Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་རྫུན་གཏམ་ལ་སུས་བདེན་པར་འཛིན་ནམ།

Posted on 2010-02-06 By དབང་ཕྱུག་ 2 Comments on རྒྱ་ནག་གི་རྫུན་གཏམ་ལ་སུས་བདེན་པར་འཛིན་ནམ།

ཆོས་རྫོང་བསྟན་པ།

ཉེ་ཆར་བོད་ཀྱི་སྐུ་ཚབ་ཚོགས་པ་སླར་ཡང་པེ་ཅིང་དུ་བོད་རྒྱའི་གྲོས་མོལ་ཆེད་བསྐྱོད་དེ་ཕྱིར་རྒྱ་གར་ལྡི་ལིར་འབྱོར་སྐབས། འཐབ་ཕྱོགས་གཅིག་གྱུར་ཁང་གིས་བསྡུས་པའི་གསར་འགོད་ལྷན་ཚོགས་སྟེང་བོད་རྒྱའི་གནད་དོན་དང་མི་འཚམ་པའི་ཁ་བྲལ་གྱི་གདོང་རིས་བསྐྱར་སྟོན་བྱེད་མགོ་བརྩམས། ཁོང་ཚོས་བོད་རིགས་རྒྱ་ཆེའི་མི་མང་གིས་ཡུན་རིང་རེ་སྒུག་བྱས་པའི་བསམ་འདུན་ལ་རྡོག་བརྫིས་དང༌། རྒྱལ་སྤྱིའི་མི་མང་ལ་མགོ་སྐོར་དང་དམར་ཕྱོགས་སྲིད་གཞུང་གི་རྫིག་ཉམས་ངོམ་རྒྱུའི་འཁྲབ་སྟོན་སྐྱུག་བྲོ་བོ་ཞིག་བྱས་པ་ཙམ་ལས། གྲོས་མོལ་གྱི་ལམ་བུའི་ཐོག་བསྐྱོད་པའི་ལྷག་བསམ་མེད་པ་གསལ་བོར་བསྟན།
ང་ཚོས་མཐོང་ཐུབ་པ་ནི་དོན་དམ་གྱིས་རྒྱ་ནག་གི་དབུ་ཁྲིད་ཚོའི་སྐད་ཆར་ཡིད་རྟོན་དང་ཆ་འཇོག་བྱ་ས་མི་འགྲོ་བ་དེ་རེད། མི་རིགས་ས་གནས་རང་སྐྱོང༌། འཆམ་མཐུན་སྤྱི་ཚོགས། མི་རིགས་མཐུན་སྒྲིལ། མི་རིགས་འདྲ་མཉམ། ཆོས་ལུགས་དད་མོས་རང་དབང༌། འཇའ་ཚོན་གྱི་སྤྲོས་པ་ལྟ་བུའི་སྐད་ཆ་སྙན་མོ་འདི་ཚོ་དྲིལ་བསྒྲགས་བྱས་ནས་ལོ་ངོ་དྲུག་ཅུའི་རིང་དམར་གསོད་དང༌། བཙོན་འཇུག གཅར་རྡུང་གི་གཉའ་མནོན་འོག་ཡོད་པའྀ་བོད་དང༌། ཤར་ཊིར་ཀི་སི་ཐན་གཉིས་ལ་རྒྱལ་སྤྱིའི་མི་མང་གིས་གདུང་སེམས་མཉམ་བསྐྱེད་བྱ་དགོས་པའི་གནས་སུ་གྱུར་ཡོད།
དོན་དངོས་ཐོག རྒྱ་དམར་སྲིད་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང༌། མི་རིགས་དབྱེ་འབྱེད་དང་འདྲ་མཉམ་མེད་པའི་སྲིད་ཇུས་འོག བོད་མིའི་སྲོལ་རྒྱུན་རིག་གཞུང་དང་དགོན་སྡེ་ཁག་ཐབས་བརྒྱ་ཇུས་སྟོང་གིས་རྩ་མེད་བཏང་སྟེ། རང་བྱུང་གཏེར་ཁ་དང༌། ཤིང་ནགས་གང་བྱུང་གཅོད་འབྲེག་གིས་རྒྱ་ནག་ཏུ་དབོར་བ། ཁོར་ཡུག་ལ་འབག་བཙོག་བཟོས་པ། ཞིང་འབྲོག་མི་མང་ལ་འདོད་མོས་མེད་པར་བཙན་སྐུལ་གྱིས་གྲོང་སྡེ་ཞིང་འབྲོག་མི་མང་མང་པོ་རྒྱ་གཞུང་ལ་བུ་ལོན་འཇལ་མ་ཐུབ་པའི་དཀའ་སྡུག་འོག་ཚུད་ཡོད། གསར་བའི་འཛུགས་སྐྲུན་གྱི་ཁ་གཡང་བསྒྲགས་ཏེ། བོད་ཡར་རྒྱས་བཏང་ཡོད་ཅེས་ཤོད་བཞིན་ཡོད་ཀྱང༌། བོད་རིགས་རྒྱ་ཆེའི་མི་མང་ལ་ཁེ་ཕན་ཞིག་ཐོབ་ཐབས་བྲལ་ལ། བོད་ལྗོངས་ཆོལ་ཁ་གསུམ་གྱི་ས་གནས་ཁྱོན་ཡོངས་སུ་ཆེས་འབུར་དུ་ཐོན་པའི་གནད་དོན་ནི་ཞིང་འབྲོག་མི་མང་རྣམས་ད་དུང་དབུལ་པོའི་གནས་ལས་གྲོལ་ཐུབ་མེད་པ་དེ་ཡིན། ཨར་འདམ་གྱི་ཁང་རྩེག་མཐོན་པོ་དག་དང་ཁྲོམ་ར་ཁག་ནི་རྒྱ་རིགས་ཀྱིས་བཟུང་ཡོད་པ་ལས་བོད་རིགས་རྣམས་ལ་ལོངས་སྤྱོད་དབང་མེད་ལ། ཞིང་བྲན་ཁྲི་ཚོ་བརྒྱ་ཡི་བུ་ཕྲུག་ཚོར་སློབ་སྦྱོང་མ་རག་པར་རང་ཁྱིམ་དུ་ལྷག་པ་དང༌། སྐྱབས་བཅོལ་དུ་སླེབས་པའི་བུ་ཕྲུག་བརྒྱ་ཕྲག་མང་པོར་བོད་མང་གཙོའི་གཞུང་གི་འོག་ཏུ་སློབ་ཡོན་མི་དགོས་པར་བོད་ཀྱི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་རག་བཞིན་ཡོད། འདི་ནི་འདྲ་མཉམ་མེད་པའི་སྲིད་ཇུས་ཀྱིས་བཟོས་པའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་དང༌། བོད་མི་རྣམས་སྒེར་གཅོད་སྲིད་གཞུང་གི་འོག་ཏུ་སྡོད་འདོད་མེད་པར་མི་ལོ་ལྔ་བཅུའི་རིང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཚམས་མ་བཞག་པར། ྋགོང་ས་མཆོག་དང་བོད་མང་གཙོའི་གཞུང་ལ་རེ་བའི་ལྷག་བསམ་དང་ཡིད་ཆེས་ཀྱི་རེ་བའི་ཁེངས་ནས་སྒུག་ཡོད།
རྒྱ་གཞུང་གིས་བོད་དོན་ནི་ྋགོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་ཏུ་བསྒྱུར་ཐབས་བྱས་ཏེ། ྋགོང་ས་མཆོག་གི་མདུན་ལམ་ལས། བོད་དོན་ཟེར་བ་ཞིག་མེད་པ་དང༌། བོད་མི་རྣམས་ལ་བདེ་སྐྱིད་ཡོད་ཚུལ། ཞིང་བྲན་གྱི་ལམ་དུ་ཕྱིར་ལོག་རྒྱག་རྒྱུར་དངངས་སྐྲག་བྱེད་ཀྱི་ཡོད་ཅེས་བཤད་ཀྱང༌། བོད་ས་བྱི་ལོའི་ཞི་རྒོལ་ཆེན་མོས་རྒྱ་གཞུང་གི་འོག་ན་བདེ་སྐྱིད་ཡོད་པས་ངོ་རྒོལ་བྱས་པ་ནི་ག་ལ་ཡིན་སྲིད། ད་ཆ་གུང་ཁྲན་ཏང་ནི་ཞིང་བྲན་བདག་པོ་དང་བོད་མི་རིགས་ནི་དེའི་བྲན་གཡོག་ཆགས་པས་བཅིངས་གྲོལ་གཏོང་བར་རྒྱལ་སྤྱིའི་མི་མང་གིས་བོད་དོན་ལ་རྒྱབ་སྐྱོར་བྱ་བཞིན་ཡོད། མི་ལོ་ལྔ་བཅུའི་རིང་བོད་ནང་དྲག་བརྡུང་བྱས་ཏེ་ྋགོང་ས་མཆོག་གི་སྐུ་དཔར་དང་བཀའ་སློབ་ཉར་མི་ཆོག་པ་དང༌། བོད་དོན་ལས་འགུལ་སྤེལ་མཁན་ཚོར་སྲོག་ཆད་དང་བཙོན་འཇུག་མནར་གཅོད་གཏོང་བཞིན་པ་དག་གི་གནད་དོནནི་རྒྱའི་གནད་དོན་ལས་བོད་ཀྱི་གནད་དོན་ཅི་ལ་ཡིན། ད་དུང་ཁ་ཟད་ཟད་ལ་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་སྐབས་བོད་དང་ཐེ་ཝན་གྱི་བདག་དབང་ཀྲུང་གོར་ཡོད་པའི་ཁས་ལེན་བྱེད་དགོས་པའི་ཆ་རྐྱེན་འདོན་བཞིན་ཡོད་པ་དེ་ནི་ར་བཟི་ནས་བཤད་པ་ནི་ག་ལ་ཡིན།
འགྱིག་བྱི་རིལ་ལྟར་འཐེན་ཡང་ཆོག་ལ་སྐུམ་ཡང་འགྲོ་བའི་བོད་རྒྱའི་འབྲེལ་ལམ་འདིས་ཡང་སྙིང་སུ་ཞིག་ལ་མགོ་སྐོར་གཏོང་བཞིན་ཡོད་དམ། ལྷག་པར་དུ་རྒྱ་གཞུང་གིས་བོད་རིགས་ནང་ཁུལ་ཁ་བྲལ་གཏོང་བའི་བྱེད་ཐབས་སྤྱད་ནས་བོད་ཀྱི་བདག་དབང་སུ་ལ་ཡོད་མེད་གླེང་སློང་བྱེད་ཀྱི་ཡོད་ཀྱང༌། འཐབ་ཕྱོགས་གཅིག་གྱུར་ཁང་གི་བོད་རིགས་སྲི་ཐར་དང༌། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་ཚོགས་གཞོན་བོད་རིགས་ཉི་མ་ཚེ་རིང་གཉིས་ཀྱང༌། བོད་གཞུང་སྐུ་ཚབ་ལ་མཇལ་འཕྲད་དུ་བཏང་ཡོད།
རྒྱ་གཞུང་གིས་བསྐོ་འཛུགས་བྱས་པའི་རང་སྐྱོང་ལྗོངས་ཀྱི་བོད་རིགས་འགོ་ཁྲིད་འགའ་བེད་སྤྱད་དེ་བོད་མིའི་འཐུས་ཚབ་ཡིན་ཟེར་ཡང༌། བོད་རིགས་རྒྱ་ཆེའི་མི་མང་གི་འཐུས་ཚབ་ངོ་མ་ནི་ལོ་རྒྱུས་དང་དངོས་ཡོད་གང་གི་ཆ་ནས་ྋགོང་ས་མཆོག་དང་བོད་མང་གཙོའི་གཞུང་འདི་ཉིད་ཡིན། དོན་དངོས་ཐོག་བོད་རིགས་ལས་བྱེད་ཚོར་དོགས་ཟོན་གྱིས་གལ་ཆེའི་གནད་དོན་སྐོར་ཤེས་རྟོགས་བྱེད་རྒྱུའི་ཐོབ་ཐང་མེད་ལ། བོད་རིགས་མང་བའི་ལས་ཁུངས་ཁག་གི་ནང་བརྙན་ཕབ་འཕྲུལ་ཆས་བཙུགས་ནས་ལྟ་རྟོག་ནན་པོ་དང༌། བོད་རིགས་གུང་ཁྲན་ཏང་ཡོན་ཚོར་ཏང་གི་གལ་ཆེའི་གྲོས་མོལ་གྱི་ཚོགས་འདུ་ཁག་ལ་ཞུགས་དབང་ཡང་མེད། འདི་ནི་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་དང༌། བཙན་རྒྱལ་རིང་ལུགས་སྲིད་དབང་སྒེར་གཅོད་ཀྱི་རྩ་བའི་བྱེད་ཐབས་ཤིག་ཀྱང་རེད། བོད་རིགས་ལས་བྱེད་ཚོར་སོ་སོའི་སྒེར་ཚུགས་ཀྱི་བསམ་བློ་མངོན་འགྱུར་གྱིས་སྐད་ཆ་བཤད་དབང་མེད་སྟབས། རྒྱ་གཞུང་གིས་བསླབ་པའི་སྐད་ཆ་དག་བསྐྱར་ཟློས་བྱེད་རྒྱུ་ལས་བོད་རིགས་མི་མང་གི་མངོན་འདོད་བརྗོད་པའི་དབང་ཆ་ཞིག་རྒྱ་གཞུང་གིས་སྤྲོད་མི་སྲིད་ལ། ཁོང་ཚོའི་ལས་འགན་ནི་བོད་པའི་གཟུགས་བརྙན་བསྟན་ནས་བོད་མི་མང་གི་རེ་འདུན་ལ་ལོག་འགྲེལ་རྒྱག་རྒྱུ་ཙམ་རེད། རང་གི་མི་རིགས་དང༌། རིག་གཞུང༌། ཆོས་ལུགས། ཁོར་ཡུག་བཅས་ལ་འགན་འཁུར་མི་དགོས་པའི་གུང་ཁྲན་ཏང་ཡོན་ཞིག་བྱས་ཏེ་འདུག་རྒྱུ་ནི་རྒྱ་གཞུང་ལ་མཁོ་བའི་བློ་མཐུན་ཏང་མི་བཟང་པོ་ཞིག་རེད།
ད་རེས་གྲོས་མོལ་དུ་ཞུགས་པའི་སྲི་ཐར་དང་ཉི་མ་ཚེ་རིང་གཉིས་ཀྱང་བོད་མི་གུང་ཁྲན་ཏང་ཡོན་ཡིན་ལ། བོད་རྒྱ་ཆེའི་མི་མང་གིས་ཁོང་རྣམ་གཉིས་ཀྱིས་བཤད་པའི་སྐད་ཆར་ཆ་འཇོག་བྱེད་ཀྱི་མེད་པ་དང༌། ྋགོང་ས་མཆོག་དང་བོད་མང་གཙོའི་གཞུང་གི་དབུ་ཁྲིད་ཚོར་ཆ་འཇོག་བྱེད་ཀྱི་ཡོད་པ་ཁོང་ཚོའི་སེམས་ནང་གསལ་བོ་ངེས་ཡོད་ནའང༌། རྒྱ་གཞུང་གི་འཇིགས་སྐུལ་དང་བཙན་བཀའ་ནི་བོད་རིགས་ལས་བྱེད་ཚོའི་ཚེ་སྲོག་གི་གཤེད་མར་གྱུར་ཡོད་པ་ང་ཚོས་བསམ་ཤེས་མི་ཐུབ་པ་ཅི་ཡང་མེད། འོན་ཀྱང༌། བོད་རྒྱའི་གནད་དོན་འདི་ལམ་ལྷོང་མ་བྱུང་བའི་འགག་རྩ་ནི་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཚོའི་བློ་རྒྱ་ཆུང་བ་དང་མིག་རྒྱང་རིང་པོ་མེད་པའི་གནད་དོན་མངོན་གསལ་དོད་པས་གསལ་པོ་བཟོ་དགོས་པ་མ་མཐོང༌།
ྋགོང་ས་མཆོག་གི་གཉིས་སྨན་དབུ་མའི་ལམ་ནི་བོད་རྒྱ་མི་རིགས་གཉིས་ཀྱི་གནད་དོན་ཙམ་མ་ཡིན་པར། འཛམ་གླིང་དང༌། གླིང་ཆེན་ཨེ་ཤ་ཡའི་ཞི་བདེ་དང་བརྟན་ལྷིང་ལ་འབྲེལ་བ་ཡོད་པའི་ལམ་སྟོན་སྒྲོན་མེ་ཞིག་ཡིན་ཀྱང༌། རྒྱ་གཞུང་གིས་དུས་ནམ་ཡང་ཧམ་རྫུན་དང་འཁྱོག་བཤད་ཁོ་ནས་བོད་མི་རིགས་ཀྱི་ལུས་སེམས་ལ་རྡུང་རྡེག་དང་མནར་གཅོད་བཏང་ནས། ྋགོང་ས་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་བྱམས་བརྩེའི་དགོངས་གཞིར་དང་ལེན་མེད་པའི་རྣམ་འགྱུར་དང༌། ཁོང་དང་འབྲེལ་བ་ཟབ་པའི་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་གྲོས་ཚོགས་ཁག་ལ་ཀྲུའུ་ཝེ་ཆོན་གྱིས་གལ་སྲིད་སྲིད་འཛིན་ཨོ་བྷ་མས་ལོ་འདིར་ཏཱ་ལའི་བླ་མར་མཇལ་འཕྲད་གནང་ཚེ། ང་ཚོས་དེར་བསྟུན་གྱི་ཡ་ལན་ཚ་ཐག་ཆོད་འབུལ་གྱི་ཡིན་ཚུལ་ཉེན་བརྡ་བཏང་ཡོད།ཁ་རྡུང་བཏང་སྟེ་ཁྭ་ཏ་ནག་པོའི་གཤོག་འགྱུར་ངོམ་བཞིན་ཡོད། འདི་ནི་སྲིད་དབང་སྒེར་གཅོད་ཀྱི་འདོད་རྔམ་ལས་གཞན་པའི་དམིགས་ཡུལ་མེད་པའི་རྒྱ་ནག་གཞཱུང་འདིས། འཛམ་གླིང་མི་མང་ལ་བསྟན་པའི་གུང་ཁྲན་ཏང་གི་བྱ་སྤྱོད་དང་གདོང་རིས་དམར་རྗེན་དེ་རེད།

ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༦ ཉིན།

རྩོམ་རིག

Post navigation

Previous Post: བོད་ཀྱི་ཁ་བརྡའི་ཁང་ཆུང་tibetanchatནང་བགྲོ་གླེང་གི་གསལ་བརྡ།
Next Post: བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།

Comments (2) on “རྒྱ་ནག་གི་རྫུན་གཏམ་ལ་སུས་བདེན་པར་འཛིན་ནམ།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2010-02-06 at 6:15 pm

    གདོང་རིས་དམར་རྗེན་དེ་ད་ཐེངས་གཅིག་པོ་ཡིན་ནི་མ་རེད། ལོ་ངོ་ལྔ་བཅུ་ལྷག་གི་རིང་དུ་རྒྱ་ནག་གི་སྲིད་སྐྱོང་བ་དག་གིས་བསྟན་པ་རེད།

  2. རྡོ་རྗེ་དྲིལ་བུ་པ་ says:
    2010-02-08 at 12:12 pm

    ཆོས་རྫོང་བསྟན་པ།

    ཆོས་ལྡན་གངས་ཅན་མི་རིགས་ལ། །
    རྗོང་དཔོན་ཁྱེད་འདྲའི་བློ་རིགས་དགོས། །
    བསྟན་པ་རྨང་ནས་ཚུགས་པ་ལ། །
    པ་ཕ་ཁྱེད་འདྲའི་སློབ་གསོ་དགོས། །

    མི་རིགས་བློ་མཐུན་བསམ་མཐུན་ཤོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme