Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་གཞུང་ཚབ་ཚོ་ངག་ལྐུགས་དོན་ཅི་རེད། འདི་ལ་གཟིགས།

Posted on 2010-12-112010-12-11 By ཁ་བརྡ་ 25 Comments on རྒྱ་ནག་གི་གཞུང་ཚབ་ཚོ་ངག་ལྐུགས་དོན་ཅི་རེད། འདི་ལ་གཟིགས།

གསར་འགྱུར།

Post navigation

Previous Post: འཆི་བ་ནི་ང་ཡི་རྨི་ལམ་ཡིན།
Next Post: ཚེ་སྲོག་གི་གཤག་བཅོས།

Comments (25) on “རྒྱ་ནག་གི་གཞུང་ཚབ་ཚོ་ངག་ལྐུགས་དོན་ཅི་རེད། འདི་ལ་གཟིགས།”

  1. བློ་གྲོས་མཐའ་ཡས། says:
    2010-12-11 at 10:17 pm

    རྒྱ་སྐྱག་དེའི་ཁ་ནང་ལ་སྐྱག་པ་རྒྱ་མ་བཅུ་བརྫངས་བཞག་ཡོད་ཀི      མི་རྒན་ཁ་སྤུ་ཅན་དེ་ཁ་དྲོ་བཀྲ་ཤིས།   དེའི་བསམ་པའི་དོན་གྲུབ་པར་ཤོག   ཧ་ཧ་ཧ།

  2. སྤུ་སུད། says:
    2010-12-11 at 10:54 pm

    རྫུན་པས་་བདེན་པར་འགོལ་བའི་དུས་ཚོད་དེར།
    བདེན་པ་ནམ་ཡང་དྲང་པོ་གནས་པ་དང་།
    རྫུན་པ་ཕམ་པ་འཇིག་རྟེན་འགྲོ་ལུགས་ལ།
    གཟུར་གནས་བློ་ལྡན་ཅན་རྣམས་དྲང་པོར་སྲོང་།

  3. ཟླ་བ་ཆོས་འཛོམས། says:
    2010-12-12 at 3:53 am

    ངས་འདི་ལ་བལྟས་ནས་མི་དེའི་རྣམ་དཔྱོད་དང་ལས་ཀ་བྱེད་སྟངས་ཧ་ཅང་ཡག་པོ་མཐོང་སོང་།རྒྱའི་གཞུང་ཚབ་ལ་མགོ་བསྐོར་དེ་འདྲའི་ཡག་པོ་བཏང་འདུག བྱེད་སྟངས་ནི་ཞི་བའི་ངང་དེ་འདྲའི་ཡག་པོ་ཞིག རྒྱའི་གཞུང་ཚབ་དང་མི་རྒན་རྒྱ་ཅན་གཉིས་ཀྱིས་སྐད་ཆ་བཤད་རེས་ལས་རྒྱ་རྒན་གྱི་སྐྱག་པ་ལངས་ལངས་ལ་ཤོར་སོང་།བོད་པ་ཚོས་ཀྱང་དོན་ལ་ལྤགས་པ་དམར་བཤུ་ཐུབ་པའི་རྣམ་དཔྱོད་ཀྱི་ལས་འགུལ་འདི་འདྲ་ད་བར་བོད་ཕྱི་ལོག་ཏུ་སྤེལ་མ་ཐུབ་ཅི་ཡིན་ནམ།

  4. དཔལ་དགྱེས་པ་རྡོ་རྗེ says:
    2010-12-12 at 6:14 am

    སྨྲ་ར་ཅན་ཧོ་ལན་གྱི་བུ་རབས་དེ་ངོ་སོ་རེ་བསྟོད། དངོས་ནས་མི་རིགས་ཞིག་གི་ལ་རྒྱ་དང་ཤ་ཞེན་ཅན་གྱི་ལེགས་སྐྱེས་ཡག་པོ་རྒྱ་རིགས་ཡོངས་ལ་ཕུལ་བ་བཀའ་དྲིན་ཆེ། ཞི་བདེ་དང་རང་དབང་ལ་ཐུགས་བསམ་བཞེས་པ་ལ་ཡི་རང་དང་བསམ་དོན་འགྲུབ་པའི་སྨོན་ལམ་ཡོད། འདི་འདྲ་རེ་གཉིས་མ་གཏོགས་ཁ་བརྡའི་ཕྱོགས་ཞེན་འདུ་ར་རུ་རིགས་རྒྱུ་མེད་ཀ ། རང་ངོས་ནས་ཁ་བརྡ་དྲྭ་བ་ལ་ཞེན་པ་སྟངས་ནས་ལོག་ཐལ། ཁྱེད་ཚོ་བདེ་མོ་གྱིས། ཤྲྰིས་སོ། །

  5. མདའ་ཚན་པ། says:
    2010-12-12 at 8:09 am

    ངས་འདི་དུས་བབ་ཏུ་མཐོང་སོང་། གནས་ཚུལ་འདི་ཐེངས་དང་པོར་དུས་བབ་ཏུ་བཀོད་མཁན་བྲག་མགོ་དཀོན་མཆོག་དར་རྒྱས་ལ་ཐུགས་རྗེ་ཆེ་ཞུ།

  6. ཀརྡོ་རབ་འབྱམས་པ་ says:
    2010-12-12 at 8:20 am

    དམངས་གཙོ་ཚད་ལྡན་ཡུལ་ནང་ljའཚར་ལོངས་བྱས་པའི་མི་འདི་ཚོ་འདྲ་ས་མི་འདུག་ག རྒྱར་རྒན་རྙིང་རྗེས!!!!

  7. ཀརྡོ་རབ་འབྱམས་པ་ says:
    2010-12-12 at 8:22 am

    ་་ནང་ལ་་་

  8. གཞོན་ནུ་ཟླ་མེད། says:
    2010-12-12 at 9:43 am

    འཇམ་དཔལ་རྣོན་པོ་ལགས། སྐུ་ཉིད་ཀྱིས་གསར་འགྱུར་འདིའི་རྗེས་སུ་འདི་འདྲ་གསུངས་འདུག ༼རང་ངོས་ནས་ཁ་བརྡ་དྲྭ་བ་ལ་ཞེན་པ་སྟངས་ནས་ལོག་ཐལ། ཁྱེད་ཚོ་བདེ་མོ་གྱིས། ཤྲྰིས་སོ། །༽ གསར་འགྱུར་འདི་འདྲ་ཁ་བརྡ་དྲ་བའི་ཐོག་བཀོད་ན་སྐུ་ཉིད་ཞེན་པ་ལོག་དགོས་དོན་ག་རེ་ཡིན་ནམ། གསར་འགྱུར་འདིས་བོད་སྤྱི་ཚོགས་ལ་གནོད་པ་རེད་དམ། རང་གི་ཆོས་བརྒྱུད་ལ་གནོད་པ་རེད། ཡང་ན་སྐུ་ཉིད་ཀྱི་སྒེར་གྱི་འཚོ་བ་ལ་གནོད་པ་གང་ཡིན་གསལ་བོར་བཀོད་དགོས་པ་རེད། དེ་མིན་གསར་འགྱུར་འདི་མཐོང་བ་དང་ཁ་བརྡ་ཚང་ལ་ཞེན་པ་ལོག་སོང་ཟེར་ན། མི་ཚོ་གོ་ལོག་ཐེབ་ཡོང་གི་མ་རེད་དམ།

  9. བློ་གྲོས་མཐའ་ཡས། says:
    2010-12-12 at 9:59 am

    ཟླ་མེད།    ད་ཡི་གེ་ནོར་བར་མ་ཟད་མིག་གི་མདུན་ན་ཡོད་ཚད་ནོར་གྱི་ཡོད་པ་འདྲ།    འཇམ་དཔལ་རྣོན་པོ་ཞིག་གང་དུ་འདུག    

  10. དཔལ་དགྱེས་པ་རྡོ་རྗེ says:
    2010-12-12 at 1:48 pm

    གཞོན་ནུ་ཟླ་མེད་ལགས། བསམ་བློ་གཏོང་ཡག་བྱས་ནས་སྐད་ཆ་ཤོད། ཚོད་དཔག་གིས་གང་ཡང་ཕྱིན་ཀྱིན་མ་རེད། གསར་འགྱུར་འདི་འདྲ་བར་ཞེན་པ་ལོག་དགོས་དོན་མེད་པར་དངོས་སུ་གོང་དུ་བཤད་ཡོད། རྣམ་དཔྱོད་ཅན་མཁས་དབང་འཇམ་དཔལ་རྣོན་པོ་ལ་སྣེ་ཏོག་མ་གནང་རོགས་། ཁྱོད་རང་བལྟས་ལོག་ཁུར་བ་རེད། བླུན་པོ་ངས་ཀྱང་མི་ཞུ་ཐུབ་མེད་གྱུར་ནས་ཞུས་པ་ཡིན། སྔོན་ཆད་ཡིན་ན་ཁ་བརྡ་དྲ་བའི་ཐོག་ཏུ་ཤེས་ཚོད་ཀྱི་རྩོམ་ཐུང་རེ་དང་མཆན་ཐུང་འགའ་རེ་ཕུལ་བ་ཡིན། ང་ཚོ་བོད་རིགས་ཀྱི་དྲ་བ་ཞིག་རེད་པས་བོད་པའི་སྤྱི་ཚོགས་ལ་བསམ་བློ་རེ་གཏོང་གི་ཡོད་རྒྱུ་རེད་བསམ་ནས་བཀོད་པ་ཡིན། བོད་མིའི་སྤྱི་ཚོགས་དེ་དག་བསམ་བློ་ལ་ཡར་རྒྱས་དང་རིག་གནས་དར་སྤེལ་དགོས་ན་ཆོས་དང་འཇིག་རྟེན་གཉིས་རེད།xxxxxxxxxxxxxxxxxxxxxxxxxxxxxxxxxxxxxx ད་ཕྱིན་ང་རང་མི་ཡོང་ངེས་ཅན་ཡིན། ། བདེ་མོ་གྱིས།

  11. ཁྱུང་དཀར says:
    2010-12-12 at 6:00 pm

    དཔལ་དགྱེས་པ་ལགས། དྲང་མོ་བཤད་ན་ཁྱེད་རང་ཁ་བརྡ་ཚང་ལ་ཕེབས་ནས་ཁ་བརྡ་བ་ཇེ་མང་དུ་འགྲོ་ཀི་མ་རེད་ལ། ཁྱེད་རང་འདི་གར་མ་ཕེབས་ཀྱང་ཁ་བརྡ་བ་དེ་བས་ཀྱང་ཇེ་ཉུང་དུ་འགྲོ་ཀི་མ་རེད། མ་གཞི་ནས་སྐུ་ཉིད་ལ་སྨོན་ཚིག་རེ་འབྲི་རྒྱུ་ལས་གཞན་འདྲ་གང་ཡང་མཐོང་མ་སོང་།

  12. གཞོན་ནུ་ཟླ་མེད། says:
    2010-12-12 at 6:26 pm

    འ་དཀོན་མཆོག་མཁྱེན་གོང་གི་མཆན་བཏབ་པ་འཇམ་དཔལ་རྣོན་པོ་ལ་མ་རེད། དགོངས་དག དཔལ་དགྱེས་པ་རྡོར་རྗེ་ལ་རེད། བློ་བུར་དུ་དགྱེས་པ་རྡོར་རྗེ་ཞེ་སྡང་རྡོ་རྗེར་གྱུར་འདུག དོན་རྐྱེན་གང་ཞིག་ལ་ཐུགས་མ་དགྱེས་ནས་ཁ་བརྡ་ནང་དུ་མི་ཡོང་ཐག་ཆོད་ཡིན་ཟེར་བ་ངས་ད་དུང་མགོ་ཚོས་མ་སོང་བའི་དབང་གིས། མི་ཡོང་དགོས་པའི་རྒྱུ་རྐྱེན་ཤེས་པའི་ཆེད་དུ་དེ་བྲིས་པ་ཡིན་མོད། རྒྱུ་རྐྱེན་གང་ཞིག་གིས་དབང་གིས་ཞེ་སྡང་ལངས་པ་དང་ཞེན་པ་ལོག་པ་ད་དུང་ནག་ཁུངས་ཆགས་སོང་། ད་ཡིན་ན་ཡང་ཁྱད་པར་མི་འདུག ཁ་བརྡ་འདི་ནང་ཁ་བརྡ་བྱེད་ས་རེད་མ་གཏོགས་ཆོས་ཞུ་ས་ནི་ཡིན་རྒྱུ་མ་རེད། དེ་བས་ན་གོ་ས་དང་ཤེས་ཚད་དབང་ཚད་སོགས་མཐོ་དམན་ཡོད་སྲིད་ན་ཡང་ཁ་བརྡ་བྱེད་དུས་འདྲ་མཉམ་སྒོས། གཅིག་གིས་གཅིག་ལ་འཆད་པ་དང་རྩོད་པ། ཀུ་རེ་དང་གྱལ་ག སྐྱོན་བརྗོད་དང་དགག་རྒྱག བྱེད་འོས་པ་ཞིག་རེད་མ་གཏོགས། བླ་མས་མདུན་ནས་སློབ་མས་ཆོས་ཞུ་བ་ལྟར་ག་ལ་བྱེད་བསམ་པས། ཕར་ཕྱོགས་ཞིག་ནས་རླུང་ལངས་ནས་བསྡད་པ་ཡིན་ན་ཡང་། སྐུ་འབུམ་ཆོས་སྐྱོང་ཁྲོས་ནས་ལོ་གསུམ་འགོར་ཡང་། སྐུ་འབུམ་ལོ་ཡོས་ཚོས་ཤེས་མེད་པའི་གཏམ་རྒྱུད་རེད། དེ་ལས་ཁོམ་པ་ཡོད་དུས་རྒྱག་རེ་རྒྱག་ཞོར་རྒྱག་ཞོར་ལ་རྩོམ་ཡིག་ཕྲིས་དང་ཕན་ནི་རེད། ང་ཚོ་བོད་པ་ཚོ་རྒྱག་རེ་ནང་ཚགས་ལ་ལོས་རྒྱག གད་མོ་ནང་ཚགས་ལ་ལོས་ཤོར། བརྩེ་བ་ནང་ཚགས་ལ་ལོས་ཡོད། སྐད་ཆ་ནང་ཚགས་ལ་ལོས་བཤད། རྒྱག་རེ་རྒྱག་ཞོར་རྒྱག་ཞོར། བརྩེ་བ་སྤྲོད་ཞོར་སྤྲོད་ཞོར་ལ་འཚོ་བ་བསྐྱལ་དགོས་པ་རེད་ལ། དེ་བཞིན་དུ་རང་གི་མི་རིགས་ལ་ཞབས་འདེགས་ཀྱང་ཞུ་དགོས་པ་རེད་ལགས།

  13. བོན says:
    2010-12-12 at 11:59 pm

    གཞོན་ནུ་ཟླ་མེད་་ཁྱོད་རེ་བདེན། དགྱེར་རྡོར་བསྟན་དཀྲུག་འདི་མེད་ན་ཁ་བརྡ་དྲ་བ་འདི་དངོས་གཙང་རེད། བླ་བཙོང་ཁོ་ད་དུང་ཡོང་གི་རེད་བསམ། ཞེ་སྡང་ཅན་ཁོ་ངོ་ཡང་ཚ་རྒྱུ་མེད་གྰ། །

  14. ྲྫརྫ་ཚེ་རིང་བཀྲ་ཤིས། says:
    2010-12-13 at 7:30 am

    ཡིན་ན་ཡང་། ངས་ནི་དབྱིན་ཇི་མི་ཤེས་པས་འདིའི་ནང་ནས་ཅི་ཞིག་ཟེར་གྱི་ཡོད་ཚོད་གཏན་ནས་ཤེས་མ་སོང་། ང་ཚོ་བོད་ཡིག་ཙམ་ལས་མི་ཤེས་མཁན་རྣམས་ཀྱི་ཆེད་དུ་ནང་དོན་བསྡུས་ཙམ་ཞིག་ངོ་སྤྲོད་བྱེད་མཁན་ཡོད་དམ།

  15. ྲྫརྫ་ཚེ་རིང་བཀྲ་ཤིས། says:
    2010-12-13 at 7:31 am

    ཡིན་ན་ཡང་། ངས་ནི་དབྱིན་ཇི་མི་ཤེས་པས་འདིའི་ནང་ནས་ཅི་ཞིག་ཟེར་གྱི་ཡོད་གཏན་ནས་ཤེས་མ་སོང་། ང་ཚོ་བོད་ཡིག་ཙམ་ལས་མི་ཤེས་མཁན་རྣམས་ཀྱི་ཆེད་དུ་ནང་དོན་བསྡུས་ཙམ་ཞིག་ངོ་སྤྲོད་བྱེད་མཁན་ཡོད་དམ།

  16. ྲྫརྫ་ཚེ་རིང་བཀྲ་ཤིས། says:
    2010-12-13 at 7:31 am

    ཡིན་ན་ཡང་། ངས་ནི་དབྱིན་ཇི་མི་ཤེས་པས་འདིའི་ནང་ནས་ཅི་ཞིག་ཟེར་གྱི་ཡོད་གཏན་ནས་ཤེས་མ་སོང་། ང་ཚོ་བོད་ཡིག་ཙམ་ལས་མི་ཤེས་མཁན་རྣམས་ཀྱི་ཆེད་དུ་ནང་དོན་བསྡུས་ཙམ་ཞིག་ངོ་སྤྲོད་བྱེད་མཁན་ཡོད་དམ།

  17. རྒྱལ་མཚན། says:
    2010-12-13 at 9:17 am

    ཁ་བརྡ་ལ་བཀྲ་ཤིས་བདེ་ལེགས།

  18. གཞོན་ནུ་ཟླ་མེད། says:
    2010-12-13 at 11:55 am

    ཡ་ད་ངོ་ནས་དགྱེས་པ་རྡོར་རྗེ་གདུལ་བྱའི་ལོག་སྒྲུབ་ལ་མི་བཟོད་པའི་ཞེ་སྡང་སྤངས་མེད་པས། སླར་མི་འབྱོན་པ་འདྲ་འདུག་པས་འདི་ནས་སྤྱན་འདྲེན་ཞིག་ཞུ་དགོས་བྱུང་སོང་།

    ཧྰུྃཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱངས་ལས་བཞེངས།།
    བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ།།
    ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད།།
    མ་གཡེལ་མ་གཡེལ་དཔལ་ལྡན་དགྱེས་རྡོ་རྗེ།།

    རང་གི་རྩ་བའི་བླ་མའི་ཞལ་སྔ་ནས།།
    རིན་མེད་རིགས་གཞུང་འཐུང་བ་དྲན་མཛོད་ལ།།
    གང་ཞིག་ཤེས་དང་གང་ཞིག་ཡོད་པ་སོགས།།
    ཕྱོགས་དང་རིས་ཀྱིས་མ་གཅོད་གནང་བར་མཛོད།།

  19. གཞོན་ནུ་ཟླ་མེད། says:
    2010-12-13 at 12:01 pm

    གོང་གི་བོན་ཟེར་བ་འདི་ད་བུ་སྐྲག་ཤོར་ཟེར་ནོ་རེད་ཡ། ངའི་ཉྭ་སུག་ལ་འཐམ་ནས་དགྱེས་རྡོར་ལ་རྒོལ་གྱི་འདུག ང་ཁྱོད་ཀྱི་གབ་ས་ཉན་ནི་མ་རེད་ཀོ ང་འདི་དཔའ་ཁེར་རྒྱུག་ཞིག་ཡིན་པས་ངས་ཁྱོད་རྐང་བཅགས་བྱས་ནས་གྲོག་མ་ལྟར་གཅུར་ན་ཐང་། ཧཧཧ

  20. འཇམ་དཔལ་རྣོན་པོ། says:
    2010-12-13 at 12:28 pm

    ཁོ་རེ་ཚེ་རིང་བཀྲ་ཤིས། སློབ་སྦྱོང་ལ་ཧུར་བརྩོན་གྱིས། ཁ་བརྡ་དྲ་ཐོག་ན་ཅང་མེད། དུས་ཚོད་འཕྲོ་བརླག་རང་ཡིན། ང་ཚོ་དང་ཁྱེད་མི་འདྲ། གོ་སྐབས་ཡག་པོ་རེད། དུས་ཚོད་དམ་འཛིན་གྱིས། ༸་རྒྱལ་བ་རིན་པོ་ཆེས་མངགས་པའི་ལས་དོན་འགྲུབ་ངེས་པ་ཞིག་ཨེ་ཡོང་ང་ཚོའི་རེ་བ་ཡིན།

  21. བོན says:
    2010-12-13 at 6:07 pm

    xxxxxxxxxxxxxxxxxx

  22. ཨ་ནུ་ཐང་བསོད་ནམས། says:
    2010-12-13 at 7:34 pm

    རྫེ་ཚེ་རིང་བཀྲ་ཤིས་ལགས།
    ཐུང་ཐུང་ཞིག་རེད་སྙམ་ནས་ཉིད་ཀྱི་འདོད་འདུན་ལྟར་ཕྲན་གྱིས་ནང་དོན་གཙོ་བཟུང་གིས་བསྒྱུར་ཁུལ་བྱེད་སྐབས་ཐུང་ངུ་ལས་ལྡོག་སྟེ་ཆུ་ཚོད་གཅིག་དང་ལྷག་གང་མགྱོགས་ཀྱིས་བྲིས་ཀྱིས་ཀྱང་མ་མཚར་ཞིང་མཚར་བ་དང་མཉམ་དུ་འོག་ཏུ་བཀོད་པ་ཡིན།
    ཧ་ལོ། ང་ལ་མེ་ཏོག་ཅིག་གཞུང་ཚབ་ཆེན་མོ་སྐུ་ཞབས་ཆང་སྤྲད་རྒྱུ་ལ་ཡོད། ནང་ལ་ཕེབས་དང་། ཅུང་ཙམ་རྗེས་སྐུ་ཞབས་ཆང་ལ་མཇལ་ཐུབ་ངེས་ཡིན།
    ཝ་རམ་ས་སྒྲ་རྒུས་ཡིས། ཐུགས་རྗེ་ཆེ། ཧ་ལོ་ང་ལ་མེ་ཏོག་ཅིག་ཡོད། སུ་ནི་སྐུ་ཞབས་ཆང་རེད། དེ་རིང་ནི་རྒྱ་ནག་ལ་བཀྲ་ཤིས་བའི་༼ཉི་མ་ཆེན་པོ༽ཉི་མ་རེད།
    ཁ་ཅིག་གིས། རེད་རེད།
    ཆང་གིས། ཧ་ལོ། ཞོགས་ཁ་བདེ་ལེགས།
    ཧ་ལོ། ཞོགས་ཁ་བདེ་ལེགས་སྐུ་ངོ་ལགས། ངའི་མིང་ལ་ཝ་རམ་ས་སྒྲ་རྒུས་ཡིན་ཞིང་སྒྲའ་ཆེ་༼ཧོ་ལན་གྲུ༽མི་ཡིན། ངས་ཁྱེད་མེ་ཏོག་འདི་ཕུལ་རྒྱུ་ཡིན།
    ཆང་གིས། ok ཐུགས་རྗེ་ཆེ། དེ་རིང་ནི་རྒྱ་ནག་ལ་བཀྲ་ཤིས་བའི་༼ཉི་མ་ཆེན་པོ༽ཉི་མ་རེད། ཁྱེད་ཀྱི་དེའི་དོན་ཅི་ཡིན།
    ཝ་རམ་ས་སྒྲ་རྒུས་ཡིས། ཁྱེད་ཀྱི་ཤེས་གསལ་ལྟར་དེ་རིང་ནི་བཀྲ་ཤིས་བའི་༼ཉི་མ་ཆེན་པོ༽ཉི་མ་ཡིན། དེ་རིང་ནི་ཟླ༡༢ཚེས༡༠ཡིན།
    ཆང་གིས། ཨ་ཧིན།
    ཝ་རམ་ས་སྒྲ་རྒུས་ཡིས། རྒྱུ་མཚན་ནི་ཁྱེད་ཚོ་རྒྱ་ནག་མི་མང་ལ་ཞི་བདེའི་ཆེད་དུ་ནོར་བྷེལ་ཞི་བདེའི་རྟགས་མ་ཐོབ་པས་ཡིན།
    ཆང་གིས། ཡིན་ཡང་ང་ཚོའི་དེའི་སྒང་ལ་ལྟ་སྟངས་མི་འདྲ་བ་ཡོད།
    ཝ་རམ་ས་སྒྲ་རྒུས་ཡིས། ཡིན་ཡང་ཁྱེད་ཚོ་ངེས་བར་དུ་སྤོབས་པ་སྐྱེས་དགོས་ཀྱིན་རེད། གང་ཡིན་ཟེར་ན་༢༠༡༠ཞི་བདེའི་ཆེད་དུ་སྐུ་ཞབས་ལེའུ་ལ་ནོར་ཝེལ་རྟགས་མ་ཐོབ་པས་ཡིན། དེ་བརྟེན་ངས་ཁྱེད་ལ་ཐུགས་རྗེ་ཞུ་བཞིན་ཡོད། ངས་མ་འོངས་བར་རྒྱ་ནག་གཞུང་ལ་ཞི་བདེའི་ཆེད་དུ་ནོར་བྷེའི་རྟགས་མ་མང་དུ་རེག་རྒྱུའི་རེ་བ་ཡོད། རྒྱུ་མཚན་ནི་ཁྱེད་ཚོས་རང་གི་མི་མང་སྐྱོང་སྟངས་ནི་ཧ་ཅང་ཡག་པོ་ཡོད་པས་རེད། ཁྱེད་ཀྱིས་སྒྲའ་ཆེའི་མི་མང་གསུངས་རྒྱུ་འདྲ་ཡོད་དམ།
    ཆང་། རེད། ཐུགས་རྗེ་ཆེ། གཞུང་ཚབ་ཏུ་ཕེབས་པ་ཐུགས་རྗེ་ཆེ། ང་ཚོས་ལན་ཌིན་གྱི་སློབ་མ་ཁ་ཤས་གཞུང་ཚབ་ཏུ་ཡོང་རྒྱུ་རེ་བ་བྱེད་ཀྱིན་ཡོད།
    ཝ་རམ་ས་སྒྲ་རྒུས་ཡིས། ཡིན་ཡང་། ཡིན་ན་ཡང་། ༢༠༡༠ ལོར་ནོར་བྷེལ་ཞི་བདེའི་རྟགས་མ་ཐོབ་པའི་སྐོར་ལ་དམིགས་བསལ་གྱིས་བློ་སྤོབས་སྐྱེས་བའི་གསུངས་བཤད་ག་རེ་ཡོད་དམ།
    ཆང་། ངས་དེའི་སྐོར་ལ་སྐད་ཆ་མང་དུ་བཤད་འདོད་མེད།
    ཝ་རམ་ས་སྒྲ་རྒུས་ཡིས། སྐུ་མཁྱེན། ཉུང་མཐར་ཡང་ཅུང་ཙམ་གསུངས།
    ཆང་། ok སྤྱིར་ང་ཚོས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་ཆེད་དུ་ལས་དོན་སྒྲུབ་བཞིན་ཡོད།
    ཝ་རམ་ས་སྒྲ་རྒུས་ཡིས། སྟབས་མ་ལེགས་པ་ཞིག་ལ་སྐུ་ཞབས་ལེའུ་གཙོན་ཁང་དུ་འདུག
    ཆང་། ལེའུ་ལ་བྱ་དགའ་ཐོབ་པ་ང་ཚོ་འགྱོད་པ་སྐྱེས་ཀྱིན་ཡོད། ལེའུ་ནི་རྒྱ་ནག་གི་རྩ་ཁྲིམས་ལྟར་ཉེས་ཅན་པ་ཞིག་རེད།
    ཝ་རམ་ས་སྒྲ་རྒུས་ཡིས། ཡིན་ཡང་དེ་ནི་རླབས་ཆེད་ཀྱི་བྱ་དགའ་ནོར་ཝེལ་གཟེངས་རྟགས་རེད།
    ཆང་གིས། ངས་བསམ་ན་ནོར་ཝེལ་གཟེངས་རྟགས་ཚོགས་ཆུང་གིས་སྐུ་ཞབས་ནོར་ཝེལ་༼་ཁོང་གི་ནོར་བྷེལ་རྟགས་མ་གསར་བཏོད་མཛད་མཁན་ཡིན༽གྱི་ལམ་སྟོན་འོག་ཏུ་མ་ཕྱིན་པ་ཞིག་དང་། ཁོང་ཚོས་ཐག་གཅོད་དེ་རང་གི་དམིགས་དོན་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་རེད།
    ཝ་རམ་ས་སྒྲ་རྒུས་ཡིས། ཡིན་ཡང་། ང་ལ་དྲི་བ་གཅིག་ཡོད། མ་འོངས་བར་རྒྱ་ནག་མི་མང་ལ་ནོར་བྷེལ་བྱ་མུ་མཐུད་དུ་རེག་ཚེ་ལས་དོན་ཅི་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད།
    ཆང་གིས། ང་ཚོའི་འཆར་གཞི་ནི་གསལ་ཆ་ཡོད་པ་དེ་རེད། ང་ཆོས་མུ་མཐུད་དུ་རང་གི་རྩ་ཁྲིམས་དང་མཐུན་པའི་སྒོ་ནས་རྒྱ་ནག་མི་མང་ཡོངས་ཀྱི་རང་དབང་ཆེད་འབད་བརྕོན་བྱེད་རྒྱུ་དང་་་་་་་ ཁྱེད་ཀྱིས་ང་ལ་འཁྲུག་པ་རྒྱགས་རྒྱུའི་ཐབས་ཤེས་བྱེད་ཀྱིན་ཡོད་དམ།
    ཝ་རམ་ས་སྒྲ་རྒུས་ཡིས། མིན་མིན། ཁྱེད་ཚོའི་གཞུང་དང་རྒྱ་ནག་ལ་རླབས་ཆེན་གྱི་ནོར་བྷེལ་བྱ་དགའ་ཐོབ་པས་སྤོབས་པ་སྐྱེས་དགོས་ཀྱིན་རེད། ནོར་བྷེལ་བྱ་དགའ་ཡག་པོ་རེད། ཡག་པོ་རེད།
    ཆང་གིས། མིན་ཨེ། མིན་ཨེ། རྒྱ་ནག་གཞུང་ནི་རྒྱ་ནག་མི་མང་ལ་ཞི་བ་རེད། གཞན་ཞིག་གིས་ང་ཚོ་ལ་འདི་བྱེད་དང་མ་བྱེད་ཟེར་ནས་ལབ་དགོས་དོན་མེད། ཐུགས་རྗེ་ཆེ། དེ་ལྟར་བྱེད་པ་ཐུགས་རྗེ་ཆེ།
    ཝ་རམ་ས་སྒྲ་རྒུས་ཡིས། ཐུགས་རྗེ་ཆེ། ནོར་བྷེལ་རྟགས་མ་དང་ལྷན་དུ་ཉི་གང་བདེ་ལེགས་ཡོང་བ་ཞུ། མ་འོངས་བར་ནོར་བྷེལ་རྟགས་མ་མང་དུ་རེག་རྒྱུའི་སྨོན་འདུན་ཡོད།
    ཆང་། ང་ཚོལ་ཐོབ་རྒྱུ་རེད། ང་ཚོ་ལ་ཐོབ་རྒྱུ་རེད། ཡིན་ཡང་ནོར་བྷེལ་གཟེགས་རྟགས་ཚོགས་པས་བྱེད་བཞིན་པ་དེ་དགོས་དོན་མེད།

  23. ཨ་ནུ་ཐང་བསོད་ནམས། says:
    2010-12-13 at 7:57 pm

    དགོངས་དག ཅུང་ནོར་བཅོས།
    ཧ་ལོ། ང་ལ་མེ་ཏོག་ཅིག་གཞུང་ཚབ་ཆེན་མོ་སྐུ་ཞབས་ཆང་ལ་སྤྲད་རྒྱུ་ཡོད། ནང་ལ་ཕེབས་དང་། ཅུང་ཙམ་རྗེས་སྐུ་ཞབས་ཆང་ལ་མཇལ་ཐུབ་ངེས་ཡིན།
    ཝ་རམ་ས་སྒྲ་རྒུས་ཡིས། ཐུགས་རྗེ་ཆེ། ཧ་ལོ་ང་ལ་མེ་ཏོག་ཅིག་ཡོད། སུ་ནི་སྐུ་ཞབས་ཆང་རེད། དེ་རིང་ནི་རྒྱ་ནག་ལ་བཀྲ་ཤིས་བའི་༼ཉི་མ་ཆེན་པོ༽ཉི་མ་རེད།
    ཁ་ཅིག་གིས། རེད་རེད།
    ཆང་གིས། ཧ་ལོ། ཞོགས་ཁ་བདེ་ལེགས།
    ཧ་ལོ། ཞོགས་ཁ་བདེ་ལེགས་སྐུ་ངོ་ལགས། ངའི་མིང་ལ་ཝ་རམ་ས་སྒྲ་རྒུས་ཡིན་ཞིང་སྒྲའ་ཆེ་༼ཧོ་ལན་གྲུ༽མི་ཡིན། ངས་ཁྱེད་མེ་ཏོག་འདི་ཕུལ་རྒྱུ་ཡིན།
    ཆང་གིས། ok ཐུགས་རྗེ་ཆེ། དེ་རིང་ནི་རྒྱ་ནག་ལ་བཀྲ་ཤིས་བའི་༼ཉི་མ་ཆེན་པོ༽ཉི་མ་རེད། ཁྱེད་ཀྱི་དེའི་དོན་ཅི་ཡིན།
    ཝ་རམ་ས་སྒྲ་རྒུས་ཡིས། ཁྱེད་ཀྱི་ཤེས་གསལ་ལྟར་དེ་རིང་ནི་བཀྲ་ཤིས་བའི་༼ཉི་མ་ཆེན་པོ༽ཉི་མ་ཡིན། དེ་རིང་ནི་ཟླ༡༢ཚེས༡༠ཡིན།
    ཆང་གིས། ཨ་ཧིན།
    ཝ་རམ་ས་སྒྲ་རྒུས་ཡིས། རྒྱུ་མཚན་ནི་ཁྱེད་ཚོ་རྒྱ་ནག་མི་མང་ལ་ཞི་བདེའི་ཆེད་དུ་ནོར་བྷེལ་ཞི་བདེའི་རྟགས་མ་ཐོབ་པས་ཡིན།
    ཆང་གིས། ཡིན་ཡང་ང་ཚོའི་དེའི་སྒང་ལ་ལྟ་སྟངས་མི་འདྲ་བ་ཡོད།
    ཝ་རམ་ས་སྒྲ་རྒུས་ཡིས། ཡིན་ཡང་ཁྱེད་ཚོ་ངེས་བར་དུ་སྤོབས་པ་སྐྱེས་དགོས་ཀྱིན་རེད། གང་ཡིན་ཟེར་ན་༢༠༡༠ཞི་བདེའི་ཆེད་དུ་སྐུ་ཞབས་ལེའུ་ལ་ནོར་བྷེལ་རྟགས་མ་ཐོབ་པས་ཡིན། དེ་བརྟེན་ངས་ཁྱེད་ལ་ཐུགས་རྗེ་ཞུ་བཞིན་ཡོད། ངས་མ་འོངས་བར་རྒྱ་ནག་གཞུང་ལ་ཞི་བདེའི་ཆེད་དུ་ནོར་བྷེའི་རྟགས་མ་མང་དུ་རེག་རྒྱུའི་རེ་བ་ཡོད། རྒྱུ་མཚན་ནི་ཁྱེད་ཚོས་རང་གི་མི་མང་སྐྱོང་སྟངས་ནི་ཧ་ཅང་ཡག་པོ་ཡོད་པས་ཡིན། ཁྱེད་ཀྱིས་སྒྲའ་ཆེའི་མི་མང་ལ་གསུངས་རྒྱུ་འདྲ་ཡོད་དམ།
    ཆང་། རེད། ཐུགས་རྗེ་ཆེ། གཞུང་ཚབ་ཏུ་ཕེབས་པ་ཐུགས་རྗེ་ཆེ། ང་ཚོས་ལན་ཌིན་གྱི་སློབ་མ་ཁ་ཤས་གཞུང་ཚབ་ཏུ་ཡོང་རྒྱུ་རེ་བ་བྱེད་ཀྱིན་ཡོད།
    ཝ་རམ་ས་སྒྲ་རྒུས་ཡིས། ཡིན་ཡང་། ཡིན་ན་ཡང་། ༢༠༡༠ ལོར་ནོར་བྷེལ་ཞི་བདེའི་རྟགས་མ་ཐོབ་པའི་སྐོར་ལ་དམིགས་བསལ་གྱིས་བློ་སྤོབས་སྐྱེས་བའི་གསུངས་བཤད་ག་རེ་ཡོད་དམ།
    ཆང་། ངས་དེའི་སྐོར་ལ་སྐད་ཆ་མང་དུ་བཤད་འདོད་མེད།
    ཝ་རམ་ས་སྒྲ་རྒུས་ཡིས། སྐུ་མཁྱེན། ཉུང་མཐར་ཡང་ཅུང་ཙམ་གསུངས།
    ཆང་། ok སྤྱིར་ང་ཚོས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་ཆེད་དུ་ལས་དོན་སྒྲུབ་བཞིན་ཡོད།
    ཝ་རམ་ས་སྒྲ་རྒུས་ཡིས། སྟབས་མ་ལེགས་པ་ཞིག་ལ་སྐུ་ཞབས་ལེའུ་གཙོན་ཁང་དུ་འདུག
    ཆང་། ལེའུ་ལ་བྱ་དགའ་ཐོབ་པ་ང་ཚོ་འགྱོད་པ་སྐྱེས་ཀྱིན་ཡོད། ལེའུ་ནི་རྒྱ་ནག་གི་རྩ་ཁྲིམས་ལྟར་ཉེས་ཅན་པ་ཞིག་རེད།
    ཝ་རམ་ས་སྒྲ་རྒུས་ཡིས། ཡིན་ཡང་དེ་ནི་རླབས་ཆེན་གྱི་བྱ་དགའ་ནོར་བྷེལ་གཟེངས་རྟགས་རེད།
    ཆང་གིས། ངས་བསམ་ན་ནོར་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་སྐུ་ཞབས་ནོར་བྷེལ་༼་ཁོང་གི་ནོར་བྷེལ་རྟགས་མ་གསར་བཏོད་མཛད་མཁན་ཡིན༽གྱི་ལམ་སྟོན་འོག་ཏུ་མ་ཕྱིན་པ་ཞིག་དང་། ཁོང་ཚོས་ཐག་གཅོད་དེ་རང་གི་དམིགས་དོན་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་རེད།
    ཝ་རམ་ས་སྒྲ་རྒུས་ཡིས། ཡིན་ཡང་། ང་ལ་དྲི་བ་གཅིག་ཡོད། མ་འོངས་བར་རྒྱ་ནག་མི་མང་ལ་ནོར་བྷེལ་བྱ་དགའ་མུ་མཐུད་དུ་རེག་ཚེ་ལས་དོན་ཅི་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་དམ།
    ཆང་གིས། ང་ཚོའི་འཆར་གཞི་ནི་གསལ་ཆ་ཡོད་པ་དེ་རེད། ང་ཆོས་མུ་མཐུད་དུ་རང་གི་རྩ་ཁྲིམས་དང་མཐུན་པའི་སྒོ་ནས་རྒྱ་ནག་མི་མང་ཡོངས་ཀྱི་རང་དབང་ཆེད་འབད་བརྕོན་བྱེད་རྒྱུ་དང་་་་་་་ ཁྱེད་ཀྱིས་ང་ལ་འཁྲུག་པ་རྒྱགས་རྒྱུའི་ཐབས་ཤེས་བྱེད་ཀྱིན་ཡོད་དམ།
    ཝ་རམ་ས་སྒྲ་རྒུས་ཡིས། མིན་མིན། རྒྱུ་མཚན་ནི་ཁྱེད་ཚོའི་གཞུང་དང་རྒྱ་ནག་ལ་རླབས་ཆེན་གྱི་ནོར་བྷེལ་བྱ་དགའ་ཐོབ་པས་ཡིན། ནོར་བྷེལ་བྱ་དགའ་ཡག་པོ་རེད། ཡག་པོ་རེད།
    ཆང་གིས། མིན། མིན། རྒྱ་ནག་གཞུང་ནི་རྒྱ་ནག་མི་མང་ལ་ཞི་བ་རེད། གཞན་ཞིག་གིས་ང་ཚོ་ལ་འདི་བྱེད་དང་མ་བྱེད་ཟེར་ནས་ལབ་དགོས་དོན་མེད། ཐུགས་རྗེ་ཆེ། དེ་ལྟར་བྱེད་པ་ཐུགས་རྗེ་ཆེ།
    ཝ་རམ་ས་སྒྲ་རྒུས་ཡིས། ཐུགས་རྗེ་ཆེ། ནོར་བྷེལ་རྟགས་མ་དང་ལྷན་དུ་ཉིན་གང་བདེ་ལེགས་ཡོང་བ་ཞུ། མ་འོངས་བར་ནོར་བྷེལ་རྟགས་མ་མང་དུ་རེག་རྒྱུའི་སྨོན་འདུན་ཡོད།
    ཆང་། ང་ཚོལ་ཐོབ་རྒྱུ་རེད། ང་ཚོ་ལ་ཐོབ་རྒྱུ་རེད། ཡིན་ཡང་ནོར་བྷེལ་གཟེགས་རྟགས་ཚོགས་པས་བྱེད་བཞིན་པ་དེ་དགོས་དོན་མེད།
    ཝ་རམ་ས་སྒྲ་རྒུས་ཡིས། ཡིན་ཡང་། ངའི་རེ་བར་ཁོང་ཚོས་ཁྱེད་ཀྱི་ཆེད་དུ་འགྱུར་བ་བཏང་ཐུབ་ཀྱིན་རེད། ང་ཚོ་ལ་མགྲོན་བསུ་ཡག་པོ་གནང་བ་ཐུགས་རྗེ་ཆེ། རྒྱ་ནག་མི་མང་ལ་སྐལ་བཟང་གི་ཉིན་མོ་རེད།

  24. ཨ་ནུ་ཐང་བསོད་ནམས། says:
    2010-12-13 at 8:34 pm

    ༼རྒྱ་ནག་མི་མང་ལ་སྐལ་བཟང་གི་ཉིན་མོ་རེད།༽རྒྱ་ནག་མི་མང་ལ་མཚོན་ན་སྐལ་བཟང་གི་ཉིན་མོ་རེད།

  25. ྲྫརྫ་ཚེ་རིང་བཀྲ་ཤིས། says:
    2010-12-14 at 8:31 am

    ྠིཐུགས་རྗེ་ཆེ། ཐུགས་རྗེ་ཆེ། དྲ་གྲོགས་ཨ་ནུ་ལགས་ཀྱིས་ནང་དོན་བོད་སྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme