Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་བའི་མིག་ཀོང་ནས་མཇལ་བའི་༧གོང་ས་མཆོག

Posted on 2016-01-082016-01-08 By ཁ་བརྡ 1 Comment on རྒྱ་གར་བའི་མིག་ཀོང་ནས་མཇལ་བའི་༧གོང་ས་མཆོག

1918922_10154666912082281_1621370785476263438_nརྫ་ཚེ་རིང་བཀྲ་ཤིས།

 

ད་ནངས་ཞོགས་པ་ཆུ་ཚོད་དྲུག་པ་ཡས་མས་ལ་ཆར་བ་ཅུང་ཟད་བབས་པར་མ་ཟད། འབྲུག་སྒྲའང་གྲགས་བྱུང་། འོན་ཀྱང་ང་ཡར་ལངས་དུས་རྡ་རམ་ས་ལའི་ནམ་མཁའ་ཁར་རྩང་ནང་བཞིན་སྔོ་ཞིང་གཙང་སེང་ངེར་འདུག མགྲོན་ཁང་ལྗང་གུའི་འོག་གི་ཞོགས་ཇ་འཐུང་སར་གཅིག་པུར་འདུག་ས་ཞིག་བཙལ་ཏེ། གྲོ་ཐུག་དང་མར་བག་ལེབ་མངགས་ནས། བོད་ཀྱི་དུས་བབ་ཀྱི ༢༠༡༦/༠༡/༠༦ ཀྱི་གཙོ་གནད་འསར་འགྱུར་ཁོངས་སུ་བསྒྱུར་བསྒྲིགས་གནང་བའི་{༧གོང་ས་ཏཱ་ལའི་བླ་མ་མཆོག ཁྱེད་རང་རྒྱ་གར་མི་མང་ལ་བཀའ་དྲིན་ཆེན་པོ་ཡིན།}ཞེས་པའི་གནས་འཕྲིན་དེ་དལ་བུས་བཀླགས།

རྒྱ་གར་མི་མང་ས་ཡ་སྟོང་ཕྲག་ལྷག་གི་དབུ་ན་བཞུགས་པའི་ཆེན་པོ་དག་གིས་༸རང་རེའི་ཡབ་ཆེན་ཁོང་ལ་གུས་ཞབས་ཆེན་པོས་ཕུལ་བའི་བསྟོད་ཚིག་གི་བཀའ་མོལ་དེ་དག་རེ་རེ་བཞིན་བཀླགས་པ་དང་། ངོ་ཤེས་ས་དང་གནམ་ལས་མེད་པའི་ཡུལ་གྱར་གྱི་སྤྱི་ཚོགས་ཆུང་ཆུང་ཞིག་འདི་ལྟར་མི་མང་ས་ཡ་སྟོང་ཕྲག་གི་བདེ་དོན་ལ་རླབས་ཆེན་གྱི་ལག་རྗེས་འཇོག་མཁན་ཞིག་ཆགས་པར་མ་ཟད།

{ཁྱེད་ཀྱིས་ང་ཚོའི་རྒྱལ་ཁབ་འདིའི་ཕུགས་བསམ་འགྲུབ་རྒྱུར་ལམ་སྟོན་གནང་རོགས། ང་ཚོ་རྒྱ་གར་བས་འབྲས་བུ་བཟང་པོ་བསགས་ཡོད་སྟབས་ད་ལྟ་ང་ཚོར་ལས་བཟང་གི་འབྲས་བུ་ལོངས་སུ་སྤྱོད་རྒྱུ་རག་ཡོད་པ་རེད། ང་ཚོར་ཁྱེད་ཀྱི་བྱིན་རླབས་དགོས། རྒྱ་གར་བས་ཁྱེད་ཀྱི་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད། }ཅེས་ཞུ་དགོས་པའི་དུས་ཚོད་ཅིག་བྱུང་བ་དེར་ཧ་ལས་བྱུང་།

མ་གཞི་ང་ཚད་ལས་བརྒལ་བའི་བསྟོད་པ་བྱེད་རྒྱུར་དགའ་མཁན་ཞིག་དང་རྨོངས་དད་མཁན་རང་ཞིག་མིན་ཏེ། རྒྱ་གར་གྱི་ས་གཞི་ཆེན་པོ་འདིའི་ཐོག་གི་སྐྱབས་བཅོལ་བའི་ངོས་ཙམ་ནས་བཤད་ནའང་། ཏ་མལ་དང་། བལ་པོ། པ་ཀི་སི་ཐན་དང་དེ་ལས་གཞན་པའི་སྐྱབས་བཅོལ་གྱི་སྤྱི་ཚོགས་དང་སྐྱབས་བཅོལ་གྱི་མགོ་ཁྲིད་སུ་ཞིག་ལའང་འདི་དང་འདྲ་བའི་ཆེ་མཐོང་ཐོབ་མྱོང་ཡོད་དམ། འདྲ་འདྲའི་ནང་ནས་མ་འདྲ་བ་ཟེར་བ་དེ་ཡང་ཅིག་བྱས་ན་འདི་འདྲ་ཞིག་ལ་གོ་རྒྱུ་ཨེ་ཡིན། གསུང་བཤད་དེ་དག་བཀླགས་ཀྱིན་བཀླགས་ཀྱིན་སེམས་ལ་བརྗོད་མི་ཤེས་པའི་ཚོར་བ་ཞིག་སྐྱེས། ༧གོང་ས་མཆོག་གི་བྱིན་རླབས་དང་ཐུགས་རྗེ། བཀའ་དྲིན་དང་གཟི་བྱིན་གྱི་རླབས་དེ་དག་ཟ་ཁང་འདིའི་ནང་གི་ཚ་གློག་དང་འདྲ་བར་རང་ཉིད་ཀྱི་ཁྲག་རྩའི་ཕྲ་ཕུང་དག་ཏུ་བར་མཚམས་མེད་པར་ཁྱབ་བཞིན་པར་མ་ཟད། རང་ཉིད་དྲོད་ལམ་ལམ་དུ་གྱུར་པ་ལྟ་བུར་ཚོར། དེ་ནི་ཧ་ཅང་བརྗེད་དུ་ཕངས་པའི་ཉམས་མྱོང་ཞིག་རེད།

གཤམ་དུ་ངས་རྒྱ་གར་གྱི་ཆེན་པོ་དེ་དག་གིས་སྤྱི་ལོ་༢༠༡༦ལོའི་ཟླ་དང་པོ་སྟེ། ཟླ་འདིའི་ཚེས་བཞིའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལའི་ཨོ་བྷེ་རོ་ཡི་གསོལ་མགྲོན་ཁང་དུ་གོ་སྒྲིག་ཞུས་པའི་གྱ་སྟོན་དང་འབྲེལ་བའི་གསུང་བཤད་དེ་དག་གི་ཆ་ཤས་འགའ་ཞིག་འགོད་པར་བྱེད། ཁྱེད་ལ་དུས་ཚོད་ཡོད་ན་དུས་བབ་དྲ་ཚིགས་ཐོག་གི་གསར་གནས་ཧྲིལ་པོ་ལྷོད་ལྷོད་བྱས་ནས་གཟིགས་རོགས།

དེ་ཡང་། རྒྱ་གར་གྱི་སྲིད་བློན་ཟུར་བ་མན་མཱ་ཧན་སིང(Dr.Manmohan Singh) ་གིས། ཁྱེད་ཀྱིས་ང་ཚོའི་རྒྱལ་ཁབ་འདི་ཞི་བདེ་དང་འཆམ་མཐུན། བཟོད་སྒོམ་ཅན་ཞིག་ཏུ་འགྱུར་རྒྱུར་བྱིན་རླབས་སྩོལ་རོགས། ཁྱེད་རང་རྒྱ་གར་མི་མང་ལ་བཀའ་དྲིན་ཆེན་པོ་ཡིན། ང་ཚོའི་ཕུགས་བསམ་ད་དུང་མངོན་འགྱུར་ཐུབ་མེད། ང་ཚོའི་ཡུན་རིང་གི་ཕུགས་འདུན་སྟེ་ང་ཚོའི་རྒྱལ་ཁབ་འདི་དེང་རབས་ཚན་རིག་དང་འཕྲུལ་རིག བཟང་སྤྱོད་བཅས་ཀྱིས་བརྒྱན་པའི་ཡུལ་གྲུ་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་སྟབས། ཁྱེད་ཀྱིས་ང་ཚོའི་རྒྱལ་ཁབ་འདིའི་ཕུགས་བསམ་འགྲུབ་རྒྱུར་ལམ་སྟོན་གནང་རོགས་ཞུ་བཞིན་ཡོད། ཅེས་ཞུས།

ཡང་། སྲིད་བློན་གཞོན་པ་ཟུར་པ་ཨེལ་ཀེ་ཨ་ཌི་ཝ་ནི་ (Lal Krishna Advani) མཆོག་གིས།  ༧གོང་ས་མཆོག་གིས་ར་ཤི་གྷེ་ཤིའི་ཡེ་ཤུའི་དུས་སྟོན་ཞིག་ལ་ཕེབས་སྐབས། ཡེ་ཤུའི་ཆོས་ལུགས་གསར་མ་དང་རྙིང་མའི་ཆོས་དཔོན་རྒན་རབས་གཉིས་འདུག སྐབས་དེར་༧གོང་ས་མཆོག་གིས་ཁོ་གཉིས་ལ་འཐམ་གནང་སྟེ། མཉམ་འཛོམས་བྱེད་བཅུགས་ནས་ཁོང་གིས་ཁོ་གཉིས་ཀྱི་ཨོག་ཚོམ་ནས་འཐེན་པ་གནང་སོང་བས་གཉིས་ཀ་དགའ་པོ་བྱུང་སོང་། ངས་དེ་ནི་ཁོང་གིས་སུ་གཅིག་ལའང་གནོད་འཚེ་བྱ་རྒྱུའི་ཀུན་སློང་རྩ་བ་ནས་མ་འཆང་བས་ཡིན་པ་ངོས་འཛིན་བྱུང་།ཞེས་བརྗོད།

ཡང་རྒྱ་གར་གྱི་ཁྲིམས་འཛིན་བློན་ཆེན་ཟུར་བ་རམ་ཇི་ཐ་མ་ལ་ནི་ (Ram Jethamalani) ལགས་ཀྱིས། ང་ཚོས་བློ་སྟོབས་སྐྱེད་ནས་རྒྱལ་སྤྱིའི་ཐོག་ཁོང་ལ་སྐྱབས་བཅོལ་གྱི་ཐོབ་ཐང་དང་བསྙེན་བཀུར། ཆེ་མཐོང་བཅས་ཞུས་པ་དེ་ནི་ཧ་ཅང་འོས་པ་ཞིག་ཏུ་མཐོང་། ང་ཚོ་རྒྱ་གར་བས་འབྲས་བུ་བཟང་པོ་བསགས་ཡོད་སྟབས་ད་ལྟ་ང་ཚོར་ལས་བཟང་གི་འབྲས་བུ་ལོངས་སུ་སྤྱོད་རྒྱུ་རག་ཡོད་པ་རེད། ངས་ང་ཚོར་ཁྱེད་ཀྱི་བྱིན་རླབས་དགོས་པ་མ་ཟད། རྒྱ་གར་བས་ཁྱེད་ཀྱི་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད།  ཅེས་གསོལ་བ་བཏབས།

ད་དུང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱར་ཐི་ (Kailash Satyarthi) མཆོག་གིས་ཡིད་སེམས་འགུལ་བའི་བཀའ་མོལ་འདི་འདྲ་ཞིག་གནང་སྟེ། ཁོང་གིས་གསུངས་དོན།

ང་ཆུང་དུས་ནས་ཕུགས་བསམ་ཞིག་ཡོད་པ་ནི་ཉིན་ཞིག་ངས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཞིག་གི་མདུན་ནས་བཀའ་སློབ་ཞུ་རྒྱུ་བྱུང་ན་བསམ་མཁན་ཞིག་ཡིན། ཐེངས་ཤིག་ང་འཇར་མན་རྒྱལ་ས་བྷར་ལན་གྱི་དུས་སྟོན་ཞིག་ལ་སྐད་ཆ་བཤད་པར་སྐད་བཏང་བྱུང་། སྐབས་དེར་༧གོང་ས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་འདུག སྟབས་ལེགས་ནས་ངེད་གཉིས་སྡོད་ས་མཉམ་དུ་འཁེལ་འདུག ཁོང་གིས་ང་ལ་ལག་པ་འཆང་བྱུང་བས་ངའི་སེམས་ནང་ཆོས་ཀྱི་གསོན་ཤུགས་ཤིག་རྒྱས་སོང་བས། ངས་ཉིན་ཤས་རིང་ལག་པ་འཁྲུ་རྒྱུ་མིན་བསམ་པའི་ཀུན་སློང་ཞིག་འཁོར་བྱུང་། ༧གོང་ས་མཆོག་གིས་སུ་དང་ཐུག་འཕྲད་གནང་ཡང་དབུ་ཐུག་གནང་གི་ཡོད་པ་ལྟར། ང་ལའང་སྐབས་དེར་དབུ་ཐུག་གནང་བྱུང་བས། ངས་ཉིན་ཤས་རིང་མགོ་ཡང་འཁྲུ་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན། ངས་དངོས་གནས་ཉིན་ཤས་རིང་མགོ་དང་ལག་པ་འཁྲུས་མེད། ཅེས་བཤད།

མཇུག་ཏུ་ང་ཚོས་མཉམ་དུ་སྐུ་ཞབས་ཀེ་ལ་ཤི་སཏྱར་ཐི་ (Kailash Satyarthi) ལགས་ཀྱིས་ཉིན་ཤས་རིང་མགོ་དང་ལག་པ་མི་འཁྲུད་རྒྱུའི་དམ་བཅའ་བྱས་པ་དེས་ཅི་ཞིག་མཚོན་གྱི་ཡོད་པ་དེར་བསམ་བློ་ཞིག་གཏོང་། ༧རྒྱལ་བ་རིན་པོ་ཆེས་ང་ཚོར་གནང་བཞིན་པ་ནི་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་ནས་བྱུང་བའི་ཞལ་འདེབས་ཀྱི་དངོས་དངོས་ངེས་ཅན་ཞིག་མ་ཡིན་པར་མིའི་རིགས་ཀྱི་ཚེ་སྲོག་གི་གསོས་རླུང་དང་། ཁ་པར་གྱི་འཕྲིན་བརྡ་ལྟར་མེད་ཐབས་མེད་པའི་ནང་བསམ་བློའི་འཚོ་གནས་ཀྱི་བླ་ན་མེད་པའི་ཚེ་སྲོག་གི་གསོན་ཤུགས་ཤིག་ཡིན། ཁོང་ནི་ང་ཚོའི་རིག་གཞུང་གི་བླ་ན་མེད་པའི་ངོ་ཚབ་པའང་རེད།

སུ་ཞིག་གིས་ཤར་ཕྱོགས་རིག་གནས་ཀྱི་དཔལ་དུ་འབར་བའི་བྱམས་བརྩེའི་རིན་ཐང་དང་། བོད་གངས་ཅན་གྱི་དྭངས་གཙང་ལྷད་མེད་ཀྱི་ལེགས་བྱང་གི་རིན་ཐང་རྟོགས་པ་དེས་༧རྒྱལ་བ་རིན་པོ་ཆེ་རྟོགས་སྲིད། སུ་ཞིག་བོད་གངས་ཅན་གྱི་ཁྱད་ནོར་ཏེ། བླ་ན་མེད་པའི་བསམ་བློའི་རིན་ཐང་འདིར་གཅེས་ཤིང་ཕངས་པ་དེའི་སེམས་ནང་དུ་༧རྒྱལ་བ་རིན་པོ་ཆེ་ཕངས་ཤིང་གཅེས་པ་ཡིན། ༧རྒྱལ་བ་རིན་པོ་ཆེ་ངོ་མ་དེ་ནི་དགའ་ལྡན་ཕོ་བྲང་བླ་བྲང་དང་འབྲེལ་ཞིང་། རྩ་བའི་གྲུབ་མཐའ་དགེ་ལུགས་པར་རྟོགས་པ། སྐྱེས་ཡུལ་ཨ་མདོ་ནས་ཡིན་པའི་གནས་བརྟན་བགྲེས་སོང་དགུང་ལོ་བརྒྱད་ཅུར་ཟིན་པ་དེ་ལས་ཆེས་གཞན་པའི་ལོ་རྒྱུས་དང་རིན་ཐང་གི་བསྡུས་གཟུགས་ཤིག་སྟེ། ང་ཚོས་ཁོང་ངོ་མའི་ཞལ་རིས་མཇལ་རྒྱུ་དང་། ཁོང་ངོ་མའི་དྲིན་ཚོར་རྒྱུར་ཤིན་ཏུ་བདེ་ཐང་ཡིན་པའི་ཤེས་རབ་དང་ལས་འཕྲོ་བཟང་པོ་ཞིག་དགོས། མདོར་ན། ད་ནས་ང་ཚོས་རང་ལ་ཡོད་པའི་བླ་ན་མེད་པའི་དབང་སྔོན་གྱི་བུམ་པ་འདིར་སྔར་ལས་ཀྱང་གཅེས་སུ་ཚོར་བ་ཞིག་བྱའོ།།

ད་དུང་ཞོར་དུ། ཉེ་ཆར་ཁ་ན་ཏར་འཚོགས་པའི་རྒྱལ་སྤྱིའི་ནང་བསྟན་བརྒྱུད་པ་གསུམ་གྱི་ཚོགས་འདུ་ཞིག་ཏུ་ལྷོ་བརྒྱུད་ནང་བསྟན་གྱི་བཙུན་པ་ཞིག་གིས། ང་ཚོ་ནུབ་ཕྱོགས་སྤྱི་ཚོགས་སུ་རང་ཉིད་ནང་པ་སངས་རྒྱས་པ་ཡིན་ཞེས་ལབ་དུས་བྱམས་སྙིང་རྗེ་གཙིགས་སུ་འཛིན་ཅིང་ཕུལ་དུ་བྱུང་བའི་ཆོས་ལུགས་བཟང་པོ་ཞིག་ཡིན་པའི་མཐོང་དང་ཆ་འཇོག་སླེབས་ཏེ་སྤོབས་པ་བྱེད་ཆོག་པ་འདི་བོད་ཀྱི་༧གོང་ས་ཏ་ལའི་བླ་མའི་བཀའ་དྲིན་དང་ཤུགས་རྐྱེན་རེད། ཅེས་ལབ་པ་དེ་ཡང་ཞོར་ལ་དྲན་པ་ཞིག་དགོས་སོ། །

ལྷག་རླུང་ཁྲོད་ན་སྐར་མའི་འོད་མདངས་མཚེར། །

མེ་དང་འཕྲད་ན་གསེར་གྱི་རང་འོད་འབྱིན། །

དུས་ཀྱིས་བདག་ལ་ཉམས་སད་བྱས་ལགས་ཏེ། །

རང་གི་བློ་གྲོས་རང་ལ་གསལ་ལགས་སོ། །

ཞེས་ཀྱང་སྨྲའོ། །

རྫ་ཚེ་རིང་བཀྲ་ཤིས་ཀྱིས་༢༠༡༦ཟླ་༡ཚེས་༨ཞོགས་པ་བཞུགས་སྒར་རྡ་རམ་ས་ལའི་མགྲོན་ཁང་ལྗང་གུའམ་གྷུ་རེན་ཧྭོ་ཀྲལ་གྱི་འོག་ཤོད་ཀྱི་ཟ་ཁང་དུ་འཕྲལ་བྲིས།

ལྷུག་རྩོམ།

Post navigation

Previous Post: ང་ཚོའི་གཟུགས་པོ་ཅི་ཞིག་གིས་གྲུབ་པ་ཡིན་ནམ།
Next Post: མནའ་མ།

Comments (1) on “རྒྱ་གར་བའི་མིག་ཀོང་ནས་མཇལ་བའི་༧གོང་ས་མཆོག”

  1. བློན་གངས་བུ། says:
    2016-01-11 at 10:39 pm

    དགའ་འོས་པའི་གནས་ཚུལ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme