Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་གྱི་གྲགས་ཅན་བརྙན་འཕྲིན་ལེ་ཚན་༼བདེན་པ་ཉིད་རྒྱལ་གྱུར་ཅིག༽

Posted on 2014-03-052014-03-05 By ཁ་བརྡ་ 9 Comments on རྒྱ་གར་གྱི་གྲགས་ཅན་བརྙན་འཕྲིན་ལེ་ཚན་༼བདེན་པ་ཉིད་རྒྱལ་གྱུར་ཅིག༽

རིག་འཛིན་ལྷུན་གྲུབ།

སྤྱི་༢༠༡༤ ཟླ་༣ ཚེས་༢ ཉིན་རྒྱ་གར་ནང་གྲགས་ཅན་གློག་བརྙན་ཁྲབ་མཁན་ཨཱ་མིར་ཁཱན་གྱིས་རྒྱ་གར་གྱི་སྤྱི་ཚོགས་ནང་གི་དངོས་ཡོད་ཡ་ང་བའི་གནད་དོན་ཁག་ལ་ཞིབ་འཇུག་མཐར་ཕྱིན་གནང་སྟེ། དེ་དག་བསྒྱུར་བཅོས་ཡོང་སླད་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་བརྙན་འཕྲིན་ལེ་ཚན་༼བདེན་པ་ཉིད་རྒྱལ་གྱུར་ཅིག༽་ཅེས་པ་རྒྱ་གར་རྒྱལ་ཡོངས་བརྙན་འཕྲིན་ཁག་དང་གསར་འགྱུར་བརྒྱུད་ལམ་བརྒྱུད་དེ། འདི་ཟླའི་རེས་གཟའ་ཉི་མ་ནམ་ཡིན་ལ་ཞོགས་པ་ཕྱག་ཚོད་༡༡ ནས་༡༢ བར་རྒྱང་སྒྲོག་བྱེད་བཞིན་ཡོད། ཁ་སྔོན་ཚེས་༢ ཉིན་གྱི་ལེ་ཚན་དང་པོ་དེ་ནི་ལོག་གཡེམ་མམ་བཙན་གཡེམ་གྱི་སྐོར་རེད།

དེ་ཡང་། ལོག་གཡེམ་གྱི་ཆག་སྒོ་བྱུང་སའི་བུ་མོ་ཚོར་ཉེན་རྟོག་པ་དང་། སྨན་པ་དང་སྨན་ཁང་དང། ཁྲིམས་ཁང་དང་། སྤྱི་ཚོགས་ཀྱི་ལྟ་སྟངས་ཡ་ང་བ་ཡོད་ལུགས་ཡོད་སྟངས་ཞིབ་ཅིང་ཕྲ་བ་གསལ་སྟོན་གནང་ཡོད་པ་རེད། རང་ཅག་བོད་རིགས་རྒྱ་གར་སྤྱི་ཚོགས་ནང་གནས་སྡོད་བྱེད་མཁན་ཚོས་གནད་དོན་འདི་དག་ལ་སྐོར་རྒྱུས་མངའ་ཡོད་པ་བྱེད་རྒྱུ་ནི་གལ་ཆེན་རེད་སྙམ།
ལེ་ཚན་གྱི་རྗེས་སུ་ངའི་གྲོགས་པོ་རྒྱ་གར་བ་ཤེས་ཡོན་ཅན་དང་མི་དམངས་དཀྱུས་མ་མང་པོ་ཞིག་གིས་ལོག་གཡེམ་མམ་བཙན་གཡེམ་གྱི་སྐོར་ནང་ཆོས་དང་བོད་ཀྱི་གོམས་སྲོལ་ཐོག་ནས་ལྟ་སྟངས་གང་ཡོད་དང་། རྒྱ་གར་ཚོར་ལམ་སྟོན་ནམ་སློབ་གསོ་སྤྲོད་ཐུབ་ན་ལེགས་ཚུལ། གཙོ་ཆེན་ནི་རྒྱ་གར་བ་ཚོ་རྨོངས་ཉིད་ལས་སད་ཐབས་དང་། བུ་མོ་ཚོའི་ཡ་ང་བའི་གནས་སྟངས་ལ་འགྱུར་བ་ཡོང་སླད་ཕན་ཐོགས་ཀྱི་རེད་ཅེས་ཟེར་གྱི་འདུག
དེས་ན་དྲ་གྲོགས་ཚོས་ནང་བསྟན་སྤྱི་དང་བྱེ་བྲག་བོད་བརྒྱུད་ནང་བསྟན། དེ་བཞིན་གངས་ཅན་པའི་ལུགས་སྲོལ་ཐོག་ནས་བུ་མོར་ལོག་གཡེམ་གནད་དོན་སྐོར་ལ་དགོངས་ཚུལ་གསུང་རོགས།

བརྙན་འཕྲིན་ལ་འདི་ནས་གཟིགས་རོགས། http://www.youtube.com/watch?v=9J8ifuHyHjk

སྣ་ཚོགས།

Post navigation

Previous Post: ཐོལ་གླུ་ཡིད་ཀྱི་མེ་ལོང་།
Next Post: དོ་ནུབ་ངས་ཁྱེད་ལ་སྙན་ངག་འབྲི་བཞིན་ཡོད།

Comments (9) on “རྒྱ་གར་གྱི་གྲགས་ཅན་བརྙན་འཕྲིན་ལེ་ཚན་༼བདེན་པ་ཉིད་རྒྱལ་གྱུར་ཅིག༽”

  1. ཞུས་ཆེན་པ says:
    2014-03-05 at 11:05 am

    གོང་ན་རིག་འཛིན་ཟེར་བའི་མིང་ཅན་འདིས་ལོག་གཡེམ་མམ་བཙན་གཡེམ་ཞེས་ཐ་སྙད་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འཁྲུལ་འདུག ལོག་གཡེམ་ནི་ལོག་པར་གཡེམ་པ་སྟེ་རང་གི་ཆུང་མ་ལས་བུད་མེད་གཞན་ལ་འཁྲིག་སྤྱོད་བྱེད་པའི་ཐ་སྙད་ཡིན། བཙན་གཡེམ་ནི་གཞན་ལ་འདོད་མོས་མེད་པར་བཙན་དབང་གིས་འཁྲིག་སྤྱོད་བྱེད་པར་གོ་སྟེ་ལོག་གཡེམ་ཡིན་པ་གཉིས་ཀ་འདྲ་ནའང་བཙན་དབང་དང་འཇིགས་སྐུལ་བྱས་ཡོད་མེད་ལ་ཁྱད་པར་ཡོད་དོ།

  2. ནམ་མཁའ says:
    2014-03-05 at 11:33 am

    རྒྱ་གར་སྐད་མི་གོ་སྟབས་གསལ་བོ་ཞིག་ཤེས་དཀའ་སོང་མོད།འོན་ཀྱང་བུད་མེད་ཚོ་དང་ཉམ་ཆུང་རིགས་ཀྱི་ཡིད་སྐྱོ་བའི་གནས་སྟངས་ཞིག་བཤད་ཀྱི་ཡོད་ཚུལ་རེད།ཁ་སྔོན་ཞིག་ལ་དྲ་ཐོག་འདིར་བོད་པ་རྒད་པོ་ཞིག་གིས་གངྒའི་འགྲམ་ནས་རྒྱ་གར་ཕྲུག་གུ་བུ་མོ་དམར་རྗེན་འགའ་རྙེད་ནས་རྒད་པོ་དེས་གསོ་སྐྱོང་གནང་བ་ཞིག་འདིར་བཀོད་ཡོད་པ་ཞིག་དྲན་སོང་། རྒད་པོ་དེ་ཡང་བརྙན་འཕྲིན་སྡེ་ཚན་འདི་ལ་ངོ་སྤྲོད་རེ་གནང་ཐུབ་ན་ཤིན་ཏུ་ལེགས་སྙམ་པས་རེ་སྐུལ་ཞུ་བཞིན་ཡོད།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-03-05 at 11:36 am

    བཙན་གཡེམ།
    བཙན་གཡེམ་ནི། ངོ་ཚ་རེད།
    བཙན་གཡེམ་ནི། ཞབས་འདྲེན་རེད།
    བཙན་གཡེམ་ནི། ཁྲིམས་འགལ་རེད།
    བཙན་གཡེམ་ནི། སྡིག་པ་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-03-05 at 11:45 am

    བཙན་གཡེམ་བྱེད་མཁན་དང་། མྱོང་མཁན་གཉིས་ཀྱི་ཁྱད་པར།
    བཙན་གཡེམ་བྱེད་མཁན་ངོ་ཚ་དགོས་པ་ལས། བཙན་གཡེམ་མྱོང་མཁན་ངོ་ཚ་དགོས་མེད།
    བཙན་གཡེམ་བྱེད་མཁན་ཞབས་འདྲེན་ཡིན་དགོས་པ་ལས། བཙན་གཡེམ་མྱོང་མཁན་ཞབས་འདྲེན་མ་རེད།
    བཙན་གཡེམ་བྱེད་མཁན་ཁྲིམས་འགལ་ཡིན་པ་ལས། བཙན་གཡེམ་མྱོང་མཁན་ཁྲིམས་འགལ་མ་རེད།
    བཙན་གཡེམ་བྱེད་མཁན་ལ་སྡིག་པ་ཡོད་པ་ལས། བཙན་གཡེམ་མྱོང་མཁན་ལ་སྡིག་པ་མེད།

  5. འཇམ་གཅེས། says:
    2014-03-05 at 12:14 pm

    བཙན་གཡེམ་ལ་མི་དགའ་ན་དང་པོ་ནས་ཁར་ཡག་པོ་ཉན་པ་ཡིན་ན་གླེང་གཞི་གང་ཡང་ཡོད་པ་མ་རེད། དགོས་ན་མི་དགོས་མདོག་མདོག་བྱེད་རྒྱུ་ཡོད་པ་མ་རེད། བསམ་བློ་གུ་ཡངས་ཙམ་བཏང་དགོས་པ་རེད། བུ་མོ་ཚོ་ལ་ཟེར་གྱིན་ཡོད་དོ་་་་་་

  6. ཡ་མ་ཚེ་རིང says:
    2014-03-05 at 3:53 pm

    བཙན་གཡེམ་ནི། ཕ་རོལ་པོར་འདོད་མོས་ཡོད་མིན་མ་ལྟོས་པར་བཙན་དབང་གིས་སྤྱད་པ་ལ་ཟེར། དེ་ནི་ཆོས་འཇིག་རྟེན་གང་གི་དངོས་ནས་བཤད་ཀྱང་གཅིག་ཏུ་ཐ་ཆད་པའི་ཁྲིམས་འགལ་ཞིག་ཡིན། ལྷག་པར་དུ་སངས་རྒྱས་ཆོས་ལུགས་ཀྱི་དངོས་ནས་བཅལ་ན། ཐ་ན་རང་གི་ཆུང་མ་ལས་གཞན་ལ་འདོད་པ་སྤྱད་པའང་ལས་ངན་པ་དང་། ནག་ཉེས་ཤིག་ཏུ་བགྲང་ཡོད། དེ་ལ་ཆོས་ལུགས་ཀྱི་བརྡ་ཆད་ལྟར་ན་ལོག་གཡེམ་ཟེར། འདི་ལ་དཔག་ན། བཙན་གཡེམ་ནི་དེ་ལས་ཀྱང་ནོར་འཁྲུལ་ཞིག་ཏུ་བལྟས་ཡོད་པ་ལྟ་ཅི་སྨྲོས། ཡིན་ནའང་། བཙན་གཡེམ་ཕོག་པའི་སྐྱེས་པའམ་བུད་མེད་དེར་གདོན་དུ་བལྟས་ཤིང་། འདྲེ་རུ་བརྩི་བ་དེ་ནི་”མི་གེའི་སྟེང་ལ་ཟླ་ལྷག་”ཟེར་ལྟར་ཡ་ང་སྙིང་རྗེ་མེད་པ་ཞིག་རེད། འོ་ན་དེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེེ་ན། མུ་བཞི་བཞག་ཆོག རང་གི་ཆུང་མར་འདོད་མོས་གཏན་ནས་མེད་བཞིན་དུ་བཙན་གྱིས་སྤྱད་ན་བཙན་གཡེམ་ཡིན་ཡང་། ལོག་གཡེམ་མ་ཡིན། ཡང་གཞན་གྱི་ཆུང་མ་ལ་གཉིས་མོས་ཀྱིས་སྤྱད་པ་ནི། ལོག་གཡེམ་ཡིན་ཡང་། བཙན་གཡེམ་གྱི་ཁོངས་སུ་མི་བརྩི། དེ་བཞིན་དུ་གཉིས་ཀ་ཡིན་པ་དང་། མ་ཡིན་པའང་ཡོད་དེ་ཤེས་ནུས་སོ། །

  7. རིག་འཛིན་ལྷུན་གྲུབ། says:
    2014-03-06 at 12:27 am

    དྲ་གྲོགས་ཚོས་གནད་དོན་ཐོག་ནང་ཆོས་དང་བོད་ཀྱི་གོམས་སྲོལ་གྱིས་ཐོག་ནས་ལྟ་སྟངས་གསུངས་རོགས། རྒྱ་གར་ལ་ཆ་་མཚོན་ན། ལོག་གཡེམ་མམ་བཙན་གཡེམ་གྱི་དོན་རྐྱེན་ནི་ཧ་ཅང་གི་གནས་ཚུལ་ཡ་ང་བ་ཞིག་རེད། དཔེར་ན། སྤྱི་ལོ་༢༠༡༢ནང་རྒྱ་གར་ནང་ལོག་གཡེམ་མམ་བཙན་གཡེམ་གྱི་འགྱོད་གཞི་༡༠༡༠༤༡ཙམ་བྱུང་ཡོད་པ་དང། དེ་དག་ལས་༣༥༦༣མ་གཏོགས་ཁྲིམས་ཐག་བཅད་ཐུབ་མེད་པ་དང་། ལྷག་མ་༨༦༠༣༢ད་དུང་ཡང་འགྱོད་དོན་འགྲོ་བཞིན་པ་རེད། དེ་བས་ཡིད་ཆེས་དཀའ་བ་ནི། ལོག་གཡེམ་གྱི་ཆག་སྒོ་བྱུང་སའི་བུ་མེད་ཀྱི་ལོ་ཚད་ནི། ཟླ་བ་གཉིས་ཀྱི་བྱིས་པ་ནས་རྒས་མོ་ལོ་༩༣བར་ཆགས་ཀྱི་ཡོད་འདུག སོམས་དང།

  8. lobsang199 says:
    2014-03-06 at 11:33 am

    བོད་པའི་སྤྱི་ཚོགས་ནང་བུད་མེད་ཞིག་བུ་གཞན་དང་ལུས་འབྲེལ་བྱུང་ན་བུད་མེད་དེ་མ་རབས་ལ་རྩི་གི་འདུག བུ་ཞིག་བུད་མེད་གཞན་དང་ལུས་འབྲེལ་བྱུང་བ་ལ་ཇོན་ཐང་ལྟ་བུ་ཞིག་ལ་རྩི་གི་དེ་ཁྱད་ཚར་རེད། ནང་ཆོས་ནང་ལ་ལོག་གཡེམ་ནི་བུ་བུ་མོ་གཉིས་ཀ་ལ་མཉམ་དུ་བྱུང་གི་ཡོད་པ་དེ་འདྲ་རེད། འདི་བུ་བུ་མོ་ཐོབ་ཐང་འདྲ་ཉམ་མེད་པའི་རྟགས་མཚན་ཞིག་རེད། ཧྀན་དྷུ་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ལ་ཡང་དེ་རེད་འདུག

  9. བསྟན་འཛིན་སྟོབས་ལྡན། says:
    2014-03-06 at 5:11 pm

    Satyamev Jayate ཡི་ནང་དོན། བདེན་པ་ཉིད་རྒྱལ་ལོ་རེད། བདེན་པ་ཉིད་རྒྱལ་གྱུར་ཅིག མ་རེད། སྔ་་མ་ནི་བསྒྲགས་ཚིག་དང་ཕྱི་མ་ནི་སྨོན་ཚིག་ཡིན། དཔེར་ན། ང་ཁང་པ་འདིའི་བདག་པོ་ཡིན་ཞེས་པ་དང་། ང་ཁང་པ་འདིའི་བདག་པོར་གྱུར་ཅིག་ཅེས་པ་ལྟ་བུ་རེད། རྒྱ་གར་གྱི་རྒྱལ་རྟགས་སུ་གྱུར་པའི་མྱང་མེད་སེངྒེའི་རྡོ་རིང་གི་གཤམ་ལ་ཚིག་འདི་བཀོད་ཡོད། རྒྱ་གར་ལ་རང་བདེན་པ་ཡོད་པས་སྐབས་དེའི་བཙན་རྒྱལ་སྟོབས་ཆེན་དབྱིན་ཡུལ་འོག་ནས་རང་བཙན་རེག་ཟིན་པས་མིང་བསྒྲགས་ཚིག་འདི་ཤིན་ཏུ་འཚམས། བོད་འདི་ད་ལྟའི་སྟོབས་ཆེན་བཙན་རྒྱལ་རྒྱ་དམར་འོག་ཏུ་ཡོད་ཀྱང་བདེན་པ་ང་ཚོར་ཡོད་པས་མཐར་ཐུག་གི་རྒྱལ་ཁ་གཏན་ནས་ང་ཚོར་ཡོད་ཅེས་པ་མཚོན་གྱི་ཡོད་པས་དེ་ཡང་འཚམས་པ་ཡིན། དུས་ཕྱིས་བོད་ལ་ལོག་རྒྱུ་བྱུང་སྐབས་རྒྱལ་རྟགས་འོག་གི་འབོད་ཚིག་དེར་ཡང་གཏན་གཏན་འགྱུར་བ་ཐེབས་སྲིད་པ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme