Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་གྱི་བྱེད་སྟངས་ལ་དོགས་པ་ཡོད་དཱ། བོད་པའི་གསར་ལམ་ཚོ། འུར་མ་སྔ།

Posted on 2017-12-092017-12-09 By ཁ་བརྡ 10 Comments on རྒྱ་གར་གྱི་བྱེད་སྟངས་ལ་དོགས་པ་ཡོད་དཱ། བོད་པའི་གསར་ལམ་ཚོ། འུར་མ་སྔ།

ལྷག་བསམ།

ཉེ་སྔོན་ཞིག་ལ་བོད་རྒྱ་ཞི་མོལ་ལ་འགོག་རྐྱེན་བྱེད་མཁན་ནི་ང་ཚོས་བསམ་བཞིན་པའི་རྒྱ་ནག་གཞུང་གི་མི་སྣ་དག་ལ་གཞན་ཞིག་ནི་རྒྱ་གར་དང་ཨ་རི་གཉིས་རེད་ཟེར་བའི་དཔྱད་བརྗོད་ཅིག་ཐོན་ཡོད། དེ་ལ་བདེན་ཆ་ཆེན་པོ་ཡོད། ཨ་རིའི་ངོས་ནས་ང་ཚོ་ནི་ཚོང་རྫས་ཤིག་དང་། རྒྱ་ནག་ལ་ཚོང་འབྲེལ་བྱེད་སྐབས་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱིས་གནོན་ཤུགས་སྤྲད་ནས་ཚོང་རྒྱག་སྟངས་ཤིག་རེད། དེས་ན་བོད་ཀྱི་གནད་དོན་སོགས་ཀྲུང་ཀོར་རྣ་བཙོད་ཟེ་རེ་ཡོད་དགོས་ལེ་ཡོད། དེ་ནི་རྩེད་མོའི་ཆ་ཤས་ཤིག་རེད། རྒྱ་གར་ལ་མཚོན་ན་༧གོང་ས་མཆོག་ཁོང་ཚོའི་གཟི་བརྗིད་ཡིན་པ་དང་། ཕར་བོད་ལ་ཕེབས་པའམ། རྒྱ་ནག་དང་ནང་འགྲིག་ཆགས་ན་ཁོང་ཚོས་དེར་དོགས་པ་བྱེད་ཀྱི་ཡོད་པ་རེད། ཕངས་སེམས་ཡང་བྱེད་གི་རེད། གང་ལྟར་ཁོང་ཚོར་༧གོང་ས་མཆོག་རྒྱ་གར་ན་བཞུགས་བསྡད་ན་དགའ་ཡི་རེད། ཁོང་ཚོས་བོད་གཞི་བྱེས་མཉམ་མཛོམས་སོགས་ང་ཚོའི་སེམས་ཚོར་ལ་གལ་ཆེན་བྱེད་ཀྱི་མ་རེད། ཁོང་ཚོའི་ངོ་ཁར་བོད་རྒྱ་འགྲིག་འཇགས་བྱུང་ན་དེ་ནས་རྒྱ་ནག་རྒྱ་གར་དང་ཐག་དེ་བས་ཉེ་རུ་སོང་བ་ལྟ་བུའི་བསྔངས་སྐྲག་ཡོང་གི་རེད། ཁོང་ཚོས་བོད་ཀྱི་གནད་དོན་ཐག་ཆོད་ན་སྙམ་པའི་སེམས་ཁུར་དང་། ༧གོང་ས་མཆོག་ཕྱིར་ཕ་ཡུལ་དུ་ཕེབས་ཐུབ་ན་སྙམ་པའི་བསམ་བློ་དེ་འདྲ་ཡོད་མ་རེད། མི་སྒེར་བ་འགའ་རེ་གང་ཤེས། སྲིད་གཞུང་ལ་མེད་ཐག་ཆོད་རེད་བསམ་གི།རྒྱ་གར་འདི་གནག་པོ་ཞེ་དྲགས་རེད་ཨ། ཨ་རུ་ན་ཅར་སོགས་ཀྱང་བོད་ས་འཁྲུལ་མེད་ཡིན་ན་ཡང་ཁོང་ཚོའི་ས་ཆ་རེད་ཟེར་གྱི་ཡོད་རེད། ༧གོང་ས་མཆོག་དང་༧ཀརྨ་པ་ཡང་ཆབ་སྲིད་ཆེད་བེད་སྤྱད་ནས་དམིགས་བསལ་ས་ཆ་དེར་ཕེབས་བཅུག་གི་ཡོད་རེད། རྒྱལ་སྤྱིའི་ནང་པའི་ཚོགས་འདུ་དེ་འདྲར་ཡང་༧གོང་ས་མཆོག་གདན་དྲང་པ་ནི་ཡག་པོ་ཡིན་ན་ཡང་། འཛམ་གླིང་གི་ནང་པ་སུམ་ཆ་གཉིས་ཡས་མས་ཡོད་པའི་རྒྱ་ནག་གི་ནང་པའི་མཐུས་མི་སྐད་མི་གཏོང་བ་དེ་ཡང་ཚོགས་འདུའི་ངོ་བོ་ཆབ་སྲིད་ཆེད་ཡིན་པ་གསལ་པོ་རེད། གང་ལྟར་ད་ཐེངས་ཡང་རེ་བ་ཆེན་པོ་ཞིག་ཡོད་མེད་མི་ཤེས་ཀྱང་། ཟམ་གདོང་རིན་པོ་ཆེ་གལ་ཏེ་ཡུན་ནན་ལ་ཕེབས་ཡོད་པའི་དབང་དུ་བཏང་ན་ཡང་རྒྱ་གར་གཞུང་གི་གཞུང་ཚབ་ཟུར་པ་ཞིག་གིས་དེའི་སྐོར་སུ་གཅིག་གིས་མ་གླེང་བ་ཞིག་མ་ཤེས་ཤེས་འདོག་གིས་ཕྱིར་གྱར་བྱས་པ་ནི་རྒྱ་གར་གསང་བའི་ལས་ཁུངས་ཀྱི་འཕྲུལ་ཡིན་ཤས་ཆེ། གང་རེད་ཟེར་ན་བརྒྱུད་རམ་དེ་དགརྒྱ་གར་གསང་ལས་ཁང་ལ་སྙན་གསེང་མ་ཞུས་ན་ཡོང་གི་ཡོད་མ་རེད། ཁོང་ཚོས་སྟངས་འཛིན་བྱེད་ཀྱི་ཡོད་རེད། ཁོང་ཚོས་ལམ་ཁ་གཞན་སྤྱད་ནས་ཕྱིར་གྱར་བྱེད་སྲིད།  སུ་གཅིག་གིས་མ་གོ་གོང་ཁོས་གོ་བ་དང་། ཁོས་དེ་ཕྱིར་བསྒྲགས་དགོས་པ་དེ་ཡང་ཡག་རྒྱུ་སྐར་མ་གང་མེད་ཨ། འཁྲབ་སྟངས་ཤིག་རེད། འུར་རྒྱུ་མང་ན་ལས་ཀ་ལམ་ལྷོང་ཡོང་བར་གནོད་སྲིད། གསང་བ་གསང་སར་མི་འཇོག་པ་དེ་ཁོ་ཚང་གི་བསམ་བཞིན་འུར་སློང་གི་ཡོད་འགྲོ་བསམ་གི། གསང་སྟབས་སུ་གནང་དགོས་པའི་འཆར་གཞི་རེ་ཡིན་ན་དེ་ཡར་བསློགས་ཡོང་བ་དེ་རྒྱ་གར་གྱིས་ང་ཚོར་དོན་ལ་བསམ་ནག་ཡིན་སྲིད་པ་རེད་སྙམ། རྒྱ་གར་ང་ཚོར་གནས་ཚང་གཡར་བའི་ཆ་ནས་དྲིན་ཆེན་ཡིན་ན་ཡང་། རྩ་དོན་ལ་ཐུགས་དུས་གཏིང་གནག་པོ་ཞེ་དྲག་ཡོད་རེད་དོ།། བོད་པའི་གསར་ལམ་ཚོ། འུར་མ་སྔ།

 

བསམ་ཚུལ།

Post navigation

Previous Post: ཞི་བདེའི་དེད་དཔོན།
Next Post: ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེའི་གསེར་གྱི་གཟེངས་རྟགས་ཕུལ་ནས་མི་ལོ་ཉེར་བརྒྱད་འཁོར་བའི་དུས་དྲན་ལ་ཕུལ་བའི་བསྟོད་དབྱངས།

Comments (10) on “རྒྱ་གར་གྱི་བྱེད་སྟངས་ལ་དོགས་པ་ཡོད་དཱ། བོད་པའི་གསར་ལམ་ཚོ། འུར་མ་སྔ།”

  1. རྟ་བདུན་དབང་བོ says:
    2017-12-09 at 12:28 pm

    ཡག་པོ་བྲིས་འདུག ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ད་ལྟ་རྒྱ་ནག་ཏུ་ཡོད་པ་རེད་དམ། གྲོ་མོལ་ཡང་བསྐྱར་བྱེད་པ་དེ་མེད་པ་ལས་ཡོད་ན་རེ་བ་ཞིག་ཡོད་པ་ལགས། ཉེ་ཆར་༧ གོང་ས་མཆོག་གིས་གསར་འགོད་པར་ཨ་རི་སོགས་ཐག་རིང་པོར་འགྲོ་དགོས་ན་དཀའ་ལས་ཁག་པོ་རེད། ད་རྒྱ་གར་ནང་ནས་སྡོད་པ་ཡིན་གསུངས། འདི་ནི་གཅིག་བྱས་ན་རྒྱ་ནག་གིས་རེ་འདོད་ལྟར་བསྟུན་མཁས་བྱས་པ་ཡིན་སྲིད་པ་རེད། །

  2. ཨ་འབར་འཇིགས་དབང། says:
    2017-12-09 at 2:07 pm

    ༄༅། སྤང་མེ་ཏོག་མཛེས་པའི་སྐྱེ་ཚལ་བཀྲ།། ཆུ་ཟླ་ཀླུང་སྔོན་པོ་དལ་གྱིས་འབབ།།
    གནས་ལྷ་ཡུལ་གངས་རི་དཀར་པོ་དེ།། བུ་ང་ཡི་སྐྱེ་ས་སྐྱེ་ཡུལ་རེད།།
    གནས་དེ་ལ་མི་འགྱངས་ལོག་སྙིང་འདོད།།

  3. བློ་བཟང་། says:
    2017-12-09 at 5:46 pm

    གླེང་གཞི་ཡག་པོ་འདུག གནས་ཚུལ་དེ་བདེན་པ་རེད་བསམ་གི་འདུག བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐུབ་པ་ཞིག་རེད། ཏན་ཏན་ཡོང་གི་རེད། ཚང་མས་ཅིག་སྒུག་ཨ། གོང་ས་མཆོག་འཛམ་གླིང་ས་ཕྱོགས་གང་སར་ཕེབས་ཐུབ་ཀི་མི་འདུག་གསུངས་པ་དེ། གཙོ་རྒྱ་གཞུང་གིས་བཏོན་པའི་འབྲེལ་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་ཞིག་མིན་འགྲོ་བསམ་གི་ཡོད། གང་ལྟར། རྒྱ་གར་གཞུང་གིས་བོད་དོན་ལ་སེམས་གཏིག་ནས་ཤ་ཚ་ཡོད་མེད་དོགས་པ་ཡོད། ཨ་རི་དང་ཡུ་རོབ་ཡང་དེ་བཞིན་རེད། ད་ཡིན་ན། སྲིད་སྐྱོང་དང་ཚོགས་གཙོ་ཟུར་པའི་འགལ་ཟླ་ལས་འཕྲོས་ཏེ། བཙན་བྱོལ་སྤྱི་ཚོགས་ནང་རྙོག་དྲ་བཟོ་སྟངས་ལ་བསམ་ན། སྐུ་མདུན་སྐུ་འཚོ་བཞུགས་སྐབས་བོད་དོན་ཐག་བཅད་ན་ལྷ་རབ་རེེད་མ་གཏོགས། གཞན། བོད་ལ་རང་སྐྱོང་ལས་ལྷག་རང་བཙན་རག་རུང་བདེ་སྐྱིད་མེད་པ་གསལ་པོ་རེད། བོད་པའི་སྤྱི་ཚོགས་ནང་ཡིག་རྨོངས་པ་དང་མང་ཚོགས་དཀྱུས་པ་ཕར་ཞོག ཐ་ན་ཤེས་ཡོན་ཡོད་མཁན་ཞིག་ཡིན་རུང་། ཆོལ་ཁའི་སྒང་ལ་སླེབས་དུས། སྡུག་མ་མིག་བཙུམ་བྱེད་ཀི་འདུག རང་གི་རྣམ་དཔྱོད་དེ་བེད་སྤྱོད་གཏོང་ཐུབ་ཀི་མི་འདུག དེ་ཚོ་ཡག་པོ་ཁྱོན་ནས་མི་འདུག གང་ལྟར། ངོས་ནི་བོད་ལ་མདུན་ལམ་ཡོད་པ་ཞིག་མཐོང་གི་མི་འདུག སྤུན་ཟླ་ནང་འཁྲུག་བརྒྱབ་བསྡད་ན། གོང་ས་མཆོག་ཐུགས་ཕམ་ཡོང་གི་མེད་འགྲོ་བསམ་ནས་སྐྱིད་པོ་མི་འདུག

  4. རྟ་བདུན་དབང་བོ says:
    2017-12-09 at 8:03 pm

    དངོས་གནས་རེད། རྒྱལ་བ་རིན་པོ་ཆེ་བཞུགས་བཞིན་པའི་རིང་ལ་གྲུབ་འབྲས་མ་ཐོན་ན་དེ་ནས་ཚར་བ་རེད། ད་ལྟའི་སྲིད་སྐྱོང་དང་ཚོགས་ཟུར་གྱི་འགལ་བ་འདི་ལ་བལྟས་ན་ཞེད་སྣང་ཞིག་མ་སྐྱེ་རང་སྐྱེ་རེད། སྤྱིར་མི་གཉིས་བར་ལ་འགལ་བ་ཤོར་ན་དོན་དག་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་བོད་མི་ཚོར་ཤེས་བྱའི་གནས་ཚད་ཞེན་པས་སྐྱོན་གྱིས་ཆོལ་ཁའི་འགལ་བར་འགྱུར་གྱིན་འདུག འདི་ནི་ཞེད་སྣང་སྐྱེ་དགོས་པ་དངོས་གནས་དེ་རེད། །

  5. ཀརྡོ་རབ་འབྱམས་པ་ says:
    2017-12-09 at 10:16 pm

    ་་་་་་་་་་་ རྒྱ་གར་ང་ཚོར་གནས་ཚང་གཡར་བའི་ཆ་ནས་དྲིན་ཆེན་ཡིན་ན་ཡང་། རྩ་དོན་ལ་ཐུགས་དུས་གཏིང་གནག་པོ་ཞེ་དྲག་ཡོད་རེད་དོ།། བོད་པའི་གསར་ལམ་ཚོ། འུར་མ་སྔ། ་་་་་་་་་་་་་་ ཟེར།

  6. དགོན་པ་ཚང་ དར་རྒྱས་ says:
    2017-12-09 at 11:57 pm

    ང་འང་རེ་བར་༧ གོང་ས་མཆོག་་སྐུ་འཚོ་བཞུགས་སྐབས་བོད་རྒྱའི་ཐོག་ཐག་གཅོས་ཡག་པ་ཅི་བྱུང་ཞིག་བྱུང་ནས་༧ གོང་ས་མཆོག་བོད་གངས་ཅན་ཡུལ་ལ་ལོག་ཕེབས་ནས་ཕ་ཡུལ་གྱི་བོད་མི་ཚང་མའི་རེ་བ་ལྟར་ཞལ་མཇལ་བ་དང་གསུང་ཐོས་པ་ཞིག་བྱུང་ན་དེ་གས་བསགྲིག་ས་རེད་དེ་མིན་རང་བཙན་གྱི་ཨ་པ་རག་ནའའི་ཁུང་འཁྱོལ་ས་མ་རེད་ལྟོས་དང་རང་དབང་ལུང་པར་ཡོད་པའི་བོད་པ་རེ་ཟུང་ནས་ཕྱོགས་ཞེན་གྱིས་ཤིང་འབྱང་འབྲས་ལ་མི་བསམ་པ་རང་ཉིད་སྐྱབས་གཅོལ་པའི་གནད་བབ་རྗེས་ནས་ཕྲན་བུའི་གནད་ཡོད་མི་སྣ་ཞིག་ཆགས་ན་ཞེ་པོ་གཅིག་གིས་དཔོན་ཉམས་ཆེ་འདོག་ལ་དགའ་བ་དེའི་ཕྱོགས་གཏོག་པ་འགས་དཔོན་ངན་གྱི་ལས་ངན་ལ་ཡོ་བསང་གི་མཐུན་རྐྱེན་སྤྲོད་རྒྱའི་ཚལ་ལ་་འུར་བརྒྱབ་ནས་ཞེ་པོ་ཅིག་གི་དཔོན་བཟང་ཡིན་འདོག་བཟོ་བ་་སོགས་ལ་སྐྱོག་མན་ལང་སོ་

  7. ཀརྡོ་རབ་འབྱམས་པ་ says:
    2017-12-10 at 12:33 am

    གནའ་མི་བོད་ཀྱི་གཏམ་དཔེ་ལ། །
    གྲོས་མི་༼གཞན་༽ལ་དྲིས། ཐག་རང་གིས་བཅད། ཅེས་པ་ལྟེ། རྒྱ་གར་དང་ཨ་རི་སོགས་ནི། ང་ཚོའི་ཕ་མ་སྤུན་མཆེད་གང་ཡང་མིན་ཙང་། གྲོས་ཡོད་ཚད་ལ་གཞན་གྱི་མཁས་དབང་ཡོད་ཚད་ལ་དྲིས་ནས། ཐག་རང་གིས་བཅད་པ་དབུས་ལམ་ལ་ཨུ་ཚུགས་མཐར་སྐྱེལ་གྱིས་དང་། བསླེབས་ས་ཡང་། ཡག་ས་གཅིག་ལ་བསླེབས་པར་ངེས་པར་རེད་དོ།།

  8. བན་དེ་བ། says:
    2017-12-10 at 4:22 am

    རྩོམ་གླེང་ཡག་པོ་ཞིག་བྲིས་འདུག་ོས་ཐུགས་རྗེ་ཆེ་དེ་མིན་ཆོལ་ཁ་དང་ཆོས་ལུགས་ཀྱི་རིས་གཏམ་རྐྱང་རྐྱང་བཤད་ནས་ཉོབ་བྱུང། མ་གཞི་ནས་ང་ཚོའི་ཡོད་ཚད་གནས་ཚང་གི་དྲིན་དུ་བསམ་ནས་གནས་ཚང་ལ་འབུལ་རྐྱང་བྱེད་རྒྱུ་དེར་དགའ་བོ་རང་མེད། གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་སྐབས་ཨ་རུ་ན་ཅལ་གནས་ཚང་གི་ཡིན་རབས་གསུངས་པར་ང་ནི་དགའ་བོ་རང་མ་བྱུང་ལོ་རྒྱུས་ལོ་རྒྱུས་སུ་བཏང་སྙོམས་སུ་བཞག་ན་ལེགས་པ་རེད། ད་ཟམ་གདོང་གིས་གྲོས་མོལ་བྱས་ཀྱང་འབྲི་ཆུའི་ཡས་མན་གྱིས་ཐག་ཆོད་ཅིག་བྱེད་སྲིད། ཐག་ཆོད་དེ་ལྟར་གནང་ན་བོད་མིའི་མངོན་འདོད་མ་གྲུབ་པ་རེད། ད་གང་ལྟར་གོང་ས་མཆོག་ཕྱི་རྒྱལ་ལ་མ་ཕེབས་པ་དང་ཀརྨ་པ་ཨ་རིར་བཞུགས་པ་དང་བཙན་བྱོལ་བོད་མི་ཕལ་ཆེ་བ་ནུབ་ཕྱོགས་སུ་འཕུར་བ་དང་སྲིད་སྐྱོང་དང་ཚོགས་ཟུར་གྱི་འགལ་ཟླ་ལས་སོགས་མང་པོ་ཞིག་ཐོན་ཡོང་གི་འདུག་ོས་ཡག་རྟགས་ཡིན་ནམ་སྡུག་རྟགས་ཡིན་བཤད་ཚིད་ཁག་པོ་རེད།

  9. དགེ་འདུན་རྒྱ་མཚོ། says:
    2017-12-10 at 4:37 am

    གྲོགས་གཅེས་ཚོ། བློ་མ་ཕམ། བློ་ཕམ་པའི་རྣམ་འགྱུར་མ་སྟོན། དེ་ལྟར་བྱས་ན་ཆབ་སྲིད་ཀྱི་གོ་རྟོག་ཅི་ཡང་མེད་པའི་ཅོལ་ཆུང་གི་བཟོ་ལྟ་མཐོང་ཡོང་གི་འདུག 
    ང་ཚོ་རྒྱ་ནག་ལས་རྣམ་པར་རྒྱལ་དགོས་ལ། རྒྱ་གར་ལས་རྣམ་པར་རྒྱལ་དགོས། ཕྱི་དགྲ་ལས་རྣམ་པར་རྒྱལ་དགོས་པ། ནང་དགྲ་ལས་རྣམ་པར་རྒྱལ་དགོས། 
    དགུན་དུས་ལ་སླེབས་ན་ཤིང་ལོ་ལྷུང་བ་ཆོས་ཉིད་ཡིན་ཡང་ཤིང་སྡོང་སྐམ་པའི་ངེས་པ་ག་ལ་ཡོད། དཔྱིད་དུས་ལ་སླེབས་ན་ཤིང་ལོ་རྒྱས་པ་མ་ཟད་སྟོན་གྱི་འབྲས་བུ་སྨིན་རྒྱུ་ཡོད་པར་ཡིད་ཆེས་བྱེད་དགོས། 
    རྒྱལ་ཁབ་ནི་དབྱར་ངོའི་སྤྲིན་པ་དང་འདྲ་བར་སྐབས་རེར་འདུས་ལ་སྐབས་རེར་ཐོར་བ་ཆོས་ཉིད་རེད། མི་རིགས་ཞིག་གི་རྩ་དོན་ནི་རྟག་བརྟན་གྱི་གཡུང་དྲུང་ཁོ་ན་ཡིན། 
    འཛམ་གླིང་གི་ལོ་རྒྱུས་ལ་ཕྱི་མིག་ཅིག་གཟིགས་དང་གསལ་བོར་མཁྱེན་ངེས་ཡིན། 
    ཡ་ཡ་བདེ་ལོ་བྱོས།

  10. ཀརྡོ་རབ་འབྱམས་པ་ says:
    2017-12-10 at 11:26 pm

    ་་་་་་་་་་ མི་རིགས་ཞིག་གི་རྩ་དོན་ནི་རྟག་བརྟན་གྱི་གཡུང་དྲུང་ཁོ་ན་ཡིན། འཛམ་གླིང་གི་ལོ་རྒྱུས་ལ་ཕྱི་མིག་ཅིག་གཟིགས་དང་གསལ་བོར་མཁྱེན་ངེས་ཡིན། ་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme