Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ནང་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲ་སྒྲིག་གནང་ཟིན་འདུག

Posted on 2021-01-02 By ཁ་བརྡ 1 Comment on རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ནང་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲ་སྒྲིག་གནང་ཟིན་འདུག

རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་གྲུབ་བཀྲིས།

རྒྱ་གར་ལྷོ་ཕྱོགས་ནང་བོད་མི་འདུས་སྡོད་གཞིས་ཆགས་ཆེ་ཁག་ལྔ་ཡོད་པ་དང་། བཙན་བྱོལ་བོད་མིའི་འོས་ཤོག་འཕེན་མཁན་མང་ཤོས་ས་ཁུལ་འདི་དག་ལ་ཡོདཔ་རེད། ཐོག་མར་རྒྱ་ཆེའི་མང་ཚོགས་ལ་དགའ་འོས་པའི་གཏམ་བཟང་ཞིག་ཞུ་རྒྱུར་ད་ལྟའི་ཆར་ལྷོ་ཕྱོགས་གཞིས་ཆགས་ཁག་ནང་ཏོག་དབྱིབས་ནད་པ་མི་གཅིག་ཀྱང་མེད་པ་ཀླད་ཀོར་རེད། འདི་ལོའི་འོས་བསྡུའི་ཐད་བོད་མི་ཚང་མས་དོ་སྣང་ཧ་ཅང་ཆེན་པོ་གནང་བཞིན་ཡོད་པ་དང་ལྷག་དོན་དུ་འདི་ལོ་ཏོག་དབྱིབས་ནད་ཡམས་སོགས་ཀྱིས་རྐྱེན་པས་ས་གནས་ཁག་ལ་འོས་བསྡུ་དང་འབྲེལ་བའི་གྲ་སྒྲིག་གནང་ཕྱོགས་སྐོར་མང་ཚོགས་ལ་གནས་ཚུལ་སྤེལ་རྒྱུ་ནི་ང་ཚོ་བོད་མིའི་ཡང་དག་པའི་མང་གཙོའི་ཀ་བར་བཞི་པར་ངོས་འཛིན་བཞིན་པའི་གསར་འགོད་པའི་ལས་འགན་ཡིན་པ་བཞིན་ལས་འགན་དེ་སྒྲུབ་སླད།

ལྷོ་ཕྱོགས་གཞིས་ཆགས་ཁག་གི་ས་གནས་འོས་བསྡུའི་འགན་འཛིན་ལ་འབྲེལ་བྱས་ཏེ་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་གྲ་སྒྲིག་ཇི་ལྟར་གནང་ཡོད་མེད་སྐོར་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་ཕྱོགས་བསྡུས་ཞུས་ཡོད།

དེ་ཡང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་གདན་ས་ཆེན་པོ་འབྲས་སྤུངས་དང་དགའ་ལྡན་གཉིས་གཙོ་བོར་གྱུར་བའི་རིས་མེད་དགོན་སྡེ་ཁག་བརྒྱད་དང་གཞིས་གྲོང་དགུ་ཡོད་པ་རེད། དེ་གར་འོས་བསྡུའི་གྲ་སྒྲིག་གནང་ཕྱོགས་སྐོར་མོན་གྷོ་འདོད་རྒུ་གླིང་ས་གནས་ཀྱི་འོས་བསྡུའི་འགན་འཛིན་དང་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་སུ་དྲི་བ་ཞུས་པར་ཁོང་གིས་འགྲེལ་བརྗོད་དོན། དེ་གར་ས་གནས་འོས་བསྡུའི་ལས་བྱེད་ཚོར་ཟབ་སྦྱོང་དང་། འོས་བསྡུའི་ཚོགས་མི་དང་ཟུར་དཔང་དང་ཡི་གེ་བྲི་མཁན་སོགས་ཆ་ཚང་ལས་བགོས་བྱས་ཟིན་པ་མ་ཟད། འོས་ཤོག་དང་འོས་སྒམ་བཅས་ཕྱི་ཚེས་༢ ཉིན་བཀྲམ་རྒྱུ་དང་། མི་འདྲ་བ་ཞིག་ནི་འདི་ལོ་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གསར་པ་ཡིན་པ་དང་། དེ་བཞིན་འདི་ལོ་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་དེ་སྔོན་ལྟར་གྱི་བྱེད་སྟངས་བྱེད་ལུགས་མ་ཡིན་པར་འདི་ལོ་འོས་བསྡུ་བྱ་ཡུལ་སྡེ་ཚན་བདུན་རང་འཇགས་ཡིན་པ་གང་ཞིག་ལ་འབྲས་སྤུངས་དང་དགའ་ལྡན་བླ་སྤྱི་གཉིས་ལ་ཡི་གེ་བྲི་མཁན་མང་རུ་བཏང་ཡོད་པ་དང་། ད་ལྟའི་ཆར་མོན་གྷོ་གཞིས་ཆགས་ནང་ཏོག་དབྱིབས་ནད་དུག་ཀླད་སྐོར་ཡིན་ཀྱང་གལ་སྲིད་ནད་པ་གསར་པ་ཐོན་པ་ཡིན་ན་དེའི་ཆེད་དུ་མོན་གྷོ་གཞིས་ཆགས་ཀྱི་འཕྲོད་བསྟེན་སྨན་ཁང་དུ་འོས་བསྡུ་བྱ་ཡུལ་སྡེ་ཚན་ལོག་སུ་བཟོོས་ཡོད་པ་དང་སྨན་པ་དང་སྨན་བཅོས་ཀྱི་གྲ་སྒྲིག་སོགས་ཆ་ཚང་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ནང་འོས་བསྡུའི་གྲ་སྒྲིག་གནང་ཕྱོགས་སྐོར་གཞིས་འགོ་དགེ་ལེགས་འབྱུང་གནས་ལགས་སུ་དྲི་བ་ཞུས་པར་ཁོང་གིས་གསུང་དོན་ཀོ་ལི་གྷལ་འོས་བསྡུའི་ས་ཚིགས་༦ བཟོས་ཡོད་པ་དང་ས་ཚིགས་རེར་གྲོང་སྡེ་༤ རེ་ཆ་བགོས་བྱས་ཡོད། དེ་བཞིན་འོས་བསྡུའི་ལས་བྱེད་ཚོར་ཟབ་སྦྱོང་སྤྲད་ཟིན་པ་དང་། ཀོ་ལི་གྷལ་གཞིས་ཆགས་ནང་ལ་ད་ལྟའི་ཆར་ཏོག་དབྱིབས་ནད་པ་གཅིག་ཀྱང་མེད་། འོན་ཀྱང་འོས་བསྡུའི་སྐབས་མི་ཚང་མས་ཁ་རས་རྒྱག་དགོས་པ་དང་བར་སྟོང་འཇོག་དགོས་པ་བཅས་དབུས་འོས་བསྡུ་ལས་ཁང་གི་ལམ་སྟོན་བཞིན་གྲ་སྒྲིག་ཆ་ཚང་བྱས་ཟིན་པ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་ཧུན་སུར་སུར་རབས་རྒྱས་གླིང་གཞིས་ཆགས་ནང་འོས་བསྡུའི་སྐབས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་འཕྲོད་བསྟེན་གྱི་ལམ་སྟོན་ཁག་སྲུང་བརྩི་ཞུ་དགོས་པའི་ཐོག་འོས་བསྡུ་བྱ་ཡུལ་ས་ཚིགས་༤ ལ་ཆ བགོས་བྱས་ཡོད་པ་གཞིས་འགོ་ཐུབ་བསྟན་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

ཡང་གསར་འགོད་པས་སྦེལ་ཀོབ་གཞིས་ཆགས་ནང་ས་གནས་ས་ཐོག་ལ་སྐྱོད་ནས་འོས་བསྡུའི་གྲ་སྒྲིག་གནང་ཕྱོགས་གནས་ཚུལ་སྤེལ་ཆ་ཚང་བ་ཞིག་རྟོག་ཐབས་བྱས་པ་ཡིན་ལ་ཕྱི་ཚེས་༣༡ ཉིན་རྒྱབ་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་ནང་ས་གནས་འོས་བསྡུའི་བྱེད་ཚོར་ཟབ་སྦྱོང་གནང་གི་ཡོད་པ་ཤེས་རྟོག་བྱུང་བ་བཞིན་འདི་ག་བོད་ཀྱི་དུས་བབ་གསར་འགོད་པ་དང་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་མཉམ་དུ་ཟབ་སྦྱོང་སྤྲད་ཡུལ་དུ་གནས་ཚུལ་རྒྱུས་ལོན་བྱེད་དུ་འགྲོ་སྐབས་ཟབ་སྦྱོང་གནང་མཁན་ས་གནས་འོོས་བསྡུའི་ཚོགས་གཙོ་ལུགས་བསམ་ས་གནས་འགོ་འཛིན་གྱིས་ང་ཚོ་འདིར་འོས་བསྡུའི་ཟབ་སྦྱོང་སྤྲོད་ཀྱི་ཡོད། མར་རྒྱུགས་གསུངས་ནས་ལམ་སེང་ཕྱིར་ཕུད་བཏང་བྱུང་བས་དེ་རྗེས་གནས་ཚུལ་གང་ཡང་ཐོབ་མ་བྱུང་། ཡིན་ན་ཡང་སྦེལ་ཀོབ་ལུགས་བསམ་ཁྱབ་ཁོངས་སུ་འོས་བསྡུའི་ས་ཚིགས་དེ་སྡོན་ལྟར་མཉམ་འབྲེལ་ཚོགས་ཁང་དང་། གྲོང་སྡེ་བཞི་པའི་སྤྱི་ཁང་། གཞིས་གྲོང་ལྔ་དྲུག་གཉིས་ཀྱི་སྤྱི་ཁང་། རྣམ་གྲོལ་གླིང་འཆམ་ར། སེ་ར་བླ་སྤྱི་འདུ་ཁང་། སེར་སྨད་ཆོས་ར། སེར་བྱེས་ཆོས་ར། བཅས་ས་གནས་༧ དང་སྡེ་ཚན་་༩ ལ་ཆ བགོས་བྱས་ཡོད་པའི་ཡི་གེ་ཞིག་མཐོང་བྱུང་བ་ལས་དེ་མིན་གནས་ཚུལ་གང་ཡང་ཤེས་རྟོག་མ་བྱུང་བས་རྒྱ་ཆེའི་མང་ཚོགས་ལ་དགོངས་སེལ་ཞུ་རྒྱུ་ཡིན། དེ་བཞིན་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ཁྱབ་ཁོངས་སུ་འོས་བསྡུའི་ས་ཚིགས་དེ་བདེ་སྐྱིད་སླར་གསོ་མི་མང་ཚོགས་ཁང་དང་ཅོག་ཀུར་གྲོང་སྡེ་གཉིས་ལ་རེད་འདུག དེ་བཞིན་ཕྱི་ཚེས་༣༠ ཉིན་གཞིས་ཆགས་ཁག་ནང་སྲིད་སྤྱིའི་འོས་མི་དྲིལ་བསྒྲགས་ཀྱི་པར་རིས་ཚང་མ་གཅིག་ཀྱང་མ་ལུས་པར་བཀོག་ཟིན་ཡོད་པ་དང་མི་ཚང་མས་རང་གི་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་གྲ་སྒྲིག་བྱས་ནས་སང་ཉིན་འོས་འཕེན་རྒྱུར་སྒུག་ནས་བསྡད་འདུག

སྤྱིར་ལོ་ཤས་གོང་ནས་གསར་འགོད་པས་རང་དབང་ངང་ས་གནས་ཀྱི་གནས་ཚུལ་སྤེལ་རྒྱུར་ཡང་ནས་ཡང་དུ་དཀའ་ངལ་འཕྲད་བཞིན་འདུག

རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་གྲུབ་བཀྲིས།།

གསར་འགྱུར།

Post navigation

Previous Post: དབྱངས་གསལ་བདག་མོ།
Next Post: རིན་ཆེན་སྒྲོན་མེའི་དབྱིན་བསྒྱུར་གྱི་ལེའུ། (༢)

Comment (1) on “རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ནང་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲ་སྒྲིག་གནང་ཟིན་འདུག”

  1. བློ་བཟང་། says:
    2021-01-03 at 4:46 am

    ཁྱེད་ལ་་ཁག་མི་འདུག
    དཀའ་ངལ་འདི་་ལོ་ངོ་བཅུའི་རིང་་་ཁྱི་སངས་ཀྱིས་ལྐོག་ལྐོག་སུལ་སུལ་་་བྱེད་རྒྱུ་མང་དྲགས་པས་་་ཁོས་མཐོང་མི་འདོད་པ་ནི་གསར་འགོད་་དྲང་མོ་་དེ་ཚོ་རེད! འོས་བསྡུ་སླེབས་གྲབས་སྐབས་སུ་་་ལི་ཐང་སྲིད་སྐྱོང་གིས་་་ས་གནས་འགོ་འཛིན་དང་དོན་གཅོད་་་་མང་བོ་ཞིག་་་བྲེལ་འཚུབ་ངང་་བརྗེ་བོར་རྒྱབ་སོང་ང་་! ཧ་གོ་གི་ཡོད་པས་་་་དེའི་རྒྱུ་མཚན་གང་ལ་ཐུག་པ་རེད !
    བཙན་བྱོལ་ནང་་བཀྲ་མ་ཤིས་པ་ག་རེ་བྱུང་པ་་དེའི་རྒྱབ་ན་་་ཁྱི་སངས་་དང་ལྡི་ལི་ཆུ་སྒང་་ཇག་ཚོགས་་་དེ་་་ཡོད་པ་རེད! ཚང་མས་ཧ་གོ་བ་གྱིས!

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme