Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

Posted on 2009-10-032009-10-03 By lungrik 9 Comments on རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད། དགེ་བསྟན་གྱིས།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ལྔ་བ། དོན་ཚན་སོ་བདུན་པའི་ནང་གསལ་ལྟར་གྱི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་གྲུབ་ཆ་དང་ཡོང་ཁོངས་ཀྱི་ལམ་ལུགས་དེ་ནི་མེད་དུ་མི་རུང་བའི་དམངས་གཙོའི་ཆ་རྐྱེན་ཞིག་མིན་ཡང་ད་ལྟའི་བར་དུ་གལ་ཆེའི་ལམ་ལུགས་ཤིག་ཏུ་བརྩིས་ཡོད། འོན་ཀྱང་ལམ་ལུགས་དེ་ང་ཚོས་དེ་སྔའི་བྱུང་རིམ་དང། ད་ལྟའི་གནས་བབ།འབྱུང་འགྱུར་གྱི་དགོས་མཁོ་བཅས་ཕྱོགས་གང་ནས་དཔྱད་ཀྱང་ཕན་རླབས་ཆེ་བའི་ལམ་ལུགས་ཤིག་ཏུ་མ་མཐོང། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

ཁོངས་སོ་སོ་ནས་ཡོང་བའི་སྤྱི་འཐུས་གཙོ་བོར་གྱུར་བའི་མི་སྣ་ཁག་ཅིག་གིས་གྲུབ་ཆ་དེ་གལ་གནད་ཆེ་བའི་རྒྱུ་མཚན་དུ་ཆོལ་ཁ་ཆོས་ལུགས་གལ་ཆེན་ཡིན་པ་བགྲང་གི་ཡོད། ཆོལ་ཁ་ཆོས་ལུགས་གལ་ཆེ་ཡིན་ཡང་ཆོལ་ཁ་ཆོས་ལུགས་ཀྱི་འཐུས་མི་ཚོས་ཆོལ་ཁ་ཆོས་ལུགས་ལ་དོན་དམ་གྱི་ཕན་ཐོགས་གང་འདྲ་ཞིག་བྱུང་གི་ཡོད་མེད་ལ་ང་ཚོས་ངེས་པར་དཔྱད་ཞིབ་བྱེད་དགོས་པའི་གནད་དོན་ཞིག་མ་རེད་དམ། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད། ལྷག་པར་དེང་སྐབས་ཆོལ་ཁ་ཆོས་ལུགས་ཁག་གི་སྤྱི་འཐུས་མི་ཉུང་བ་ཞིག་ཆགས་སྡང་རགས་པའི་དབང་དུ་གྱུར་ཏེ་སྒོ་གསུམ་རྩུབ་སྤྱོད་ཀྱི་རྣམ་འགྱུར་ཚད་ལས་བརྒལ་བ་སོགས་ཀྱི་སྟེང་ནས་མཐོང་སྣང་ངན་པ་ཞིག་ཡོང་གི་ཡོད་ལ།དེའི་རྐྱེན་གྱིས་ཆོལ་ཁ་དང་ཆོས་ལུགས་ལ་རྨ་ཤུལ་ཆེན་པོ་བཟོ་བཞིན་ཡོད་པས། གནད་དོན་དེ་དང་དེས་མཚོན་པའི་བཙན་བྱོལ་བོད་མིའི་དམངས་གཙོའི་ཞན་ཆ་ཁག་གི་འབྱུང་རྩ་ལ་ངེས་པར་འགྱུར་བཅོས་གཏོང་བའི་དུས་སུ་སླེབས་ཡོད་པར་སྙམ། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

གལ་ཏེ་ཆོས་ལུགས་སྤྱི་འཐུས་ཀྱི་ས་མིག་དེ་ཡོད་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང། མེད་ན་དར་རྒྱས་མི་ཐུབ་པའི་གནད་དོན་ཞིག་མིན་ལ། ཆོས་ལུགས་སྤྱི་འཐུས་ཀྱི་ས་མིག་ཡོད་ན་དམངས་གཙོ་ཚད་ལྡན་ཡིན་པ་དང་མེད་ན་ཚད་མི་ལྡན་པ་ཞིག་དེ་བས་ཀྱང་མིན་པར་སྙམ། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

དེར་མ་ཟད་ཆོས་ལུགས་སྤྱི་འཐུས་ཀྱི་ས་མིག་དེ་དམངས་གཙོའི་ཁེ་དབང་དོ་མི་མཉམ་པའི་དོན་དངོས་གནད་དོན་ཞིག་ཏུ་གྱུར་ཡོད་པས་ངེས་པར་འགྱུར་བཅོས་གཏོང་གལ་ཆེ་བར་མངོན། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

ཡང་ཅིག་བཤད་ན་ཆོལ་ཁ་ཆོས་ལུགས་སྤྱི་འཐུས་ཡོང་ཁོངས་ལ་གཞིགས་པའི་འོས་འདེམས་བྱེད་སྟངས་དེའི་མཇུག་འབྲས་སུ་གྱུར་བའི་ཞན་ཆའི་གནད་དོན་མང་ཞིང། དེ་ཡང་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་སུ་ལྷུང་འདོད་མེད་མཁན་ཞིག་ཡིན་ན་ཡང་འདམ་བྱ་དང་འདེམ་བྱེད་གང་དུ་ཞུགས་ཚེ་རང་བཞིན་གྱིས་ཕྱོགས་སུ་མི་ལྷུང་ཀ་མེད་དུ་གྱུར་ཡོད། གནད་དོན་འདི་གཅིག་པུའི་སྟེང་ནས་ཀྱང་ཞན་ཆ་མང་དག་ཅིག་མཐོང་ཐུབ་པས་སྐྱོན་གནད་དེ་སེལ་དགོས་ན་འོས་འདེམ་བྱེད་སྟངས་ལ་འགྱུར་བཅོས་གཏོང་དགོས་པར་སྙམ། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

གལ་སྲིད་ཆོལ་ཁ་སོ་སོའི་སྤྱི་འཐུས་བཅུ་རེ་ངེས་པར་དགོས་པ་ཞིག་ཡིན་ནའང་འོས་སྔོན་འགྲོ་སྔར་བཞིན་ཆོལ་ཁོངས་སོ་སོ་ནས་འོས་འདེམས་བྱ་རྒྱུ་ལས།འོས་དངོས་གཞིར་ཆོལ་ཁ་རིས་མེད་ཀྱི་ངོ་བོ་ཐོག་གྲངས་ཚད་བཅུ་རེ་འདེམས་ཐུབ་བྱ་རྒྱུའི་ཁྲིམས་ལུགས་ཤིག་ངེས་པར་དགོས་གལ་མཐོང་། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

བཀའ་བློན་ཁྲི་པ་དང་སྤྱི་འཐུས་སོགས་ཀྱི་འོས་བསྡུའི་ལས་རིམ་ནང་འོས་འཕེན་མཁན་ཡོད་ཚད་མཉམ་ཞུགས་ཡོང་ཐུབ་པ་ལ་ཐབས་ལམ་མེད་པ་མིན་ཏེ། རང་བདེན་ལག་དེབ་ཀྱི་ཁྲལ་དངུལ་ལོ་ལྟར་འབུལ་དགོས་པ་དེ་བོད་མི་ཡོད་དོ་ཅོག་གི་གཞི་རྩའི་ཆ་རྐྱེན་ཞིག་ཏུ་གཞུང་འབྲེལ་གྱིས་གཏན་འབེབས་གནང་ཡོད་པ་ལྟར། ལག་དེབ་དེའི་མཇུག་ཏུ་འོས་འཕེན་མིང་འགོད་ཀྱི་རེའུ་མིག་ཅིག་གསར་བསྣོན་བྱས་ཏེ་ལོ་རེའི་ཁྲལ་དངུལ་གཙང་འབུལ་དགོས་པ་བཞིན་སྐབས་སོ་སོའི་འོས་ཤོག་ཆ་ཤས་གཙང་ལེན་དགོས་པ་གཞི་རྩའི་ཆ་རྐྱེན་ཏུ་གཏན་འབེབས་གནང་ཚེ་འོས་འཕེན་སྔར་ལས་མང་དུ་འགྲོ་ངེས་ཡིན་པར་སྙམ། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

དཔྱད་རྩོམ།

Post navigation

Previous Post: སྨོན་ལམ་བོད་ཡིག་༣.༡ རིང་མིན་འདོན་འཆར་ཡོད་ཟེར།
Next Post: ཆོལ་གསུམ། ༼གླུ་ཚིག༽

Comments (9) on “རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།”

  1. chime in italy says:
    2009-10-03 at 6:11 am

    good idea, but. it is very difficult to understant our people.

  2. ར་ལོ་མགོན་པོ་ནས། says:
    2009-10-03 at 7:21 am

    ངས་བསམ་ན་དེ་ནི་ཁག་པོ་རེད་འདོད་པ་ལས་གཞན་ཐག་བཅད་ནས་བཤད་མི་ཐུབ། གྲོས་ཚོགས་འཐོར་བའི་དུས་སྐབས་སུ་ཡང་མཆན་འགོད་པ་སྙུག་ཐོག་པའི་དྲང་པོ་བརྗོད་མ་སོང་། ད་དུང་ཡང་ཕྱོགས་ལྷུང་མེད་པ་ཞིང་མེད་ན། མཆར་འགོད་པ་དེ་ལས་དགོས་པ་མེད།

  3. ཆོས་འཕེལ། says:
    2009-10-03 at 7:25 am

    ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཇི་སྲིད་གནས་ཀྱི་བར་དུ་ཆོས་ལུགས་ཀྱི་སྤྱི་འཐུས་ཡོད་དགོས་ངེས་རེད་ལ། རང་རེའི་བཙན་བྱོལ་གྱི་འཁོར་ཡུག་དང་མཚམ་པའི་ཆོལ་ཁའི་སྤྱི་འཐུས་དེ་ཡང་ཡོད་དགོས་ངེས་ཤིག་རེད། གངས་ཅན་སྤྱི་ཤོད་དུ་འཚོགས་པའི་སྤྱི་འཐུས་རྣམས་ནི་རང་རེ་བཙན་བྱོལ་གཅིག་པུར་མིན་པ། གཞིས་ལུས་བོད་མི་མང་གི་ཚབ་ཀྱང་བྱེད་ཀྱི་ཡོད་པའི་ཟོལ་མ་རེད་པས། བྱས་ཙང་ཆོལ་ཁའི་སྤྱི་འཐུས་དེའང་དགོས་ངེས་ཤིག་ཏུ་མཐོང་གིན་ཡོད།
    ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་པའི་དུས་སུ་སླེབ་མེད་ལ། ཆོལ་ཁ་སོ་སོའི་སྤྱི་འཐུས་མི་དགོས་པའི་དུས་ཞིག་དེ་ལས་སླེབ་མེད། ་ད་ལྟ་རང་ཅག་གིས་ཁ་ཚ་དགོས་ཐུག་གིས་གླེང་དགོས་པ་དེ། སྤྱི་འཐུས་རྣམས་ཀྱི་ནང་དུ་ཤེས་ཡོན་དང་འཇོན་ཐང་འཛོམ་ཞིང་། བོད་སྤྱི་བའི་དོན་དེ་ཆོལ་ཁ་དང་ཆོས་ལུགས་ལས་ཀྱང་གཙོ་ཆེར་བཟུང་ངེས་ཞིག་སླེབས་ཐུབ་པ་བཟོ་ཡ་དེ་རེད།

    ད་ལྟའི་ནད་རྙིང་ཁོང་སྐྲན་ཅན་རྣམས་རྒན་ཡོལ་དུ་གཏོང་དགོས་ངེས་རེད་བསམ་གྱི་ཡོད།

  4. ཆོས་འཕེལ། says:
    2009-10-03 at 7:29 am

    ཝ་ནར་སློབ་གྲྭ་སོགས། བཙན་བྱོལ་གྱི་སློབ་གྲྭར་འགྲོ་མྱོང་མཁན་ཞིག་ཡིན་ན། ཕྱོགས་ཞེན་ཀྱིས་སླད་པའི་འཁྲུགས་རྐྱེན་ཉུང་ངུ་འགྲོ་ཐུབ།

  5. གསེར་ཆོས། says:
    2009-10-03 at 12:05 pm

    ཆོས་འཕེལ་གྱིས་ཇི་སྐད་གསུངས་པ། དེ་དེ་བཞིན་ནོ། དེ་དེ་བཞིན་དུ་མངོན་པར་བསྟོད་དོ།
    ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིགས་རྟེན་ཡི་རང་སྟེ་ཆོས་འཕེལ་གྱི་གསུངས་པ་ལ་མངོན་པར་བསྟོད་དོ།

  6. སྔོན་པོ་་ says:
    2009-10-03 at 1:01 pm

    ང་ལ་ཐབས་ལམ་ཡག་པོ་ཞིག་ཡོད། ད་ནས་བཟུང་མདོ་སྟོད་ཀྱི་སྤྱི་འཐུས་བཅུ་བོ་མདོ་སྨད་མི་མང་གིས་འོས་འདེམས་བྱོས། དབུས་གཙང་གི་སྤྱི་འཐུས་བཅུ་བོ་མདོ་སྟོད་མི་མང་གི་འོས་འདེམས་བྱོེདས། མདོ་སྨད་ཀྱི་སྤྱི་འཐུས་བཅུ་བོ་དབུས་གཙང་མི་མང་གིས་འོས་འདེམས་བྱོས། དགེ་ལུགས་འཐུས་མི་རྙིང་མ་བ་ཚོས་འོས་འདེམས་བྱོས། རྙིང་མའི་འཐུས་མི་བོན་པོས་འོས་འདེམས་བྱེད་པ་སོགས་བྱེད་ཐུབ་ན་དགོས་མཚན་ཆེ་ཞིང་རྙོག་དྲ་ཆུང་་བ་རེད་འདུག

  7. གསེར་ཆོས། says:
    2009-10-03 at 1:06 pm

    ངས་བལྟས་ན་ཁམས་པའི་མི་བཅུ་ཆོལ་ཁ་གསུམ་གྱིས་འོས་འདེམས་ཀྱིས། དབུང་གཙང་གི་མི་བཅུ་ཆོལ་ཁ་གསུམ་གྱིས་འོས་འདེམས་ཀྱིས། ཨ་མདོའི་མི་བཅུ་ཆོལ་ཁ་གསུམ་གྱིས་འོས་འདེམས་ཀྱིས།

  8. མདའ་ཚན་ཚེ་རིང says:
    2009-10-05 at 3:02 pm

    ཆོས་སྲིད་ཟུང་འབྲེལ་ཡིན་ན་ངེས་པར་ཆོས་བརྒྱུད་སྤྱི་འཐུས་ཡོང་དགོས་ཞེས་པ་འདི་ཆོས་སྲིད་ཟུང་འབྲེལ་ལ་རྒྱུས་མངའ་མེད་པའི་སྐད་ཆ་ཞིག་རེད། ཆོས་སྲིད་ཟུང་འབྲེལ་ཡིན་ཙང་ང་ཚོར་གཞུང་འབྲེལ་གྱི་ཆོས་དོན་བཀའ་བློན་ཡོད་པ་མ་ཟད་ཆོས་དོན་ལས་ཁང་ཡོད་ལ། ད་དུང་ང་ཚོ་བོད་མི་ཞིག་ཡིན་ཕྱིན་ཕལ་ཆེ་བ་ནང་པ་རང་ཡིན་པས། ང་ཚོའི་སྤྱི་འཐུས་ཀྱི་ནང་དུའང་རང་བཞིན་གྱིས་ཆོས་བརྒྱུད་མ་འདྲ་བ་ཡོང་གི་ཡོད་ན་དེ་ལས་ལྷག་གི་ཆོས་སྲིད་ཟུང་འབྲེལ་གྱི་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་དགོས་དོན་ཡོད་དམ།

  9. བསོད་ནམས་ཚེ་རིང༌། says:
    2009-10-05 at 11:50 pm

    ཁྱེད་རང་ཚོས་དགོངས་པ་བཞེས་ནས་བསམ་བློ་ཞིག་ཐོངས་དང་། ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་མཁན་དང་། ཆོལ་ཁའི་སྤྱི་འཐུས་མི་དགོས་ཟེར་མཁན། དེ་བཞིན་བཙན་བྱོལ་བོད་པའི་ས་གནས་ཀྱི་འཐུས་མི་མང་དུ་གཏོང་ཐབས་དགོས་ཚུལ་བརྗོད་མཁན་ཚང་མ་གཙོ་བོ་དབུས་གཙང་པ་རེད། ད་དུང་སྔོན་འགྲོ་ཆོལ་ཁ་སོ་སོས་བླུགས། དངོས་གཞི་ཚང་མས་མཉམ་དུ་བླུགས་དགོས་ཞེས་པ་དེ་ཡང་དབུས་གཙང་པས་རྗེས་སུ་དྲན་པའི་བསམ་ཚུལ་ཞིག་རེད། སྤྱི་ཡོངས་ཀྱི་ཆ་ནས་དེ་དྲང་པོ་ཞིག་དང་སྤྱི་མི་ཚད་དང་ལྡན་པ་ཞིག་ཡོང་བའི་ཆེད་དུ་མིན་འགྲོ་བསམ་པ་དྲན་མྱོང་ཡང་། ཁ་སང་གྲོས་ཚོགས་ནང་གི་རྩོད་རྙོག་ལ་བརྟེན་ནས་ཀརྨ་ཆོས་འཕེལ་གྱིས་དབུས་གཙང་སྤྱི་འཐུས་ཀྱི་བསམ་ཚུལ་ལས་བརྒལ་ནས་མདོ་སྟོད་ཀྱི་སྤྱི་འཐུས་ཀྱི་བསམ་ཚུལ་དང་གཅིག་མཚུངས་ལྟར་བཤད་པར། དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་འཚོགས་ནས་ཀརྨ་ཆོས་འཕེལ་དགོངས་པ་ཞུ་དགོས་པའི་གྲོས་ཆོད་བཞག་པ་རེད། དེ་ལ་བརྟེན་ནས་གསལ་པོ་ཆགས་པ་ནི། མདོ་སྟོད་ཀྱི་བསམ་ཚུལ་དང་གཅིག་མཚུངས་ཡོད་པའི་དབུས་གཙང་གི་སྤྱི་འཐུས་སུ་གཅིག་ཀྱང་ཡོད་མི་ཆོག་པ་དེ་གསལ་པོར་གྱུར་པ་རེད།
    དེ་ཡིན་དུས་ངའི་སྔོན་མའི་བསམ་ཚུལ་དེ་ལ་རང་བཞིན་གྱིས་འགྱུར་བ་ཆེན་པོ་ཞིག་ཐེབས་སོང་། རྒྱུན་ལས་ནང་ཆོལ་ཁོངས་མདོ་སྟོད་ཡིན་པའི་མི་མང་བས་དྲང་པོ་མ་རེད་ཅེས་བརྗོད་པ་དེ་དང་། ས་གནས་ཀྱི་ལས་སྣེ་བ་རྣམས་ཀྱི་ནང་དུ་དབུས་གཙང་བ་མི་མང་བས་དྲང་པོ་བྱེད་ཀྱི་མི་འདུག ཅེས་བྷེལ་ཀོབ་སོགས་སུ་ཆོལ་ཁ་གཞན་གཉིས་ཀྱིས་བསམ་ཚུལ་བཤད་པ་དང་དོན་དངོས་ཐོག་གཅིག་མཚུངས་སུ་གྱུར་པ་རེད།
    སྔོན་འགྲོ་ཆོལ་ཁ་སོ་སོས་བླུགས་ཀྱང་འདྲ། དངོས་གཞི་ཡོངས་རྫོགས་ཀྱིས་མཉམ་དུ་བླུག་རྒྱུ་ཞིག་བཟོས་ན་བཙན་བྱོལ་ནང་དབུས་གཙང་གི་མི་འབོར་ཧ་ཅང་བས། སྤྱི་འཐུས་ཡོངས་རྫོགས་ཀྱིས་དབུས་གཙང་ལ་མི་བསྟུན་ཀ་མེད་ཆགས་པ་དང་། ཁོངས་མདོ་སྟོད་དང་མདོ་སྨད་ནས་ཡོང་བ་ཞིག་ཡིན་ཡང་། འོས་གང་བླུགས་དབུས་གཙང་མི་མང་གི་ལག་པར་ཡོད་སྟབས། གང་ལྟར་མཐར་ཐུག་གི་དབང་བསྒྱུར་མཁན་དབུས་གཙང་མི་མང་རེད།
    ད་བར་བོད་གཞུང་གི་གཞུང་ཞབས་ལས་བྱེད་ནང་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་ཆད་ཕལ་ཆེ་བ་དབུས་གཙང་པ་རེད། སྐབས་རེ་མ་དྲང་པའི་གནས་ཚུལ་ཡང་བཤད་ཀྱི་ཡོད་པ་རེད། འོན་ཀྱང་ད་བར་དེ་ལྟ་བུའི་བསམ་ཚུལ་ཆོལ་ཁ་གཞན་པ་སུ་གཅིག་གིས་ཀྱང་བཤད་མྱོང་ཡོད་པ་མ་རེད།
    སྤྱི་འཐུས་ནང་ཚང་མ་ཆོལ་ཁ་སོ་སོའི་མི་གཅིག་མཚུངས་ལྟ་བུ་སླེབས་པ་དེ་དབུས་གཙང་མི་མང་གི་ངོས་ནས་མ་དྲང་བ་ཞིག་ཏུ་མཐོང་བཞིན་ཡོད་ན། ད་ཕྱོགས་ཡོངས་ནས་བསམ་བློ་གཏོང་དགོས་པ་ཞིག་རེད།
    ང་ཡིན་ན་གནས་ལུགས་དང་རྒྱུ་མཚན་གང་ཐད་ནས་བལྟས་ཀྱང་གོང་དུ་ཁག་ཅིག་གིས་བཤད་པ་དེ་དག་ཚང་མ་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་བསམ་བློ་རྒྱ་ཆེན་པོ་འཁོར་མ་མྱོང་བ་ལྟ་བུ་ཞིག་ཏུ་གྱུར་འདུག དེར་བརྟེན་གཞིས་བྱེས་མཉམ་འཛོམས་མ་བྱུང་གི་བར་དུ་ཆོལ་ཁ་ཆོས་བརྒྱུད་སྤྱི་འཐུས་རང་འཇགས་དགོས་པ་འདི་གལ་ཆེན་པོར་བརྩི་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme