Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་ཚོང་པ་ཁག་ཅིག་གིས་རུབ་རྡུང་བྱས་ཏེ་སློབ་མ་ཞིག་རྐྱེན་ལམ་དུ་བཏང་འདུག

Posted on 2014-02-062014-02-06 By ཁ་བརྡ་ 31 Comments on རྒྱ་གར་ཚོང་པ་ཁག་ཅིག་གིས་རུབ་རྡུང་བྱས་ཏེ་སློབ་མ་ཞིག་རྐྱེན་ལམ་དུ་བཏང་འདུག

གནས་ཚུལ་གཏོང་མཁན། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ།(ལྡི་ལི་མཐོ་སློབ།)

unnamed-4འདི་ལོ་སྤྱི་ཟླ་དང་པོའི་ཚེས་ཉི་ཤུ་རྩ་དགུའི་དགོང་མོ་ཆུ་ཚོད་གཉིས་པ་ཡས་མས་ཙམ་ཞིག་ལ། རྒྱལ་ས་ལྡི་ལི་ནང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པའི་ལོ་ན་བཅུ་དགུ་ལོན་པའི་སློབ་མ་(Nido Tania)ཟེར་བ་ཞིག རྒྱ་གར་ཚོང་བདག་ཁག་ཅིག་གིས་རུབ་རྡུང་བྱས་ནས་རྐྱེན་ལམ་དུ་བཏང་ཡོད་པ་རེད། ཚགས་པར་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལན་གྱི་མི་གསོད་གྱོད་གཞི་ཡི་བྱུང་རྐྱེན་འདི་ནི་མི་རིགས་འཐེན་འཁྱེར་(Racism)གྱི་ངོ་བོ་ཚབས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། ད་ལྟ་ལྡི་ལི་གཙོས་པའི་རྒྱ་གར་གྱི་མངའ་སྡེ་གཞན་མང་པོའི་ནང་འཚོ་སྡོད་དང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་གར་བྱང་ཤར་ཁུལ་གྱི་གཞོན་སྐྱེས་(North East Students) ཕོ་མོ་གང་མང་ཞིག་གིས་ས་གནས་གང་སར་གནད་དོན་འདི་དང་འབྲེལ་ནས་མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གང་མང་ཞིག་སྤེལ་བཞིན་ཡོད།

རྒྱ་གར་དུས་བབས་ཀྱི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་འཁོད་དོན་ལྟར་གཞིགས་ན། སྤྱི་ཟླ་དང་པོའི་ཚེས་ཉི་ཤུ་རྩ་དགུ་ཉིན། སློབ་མ་གང་དེ་རང་ཉིད་ཀྱི་གྲོགས་པོ་ཁག་ཅིག་དང་ལྷན་དུ་ལྡི་ལིའི་ལྷོ་ངོས་ཀྱི་(Lajpat Nagar)ཁྲོམ་གཞུང་དུ། རང་ཉིད་འགྲོ་སའི་ས་གནས་ཀྱི་ཁ་བྱང་མ་རྙེད་པར་གཡས་གཡོན་གྱི་མི་སྐོར་ཞིག་ལ་སྐད་ཆ་དྲིས་དུས། ཉེ་འགྲམ་དུ་ཡོད་པའི་རྒྱ་གར་ཚོང་བདག་ཅིག་གིས་ཁོའི་སྐྲའི་བཟོ་ལྟ་དང་གདོང་དབྱིབས། གོས་ལོག་གྱོན་སྟངས་རྣམས་ལ་ཁྱད་གསོད་དང་འཕྱ་དམོད་སོགས་བྱས་པ་དང་། ཁོས་ཀྱང་སྣང་ཚུལ་དེ་སེམས་ཀྱི་མ་བཟོད་པར་རྒྱ་གར་ཚོང་པ་དེའི་ཚོང་ཁང་དུ་སོང་ནས་
མདུན་གྱི་ཤེལ་སྒོ་དེ་ཁུ་ཚུར་བཞུས་ནས་བཅག་ཅིང་། ཚོང་བདག་དེ་ཡང་བསྐྱར་མི་དྲུག་བདུན་ཙམ་འཁྲིད་ཡོང་ནས་ཁོ་ཚོ་གྲོགས་པོ་ཚོ་དང་འཁྲུག་འཛིང་ཆེན་པོ་ཤོར་ཡོད་འདུག
གནས་ཚུལ་དེ་བྱུང་བའི་སྐབས་ཉེ་འགྲམ་གྱི་ས་གནས་ཉེན་རྟོག་པ་སླེབས་ནས་སློབ་མ་(Nido Tania)ལ་ཚོང་ཁང་གི་ཤེང་སྒོ་བཅག་པའི་སྐྱིན་ཚབ་ཏུ་སྒོར་མོ་ཁྲི་གཅིག་ཙམ་འཕྲོག་ཡོད་པ་དང་། རྗེས་སུ་ཁོ་ཚོ་ཚང་མ་(Lajpat Nagar)ས་གནས་བཙོན་ཁང་དུ་འཁྲིད་ནས་ཁ་རྡུང་དང་འདྲི་རྩད་རྒྱུན་རིང་པོ་བྱས་ཡོད་ལ། གྲོགས་པོ་གཞན་ཚོ་སྔོན་ལ་བཏང་ནས་ཁོ་རང་གཅིག་པུ་(Lajpat Nagar)ས་གནས་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད།

unnamed-5མཐའ་མ་དེར་ཉེན་རྟོག་པས་ཁོ་རང་ཡང་བསྐྱར་མོ་ཊའི་ནང་འཁྲིད་ནས་ད་གིན་འཁྲུག་འཛིང་ཤོར་སའི་ས་གནས་དེར་རང་འཇགས་བཞག་ཡོད་པ་དང་། ད་ལན་སློབ་མ་དེར་རང་ཉིེད་ཀྱི་གྲོགས་པོ་སོགས་གང་ཡང་མེད་པར་ཁོ་རང་གཅིག་པུར་རྒྱ་གར་ཡུལ་མི་དྲུག་ཙམ་གྱིས་ཡང་བསྐྱར་རྒྱག་པ་དང་ལྕགས་སོགས་གཟུགས་པོ་གང་སར་གཞུས་ནས་རྨས་སྐྱོན་ཚད་མེད་ཕོག་ཡོད་པ་དང་གྲོགས་པོ་ཚོས་(AIIMS)སྨན་ཁང་དུ་འཁྲིད་ཡོང་དུས། ཁོ་རང་སྔ་ས་ནས་འདས་གྲོངས་སུ་གྱུར་ཡོད་པ་རེད།
ད་ལན་གྱི་གནས་ཚུལ་འདིར་ལྡི་ལི་ཉེན་རྟོག་པས་ཞིབ་བཤེར་དང་རྩད་གཅོད་བྱས་པ་བརྒྱུད་རྒྱ་གར་གྱི་མི་དྲུག་ཙམ་ཞིག་ངོས་ཟིན་ཐུབ་ཡོད་ལ། དེའི་ནང་ནས་གཉིས་ད་ལྟ་ལོ་ན་ཆུང་ཆུང་ཡིན་པ་དང་གསུམ་འཇུ་བཟུང་བྱས་ཡོད་དོ།

འདས་པོ་ཁོང་གི་ནང་མི་ཚོས་བཤད་གསལ་ལ། ཁོ་རང་གློ་བུར་དུ་འདས་གྲོངས་སུ་འགྱུར་བ་ནི་ལྡི་ལིའི་ཉེན་རྟོག་པས་ཕལ་ཆེར་གཅར་རྡུང་ཕོག་པའི་རྐྱེན་གྱིས་ཡིན་ས་མ་རེད་ཅེས་བརྗོད་ན་ཡང་། འདི་ལྟ་བུ་གློ་བུར་གྱི་འདས་རྐྱེན་ནི་ཁོ་རང་གི་གཟུགས་པོའི་ནང་རྨ་ཁ་མང་བའི་རྐྱེན་གྱི་ཡིན་ལ།རྒྱ་གར་གཞུང་ངོས་ནས་ཀྱང་གནད་དོན་འདིར་ཐག་གཅོད་ནན་པོ་མ་བྱེད་ན་རྗེས་སོར་གནས་ཚུལ་འདི་རིགས་མུ་མཐུད་བྱུང་ངེས་ཡིན་ཞེས་བརྗོད་ཡོད། ཛ་དྲག་གི་གནས་ཚུལ་འདི་རྐྱེན་པས་ད་ལྟ་ལྡི་ལིའི་ “ཇན་ཏར་མན་ཏར་”(Jantar Mantar)དང་(Lajpat Nagar)གྱི་ཁྲོམ་གཞུང་དུ་ཨ་རུ་ན་ཅལ་དང་མ་ནི་པུར་སོགས་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་མ་ཉིས་སྟོང་ལྷག་ཙམ་ཞིག་གིས་ངོ་རྒོལ་སྐད་འབོད་དང་། “ང་ཚོ་རྒྱ་གར་གྱི་མི་སེར་ཡིན་ནའང་འདི་ལྟ་བུ་མི་རིགས་འཐེན་འཁྱེར་དང་སྐྲའི་བཟོ་ལྟ་ཙམ་ལ་དབྱེ་འབྱེད་བྱེད་མཁན་གྱི་རྒྱལ་ཁབ་འདི་ནང་བསྡད་འདོད་མི་འདུག” ཅེས་བྲིས་པའི་འཕྲེད་དར་ཡང་འཕྱར་ཡོད་པ་རེད།

ཁ་སྔོན་གནས་ཚུལ་དེ་བྱུང་བ་ནས་བཟུང་ད་ལྟའི་བར་སློབ་ཕྲུག་དང་འབྲེལ་ཡོད་ཡུལ་མི་(བྱང་ཤར་ཁུལ་གྱི་ཡུལ་མི།)མང་པོ་ཞིག་གིས་མཚམས་མ་ཆད་པར་ངོ་རྒོལ་དང་དྲིལ་བསྒྲགས་ཤུགས་ཆེན་པོ་བྱེད་པའི་རྐྱེན་གྱིས་ད་ལན་གྱི་གནད་དོན་དེ་ཞི་འཇགས་བྱུང་མེད་ལ། རྒྱ་གར་གཞུང་ཕྱོགས་ཀྱི་དཔོན་རིགས་དང་། ལྷག་པར་དུ་རྒྱལ་ས་ལྡི་ལི་ཡི་གཙོ་འཛིན་གསར་པ་ཨར་ལྦིན་ཀེཇ་རི་ལྦལ་(Arwind Kejriwal)གྱིས་ “གནད་དོན་འདི་ནི་བྱང་ཤར་ཁུལ་གྱི་སློབ་ཕྲུག་དང་ཡུལ་མི་ཚོའི་བདེ་སྡུག་ཙམ་ཞིག་མ་ཡིན་པར་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པ་དང་། མི་རིགས་འཐེན་འཁྱེར་གྱི་ནག་ཉེས་འདི་རིགས་ལྡི་ལིའི་ཉེན་རྟོག་པས་ཞིབ་བཤེར་ཙམ་ཞིག་མ་ཡིན་པར་ཁྲིམས་དཔོན་ཚོའི་ཐག་གཅོད་ནན་པོ་བྱེད་ནས་ཡོང་རྒྱུའི་བདུན་ཕྲུག་གསུམ་བཞི་ནང་ཁུལ་ལ་གནས་ཚུལ་གསལ་པོ་བཟོ་དགོས་པའི་བཀོད་མངགས་གཏང་རྒྱུ་ཡིན།” ཞེས་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་གནང་ཡོད་པ་རེད།unnamed-3

ཉེ་སྔོན་འདས་གྲོངས་སུ་གྱུར་བའི་སློབ་མ་ “ནི་རྡོ་ཏ་ནི་ཡ་”(Nido Tania)ནི་(Lovely Professional University)ཡི་མཐོ་སློབ་ནང་ཚོང་རིགས་ཐོག་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་ཅིག་ཡིན་འདུག་ལ། ཁོང་གི་ཨ་ཕ་ནི་རྒྱ་གར་ཀོང་རེ་སེ་ཚོགས་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་དང་། འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་གི་དྲུང་ཡིག་ཆེ་མོ་ཡང་རེད་འདུག

གསར་འགྱུར།

Post navigation

Previous Post: རེབ་གོང་མགོན་ཤུལ་ནས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཐོན་པ།
Next Post: རྡོག་སྣེ་རུ་རྡུལ་འཕྱུར་བ།

Comments (31) on “རྒྱ་གར་ཚོང་པ་ཁག་ཅིག་གིས་རུབ་རྡུང་བྱས་ཏེ་སློབ་མ་ཞིག་རྐྱེན་ལམ་དུ་བཏང་འདུག”

  1. ཁ་བའི་ཡུལ་གྱར་བ། says:
    2014-02-06 at 3:01 pm

    རྒྱ་གར་ནི་ཡག་ཉེས་མི་ཤིས་མཁན་ཞིག་རེད། ཨ་མེ་རི་ཀས་རྒྱ་གར་ལ་གང་ཅིས་ཐད་རོགས་གང་ཐུབ་བྱས་ཅང་མཐར་རྒྱ་གར་བུ་མེད་གཞུང་ཚབ་ཞིག་གི་ཨ་རིས་ཁྲིམས་འགལ་བྱ་སྤྱོད་སྤེལ་བ་ལ་ཨ་རིས་ཁྲིམས་བཅད་བྱས་པ་དེ་ལ་མི་དགའ་བའི་རྣམས་འགྱུར་ཤུགས་ཆེན་གཏང་ཡོད།
    བོད་དང་རྒྱ་གར་གཉིས་དགེ་སློབ་ཡིན་ཟེར་ནས་མ་ནི་འདོན་འདོན་རེད། ཡིན་ཡང་བོད་རང་བཙན་མ་རེད་ལབ་མཁན་འཛམ་གླིང་ཐོག་རྒྱ་གར་དང་པོ་རེད། རྒྱ་ནག་གི་རྒྱ་གར་ལ་སྔ་ཕྱི་བར་གསུམ་བརྙས་བཅོས་ཁོ་ན་བྱེད་པ་དང། མཐའ་འཚམས་ནས་ལོ་རྟག་པར་བཙན་འཛུལ་བྱེད་ཀྱི་ཡོད། དེ་ལ་ངོ་དགའ་བྱེད་གང་ཐུབ་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-02-06 at 3:24 pm

    ་་་་་་་་ ད་ལན་གྱི་གནད་དོན་དེ་ཞི་འཇགས་བྱུང་མེད་ལ། རྒྱ་གར་གཞུང་ཕྱོགས་ཀྱི་དཔོན་རིགས་དང་། ལྷག་པར་དུ་རྒྱལ་ས་ལྡི་ལི་ཡི་གཙོ་འཛིན་གསར་པ་ཨར་ལྦིན་ཀེཇ་རི་ལྦལ་(Arwind Kejriwal)གྱིས་

    “གནད་དོན་འདི་ནི་བྱང་ཤར་ཁུལ་གྱི་སློབ་ཕྲུག་དང་ཡུལ་མི་ཚོའི་བདེ་སྡུག་ཙམ་ཞིག་མ་ཡིན་པར་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པ་དང་། མི་རིགས་འཐེན་འཁྱེར་གྱི་ནག་ཉེས་འདི་རིགས་ལྡི་ལིའི་ཉེན་རྟོག་པས་ཞིབ་བཤེར་ཙམ་ཞིག་མ་ཡིན་པར་ཁྲིམས་དཔོན་ཚོའི་ཐག་གཅོད་ནན་པོ་བྱེད་ནས་ཡོང་རྒྱུའི་བདུན་ཕྲུག་གསུམ་བཞི་ནང་ཁུལ་ལ་གནས་ཚུལ་གསལ་པོ་བཟོ་དགོས་པའི་བཀོད་མངགས་གཏང་རྒྱུ་ཡིན།”

    ཞེས་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་གནང་ཡོད་པ་རེད། ་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2014-02-06 at 3:25 pm

    ་་་་་་་ པར་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལན་གྱི་མི་གསོད་གྱོད་གཞི་ཡི་བྱུང་རྐྱེན་འདི་ནི་མི་རིགས་འཐེན་འཁྱེར་(Racism)གྱི་ངོ་བོ་ཚབས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2014-02-06 at 3:26 pm

    ་་་་་ རྒྱལ་ས་ལྡི་ལི་ནང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པའི་ལོ་ན་བཅུ་དགུ་ལོན་པའི་སློབ་མ་(Nido Tania)ཟེར་བ་ཞིག རྒྱ་གར་ཚོང་བདག་ཁག་ཅིག་གིས་རུབ་རྡུང་བྱས་ནས་རྐྱེན་ལམ་དུ་བཏང་ཡོད་པ་རེད། ་་་་་་་

  5. Lama says:
    2014-02-06 at 10:54 pm

    རྒྱ་གར་གྱི་དེ་འདྲ་བྱེད་ན་རྒྱ་ནག་མཉམ་དུ་སྡད་ན་མི་བཟང་ངམ་ས་གནས་བྱང་ཤར་ཡུལ་མི་མཚོ་????????

  6. བོད་ཀྱི་བུ་ says:
    2014-02-07 at 2:18 am

    མཐའ་མ་དེར་ཉེན་རྟོག་པས་ཁོ་རང་ཡང་བསྐྱར་མོ་ཊའི་ནང་འཁྲིད་ནས་ད་གིན་འཁྲུག་འཛིང་ཤོར་སའི་ས་གནས་དེར་རང་འཇགས་བཞག་ཡོད་པ་དང་། ད་ལན་སློབ་མ་དེར་རང་ཉིེད་ཀྱི་གྲོགས་པོ་སོགས་གང་ཡང་མེད་པར་ཁོ་རང་གཅིག་པུར་རྒྱ་གར་ཡུལ་མི་དྲུག་ཙམ་གྱིས་ཡང་བསྐྱར་རྒྱག་པ་དང་ལྕགས་སོགས་གཟུགས་པོ་གང་སར་གཞུས་ནས་རྨས་སྐྱོན་ཚད་མེད་ཕོག་ཡོད་པ་དང་གྲོགས་པོ་ཚོས་(AIIMS)སྨན་ཁང་དུ་འཁྲིད་ཡོང་དུས། ཁོ་རང་སྔ་ས་ནས་འདས་གྲོངས་སུ་གྱུར་ཡོད་པ་རེད།
    ད་ལན་གྱི་གནས་ཚུལ་འདིར་ལྡི་ལི་ཉེན་རྟོག་པས་ཞིབ་བཤེར་དང་རྩད་གཅོད་བྱས་པ་བརྒྱུད་རྒྱ་གར་གྱི་མི་དྲུག་ཙམ་ཞིག་ངོས་ཟིན་ཐུབ་ཡོད་ལ། དེའི་ནང་ནས་གཉིས་ད་ལྟ་ལོ་ན་ཆུང་ཆུང་ཡིན་པ་དང་གསུམ་འཇུ་བཟུང་བྱས་ཡོད་དོ།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-02-07 at 2:50 am

    ཧི་མ་ལའི་མི་རིགས་ཡོངས་རྫོགས་འཆི་མཁན་དེའི་རྒྱབ་ཏུ་ལངས་དགོས། ལངས་ནས་ཞི་བའི་ཐོག་ནས་ཁྲིམས་གཏུགས་བྱ་དགོས། དེ་མིན་མ་འོངས་པ་ལ་ཡང་་་་་་་་

  8. ཀརྡོ་གཉེར་ཕྱག་པ་ says:
    2014-02-07 at 4:01 am

    མི་རིགས་འཐེན་འཁྱེར་(Racism)གྱི་སྐོར་ལ།
    http://www.youtube.com/watch?v=GCdBmddPa1Q
    http://www.pbs.org/race/000_About/002_04-background-02-01.htm

  9. སྤོབས་པ་མཐའ་ཡས། says:
    2014-02-07 at 4:46 am

    སྟབས་མ་ལེགས་པར་འདི་འདྲ་མདོག་ཉེས་པོ་་འདྲ་ཞིག་བྱུང་བ་ཙམ་རེད། ཧ་ལས་ཧོན་འཐོར་དགོས་དོན་གང་ཡང་མེད། རྒྱ་གར་བས་རྒྱ་གར་བ་གསོད་གི་རེད། རྒྱ་ནག་པས་རྒྱ་ནག་པ་ཡང་གསོད་གི་རེད། བོད་མིས་ཀྱང་བོད་མི་ག་ཚོད་མང་པོ་གསོད་གི་འདུག ཁྱོད་ཚོས་སྐལ་བ་མེད་སར་རྐེ་བསྲིངས་ནས་མི་རིགས་བར་ལ་དཀྲུགས་ཤིང་གི་གཏམ་འཆལ་སྤེལ་གི་མ་འདུག་དང་དེས་འགྲིགས་པ་རེད། མི་རིགས་དབྱེ་འབྱེད་མིན་རུང་མིན་རུང་རྡི་ལི་འདྲ་བའི་གྲོང་ཁྱེར་ཆེན་པོ་ཞིག་ན་མི་གསོད་དོན་རྐྱེན་རྟག་པར་ཐོན་གི་ཡོད་རེད། བོད་ཀྱི་གྲོང་གསེབ་ཚོ་ནས་ཀྱང་མི་བསད་ཚུལ་མང་པོ་གོ་རྒྱུ་ཡོད་པ་རེད། ཁ་བཙུམ་དགོས་ས་ནས་བཙུམ་ཤེས་ན་ཡག་གི་རེད།

  10. ཨ་མདོའི་བླ་མ། says:
    2014-02-07 at 5:59 am

    འདི་གསར་འགྱུར་ཆེན་པོ་ཆགས་འདུག གཅིག་བྱས་ན་རྒྱ་གཞུང་གིས་རྒྱ་གར་ལ་དམག་རྒྱག་གི་ཡིན་ཟེར་ལོས་ཆེ།

  11. གནམ says:
    2014-02-07 at 6:35 am

    ཨ་རོ་སྤོབས་པ། ཉ་ཉོག་མ་སྲེ་ཡ། གཅིག་གིས་གཅིག་བསད་པ་དེ་འདྲ་ཡོང་ཆོག་པ། ཡོང་སྲིད་པ། ཡོང་རྒྱུ་ཡིན་པ་ཞིག་ཡིན་ན་ཡང་། མྱི་རིགས་དབྱེ་འབྱེད་དང་ཤ་ཁ་དཀར་ནག་ལ་གཏུགས་པ་ཡིན་ན་ཁྲི་འབུམ་ཀྱིས་གསོད་རེས་བྱེད་དགོས་བར་ཐུག་པས། འདི་ཡག་པོ་ཞིག་མ་རེད། འདི་གནད་དོན་ཚབ་ཆེན་ཞིག་རེད་ཟེར་གི་ཡོད་པ་ལས། ཁོང་ཁྲོས་ཁོང་ཁྲོ་ཅན་བསད་པ་དེ་འདྲ་མ་རེད།
    ད་ཐེངས་ཁྱོས་མཐོ་རྒྱག་ལ་ཤོར་རྒྱོ་ཅིག་མང་སོང་ཟིག་གི་ཡ་གཅེས་ཁོ། ཧ་ཧ་ཧ།

  12. ཀརྡོ་གཉེར་ཕྱག་པ་ says:
    2014-02-07 at 8:10 am

    གྲོངས་མཁན་ཁོང་རང་གི་དབུ་སྐྲ་འཇོག་སྟངས་ལ་རྒྱབ་སྐྱོར་མེད་ཀྱང་། རྡུག་རྡེག་འོག་ཚེ་སྲོག་ཤོར་བར་ཁྲིམས་གཏུགས་དང་། དྲང་བདེན་ཐག་གཅོད་དགོས་པ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད།
    མི་རིགས་དབྱེ་འབྱེད་མེད་པ་ལ། ཡོད་པར་བཤད་ན་ནོར་ཚབ་ཆེན་པོ་རེད། འོནད་ཀྱང་། མི་རིགས་དབྱེ་འབྱེད་ཀྱིས་རྐྱེན་རྩ་ཡིན་པ་ལ། མིན་པར་སྦས་ན། དེ་ལས་ཀྱང་ནོར་ཚབ་ཆེ་བ་རེད།

  13. གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། says:
    2014-02-07 at 10:32 am

    མཁྱེན་རྒྱ་ཡངས་པའི་སྤོབས་པ་མཐའ་ཡས་ལགས། སྤྱིར་ཆོས་དང་འཇིག་རྟེན་གྱི་མགོ་འཇུག་མི་ཤེས་མཁན་གྱི་དེང་སང་འཛམ་གླིང་འདི་ནང་། མི་ཡིས་མི་བསད་པ་དེར་ཁྱེད་ཀྱི་བཤད་པ་ནང་བཞིན་ཧ་ལས་ཧོན་འཐོར་རྒྱུ་གང་ཡང་མེད་མོད། འོན་ཀྱང་མི་ཡི་སྐྲའི་བཟོ་བལྟ་དང་གོས་ལོག་གྱོན་སྟངས་སོགས་ལ་དབྱེ་དབྱེད་དང་འཕྱ་དམོད་སོགས་བྱས་ནས་རུབ་རྡུང་བྱས་ན། ཁྱེད་མི་རྐྱང་ཞིག་གི་མིག་ནང་གང་ཡང་མཐོང་གིན་མེད་ནའང་། ངས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་མི་སྨྱོན་འདི་དག་གི་བྱ་སྤྱོད་འདི་རིགས་ནམ་ཡང་བཟོད་དཀའ། མ་གཞི་ནས་། ད་ལྟ་མཐོ་སློབ་ཀྱི་གསར་བུ་ངས་ཁྱེད་རང་གིས་” ཁ་བཙུམ་དགོས་ས་ནས་བཙུམ་ཤེས་ན་ཡག་གི་རེད། གཏམ་འཆལ་སྤེལ་གྱི་མ་འདུག ” སོགས་མཆན་བུ་སྤེལ་སྟངས་དེར་གཅིག་བལྟས་ཡོང་དུས་ངོ་མ་ཁྱེད་རང་གི་མིང་ངམ་སྨྱུག་མིང་སྤོབས་པ་མཐའ་ཡས་ཞེས་བཏགས་པ་དེ་ཁྱོན་ནས་ནོར་མི་འདུག་སེམས།

  14. དྲན་དཀར་དཔལ་ཡོན་ says:
    2014-02-07 at 1:03 pm

    བོད་པར་རྒྱ་གར་གྱི་ནང་ཁུལ་གི་རྙོག་ཁྲར་ཇུས་ཏོག་མེད། བོད་པས་རྒྱ་གར་བྱང་ཤར་བའི་མི་ལ་མཐོང་ཆུང་གཏོང་གི་འདུག བོད་པའི་གསར་འབྱོར་རྙིང་འབྱོར་ལ་ཁྱད་པར་སྤུ་ཙམ་མེད་པར་མཐོ་སློབ་ལ་འགྲོ་མཁན་ཚོས་བྱང་ཤར་ཁུལ་གྱི་མི་སྤྱི་ལ་ཁྱི་ཤ་ཅེས་འབོད་རྐྱང་གནང་གི་འདུག འདི་ནི་བྱང་ཤར་བ་དཔལ་འབྱོར་སྐྱོ་ཙ་ཡིན་པ་ལས། གཞན་གང་ཡང་མིན།
    མཐོ་སློབ་པ་རྩ་མེད་ཚོས་དོན་མེད་ལ་དེ་ལྟར་དུ་འབོད་གནང་གིན་འདུག གཡག་ཕྱུག་ཡང་དེ་འདྲ་ཡིན་བསམ་གི གསལ་པོ་རྒྱུས་མེད། སྤྱིར་ན་འདི་དག་གི་རིགས་ནི་བོད་ཞད་ཆེ་ལ་ལྷ་རྩེ་ཀླུ་རྩེ་ལྟ་བུའི་བོད་ཀྱི་གདོད་མའི་རྩེད་མོ་ཡིན་ཤས་ཆེ་བ་མངས། ལོ་མང་སྔོན་གི་མཐོང་ཚུལ་དངོས་མ་ཡིན། ཕག་ཤ གླང་ཤ རྟ་ཤ གཡག་ཤ ཅེས་པ་འབོད་མིང་ཡག་པོ་ག་ནས་ཡིན་ཧ་ཅང་གི་ཁྱད་གསོད་རེད། འགྲོ་ལུགས་འདུག་སྟངས་ཡང་བོད་པར་ཤིན་ཏུ་འདྲ།

  15. སྤོབས་པ་མཐའ་ཡས། says:
    2014-02-07 at 1:13 pm

    ནུབ་ཕྱོགས་པའི་མཚན་ཉིད་རིག་པ་བ་ཞིག་གིས་འདི་འདྲ་ཞིག་གསུངས་ཡོད་པ་རེད། སྐྱེས་བུ་མཁས་པས་བཤད་པ་ནི་ཅིག་བཤད་རྒྱུ་ཞིག་ཡོད་པས་སོ།།སྐྱེས་བུ་པོབླུན་པོས་བཤད་པ་ནི་ཅིག་བཤད་དགོས་སྣང་ཤར་བས་སོ།།ཞེས་གསུངས་པ་བཞིན།འདས་པོ་དེ་ཡང་སྐད་ཆ་བཤད་ས་ནས་ལག་པ་བཀྱགས་ཏེ་གཞན་གྱི་རྒྱུ་དངོས་གཏོར་བཅོམ་བྱས་འདུག ཉེན་རྟོག་པས་གནད་དོན་ཞི་འཇགས་བྱས་རྗེས་སུ་ཡང་མསྐྱར་ཚོང་བདག་ཚོའི་སྒོ་ཁར་བསྙད་བརྐོ་རུ་སོང་འདུག དེ་ཚོ་ལ་ཡང་བསམ་གཞིག་རེ་གྱིས། ས་མཚམས་ཀྱི་མི་འདི་ཚོ་བཤད་རྒྱུ་མང རྒྱ་གར་གཞུང་གུ་ཡངས་ཁོག་རྒྱ་ཆེ་བས་མིིིི་ངན་ཁ་ཤས་རེས་གོ་སྐབས་འདི་འདྲ་བཟུང་ནས་ཡུལ་ལུང་སྤྱི་ཚོགས་དཀྲུགས་པའི་སྤྱོད་ངན་སྤེལ་གི་རེད།

  16. སྤོབས་པ་མཐའ་ཡས། says:
    2014-02-07 at 1:33 pm

    གསར་འགྱུར་རྩོམ་ཡིག་འདིའི་ནང་དུ་ནང་འགལ་མང་པོ་འདུག གཞི་རྩའི་ཆ་ནས་ཕྱོགས་སུ་ལྷུང་ཚར་འདུག དྲ་གྲོགས་ཀ་རྡོ་ལགས་ཀྱིས་ཀྱང་ཧི་མ་ལ་ཡའི་མི་རིགས་ཚང་མ་དཔུང་བསྒྲིགས་ནས་རྒྱ་གར་ཡུལ་མི་ལ་ངོ་རྒོལ་བྱེད་དགོས་ལུགས་སོགས་དཀྲུགས་ཤིང་ཚབ་ཆེན་གྱི་གཏམ་འཆལ་འདི་འདྲ་སྤེལ་ཡོང་ན་ཡག་རྒྱུ་མི་འདུག ཁ་མ་དགེ་ས་དང་བཀྲ་མ་ཤིས་པ་སྐྱག་པ་འདྲ་བ་འདི་ཚོ་ལ་ལག་པ་འཆངས་ན་སྐྱག་དྲི་བྲོ་རོགས་ཡིན་པ་རེད། ཁ་བཙུམ་དགོས་ས་ན་ཁ་བཙུམ་ཤེས་ན་ཡག་གི་རེད།

  17. ཀརྡོ་གཉེར་ཕྱག་པ་ says:
    2014-02-07 at 1:35 pm

    གཞན་གྱིས་ཀྱང་། རྒྱ་བོད་ནང་ཁུལ་རྙོག་ཁྲ་ལ་བྱུས་གཏོགས་མེད། ཡུལ་ལུང་སྤྱི་ཚོགས་དཀྲུགས་པའི་སྤྱོད་ངན་སྤེལ་མཁན་རེད་ཅེས་ལབ་ན། དྲན་དཔལ་དང་སྤོབས་མཐའ་གཉིས་ལ་ལན་ཅི་ཡོད་དམ།

  18. ཀརྡོ་གཉེར་ཕྱག་པ་ says:
    2014-02-07 at 1:53 pm

    མང་གཙོའི་ཁྲིམས་ལུགས་ནང་ལ། མི་ནག་ཆེན་བྲོས་དུས་ཀྱང་། ཉེན་རྟོག་པ་འུ་ཐུག་ན་ཡང་། མེ་མདའ་རྐང་པར་རྒྱབ་ཆོག་པ་མ་གཏོགས་གསོད་ཆོག་པའི་ཁྲིམས་ལ་མེད།

    དོན་རྐྱེན་འདི་མོན་ཡུལ་ཨ་སམ་ལ་བྱུང་ན་སྤྱི་ཚོགས་དཀྲུགས་ཤིང་འགྲོ་སྲིད་དཀྱང་། ཤི་རྨས་འདིས་རྒྱ་གར་རྒྱལ་ས་དིལ་ལི་འདྲ་བོར་སྤྱི་ཚོགས་དཀྲུགས་མཁན་འགྲོ་བསམ་པ་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་རེད།

    ངས་གྲོང་མཁན་གྱི་ནོར་འཁྲུལ་ལ་རྒྱབ་སྐྱོར་བྱེད་བགྱིད་མེད། ཁོ་ལ་དངུལ་ཆད་ཤོར་བའི་སྟེང་དུ། མི་གཅིག་ལ་མི་མང་པོས་རུབ་རྡུང་བྱས་པ་དང་། མཐར་སྲོག་ཤོར་བ་ལ་ཁྲིམས་གཏུགས་བདེན་ཁ་ལ་རྒྱབ་སྐྱོར་བྱེད་བགྱིད་ཡོད། གལ་ཏེ་གྲོང་མཁན་དེ། རྒྱ་མི་ཅིག་ཡིན་ན་ཡང་། ངས་ད་ག་རང་རྒྱབ་སྐྱོར་བྱ་ངེས་རེད།

  19. ཀརྡོ་གཉེར་ཕྱག་པ་ says:
    2014-02-07 at 2:04 pm

    ངས་གྲོང་མཁན་ས་མཐའ་ནས་ཡོང་པའི་སློབ་ཕྲུག་ཅིག་ཙང་། ཁོ་རང་དང་རིགས་མཐུན་པའི་གྲངས་ཉུང་མི་རིགས་ཚོས་སྲོག་ཤོར་བའི་ཁྲིམས་གཏུགས་ལ་རོགས་རམ་བྱ་དགོས་བཤད་པ་ལས།
    འདིར་རྒྱ་གར་གཞུང་གིས་མ་དྲང་པ་བྱས་མེད་པར། རྒྱ་གར་གཞུང་གུ་ཡངས་ཡིན་ལུགས་སོགས་གཞུང་གི་མིང་འདིར་འཁྱེར་འོངས་པ་བླུན་རྟགས་མ་རེད་དམ།

  20. དྲན་དཀར་དཔལ་ཡོན་ says:
    2014-02-07 at 2:15 pm

    གཉེར་ཕྱག་པ་ཡོད་ལགས། རྒྱ་གར་བྱང་ཤར་བའི་མི་ལས་ཅན་དག་གི་ཆེད་དུ་ང་ཚོ་ལས་ངན་ཚོས་ཅུང་མ་ལབ་ན་ཡག་གི་རེད་ལགས། ག་ཚོད་དབྱེ་འབྱེད་ཟེར་ན་འབྱེད་པ་པོ་བཙལ་ནས་རྙེད་ས་རྒྱ་གར་ལུང་པ་རེད་དོ། དྲང་བདེན་གྱི་བདག་པོའི་གནས་རེད།
    བོད་དོན་འདི་རྒྱ་གར་ནང་ཁུལ་གྱི་རྙོག་ཁྲ་མིན་ཙ་ལུང་པ་མི་གཅིག་པ་མང་པོ་ལ་ཞུ་དགོས་ཆགས་ཀྱིན་ཡོད། བོད་དོན་འདི་ཡང་རྒྱ་གར་ནང་ཁུལ་གྱི་རྙོག་ཁྲ་ཅིག་ཡིན་ན་ཨང་ཅི་མ་རུང་སྙམ་གྱི་འདུག་ལགས།

  21. ཀརྡོ་གཉེར་ཕྱག་པ་ says:
    2014-02-07 at 2:18 pm

    དིང་སང་རྒྱལ་ཁབ་ཀྱི་ཁྲིམས་དེ། རྒྱལ་ཁབ་རང་ཉིད་སྲུང་ཁྲིམས་དེས་དམག་འཁྲུགས་སློང་། རྒྱལ་ཁབ་ཀྱི་ཁྲིམས་དེ་ཡུལ་མི་དོ་དག་རེ་རེས་ནས་ཚེ་སྲོག་སྲུང་སྐྱོབ་ཐུབ་པ་དེ། ཁྲིམས་དེ་བཟོ་གོ་ཆོད་པར་བརྩིས་དགོས།

  22. གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། says:
    2014-02-08 at 12:22 pm

    སྤོབས་པ་མཐའ་ཡས་དངོས་གནས་ཐམས་ཅད་མཁྱེན་པ་རེད་འདུག ཁྱེད་རང་ལ་མདོ་མེད་དོན་མེད་ཀྱི་གཏམ་སྨྲ་བའི་དུས་ཚོད་ཡོད་ན་ཡང་། ང་ལ་དེ་ལྟ་བུ་དུས་ཚོད་ནམ་ཡང་མེད། གང་ལྟར་ཁྱེད་རང་གིས་བསམ་འཆར་ཡག་སྡུག་གང་བཏོན་ན་ཡང་ངས་ནམ་ཡང་དགའ་བསུ་ཞུ་ངེས་ཡིན།

  23. མེ་ཏོག་དཀར་པོ says:
    2014-02-09 at 1:37 am

    མ་གཞི་བོད་པ་བོད་ལ་བྱུས་གཏོགས་བྱོས། རྒྱ་གར་ལ་སེམས་ཁུར་མི་དགོས། ད་དུང་ཁ་ཤས་ཀྱིས་རྒྱ་གར་གྱི་མ་འགྲིག་མདོག འགའ་ཤས་ཀྱི་རྒྱ་གར་བྱང་ཤར་བར་ཤ་ཚ་མདོག་གིས་དཀྲུག་སྐད་རྒྱག་གི་་འདུག་པ་དེ་ཚོ་ལེགས་པོ་མ་མཐོང་།

  24. ཀརྡོ་གཉེར་ཕྱག་པ་ says:
    2014-02-09 at 3:07 am

    # 23 མེ་ཏོག་དཀར་པོ་ལགས་ཀྱིས་མཆན་བཏབ་པ།:
    February 9th, 2014 at 1:37 AM
    མ་གཞི་བོད་པ་བོད་ལ་བྱུས་གཏོགས་བྱོས། རྒྱ་གར་ལ་སེམས་ཁུར་མི་དགོས།
    འདིས།
    མེ་དཀར་ལགས། བོད་པ་མ་ཡིན་པའི་དཔང་རྟགས་རེད་དོ།།

  25. ཀརྡོ་གཉེར་ཕྱག་པ་ says:
    2014-02-09 at 4:01 am

    སྔར་དྷ་རམ་ས་ལར། བོད་མིའི་ཚོང་ཁང་མང་པོའི་དཀྱིལ་ལ། རྒྱ་གར་སྤོ་ལགས་སྐམ་པོ་གཅིག་ལ་བུ་ནག་རིལ་སྐམ་པོ་གཉིས་ཡོད་རེད། བུ་དེ་ཁྱིམ་ཚང་གི་དཔལ་འབྱོར་ཞེན་པས་རྐྱེན་གྱིས། བུ་གཉིས་བུ་གསོ་ཁང་སློབ་གྲྭར་རིན་གྲོན་མེ་དམིགས་བསལ་བྱས་ནས། བཅུག་པར་བརྟེན་མཐར་སློབ་གྲྭ་ཐོན་དུས་བོད་སྐད་ཆུ་རྒྱུགས་རྒྱུགས་ཆགས་ཙང་། བོད་པས་ག་རེ་བྱེད་བགྱིད་ཡོད་མེད་ལྟ་མཁན། རྒྱ་གར་གཞུང་གི་སོ་པ་ཆགས་པ་རེད་ཟེར།
    དེ་བཞིན་མེ་དཀར་ཁྱོད་རང་ཡང་བོད་པས་ཆོས་དང་རིག་གཞུང་སྐད་ཡིག་ཡག་པོ་བསླབས་ཡོད་ཀྱང་། ད་བོད་པར་མཐོང་ཆུང་བྱེད་བདེ་པོ་ཆགས་པ་རེད་གདའ། མཆན་བུ་འདི་ནི། མེ་དཀར་མཉམ་དུ་རྩོད་གླེང་བྱ་རྒྱུ་མཐའ་མ་དེ་ཡང་ཡིན་ནོ།།

  26. མེ་ཏོག་དཀར་པོ says:
    2014-02-09 at 4:17 am

    བོད་མིན་ན་སྡུག་རྒྱུ། བོད་པ་ཡིན་ན་ཡག་རྒྱུ། འདི་སུའི་ཁྲིམས་རེད། ལགས། ཀ་རྡོ།

  27. མེ་ཏོག་དཀར་པོ says:
    2014-02-09 at 4:18 am

    བོད་པ་མིན་ན་སྡུག་རྒྱུ། བོད་པ་ཡིན་ན་ཡག་རྒྱུ། འདི་སུའི་ཁྲིམས་རེད། ལགས། ཀ་རྡོ།

  28. གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། says:
    2014-02-09 at 6:46 am

    ད་དངོས་གནས་ག་རེ་བྱེད་དགོས་པ་ཡིན་ནམ། མདང་དགོང་ཡང་བསྐྱར་རྒྱལ་ས་ལྡི་ལི་རུ། དགོང་མོའི་ཆུ་ཚོད་ ༡༠:༣༠ ཙམ་ལ་རྒྱ་གར་ཁང་བདག་གི་བུ་ཞིག་གིས་ ” མ་ནི་པུར་”(manipur) གྱི་ལོ་ན་བཅུ་བཞི་ཡིན་པའི་བུ་མོ་ཞིག་ལ་བཙན་གཡེམ་བྱས་འདུག

  29. མེ་ཏོག་དཀར་པོ says:
    2014-02-09 at 10:09 am

    དི་ལི་ལ་མི་འབོར་ས་ཡ་བཅུ་གཅིག་ཡོད་རེད། ས་ཁྱོན་དང་མི་འབོར་ལ་བསམ་བློ་གཏོང་།

  30. གློག་ཀླད says:
    2014-02-10 at 1:19 am

    གནས་ཚུལ་དེ་བྱུང་བའི་སྐབས་ཉེ་འགྲམ་གྱི་ས་གནས་ཉེན་རྟོག་པ་སླེབས་ནས་སློབ་མ་(Nido Tania)ལ་ཚོང་ཁང་གི་ཤེང་སྒོ་བཅག་པའི་སྐྱིན་ཚབ་ཏུ་སྒོར་མོ་ཁྲི་གཅིག་ཙམ་འཕྲོག་ཡོད་པ་དང་། རྗེས་སུ་ཁོ་ཚོ་ཚང་མ་(Lajpat Nagar)ས་གནས་བཙོན་ཁང་དུ་འཁྲིད་ནས་ཁ་རྡུང་དང་འདྲི་རྩད་རྒྱུན་རིང་པོ་བྱས་ཡོད་ལ། གྲོགས་པོ་གཞན་ཚོ་སྔོན་ལ་བཏང་ནས་ཁོ་རང་གཅིག་པུ་(Lajpat Nagar)ས་གནས་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད།

    unnamed-5མཐའ་མ་དེར་ཉེན་རྟོག་པས་ཁོ་རང་ཡང་བསྐྱར་མོ་ཊའི་ནང་འཁྲིད་ནས་ད་གིན་འཁྲུག་འཛིང་ཤོར་སའི་ས་གནས་དེར་རང་འཇགས་བཞག་ཡོད་པ་དང་།

  31. སེང་ཕྲུག་ངར་མ says:
    2014-02-10 at 3:16 am

    སྤྱིར་རྒྱ་གར་གྱི་མི་ཞེས་པ་དེ་སྡུག་རྩུབ་ཅན་ཞིག་རེད་་་་་བོད་པ་དང་བོད་རིགས་ལ་དེ་ལྟར་བྱས་དང་བྱེད་བཞིན་པ་གྲངས་ཀྱིས་མི་ལོངས་པ་ཞིག་རེད་་་་་་་་་ད་གང་དྲག་ཅི་དྲག་་་་་་་མྱུར་དུ་རང་ཡུལ་ལ་ལོག་ན་འདོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme