Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་མེ་ཡི་ལྕགས་རི།

Posted on 2010-01-162010-01-18 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 4 Comments on རྒྱ་ནག་གི་མེ་ཡི་ལྕགས་རི།

མེ་རི་གཏོར་མཁན་ནས་།

ཉེ་ལམ་དྲ་རྒྱ་བདག་པོ་གྷོ་གྷིལ་རྒྱ་ནག་ནས་ཕྱིར་འཐེན་བྱེད་སྲིད་པའི་གསར་འགྱུར་དང་།བོད་ནང་གི་དྲ་རྒྱ་རྣམས་སྒོ་རྒྱབ་བལྟ་མི་ཐུབ་པ་།དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་དྲ་ཚིགས་ཁ་ཤས་ཀྱི་སྟེང་དུ་བོད་ནང་གི་ད་ལམ་ཧི་གཟུགས་སོགས་སྒོ་རྒྱབ་པ་ནི་ཕྱི་རྒྱལ་གྱི་བོད་པ་རྣམས་བོད་ནང་གི་དྲ་རྒྱ་སྟེང་དུ་་ཡོང་གིན་མི་འཇུག་ཆེད་རེད་ཅེས་མང་པོ་ཤིག་བཤད་གིན་འདུག་མོད།བོད་ཕྱི་ནང་གང་ཡིན་ཡང་བོད་ཀྱི་ཡོན་ཏན་པ་ཡིན་ཟེར་བ་ཚོར་སྐད་ཆ་ཆེན་པོ་རང་གིས་ཀྱང་མི་ཤེས་བ་ཤིག་བཤད་པ་ལ་གོམས་ཡོད་པ་ལས་།གལ་ཆེ་བའི་གསར་འགྱུར་འདི་ཙམ་དོ་སྣང་ཅི་ཡང་བྱེད་ཀིན་མི་འདུག་།དེའི་ཕྱིར་བོད་མི་ཕལ་ཆེ་་བ་ཤིག་གིས་རྒྱུ་མཚན་གསལ་བོ་ཧ་གིན་མི་འདུག་།འདིར་བྱ་མེད་སར་བོང་བུས་ནམ་ཚོད་བཟུང་བ་ལྟར་དྲ་རྒྱ་ལས་འཕྲོས་བའི་གཏམ་འགའ་ཤས་རྒྱུ་ཡིན་།དེ་ལ་བརྟེན་ནས་དྲ་རྒྱའི་སྐོར་གྱི་རྩོམ་མང་པོ་ཁ་གསལ་བ་གོ་བདེ་བ་འགའ་བྲིས་ནས་བོད་ཕྱི་ནང་གང་དུ་དར་སྤེལ་བྱེད་པའི་རེ་བ་ཡོད་།

ཐོག་དང་པོ་ཐ་སྙད་འགའ་གཏན་ལ་ཕབ་ནས་།དེ་ནས་དེ་ཇི་ལྟར་བཀོལ་ཚུལ་བཤད་པར་བྱ་།
དྲ་རྒྱ་ནི་།(དབྱིན་ཇིའི་སྐད་དུ་World Wide Web་དང་རྒྱ་ནག་གི་环球信息网) གཙོ་བོ་ཆ་ཤས་བཞི་ཡིས་གྲུབ་པའི་ཁང་བ་ལྟ་བུ་ཞིག་ཡིན་།ཁང་བ་ལྟ་བའི་གྲུབ་ཆ་དེ་ལ་།དབྱིན་ཇིའི་སྟེང་ནས་Computer།རྒྱ་ཡིག་གི་སྟེང་ནས་电脑་ཟེར་་།བོད་སྐད་དུ་བོད་ནང་དུ་གློག་ཀླད་ཅེས་རྒྱ་ཡིག་གི་སྟེང་ནས་དོན་བསྒྱུར་དང་།ཕྱི་རྒྱལ་གྱི་བོད་མི་ཚོས་སྒྲ་བསྒྱུར་གྱི་ཁམ་པོ་ཊུར་ཞེས་བཏགས་བདགས་འདུག་།དོན་གྱི་གཉིས་ཀ་ཁང་བ་ལྟ་བའི་འཕྲུལ་ཆས་དེ་རེད་།ང་ཚོའི་ཁང་བའི་ནང་དུ་ཁང་མིག་མི་འདྲ་བ་སྣ་ཚོགས་དང་།ཅ་ལག་མི་འདྲ་ཡོད་པ་དེ་བཞིན་དུ་གློག་ལམ་ནང་དུ་ཅ་ལག་བསྡུ་ས་དང་།ལེན་ས་།དེ་བཞིན་ཅ་ལག་དེ་དག་ཕྱིར་ལ་མངོན་བྱེད་ཀྱི་སྒེའི་ཁུང་ལྟ་བུ་ཡོད་པ་རེད་།གློག་ཀླད་ཟེར་དུས་ཁང་བ་ལྟ་བུའི་འཕྲུལ་ཆས་འདི་ལ་གོ་དགོས་།དེང་དུས་གློག་ཀླད་བཟོ་མཁན་ཤིན་ཏུ་ནས་མང་པོ་ཡོད་པ་དང་།སྐད་གྲགས་ཅན་གྱི་གློག་ཀླད་ནི་།ཀུ་ཤུ་ཅན་གྱི་གློག་ཀླད་ལྟ་བུ་རེད་།

གློག་ཀླད་ཀྱི་སྒོ་འམ་སྒེའི་ཁུང་། འདི་ནི(operating system (OS) 操作系统)་གློག་ཀླད་ཀྱི་ཁང་པ་ནང་དུ་འཛུལ་བྱེད་ཀྱི་སྒོ་ལྟ་བ་ཡིན་ཞིང་།ཨ་རིའི་སྐད་གྲགས་ཅན་གྱི་དབྱིན་ཇིའི་མ་ཁུ་སོ་ཧྥུ་ཐུ་ཟེར་བའམ་།རྒྱ་མིང་དུ་་འབོད་པའི་བཟོ་གྲྭ་བཟོ་བའི་སྒོ་ལྟ་ལྟ་བུ་འདི་སྒེའུ་ཁུང་ཞེས་བཏགས་པ་དང་།ཀུ་ཤུ་བཟོ་གྲྭ་བཟོས་བས་མ་ཁུ་གློག་ཀླད་འདི་ལ་ཞེས་འབོད་ཀྱིན་འདུག་།དོན་གྱིས་གཉིས་ཀ་གློག་ཀླད་ཀྱི་ནང་དུ་འཛུལ་བྱེད་ཀྱི་ཁུང་བུ་ལྟ་བུ་དང་།དེས་དྲ་རྒྱ་ཁང་བ་ནང་གི་ཅ་ལག་དང་།གློག་ཀླད་ཁང་བ་བར་གྱི་འབྲེལ་བ་འཛུགས་བཞིན་ཡོད།དྲ་རྒྱ་བཀོལ་མཁན་གྱི་མི་དག་གིས་སྒེའུ་ཁུང་ལ་བརྟེན་ནས་།རང་རང་ལ་དགོས་བའི་ཅ་ལག་དེ་བེད་སྤྱོད་བྱེད་དགོས་བ་ལས།ནང་དུ་འགྲོ་བྱེད་དུ་སྒེའུ་ཁུང་མེད་ཚེ།དེའི་ནང་གི་ཅ་ལག་རྣམས་བཀོལ་སྤྱོད་བྱེད་ཐབས་ཡོད་པ་མ་རེད་།སྤྱིར་བཏང་སྒེའུ་ཁུང་བཟོ་མཁན་མང་པོ་ཡོད་མོད་།དེང་དུས་མང་ཆེ་བས་དབྱིན་ཇིའི་མ་ཁུ་སོ་ཧྥུ་ཐུ་ཟེར་བ་དང་།རྒྱ་ནག་ཏུ་སྐད་དུ་་ཟ།དེ་ཡིས་བཟོས་བའི་སྒེའུ་ཁུང་དག་ཡིན་ཞིང་།ཉེ་ལམ་གསར་བ་ཐོན་ནས་།མི་ཚང་མས་བེད་སྤྱོད་གཏོང་བཞིན་འདུག།།དེ་བཞིན་ཀུ་ཤུ་བཟོ་གྲྭ་ལས།འདི་བེད་སྤྱོད་གཏང་བཞིན་ཡོད་།ཕྱི་ལོ་༡༠༠༦་ལོར་བོད་ཡིག་ཀྱང་ཚད་ལྡན་ཅན་གྱི་ཨང་ཡིག་ཏུ་བཟོས་ཏེ་།ད་ལྟ་ཁུང་དེ་ནང་དུ་ཤར་རྒྱག་འགྲོ་ཐུབ་པ་དེ་རེད་།
དེ་ནི་དཔེར་ན་འདི་ལྟ་བུ་ཤིག་རེད་།དམག་གི་ཁང་གི་ཞིག་ལ་མཚོན་ན་དོན་མེད་དུ་སོང་མི་ཆོག་པ་བཞིན་།ཁང་བའི་ནང་དུ་ཕར་འགྲོ་ཚུར་འགྲོ་བྱེད་པ་ལ་།ཆོག་མཆན་གྱི་ཡི་གེ་ཐོབ་དགོས།བོད་ཡིག་ཁང་བའི་ནང་དུ་འགྲོ་བའི་ཆོག་མཆན་ཐོབ་མོད་།ཆོག་མཆན་དཔང་རྟགས་ནི་བོད་ཡིག་ཤེས་མཁན་ཤིག་གིས་བཟོ་དགོས་ཡོད་།དེ་ལ་སྨོན་ལམ་གསུམ་པ་དང་།མཚོ་སྔོན་པོ་སོགས་ནི་དེའི་ནང་ལ་འགྲོ་བྱེད་ཀྱི་དཔང་རྟགས་ཡི་ལྟ་བུ་རེད་།དེ་བས་དཔང་རྟགས་དེ་བཟུང་ནས་གློག་ཀླད་དྲ་བའི་འཛུལ་ན་འགོག་མཁན་སུ་ཡང་ཡོད་པ་མ་རེད་།

ཁང་བའི་ནང་དུ་ཅ་ལག་མང་པོ་ཡོད་པ་བཞིན་། (Application) ་ཅ་ལག་འདི་དག་ལ་བརྟེན་ནས་ཅ་ལག་རང་རང་གིས་ནུས་བ་འདོན་གྱིན་ཡོད་པ་རེད་།ཀློག་ཀླད་ལ་ཅ་ལག་མང་པོ་ཡོད་མོད་།སྤྱིར་བཏང་གི་ཆ་ནས་རིགས་བཞི་ཡི་ནང་དུ་འདུ་།དཔར་སྐྲུན་གྱི་རིགས་།རྩིས་ཀྱི་རིགས་།གློག་བརྙན་གྱི་རིགས་།གནས་ཚུལ་བསྡུ་བའི་རིགས་བཞི་ཡི་འདུ་།དཔེར་་ན་།མ་ཁུ་སོ་ཧྥུ་ཐུ་བཟོས་བའི་ལས་ཁུངས་ཟེར་བ་ལ་མཚོན་ན།ཡི་གེ་word ཟེར་བ་འདི་ནི་དཔར་སྐྲུན་གྱི་རིགས་དང་།ཤོག་བྱང་ཟེར་བ་རྩིས་ཀྱི་རིག་།གསར་འགྱུར་རྩེད་མོའི་རིགས་གློག་བརྙན་སོགས་ལྟ་བུ་རེད་།བོད་ཡིག་ནི་ཡི་གེའི་ནང་དུ་འདུ་།
་
དྲ་རྒྱ་།རྡ་རྒྱ་ནི་ཕྱིའི་དྲ་རྒྱ་དུང་ཕྱུར་མང་པོ་ཕྱོགས་གཅིག་དུ་བསྡུས་ཏེ་གློག་ཀླད་ཀྱི་སྒོ་ཡོལ་གྱི་འཆར་ཐུབ་པ་དེ་ལ་ཟེར་ཞིང་།ད་ལྟ་དྲ་རྒྱ་སྟེང་ནས་གློག་བཞིན་པའི་ངེད་ཀྱི་རྩོམ་ཐུང་དེ་ཡང་དྲ་རྒྱ་དུང་ཕྱུར་མང་པོ་ནང་གི་གཅིག་ཡིན་།དྲ་ཚིགས་ནི་དྲ་རྒྱའི་ཁ་བྱང་ངམ་།ཡང་ན་དྲ་བ་ཡོད་སའི་ས་ཆ་དེ་མིང་ཡིན་།དཔེར་ན་འདྲ་བ་ཤིག་གི་སྟེང་དུ་དབྱིན་ཇིའི་བོད་ཟེར་ཤིག་སྤྱར་བོད་དང་འབྲེལ་བའི་གལ་ཆེན་རང་བཞིན་ཅན་གྱི་དྲི་ཚིགས་ཚང་མ་དྲུད་ཡོང་ཏེ་།འདེམ་ཀ་གཏོང་གིན་འཇུག་པ་དེ་བཞིན་རེད་།བོད་ཡིག་ཚད་ལྡན་ཅན་གྱི་ཨང་གྲངས་སུ་བསྒྱུར་རྗེས་།སྟེང་དུ་བོད་ཅེས་སྤྱར་ནའང་དེ་བཞིན་དུ་དགོས་ངེས་ཀྱི་དྲ་ཚིགས་འཚོལ་ཐུབ་།རྗེས་སུ་བོད་ཡིག་གི་དྲ་ཚིགས་ཇེ་མང་དུ་སོང་བ་དང་མཉམ་དུ་།འདེམས་ཀ་ཡང་དེ་ལས་མང་པོ་ཡོང་རྒྱུ་རེད་བསམ་གིན་འདུག་།འདིར་ཤེས་དགོས་བ་གལ་ཆེ་ཤོས་ཤིག་ནི་།རྒྱ་ནག་མ་ཡིན་པའི་རྒྱལ་ཁམས་ཚང་མས་དྲ་རྒྱ་གཅིག་གི་འཛམ་གླིང་གི་དྲ་རྒྱ་ཚང་མ་བལྟ་ཐུབ་།

བོད་མིང་ལ་གྷོ་གྷིལ་ལམ་རྒྱའི་མིང་ལ་谷歌ཟེར་བ་དང་།དབྱིན་ཇིའི་google ་ཟེར་བ་ཅི་ཞིག་རེད་དམ་ཟེར་ན།དེ་ནི་སྐད་ཅིག་ཉིད་ལ་་འཛམ་གླིང་གི་དྲ་རྒྱ་རྣམས་ཚུར་བསྡུས་ཏེ་སྟོན་པར་བྱེད་པའི་བཙལ་སྟོན་དྲ་ཚིགས་ཤིག་ཡིན་།དྲ་ཚིགས་ཀྱི་ཁུང་མིག་ནང་དུ་འཛམ་གླིང་གི་ཡིག་རིགས་ཀྱི་གང་གི་ཆ་ནས་དེ་དང་འབྲེལ་ཡོད་ཀྱི་དྲ་ཚིགས་ཁྱེར་ཡོང་བ་དང་།ཚིག་དང་དོན་གང་རུང་ལམ་ནས་དགོས་མཁོ་ཆེ་བའི་དྲ་ཚིགས་རྣམས་བཏོན་ཡོང་བས་།འཛམ་གླིང་ཡོངས་ཀྱི་བཙལ་སྟོན་དྲ་ཚོགས་ཀྱི་རྩེ་མོ་ལྟ་བུ་དང་།ཡ་ཝོན་ཟེར་བ་དང་།རྒྱ་ཡིག་གི་པར་ཏོ་ཟེར་བ་བཙལ་སྟོན་གྱི་དྲ་ཚོགས་གལ་ཆེ་ཤོས་དག་ཡིན་། འཛམ་གླིང་གི་བཙལ་སྟོན་གྱི་དྲ་ཚིགས་རྣམས་གཅིག་འདྲ་རེད་ནམ་ཞེ་ན་།རྩ་བ་ཆ་ནས་གཅིག་རེད་།གནས་ཚུལ་ཡག་ཤོས་དང་མཁོ་བྱེད་དེ་བཙལ་བ་དང་སྟོན་མཁན་དག་རེད་།ཡིན་ནའང་རྒྱ་ནག་ནང་གི་བཙལ་སྟོན་གྱི་དྲ་ཚིགས་རྣམས་རྒྱལ་ཁབ་གཞན་དང་འདྲ་བ་ཡོད་པ་མ་རེད་།རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་དྲ་ཚིགས་ཕྱོགས་གཉིས་ཀྱི་སྒོ་ནས་དོ་དམ་བྱེད་ཀྱིན་ཡོད་པ་རེད་།

དང་པོ་།ཕྱི་ནས་ཡོང་བའི་དྲ་ཚིགས་ཐམས་ཅད་།བྱེ་མ་བཙག་པ་བཞིན་དུ་བཙག་ནས་ནང་ནས་གང་བལྟས་ཆོག་པ་དང་།གང་བལྟས་མི་ཆོག་པ་བཟོས་ཡོད་པ་རེད་།བཙགས་བྱེད་ཀྱི་འཕྲུལ་འཁོར་འདི་ལ་ཕྱིའི་རྒྱལ་དག་ན་འི་ལྕགས་རི་དང་།རྒྱ་ནག་སྲིད་གཞུང་གི་金盾工程གི་གསེར་གྱི་ལས་གཞི་ཞེས་འབོད་ཀྱིན་ཡོད།མེ་རིའི་ལྕགས་རི་འདིས་རྒྱ་ནག་ནས་ཡོང་དྲ་ཚིགས་ཐམས་ཅད་བྱེ་མ་བཙགས་པ་བཞིན་ཏུ་བཙགས་ཏེ་ཡོང་གིན་འཇུག་འདོད་པ་རྣམས་ཡོང་གིན་བཅུག་།འགོག་འདོད་པ་འགོག་བཞིན་ཡོད་པ་རེད་།དཔེར་ན་བོད་གཞུང་གི་དྲ་ཚིགས་དང་།བོད་ཡིག་དང་འབྲེལ་བའི་དྲ་ཚུགས་ཐམས་ཅད་མེ་རིའི་ལྕགས་རི་བཀག་ནས་ནང་ལ་ཡོང་གིན་འཇུག་གིན་ཡོད་པ་མ་རེད་།གྷོ་གྷིལ་ཐོག་མར་རྒྱ་ནག་ཏུ་འགྲོ་དུས་།གྷོ་གྷིལ་དྲ་ཚིགས་ཀྱི་ཁང་མིག་ནང་དུ་བོད་ཞེས་སྤྱར་ན་བོད་གཞུང་སོགས་འབྲེལ་བའི་བོད་དང་འབྲེལ་བ་ཡོད་མཁན་གྱི་དྲ་རྒྱ་ཚང་མ་ཡོང་གིན་རེད་།རྒྱ་གཞུང་གིས་གྷོ་གྷིལ་དེ་ལྟར་བྱེད་ན་མི་ཆོག་པའི་བཀའ་ཕབ་ཏེ་།གྷོ་གྷིལ་རང་གི་རྒྱ་ནག་གི་གྷོ་གྷིལ་ཤིག་བཟོ་དགོས་བྱུང་བ་རེད་།འདི་མེ་རིའི་ལྕགས་རི་ནང་དུ་ཡོད་ཕྱིར་།རྒྱ་ནག་གི་ནང་གི་དྲ་རྒྱ་རྣམས་གཙོ་བོ་སྟོན་ཡོང་བ་ཤིག་བཟོས་ཡོད་པ་རེད་།

གཉིས་པ་།ནང་གི་དྲ་རྒྱ་ཇི་ལྟར་བཀག་འགོག་བྱ་ཚུལ་ནི་།ཐོག་མར་རྒྱ་ནག་གཞུང་གི་དྲ་རྒྱ་གསར་བ་བཟོ་དགོས་བ་ལས་ཁུངས་ཤིག་གི་མིང་ཐོག་ནས་མ་གཏོགས་དྲ་རྒྱ་དང་།རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་མཐུན་པའི་བཟོ་མི་ཆོག་པ་དང་།དེ་བཞིན་དྲ་རྒྱ་བལྟ་སྐབས་སུ་ལག་ཁྱེར་སྟོར་དགོས་བའི་ཁྲིམས་ལུགས་བཟོས་ཡོད་པ་མ་ཟད་།བཙལ་སྟོན་དྲ་ཚིགས་སོགས་སུ་ཚིག་དང་།ཡི་གེ་མང་པོ་ཤིག་བཙལ་མི་ཐུབ་པ་བྱས་ཡོད་པ་རེད་།དཔེར་ན་རྒྱ་ཡིག་གི་ཞེས་སྤྱར་ན་ཅི་ཡང་འཆར་རྒྱུ་མེད་པ་ཅིག་བཟོས་ཡོད་པ་རེད་།དེ་བཞིན་མི་ཁྲི་ཕྲག་མང་པོ་རྒྱལ་ཁབ་ཀྱི་ལས་བྱེད་པར་།མིང་ལ་དྲ་རྒྱའི་ཉེན་རྟོག་དམག་མི་ཞེས་བཏགས་ནས་།དྲ་རྒྱའི་སྟེང་ཀ་སྐད་ཆ་ག་འདྲ་བཤད་ཀྱིན་ཡོད་མེད་རྟོག་དཔྱོད་བྱེད་བཞིན་ཡོད་པ་རེད་།དེང་སྐབས་བོད་ཡིག་ཤེས་བའི་དྲ་རྒྱའི་ཉེན་རྟོག་དམག་མི་འགའ་རེའང།སློབ་གྲྭ་ཆེན་མོ་འགས་ཤས་ནས་བསྡུས་ཏེ།བོད་ཡིག་གི་དྲ་རྒྱ་ལ་རྟོག་དཔྱོད་བྱེད་གིན་ཡོད་པའི་སྐད་ཆ་གོ་རྒྱུ་འདུག་།

རྒྱ་གཞུང་ཤིན་དུ་སྐྲག་དགོས་བ་ཤིག་ནི།བདེན་པ་ངོ་སྤྲོད་པ་དང་།ཁོ་ཚོ་ལ་སྐྱོན་རྒྱག་པ་དང་།ལོ་རྒྱས་ཀྱི་ནག་ཉེས་རྣམས་ཁྱེར་ཡོང་ནས།དམངས་གཙོ་སྲིད་གཞུང་ཤིག་འཛུགས་རྒྱུ་དེ་རེད་།དེའི་ཕྱིར་ཁོ་ཚོས་ལོ་རེ་སྒོར་དུང་ཕྱུར་མང་པོ་བཏང་ནས་།དྲ་རྒྱའི་མེ་རུ་འབར་གིན་མཇུག་བཞིན་ཡོད་པ་དང་།མི་ཁྲི་ཁྲག་མང་པོ་ལ་ལས་ཀ་སྤྲད་ནས་མེ་རིའི་ལྕགས་རི་སྲུང་སྐྱོབ་བྱ་བཞིན་པ་དང་།ལེགས་བཅོས་བྱ་བཞིན་ཡོད་པ་རེད།དེ་བཞིན་དམངས་གཙོ་དོན་གཉེར་བ་རྣམས་དང་།ཚོགས་ཁག་མང་པོ་ཤིག་གི་ཆེད་དུ་མེ་རིའི་ལྕགས་རི་དེ་ཇི་ལྟར་གཏོར་ཚུལ་གྱི་ཞིབ་དཔྱད་མང་པོ་བྱས་ནས་།ལོ་མང་པོ་འགྲོ་བཞིན་ཡོད་པ་རེད་།ང་ཚོ་ཕྱི་རྒྱལ་དུ་ཡོད་པའི་བོད་ཡིག་ཤེས་མཁན་ཚོས་།དེའི་སྐོར་ལབ་གླེང་ཙམ་ཡང་མེད་པ་ཡིད་སྐྱོ་བའི་གནས་རེད་།ད་གྷོ་གྷིལ་ཚང་གིས་རྒྱ་ནག་དྲ་རྒྱ་བྱེ་མ་མི་བཙགས་ཟེར་བ་དང་།བཙག་དགོས་ན་རྒྱ་ནག་ནས་ཕྱིར་འཐེན་བྱ་རྒྱུ་ཟེར་བ་དེ་ཡིས་།མཁས་བ་མང་པོ་ཤིག་གིས་རྒྱ་ནག་གི་དྲ་རྒྱ་མེ་རུ་གཏོར་ལ་ཉེ་བའི་དུས་སུ་སླེབས་ཞེས་བཤད་ཡོད་པ་དང་།བོད་ཕྱི་ནང་ཀུན་དུ་བོད་ཡིག་གི་ལམ་ནས་འབྲེལ་ཐུབ་པའི་ཕྱིར་ང་ཚོས་ངེས་པར་ཏུ་ཇི་ལྟར་གཏོར་ཚུལ་སྐོར་གྱི་རྩོམ་གོ་བདེ་ལ།ཁ་གསལ་བ་།ཕན་ཐོགས་པ་མང་པོ་བྲིས་ཏེ་།བོད་ཕྱི་ནང་གང་ལ་ས་འཁྱམས་རྡོ་འཁྱམས་བྱེད་དགོས་།གལ་སྲིད་བོད་ཕྱི་ནང་གཉིས་ཀྱི་བོད་ཀྱི་མཁས་བ་ཚོས་།རྒྱ་ནག་གི་མི་རིའི་ལྕགས་རི་ཡིས་འགོག་མ་ཐུབ་པར་སྐད་ཆ་བཤད་པའི་གོ་སྐབས་ཤིག་བྱུང་ན་།ཉིས་སྟོང་བརྒྱད་ཀྱི་འོས་ལངས་ལས་སྟོང་འགྱུར་གྱི་ནུས་བ་ཆེ་བ་།དངོས་གནས་དྲང་གནས་ཀྱི་བོད་ཕྱི་ནང་གཉིས་སུ་ཕན་ཐོགས་ཆེན་པོ་ཤིག་ཡོང་སྲིད་པས་།དོན་མེད་ཀྱི་སྙན་ངག་དང་།ཆོས་ལུགས་འཐེན་འཁྱེར་སོགས་སྤངས་ནས་རྒྱ་ནག་གི་མི་རིའི་ལྕགས་རི་ཇི་ལྟར་གཏོར་ཚུལ་གྱི་སྐོར་ལ་ཉམས་ཞིབ་དང་།རྩོམ་འབྲི་བྱེད་པ་ལ་འབད་པར་ཞུའོ།རྩོམ་རྗེས་མའི་ནང་མེ་རིའི་ལྕགས་རི་ཇི་ལྟར་གཏོར་ཚུལ་གྱི་སྐོར་ཡིན་།

རྩོམ་རིག

Post navigation

Previous Post: བོད་ཡིག་གི་གནས་འཕྲིན་དྲ་བ་བེད་སྤྱོད་ཀྱི་དགེ་སྐྱོན་རགས་ཙམ་གླེང་བ།
Next Post: རྩོད་ལན་ཐོག་མཐའ་བར་གསུམ།

Comments (4) on “རྒྱ་ནག་གི་མེ་ཡི་ལྕགས་རི།”

  1. མེ་རི་གཏོར་མཁན says:
    2010-01-16 at 5:12 pm

    ཁ་བྱང་ནོར་འདུག་།རྒྱ་ནག་གི་མེ་ཡི་ལྕགས་རི་ཞེས་འདོགས་པར་ཞུ།

  2. མགོན་པོ་ཕྱག་གཉིས་པ། says:
    2010-01-18 at 12:18 am

    ང་ལ་ཞེད་སྣང་དང་འཚེར་སྣང་བཀག་འགོག་གང་ཡང་མེད་པར་གུ་ཡངས་ངང་རང་གི་ཕ་ཡུལ་གྱི་སྐྱོ་གནས་དང་ངོ་ཤེས་གྲོགས་པོ་ཚོའི་བདེ་སྡུག་ལ་འདྲི་རྟོག་བྱེད་ཆོག་པའི་རང་དབང་དང་ཐོབ་ཐང་དགོས།
    ཕ་ཡུལ་གྱི་མི་རྣམས་ལ་ཞེད་སྣང་དང་འཚེར་སྣང་བཀག་འགོག་གང་ཡང་མེད་པར་གུ་ཡངས་ངང་ཁོང་ཚོའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་སྟེ་རྒྱལ་དབང་ཐམས་ཅད་མཁྱེན་པའི་མཛད་འཕྲིན་ལ་ལྟ་ཉན་བྱེད་ཐུབ་པའི་ཐོབ་ཐང་དགོས།
    ཤར་ནུབ་འཇར་མན་གཉིས་ཀྱི་བར་གྱང་གཏོར་བ་བཞིན་རྒྱ་ནག་གི་གནས་འཕྲིན་དྲ་བའི་ལྕགས་མཁར་སྒོ་མེད་འདི་ད་ལྟ་རང་གཏོར་ཤིག ང་ཚོ་ལ་མེ་རི་གཏོར་མཁན་མང་ཟིག་དགོས་གི་འདུག

  3. ལྷགབསམ་རྒྱ་མཚོ། says:
    2010-01-19 at 8:00 am

    རྒེན་མགོན་པོ་ལགས། དགེ་རྒན་དང་སློབ་མ། རྩོམ་སྒྲིག་པ། གཞུང་ལས་པ། ཕ་རྒན་གྱི་དུས་གང་ཡིན་ཡང་གཏོར་དང་བཤིག་ཟེར་བའི་གསུང་གསལ་རྣོན་པོ་ཚོ་བོར་མེད་པ་འདྲ། མི་ཚེ་གཅིག་ལ་ལྟ་བ་གཅིག་རྒྱུན་སྐྱོང་ཐུབ་པ་དེ་དངོས་གནས་རླབས་ཆེན་རེད།

  4. གངས་རིའི་བུ། says:
    2010-01-19 at 12:51 pm

    མེ་རི་གཏོར་མཁན་ལགས། ཉིད་ཀྱིས་བྲིས་པའི་གནད་དོན་ཁག་ལ་བགྲོ་གླེང་བྱེད་རིན་ཆོག་པ་ཞིག་འདུག དེའི་ཐད་ཐབས་ཤེས་གང་ཡོད་ཀྱི་དགོངས་ཚུལ་རེ་བཏོན་ཐུབ་ཚེ་བོད་ཕྱི་ནང་ཀུན་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་པས་འབད་བརྩོན་གནང་རོགས་ཞུ། ཡིན་ན་ཡང་གནས་ཚུལ་འབྲི་དུས་དག་ཆ་སོགས་ལ་ཞུ་དག་བཏང་ནས་བཀོད་ན་ཡག་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme