིག་འདུག དེའི་ནང་ Iran གྱི་ལྷ་ཆེན་པོ་ Ahura དང་དེའི་འཁོར་ Mazda Mithras དང་འཇིག་རྟེན་གྱི་ལྷ་མོ་ཆེན་མོ་Astarte-Anahita སོགས་སྟོན་པ་གཤེན་རབ་ཀྱི་ལྷ་ཆེན་པོ་སངས་པོ་འབུམ་ཁྲིའམ་སྲིད་པའི་རྒྱལ་པོ་དང་། བོད་ཀྱི་ལྷ་མོ་ sa-trig er-sang སོགས་དང་འབྲེལ་བ་ཡོད་པའི་སྐོར་མང་པོ་ཞིག་བྲིས་འདུག
    དེ་མིན་ THE TIBET JOURNA ༡༩༩༥ དཔྱིད་ཀའི་འདོད་ཐེངས་ནང་། Dan Martin གྱིས་མཛད་པའི་Ol-mo-lung-ring, The Original Holy place ཟེར་བའི་ནང་འོལ་མོ་ལུང་རིང་གང་དུ་ཡོད་པའི་སྐོར་བྲིས་པའི་ནང་རེའུ་མིག་གི་ས་བཀྲ་འདྲ་བོ་ཡང་ཞིག་ཀྱང་བྲིས་འདུག ད་རུང་ཞིབ་ཚགས་ཀློག་རྒྱུ་མ་བྱུང་། དེ་མིན་མི་གཞན་ཞིག་གིས་བོན་པོ་དེ་ཆོ་ག་ཕྱག་ལེན་མང་པོ་ཞིག་གི་ཐོག་ནས་སོག་པོའི་shaman དང་འདྲ་ས་མང་པོ་རྒྱུ་མཚན་དང་བཅས་པ་བཀོད་འདུག དེ་འདོན་ཐེངས་གང་གི་ནང་ཡིན་མིན་ཐོ་འགོད་རྒྱུ་བརྗེད། ད་ཡང་སྐྱར་དུས་དེབ་ཚང་མ་བསྔོག་རྒྱུར་ཚེགས་ཆེ་ལ་དོན་ཆུང་། ངེས་པར་ཀློག་འདོད་ཡོད་ན་ THE TIBET JOURNAl འདོན་ཐེངས་རིམ་པའི་ནང་ཚོལ་དང་རྙེད་གི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme