Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གཞུང་གིས་ཡོ་རོབ་སིད་ཊན་གྱི་Sweden མི་སེར་ཞིག་འཛིན་བཟུང་བྱས་འདུག

Posted on 2016-01-222016-01-22 By ཁ་བརྡ No Comments on རྒྱ་ནག་གཞུང་གིས་ཡོ་རོབ་སིད་ཊན་གྱི་Sweden མི་སེར་ཞིག་འཛིན་བཟུང་བྱས་འདུག

unnamed-6—ས་དཀར་བཀྲ་ཤིས།

 
ཡོ་རོབ་གསར་གནས་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར་ཕྱི་ཟླ་༡ པའི་ཚེས་༤ཉིན་ཡོ་རོབ་སུད་ཊན་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་སྐུ་ཞབས་པིས་ཊར་རྡ་ལིན་(Peter Dahlin)ཞེས་བ་རྒྱ་ནག་གཞུང་གི་ཉེན་རྟོག་པས་པེ་ཅིན་གནམ་ཐང་ནས་འཛིན་བཟུང་བྱས་ཏེ་ཁྲིད་ཡོད་འདུག་ལ། ཁོ་རང་འཛིན་བཟུང་བྱས་དོན་ནི་ཉེ་ཆར་ཁོང་གིས་བཙུགས་པའི་ཚོགས་པ་སྟེ་རྒྱ་ནག་མྱུར་སྐྱོབ་ཛ་དྲག་ལས་འགུལ་ཚོགས་པ་Chinese Urgent Action Working Group ཞེས་བའི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ཞིག་ཕུལ་ཡོད་པས་རྐྱེན་གྱིས་ཡིན་འདུག་ལ། སྙན་ཞུའི་ནང་རྒྱ་ནག་གཞུང་གིས་སྤྱི་དམངས་ཐོབ་ཐང་རྩོད་ལེན་མཁན་ཁྲིམས་རྩོད་པ་གཙོས་རང་གི་མི་སེར་ལ་འཇིགས་སྐུལ་དང་རྡུང་རྡེག་གཏོང་བ། དོན་མེད་འཛིན་བཟུང་དང་བཀག་ཉར་བཅས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་སོགས་བཀོད་ཡོད་འདུག

རྒྱ་ནག་མྱུར་སྐྱོབ་ཛ་དྲག་ལས་འགུལ་ཚོགས་པ་ནི་༢༠༠༩ ལོ་གསར་ཏུ་བཙུགས་པ་ཡིན་འདུག་ལ། ཚོགས་པ་དེས་རྒྱ་ནག་ནང་གི་མི་སེར་ཚོར་ཁྲིམས་ཀྱི་སྐོར་ལ་སྦྱོང་བརྡར་སྤྲོད་པ་དང་མི་སེར་ཉམ་ཆུང་ལ་རོགས་རམ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཞིབ་འཇུག་དང་སྤྱི་དམངས་ཐོབ་ཐང་ཁྲིམས་རྩོད་པ་ཚོ་ལ་མཐུན་སྦྱོར་རོགས་རམ་གནང་གི་ཡོད་འདུག
unnamed-5ཁ་སང་ཕྱི་ཚེས་༢༡ ཉིན་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་སྐུ་ཞབས་པིས་ཊར་རྡ་ལིན་གྱིས་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཁ་བཟོས་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་ཚུལ་བརྗོད་ཡོད་ལ། སྐུ་ཞབས་པིས་ཊར་རྡ་ལིན་གྱིས་རང་སྐྱོན་ངོས་ལེན་དང་འགྱོད་བཤགས་བྱས་ཡོད་པའི་བརྙན་ཐུང་ཞིག་བསྟན་ཡོད་པའི་ནང་ངས་རྒྱ་ནག་གི་ཁྲིམས་དང་འགལ་བའི་ལས་འགུལ་སྤེལ་བ་དེས་རྒྱ་ནག་གཞུང་དང་མི་མང་གི་སེམས་ལ་ཕོག་ཐུག་བཏང་ཡོད་པས་དགོངས་དག་ཞུ་བ་ཡིན་ཅེས་བརྗོད་ཡོད་པ་རེད།

རྒྱ་ནག་ཞིན་ཧྭ་གསར་ཁང་གིས་རྒྱ་ནག་མྱུར་སྐྱོབ་ཛ་དྲག་ལས་འགུལ་ཚོགས་པ་ནི་ཁྲིམས་འགལ་གྱི་ཚོགས་པ་ཞིག་ཡིན་ལ་སྐུ་ཞབས་པིས་ཊར་རྡ་ལིན་གྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་མཁོ་སྒྲུབ་བྱས་ཏེ་ཕྱི་ལོགས་སུ་བཏང་ནས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་སྣང་བརྙན་ནག་པོ་བཟོ་བཞིན་པ་རེད་ཅེས་བརྗོད་འདུག རང་ལོ་༣༥ ཡིན་པའི་པིས་ཊར་རྡ་ལིན་ཕྱི་ལོ་༢༠༠༧ ནས་བཟུང་རྒྱ་ནག་ནང་བསྡད་ཡོད་འདུག་ལ་ཁོ་ལ་ན་ཚ་ལྗིད་མོ་ཞིག་ཡོད་པ་དང་ཉིན་རྟག་པར་སྨན་ཟ་དགོས་ཀྱི་ཡོད་འདུག རྒྱ་ནག་ནང་གནས་སྡོད་སུད་ཊན་གཞུང་ཚབ་མི་སྣ་ཞིག་གཟའ་སྤེན་པའི་ཉིན་ཁོ་ལ་ལྟ་རུ་ཕྱིན་ཡོད་འདུག་ལ་གཞུང་ཚབ་ཁང་གིས་མུ་མཐུད་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག པེ་ཅིན་དུ་གནས་སྡོད་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་ཞོལ་ཟེའི་གྷོ་SCHZEISGUTཡིས་གསར་འགོད་པ་ཚོ་ལ་རྒྱ་ནག་གཞུང་གིས་ཡོ་རོབ་གྱི་མི་སེར་ཁ་ཤས་འཛིན་བཟུང་བྱས་པར་དོ་སྣང་བྱེད་ཀྱི་ཡོད་ལ། པིས་ཊར་རྡ་ལིན་གྱི་གནད་དོན་ལ་སེམས་འཚབ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

unnamed-4སྐུ་ཞབས་པིར་ཊར་རྡ་ལིན་འཛིན་བཟུང་མ་བྱས་པའི་སྔོན་དེར་རྒྱ་ནག་གཞུང་གིས་ཡོ་རོབ་སུད་ཊན་དང་དབྱིན་ལན་གྱི་མི་སེར་ཡིན་པའི་ཧོང་ཀོང་དཔེ་ཚོང་ཁང་གི་སྦྱིན་བདག་གཉིས་འཛིན་བཟུང་བྱས་ཡོད་ལ། ཁོ་གཉིས་ཀྱིས་ཞིས་ཅིན་ཕིན་གྱི་དགའ་བོ་ཚོའི་སྐོར་ཀྱི་དེབ་ཞིག་འདོན་འཆར་ཡོད་པར་བརྟེན་འཛིན་བཟུང་བྱས་པ་ཡིན་འདུག ཡང་ཁ་སང་ཧྥ་རན་སིའི་ནང་རྟེན་གཞི་བྱས་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་སྐུ་ཞབས་པིས་ཊར་རྡ་ལིན་གཙོས་མི་གཞན་ཁག་ཅིག་ལ་བཙན་གྱིས་རང་སྐྱོན་ངོས་ལེན་དང་འགྱོད་བཤགས་གནང་གི་ཡོད་པའི་བརྙན་ཐུང་བཟོས་ཏེ་ཕྱི་ལོགས་སུ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པས། ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་བཞིན་པའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དབུས་བརྙན་འཕྲིན་ཁང་དང་ཞིན་ཧྭ་གསར་ཁང་གཉིས་བཀག་སྡོམ་བྱ་དགོས་བའི་འབོད་སྐུལ་གནང་འདུག

ཡོ་རོབ་བོད་གནས་དྲ་བའི་གསར་འགོད་པ་ས་དཀར་བཀྲ་ཤིས་ཀྱིས་སྤེལ།

གསར་འགྱུར།

Post navigation

Previous Post: དུས་དེང་སང་།
Next Post: ཚུལ་ཁྲིམས་བློ་གྲོས་ཀྱིས་བླ་རུང་སྒར་ལ་བསྡུས་གྲྭ་དགོས་མིན་གླེང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme