Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་འགྲན་བསྡུར་ཐེངས་༢༤ པ་འགོ་འཛུགས་གནང་བ།

Posted on 2018-04-03 By ཁ་བརྡ No Comments on རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་འགྲན་བསྡུར་ཐེངས་༢༤ པ་འགོ་འཛུགས་གནང་བ།

དོན་འགྲུབ་བཀྲ་ཤིས་ནས།
 
དེ་རིང་ཕྱི་ལོ་༢༠༡༨ ཟླ་བ་༣་ཚེས་༣༡ ཉིན་བརྒྱབ་ཕྱག་ཚོད་གསུམ་པའི་ཐོག་བོད་རྒྱལ་ཡོངས་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་པོ་ལོའི་འགྲནབབསྡུར་ཐེངས་༢༤ པ་དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རྩེད་ཐང་གསར་པའི་ནང་འགོ་འཛུགས་གནང་ཡོད་པ་རེད།

དེ་རིང་རྩེད་འའགྲན་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་སྨད་ཐོས་བསམ་ནོར་གླིང་གྲ་ཚང་གི་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན་མཆོག་ཕེབས་ཡོད་ཅིང་དེ་བཞིན་གཟིགས་མོ་བ་སྟོང་ཕྲག་གཉིས་ཙམ་ཞིག་ཕེབས་འདུག

ཐོག་མར་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་རོལ་དབྱངས་དང་བཅས་ཏེ་བླངས་པའི་རྗེས་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་སྲེགས་གིས་བློས་གཏོང་གནང་མཁན་རྣམས་གཙོ་བོར་གྱུར་བའི་རྒྱལ་གཅེས་བོད་མི་འདས་སོན་ཡོངས་ཀྱི་ལྷག་བསམ་སྙིང་སྟོབས་རྗེས་སུ་དྲན་པའི་སྒོ་ནས་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་བཏུད་ཞུས་གནང་སོང་ལ་སྐུ་གྲོན་གཙོ་བོ་མཆོག་གིས་རྩེད་འགྲན་དབུ་འབྱེད་གནང་བ་དང་ཆབས་ཅིག་རྩེད་འགྲན་དེའི་འདྲ་ཞིག་ཚུགས་པར་ཡི་རངས་བསྔགས་བརྗོད་དང་འབྲེལ་སླད་མར་ཡང་རྒྱ་གར་ཙམ་མ་ཡིན་པར་ཕྱི་རྒྱལ་ཁབ་ཁག་ལ་ཁྱབ་ཐུབ་པའིི་ཡར་རྒྱས་གཏོང་ཕྱོགས་ཀྱི་བླང་དོར་གསུང་བཤད་གནང་སོང་།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་པ་སངས་ལགས་ཀྱི་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་ཞིང་བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་རྩེད་འགྲན་གྱི་འབྱུང་རིམ་དང་རྩེད་འགྲན་དེ་ཚོགས་དགོས་དོན་དང་དེ་བཞྀན་རྩེད་མོ་དེ་ཚགས་འཚུད་ལམ་ལྷོངས་ཡོང་སླད་བླང་དོར་གྱི་སྒྲིག་གཞི་ཁག་ཡག་པོ་སྲུང་དགོས་པའི་འབོད་སྐུལ་དེ་ལྟར་གནང་ཡོད་སྒྲ།།

མཐའ་དོན་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་གི་ངོས་ནས་རྟེན་འབྲེལ་མཚོན་ཆེད་ཡར་ཀླུང་བཀྲིས་ཞོལ་པའི་འཁྲབ་སྟོན་དང་དེ་བཞིན་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་པའི་སྒོ་ནས་ དེ་རིང་ཉིན་དང་པོའི་འགྲན་བསྡུར་ནང་ཐོག་མ་དེ་སྦེལ་ཀོབ་བོད་མིའི་གཞིས་ཆགས་གྷོ་ལ་ཐ་ལ་རུ་ཁག་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རུ་ཁག་་ཀ་པ་གཉིས་དབར་འགྲན་བསྡུར་གནང་སོང་།

རྩེད་འགྲན་དེ་བཞིན་དེ་རིང་ཕྱི་ཚེས་ ༣༡ ཉིན་ནས་ཕྱི་ཟླ་ ༤ ཚེས་ ༡༠ བར་ཚོགས་གནང་གི་ཡོད་པ་རེད་ཐེངས་འདིའི་འགྲན་སྡུར་ནང་རྒྱ་གར་དང་བལ་ཡུལ། ཁེ་ན་ཌ་བཅས་ནས་ཁྱོན་རྩེད་འགྲན་རུ་ཁག་ ༡༩ ཡིས་ཐོ་འགོད་དེབ་སྐྱེལ་བྱས་ཡོད་པ་དང་། འགྲན་སྡུར་སྐབས་རྩེད་འགྲན་གྱི་འགྲོ་ལུགས་ལྟར(League Cum knock out System)རུ་ཁག་རེར་ཉུང་མཐར་ཐེངས་གཉིས་རེར་འགྲན་སྡུར་བྱེད་པའི་གོ་སྐབས་ཡོད་འདུག

སང་ཉིན་མུ་མཐུད་བོད་ཕྲུག་ཁྱིམ་སྡེའི་སྤྱི་མཐུན་རུ་ཁག་དང་སྦེལ་ཀོབ་གྷོ་ལ་ཐལ་རུ་ཁག་གཉིས་་དང་་་གྷོ་བ་རུ་ཁག་དང་་ཀོ་ཐ་གྷི་རི་རུ་ཁག   ་ DYSA དར་ཆེ་གླིང་རུ་ཁག་དང་་ སམ་བྷོ་ཌ་རུ་ཁག   སྦེལ་ཀོབ་བདེ་སྐྱིད་སླར་གསོ་ཪུ་ཁག་ཁ་པ་དང་་Vicotry་ལྦིག་ཀོ་ཀྲོ་རི་རུ་ཁག་བཅས་རུ་ཁག་བཅུ་དབར་འགྲན་བསྡུར་གནང་རྒྱུ་རེད་འདུག

རྩེད་འགྲན་ཚགས་ཚུད་ཡོང་སླད་བདེ་སླར་ས་གནས་མགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱི་སྣེ་འཁྲིད་འགན་འཁུར་འོག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ཞིག་བཙུགས་ཡོད་པ་དང་། ཚོགས་ཆུང་འདིའི་ནང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འཛིན་སྐྱོང་གི་ཚོགས་མི་རྣམ་པ་དང་། བདེ་སླར་མཉམ་འབྲེལ། བདེ་སླར་རྩེད་རིགས་ཚོགས་ཆུང་གི་ཚོགས་མི། གཞིས་གྲོང་ཁག་གི་མགོ་དཔོན། གཞན་ཡང་སྦེལ་ཀོབ་བདེ་སླར་བོད་མིའི་གཞིས་ཆགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་བཅས་ཡོད་འདུག

རྩེད་འགྲན་དེ་བཞིན་ཐོག་མར་ཕྱི་ལོ་༡༩༨༡ ལོར་སྤྱི་ནོར་གོང་ས་སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རྒྱལ་ཡུམ་ཆེན་མོའི་བཀའ་དྲིན་རྗེས་དྲན་ཆེད་དུ་འགོ་འཛུས་ཞུས་ཡོད་པ་དང་བོད་མིའི་སྤྱི་ཚོགས་ནང་དགའ་མོས་ཆེན་པོ་ཞུ་བཞིན་ཡོད་པ་རེད།

གོང་གསལ་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་རུ་ཁག་དེ་རྣམས་ནི  སྦེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཁག་ཀ་པ་དང་ཁ་པ  བོད་ཁྱིམ་སྤྱི་མཐུན་རུ་ཁག གྷོ་ལ་ཐ་ལ་རུ་ཁག མོན་གྷོ་འདོད་རྒུ་གླིང་ན་གཞོན་རྩེད་རིགས་ཚོགས་པ། བལ་ཡུལ་མཆོད་རྟེན་རུ་ཁག་  བདེ་སྐྱིད་གླིང་སམ་བྷོ་ཏྲ་རུ་ཁག  དང་ཟུར་དམག་མིའི་རུ་ཁག  སྒང་ཏོག་རུ་ཁག ལ་དགས་སོ་ནམ་གླིང་རུ་ཁག་ ལྡི་ལི་བསམ་ཡས་གླིང་རུ་ཁག  ཀོ་ལི་གྷལ་དོན་ལྡན་གླིང་རུ་ཁག་། སྦེང་ལོར་ཏ་བླའི་བླ་མ་མཐོ་སློབ་རུ་ཁག ཆོལ་གསུམ་རུ་ཁག  ཅ་ནིལ་མཚམས་རུ་ཁག  དོན་གྲུབ་གླིང་རུ་ཁག  ཧུན་སུར་རབས་རྒྱས་གླིང་རུ་ཁག ་གྷོ་བ་རུ་ཁག་བཅས་རུ་ཁག་བཅས་རེད་འདུག

གསར་འགྱུར།

Post navigation

Previous Post: འདི་ཚོའི་སྙིང་སྟོབས། གླེང་འོས་པའི་བདེ་སྡུག་གསོན་པོ་ཞིག  

Next Post: འོད་ཀྱི་ལམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme