Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་མི་མང་དུང་ཕྱུར་བཅུ་གཉིས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།

Posted on 2017-07-122017-07-15 By ཁ་བརྡ་ 13 Comments on རྒྱ་གར་མི་མང་དུང་ཕྱུར་བཅུ་གཉིས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།

ཡོང་ཁུངས། བོད་ཀྱི་དུས་བབ།

 
རྒྱ་ནག་གི་ཆེད་མཁས་པ་ཞིག་གིས་རྒྱ་ནག་གིས་པཱ་ཀི་སི་ཐན་ལ་རོགས་དམག་བཏང་སྟེ་ཇ་མུ་ལེན་དགོས་ལུགས་བཤད་རྗེས་རྒྱ་གར་བྷི་ཇི་པི་ཆབ་སྲིད་ཚོགས་པའི་མགོ་ཁྲིད་ཅིག་གིས་རྒྱ་གར་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལུགས་བཤད།

དེ་རིང་གི་རྒྱ་གར་ (Indiatoday) ཞེས་པའི་གསར་ཁང་གིས་ ༢༠༡༧།༧།༡༡ ཉིན་སྤེལ། རྒྱ་གར་བྱང་རྒྱུད་མངའ་སྡེ་ཨོ་ཊར་ཁཱན་ (Uttarakhand) མངའ་སྡེའི་བློན་ཆེན་ཟུར་བ་དང་། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་གྲས་བྷི་ཇི་པི་ (BJP)ཡི་མགོ་ཁྲིད་སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ (Koshiyari) ལགས་ཀྱིས། རྒྱ་གར་གྱིས་བོད་རང་བཙན་རྩོད་རྙོག་གླེང་སློང་བྱེད་རྒྱུ་ཡིན་པ་དང་། “རྒྱ་གར་བ་ཚང་མས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་བསམ་བློ་ཡོད་སྐོར་སོགས་བརྗོད་འདུག

སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ནི་རྒྱ་གར་གྱི་གཡས་ལྷུང་རྒྱལ་ཞེན་རིང་ལུགས་ཚོགས་པ་ (RSS) ཞེས་པའི་ནང་བོད་དེ་རྒྱ་ནག་ལས་ལོགས་སུ་རང་བཙན་གྱི་རྒྱལ་ཁབ་ཅིག་བྱེད་པར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག

ཁོང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་སྐད་ཆ་དེ་ནི། རྒྱ་ནག་གི་འཐབ་ཇུས་ཆེད་མཁས་པ་ཞིག་གིས་རྒྱ་ནག་གིས་པཱ་ཀི་སི་ཐན་ལ་རོགས་དམག་བཏང་སྟེ། རྒྱ་གར་ནུབ་བྱང་མངའ་སྡེ་ཇ་མུ་ཀ་ཤི་མིར་ལེན་པར་གྲ་སྒྲིག་དགོས་ལུགས་བཤད་པའི་ཉིན་གཅིག་གི་རྗེས་ལ་བཤད་པ་ཞིག་ཡིན་པ་དང་། རྒྱ་ནག་གི་འཐབ་ཇུས་ཆེད་མཁས་པ་དེའི་སྐད་ཆ་དེ་རྒྱ་གར་གྱིས་འབྲུག་གི་མཐའ་ཁུལ་འབྲོག་ལམ་ཞེས་པར་དམག་བཏང་བར་ཡ་ལན་གྱི་ཚུལ་དུ་བཤད་པ་ཞིག་ཡིན་འདུག

སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ཀྱིས་བཤད་རྒྱུར། “རྒྱ་གར་མི་མང་དུང་ཕྱུར་བཅུ་གཉིས་དང་ཕྱེད་ཀས་(125 crore)ཀྱིས་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་རང་བཙན་འཐབ་རྩོད་བྱེད་མཁན་བོད་མི་ཚོ་དང་ཕྱུར་གྲུ་མཉམ་འདེགས་བྱས་ཏེ། བོད་རང་བཙན་རྒྱལ་ཁབ་མ་ཆགས་བར་བོད་མི་ཚོར་རྒྱབ་སྐྱོར་བྱ་ངེས་ཡིན” ཞེས་བརྗོད་འདུག

རྒྱ་ནག་གིས་བོད་མིའི་རིག་གཞུང་ལ་གཏོར་བཤིག་གཏོང་བཞིན་ཡོད།

དེ་རིང་སྔ་དྲོར་སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ཀྱིས་རྒྱ་གར་བྱང་རྒྱུད་གྲོང་ཁྱེར་ཨ་གྷ་ར་ (Agra) ནང་ཡོད་པའི་ ‘དེ་རིང་གི་རྒྱ་གར’ (India Today) ཞེས་པའི་གསར་ཁང་ལ་བརྗོད་དོན། “ད་ལྟའི་རྒྱ་ནག་གི་བསམ་བློ་གཏོང་ཕྱོགས་དེ་ནི་སྔོན་ཆད་གྱི་གདུག་རྩུབ་ཅན་དེ་དང་གཅིག་པ་རེད། གདུག་རྩུབ་དེའི་མཚོན་རྟགས་ནི་འབྲུག་འདྲ་བོ་ཞིག་རེད། རྒྱ་ནག་གིས་བོད་ཡུལ་བཙན་བཟུང་བྱེད་ཆེད། བོད་རིགས་མི་མང་ལ་བཙན་གནོན་དང་སྡེབ་གསོད་གཏོང་བཞིན་ཡོད་པ་རེད” ཅེས་བརྗོད་འདུག

སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། “བོད་མིའི་རིག་གཞུང་རྩ་མེད་བཟོ་ཐབས་སུ་རྒྱ་ནག་གིས་བོད་ནང་གི་དགོན་སྡེ་ ༦༠༠༠ ལྷག་གཏོར་བཤིག་བཏང་བ་དང་། བོད་པའི་བུད་མེད་ཚོ་རྒྱ་ནག་ཧྭན་མི་རིགས་ཀྱི་སྐྱེས་པ་ཚོ་དང་བཙན་གྱིས་གཉེན་སྒྲིག་ཏུ་བཅུག་པ་སོགས་ལ་བརྟེན་ཏེ། ད་ལྟ་བོད་པའི་མི་རིགས་ཀྱི་ངོ་བོ་བརླགས་ཡོད་པ་རེད།” ཅེས་ཟེར།

སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ཀྱིས་ད་དུང་། རྒྱ་གར་གཞུང་གིས་སྔོན་མ་རྒྱ་ནག་གཞུང་ལ་བོད་པ་ཚོར་རང་སྲིད་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་སྐོར་བཤད་ཡོད་ཚུལ་བརྗོད་འདུག

སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ཀྱིས། གནའ་བོའི་རྒྱ་གར་གྱི་མ་ཧ་བྷ་ར་ཊ་ (Mahabharata) དཔེར་དྲངས་ནས་བརྗོད་དོན། “ཕན་ཌ་ཝ་སི་ (Pandavas) བུ་སྤུན་ལྔ་ཡོད་པ་རེད། ཁོང་ཚོས་སོ་སོའི་འཚོ་རྟེན་ཆེད། རང་གི་ཕ་མ་མིང་སྲིང་ཀུ་ར་ཝ་སི་ (Kauravas)ཞེས་པར་སྤུན་མཆེད་བརྒྱ་ཡོད་པ་རྣམས་ལ་དམག་འཁྲུག་རྒྱག་མ་འདོད་པར། གྲོང་གསེབ་ ༥ ཁོ་རང་ཚོའི་འཚོ་རྟེན་ཆེད་སྤྲོད་རོགས་ཞུས་ཡོད། སྤྱིར་ཕན་ཌ་ཝ་སི་སྤུན་ལྔ་ལ་འཚོ་གནས་གྲོང་གསེབ་ ༥ ཡི་བདག་དབང་དང་ཐོབ་ཐང་ཡོད་ཀྱང་ཀུ་ར་ཝ་སི་སྤུན་བརྒྱ་ཡིས་ཕན་ཌ་ཝ་སི་སྤུན་ལྔ་ལ་འཚོ་རྟེན་དེ་མ་སྤྲད་སྟབས། རྗེས་ལ་ཕན་ཌ་ཝ་སི་སྤུན་ལྔ་ཡིས་ཀུ་ར་ཝ་སི་སྤུན་བརྒྱ་ཚང་མ་རྩ་མེད་བཏང་བ་རེད། གཏམ་བརྒྱུད་དེ་དང་འདྲ་བར་བོད་པ་ཚོས་ཀྱང་ཉིན་ཞིག་རྒྱ་ནག་རྩ་མེད་གཏོང་གི་རེད” ཅེས་ཟེར།

རྒྱ་གར་བྱང་རྒྱུད་གྲོང་ཁྱེར་ཨ་གྷ་ར་ (Agra) ནང་ཡོད་པའི་གཡས་ལྷུང་རྒྱལ་ཞེན་རིང་ལུགས་ཚོགས་པའི་ (RSS) མགོ་ཁྲིད་སྐུ་ཞབས་ཀུ་མར་ (Kumar) ལགས་ཀྱིས་དེ་རིང་གི་རྒྱ་གར་ཞེས་པའི་གསར་ཁང་ལ། རྒྱ་གར་མི་མང་གིས་རྒྱ་ནག་གི་ཚོང་ཟོག་བཀག་སྡོམ་བྱེད་དགོས་པ་དང་། རྒྱ་གར་གྱི་ཚོང་པ་ཚོས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་དགོས་སྐོར་སོགས་བརྗོད་འདུག སྐུ་ཞབས་ཀུ་མར་ལགས་ཀྱིས་བརྗོད་དོན། “རྒྱ་གར་གྱི་ཚོང་ཁང་གཉེར་མཁན་ཚོས་སོ་སོའི་ཚོང་ཁང་ནང་ཁོ་ཚོས་རྒྱ་གར་རང་གི་དངོས་ཟོག་མ་གཏོགས་རྒྱ་ནག་གི་ཚོང་ཟོག་འཚོང་རྒྱུ་མིན་ཞེས་སྒོ་བྱང་འགེལ་དགོས་པ་དང་། དེས་རྒྱ་ནག་གི་དཔལ་འབྱོར་སྒལ་ཚིག་གཏོར་ཐུབ་ངེས་རེད” ཅེས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

གསར་འགྱུར།

Post navigation

Previous Post: དུས་ལ་མ་བབས་པའི་བློས་གཏོང་ཆེན་མོ་འདི་ད་ནས་བཟུང་མཚམས་འཇོག་པར་གྱིས། ཚར་གི་མ་འཇུག་རོགས།
Next Post: བོད་ཡིག་དང་ཐའི་ཡིག་གཉིས་ཀྱི་བར་ལ་འབྲེལ་བ་ཨེ་ཡོད།

Comments (13) on “རྒྱ་གར་མི་མང་དུང་ཕྱུར་བཅུ་གཉིས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-07-12 at 10:24 am

    བིད་དོན་བདེན་མཐའ་གསལ་ཐབས་སུ་ང་ཚོར་ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་དགོས་པ་ལས་རྒྱ་དཀར་ནག་གི་ཆབ་སྲིད་རྩོད་གླེང་ནང་བོད་མ་དྲུད་རོགས་གནང་།

  2. ཁ་ཞེ་གཉིས་མེད་ says:
    2017-07-12 at 11:10 am

    རྒྱ་དམར་ཇག་ཚོགས་གུང་བྲན་གྱིས་བོད་ས་ཁྱུར་མིད་བཏང་ཡང་ཁོག་པའི་ནང་འཇུ་མ་ཐུབ་པ་ལ་བརྟེན་ནས་བོད་དོན་གླེང་སློང་ཡོང་བཞིན་པ་ཡིན། རྒྱ་དཀར་ནག་གཉིས་དང་བལ་ཡུལ། འབྲུག་རྣམས་ལོ་རྒྱུས་ནང་ས་ཁད་དབང་གིས་རྒྱ་ནག་དང་ངོ་ཐུག་ཡོང་གི་མེད་ཀྱང་བོད་ས་ཤོར་རྗེས་གཞི་ནས་ངོ་ཐུག་བྱུང་བ་ཚང་མས་མཁྱེན་གསལ་ལགས། གཞན་ཡང་རང་རེའི་ཆོས་དང་རིག་གཞུང་། མི་རིགས་དང་བཅས་པ་གསོན་གནས་ཐུབ་པ་ལ་རྒྱ་གར་གཞུང་དང་མི་མང་བཀྲིན་ཆེན་པོ་ཡིན་པ་ནི་བརྗོད་ག་ལ་དགོས།

  3. ཀརྡོ་རབ་འབྱམས་པ་ says:
    2017-07-12 at 12:16 pm

    ད་ལྟའི་རྒྱ་གར་བས། བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་མདོག་བྱས་པ་ནི། བོད་མིར་དགའ་ནས་མིན་པར། རྒྱ་གར་གྱིས་རྒྱ་ནག་ལ་མ་དགའ་ནས་བྱུང་བ་ཙམ་གྱིས་རེ་བ་གསར་པའམ། རེ་བ་ཆེན་པོ་བཅང་མི་ཉེན་སྙམ་མོ།།

  4. གཡག་རྒོད། says:
    2017-07-12 at 2:28 pm

    ཐོག་དང་པོར་སྲིད་བློན་ནེ་རོས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བའི་སྐད་ཆ་མདོག་ངན་དེ་ནོར་འཁྲུལ་ཡིན་པ་རྒྱ་གར་རྒྱལ་ཡོངས་ནས་བསྒྲགས་གཏམ་རྣ་ལ་གཟན་པ་ཞིག་སྤེལ་དགོས། དེ་མ་བྱས་ན་ཨ་རུ་ན་ཅལ་སྔར་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པ་རྩོད་མེད་རེད། དོན་དངོས་སུ་བོད་རང་བཙན་ཁས་བླངས་རུང་མ་བླངས་རུང་རྒྱ་ནག་གིས་རྒྱ་གར་གྲུ་ཟུར་ལ་བཙིར་ནས་ཡོང་བཞིན་པས་རྒྱ་གར་ནས་སྐད་ངན་དེ་ཤོར་སོང་བ་ཡིན་ལས་བོད་ལ་ཤ་ཚ་སྙིང་ཉེ་བ་གང་ཡང་མ་རེད།

  5. གཡག་རྒོད། says:
    2017-07-12 at 2:33 pm

    རྒྱ་གར་བ་འདིས་མ་ཧ་བྷ་ར་ཏའི་གཏམ་རྒྱུད་ལ་སྦྱར་ནས་བཤད་པ་དེས་ཤུགས་ལ་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་གསལ་པོ་བཤད་འདུག

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-07-12 at 8:09 pm

    ཆབ་སྲིད་མི་སྣས་ཆབ་སྲིད་ཟློས་གར་ལ་།
    ཞི་བའི་མི་མང་མགོ་བོ་འཁོར་མི་ཉན་།
    བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་ནི་།
    གཞིས་བྱེས་བོད་མིའི་ཆིག་བསྒྲིལ་ཁོ་ནར་རག་།

  7. ཨ་འབར་འཇིགས་དབང། says:
    2017-07-12 at 10:43 pm

    ༄༅། རྒྱ་གར་བ་དགའ་རེ་ནས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་མདོག་བྱས་པ་ནི་་་བོད་པ་ཚོ་
    དགའ་ནི་ཉན།

  8. རྒྱང་མིག says:
    2017-07-13 at 12:10 am

    བོད་ནི་རྒྱ་དཀར་ནག་གཉིས་ཀའི་རྩེད་ཆས་དངོས་ཡིན་པ་གསལ་སྟོན་བྱས་པ་ཉིད་ལས་གཞན་ཅི་ཡང་མ་རེད།

  9. རྒྱ་ཞིང་མྱི་དཀར། says:
    2017-07-13 at 3:26 am

    ཚོར་བ་ཆུ་ཡི་ཆུ་བུར་བཞིན།། ཡ་མཚན་པ་གང་ཡང་མེད་དོོ།།

  10. ལ་དྭགས་འཇམ་དཔལ།། says:
    2017-07-13 at 12:52 pm

    གཟུགས་ནི་དབུ་བ་རྡོས་པ་འདྲ།
    ཚོར་བ་ཆུ་ཡི་ཆུ་འབུར་བཞིན།
    འདུས་ཤེས་སྨིག་རྒྱུ་ལྟ་བུ་སྟེ།
    འདུ་བྱེད་དག་ནི་ཆུ་ཤིང་བཞིན།
    རྣམ་ཤེས་ སྒྱུ་མ་ལྟ་བུ་སྟེ།
    ཉི་མའི་གཉེན་གྱིས་བཀའ་བཀའ་སྩལ་ཏོ། །
    ་
    ཚིགས་བཅད་འདིར་ཕུང་པོ་ལྔ་པོ་སྟོང་པ་ཡིན་པར་གསུངས་པ་ཚིག་རྣམས་ལེགས་པར་མི་དྲན། ངའི་ཁ་སྐད་དུ། དབུ་བ་ལ་ལྦུ་བ་ཟེར། ཆུ་བུར་ཡིན་ནམ་ཆུ་འབུར་གང་དེ་དག་པ་ཡིན་མ་ངེས། རྣམ་ཤེས་དག་ནི་སྤྲེའུ་བཞིན། ཞེས་སྲིད་པ་འཁོར་ལོར་བྲིས་པ་དྲན་ཡང་། འདི་དེ་ལྟར་ཡིན་མིན་མ་ཤེས་པས། མཁྱེན་མཁན་རེ་ཟུང་ཡོད་ན། འབྲི་གྲོགས་མཛོད།

  11. ཨ་འབར་འཇིགས་དབང། says:
    2017-07-24 at 12:34 am

    ༄༅། དྲ་གྲོགས་མཁྱེན་ལྡན་པ་ཚོ། ་དལ་བ་བརྒྱད་དང་འབྱོར་བ་བཅུ་ཞེས་པ་རེ་རེ་བཞིན་སྙིང་
    བསྡུས་རེ་འབྲི་གནང་ཡོད་པ་ཞུ།
    དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་འདི་ཞེས་པས་་་འགྲོ་བ་མིའི་རིགས་ཚང་མ་ལ་
    དལ་བརྒྱད་འབྱོར་བཅུ་ཚང་ཡོད་པ་ཡིན་ནམ། ཡང་ན་བོད་་་་ཡང་ན་ནང་པ་ཚོ་ཁོ་ནར་ཡིན་ནམ།

  12. ཀརྡོ་རབ་འབྱམས་པ་ says:
    2017-07-24 at 1:43 am

    དལ་བ་བརྒྱད་ནི།
    དམྱལ་བ། ཡི་དྭགས། དུད་འགྲོ ཀླ་ཀློ ལྷ་ཚེ་རིང་པོ། ལོག་ལྟ་ཅན། སངས་རྒྱས་མ་བྱོན་པའི་དུས་དང་། ལྐུགས་པ་སྟེ་དེ་དག་བརྒྱད་ལ་སྐྱེས་ན། ཆོས་བྱེད་པར་མི་ཁོམ་པའི་གནས་བརྒྱད་དང་བྲལ་བས་ན། ནང་ཆོས་བྱེད་པ་ལ་དལ་བས་དལ་བརྒྱད་དང་།
    འབྱོར་པ་བཅུ་ནི།
    མི་ཡིན་པ། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། ལས་མཐའ་མ་ལོག་པ། སངས་བསྟན་ལ་དད་པ་སྟེ། རང་འབྱོར་ལྔ་དང་།
    སངས་རྒྱས་བྱོན་པ། དེས་ཆོས་གསུངས་པ། བསྟན་པ་གནས་པ། བསྟན་པའི་རྗེས་སུ་འཇུག་པ། དགེ་བའི་བཤེས་གཐེན་ཡོད་པ་སྟེ། བསྡོམས་པས་བཅུའོ།། ད་དུང་འདིའི་ཐོག་ལ་དྭོགས་གནད་ཡོད་ན། ལན་གང་ཤེས་པ་དེ་ཕུལ་ཆོག དགེ་བར་འགྱུར་ཅིགུ

  13. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-07-24 at 9:18 am

    འབྱོར་བ་བཅུ་ནི་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme