Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་གཞུང་གིས་བོད་དོན་ལངས་ཕྱོགས་ལ་འགྱུར་བ་གཏོང་སྲིད།

Posted on 2015-05-132015-05-13 By ཁ་བརྡ་ 38 Comments on རྒྱ་གར་གཞུང་གིས་བོད་དོན་ལངས་ཕྱོགས་ལ་འགྱུར་བ་གཏོང་སྲིད།

ཡོང་ཁུངས། བོད་ཀྱི་དུས་བབ།

 
ཉེ་ལམ་ཧི་མ་ཅལ་མངའ་སྡེའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཨགྷི་ནེ་ཧོ་ཊརེ་(Kuldip Chand Agnihotri) ལགས་ཀྱིས་རྒྱ་གར་སྲིད་བློན་གསར་བ་མུ་ཌེ་སྲིད་གཞུང་གིས་དེང་གི་བོད་དོན་ཐོག་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་གཏོང་སྲིད་པ་རེད་ཅེས་བརྗོད་བྱུང་།

ཁ་སང་རྒྱ་གར་གསར་ལམ་(Indiatoday)ཞེས་པའི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདི་ཟླའི་ཚེས་ ༨ ཉིན་རྒྱལ་ས་ལྡི་ལིར་བརྟན་གཞི་བྱས་པའི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་ (TCV Youth Hostel) དུ་བསྐོང་ཚོགས་གནང་བའི་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ (BTSM) སྐུ་ཚབ་ཁག་ཅིག་དང་མཇལ་འཕྲད་ཀྱིས་གླེང་མོལ་གནང་སྐབས། ཧི་མ་ཅལ་མངའ་སྡེའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཨགྷི་ནེ་ཧོ་ཊརེ་ལགས་ཀྱིས། “ཉེ་ཆར་རྒྱ་གར་སྲིད་གཞུང་གིས་བོད་དོན་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་སྲིད་པའི་གནས་ཚུལ་ཐེངས་འགར་རྒྱ་ནག་སྲིད་གཞུང་ལ་གློག་འཕྲིན་བརྒྱུད་ལམ་ནས་སྙན་སེང་ཞུས་དོན། ‘བོད་ནི་རྒྱ་དཀར་ནག་གི་མཐའ་མཚམས་རྒྱལ་ཁབ་ཅིག་ཡིན་པ་ལས། རྒྱ་ནག་གི་ཆ་ཤས་མ་ཡིན་པ་གསལ་བརྗོད་གནང’བར། རྒྱ་ནག་གཞུང་གིས་རྒྱ་གར་གཞུང་གིས་བོད་དོན་ཐོག་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་གཏོང་ངེས་ཡིན་པར་སེམས་འཚབ་བྱེད་ཀྱིན་ཡོད་པ་རེད”ཅེས་བརྗོད་ཡོད་ཚུལ་བཀོད་འདུག

གནས་ཚུལ་དེའི་ནང་མུ་མཐུད་དུ་བཀོད་དོན། སློབ་དཔོན་ཆེན་མོ་ཨ་གྷི་རེ་ཧོ་ཌི་རེ་མཆོག་ནི་མཚན་སྙན་རླུང་ལྟར་གྲགས་པའི་དེང་གི་རྒྱ་གར་རྒྱལ་ཞེན་ལྷན་ཚོགས་སམ་གཡས་ལྷུང་ཚོགས་པའི་ (RSS) མཁས་དབང་ཆེན་པོ་ཞིག་རེད་ལ། (BJP) ཚོགས་པའང་སྲིད་དོན་ཚོགས་པ་འདིའི་གཤོག་པ་ཡ་གཅིག་ལྟ་བུ་ཡིན་འདུག

ཐེངས་འདིའི་ཚོགས་ཆེན་མ་བསྐོང་བའི་སྔོན་ཏག་ཏག་ལ། རྒྱལ་ས་ལྡི་ལིར་༼རྒྱ་གར་ཕྱི་འབྲེལ་སྲིད་ཇུས་གསར་བ་དང་བོད་ཀྱི་གནད་དོན༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་ཆེན་ཞིག་ཚོགས་ཡོད་པ་མ་ཟད། ཉེ་སྔོན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐོར་དང་བསྟུན་ཏེ། བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཡན་ལག་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བཀག་སྡོམ་ལས་འགུལ་སྤེལ་ཕྱོགས་ཐད་ལའང་དམིགས་བསལ་ཚོགས་འདུ་བསྐོང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ལྷ་སྐྱིད་རྡོར་རྗེ་དང་རྒྱལ་ས་ལྡི་ལིའི་གཞིས་གྲོང་སམ་ཡེ་གླིང་གི་རྒྱལ་དཔོན་སྐལ་ལྡན་ཚེ་རིང་ལགས་གཉིས་ཀྱིས་ཐེངས་འདིའི་ཚོགས་ཞུགས་པ་རྣམས་ལ་ཁ་བཏགས་སྒྲོན་འབུལ་ཞུས་ཏེ་ཚོགས་འདུ་མཇུག་བསྒྲིལ་སོང་། ཞེས་སོགས་བཀོད་འདུག

གསར་འགྱུར།

Post navigation

Previous Post: སྐྱ་ཐང་ཐང་གི་ཁ་དོག
Next Post: ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལ་བཅར་འདྲི།

Comments (38) on “རྒྱ་གར་གཞུང་གིས་བོད་དོན་ལངས་ཕྱོགས་ལ་འགྱུར་བ་གཏོང་སྲིད།”

  1. རྡོ་སེངྒེ། says:
    2015-05-13 at 9:12 am

    རྒྱ་གར་ལོངས་ཤོག
    རྒྱ་གར་བརྟན་ཤོག
    རྒྱ་གར་དྲང་བདེན་ལ་བསྐྱོད་ཅིག

  2. འབྲོང་བུ་སོག་ཚ། says:
    2015-05-13 at 9:26 am

    གལ་ཏེ་རྒྱ་གར་གཞུང་གི་བཞེངས་ཕྱོགས་དེ་འདྲ་ཞིག་གནང་ཐུབ་ཚེ། དེ་ནི་མ་འོངས་པར་རྒྱ་གར་དང་བོད་གཉིས་ཆར་ཕན་ངེས་ཀྱི་གནས་ཚུལ་ཞིག་ཡིན།

  3. ཟུར་གནས་ says:
    2015-05-13 at 9:37 am

    གོང་གི་གནས་ཚུལ་དེ་རྫུན་མ་རེད། ཡང་བོད་དོན་བཀོལ་ནས་རྒྱ་གར་བས་ཁེ་བཟང་ལེན་འདོད་པ་རེད། རྒྱ་གར་སློབ་གྲྭའི་དགེ་རྒན་དེ་ཚོས་ཅི་ཡང་བཤད་སྲིད། དོན་ངོ་མར་གནས་ཚུལ་དེའི་ཁུངས་སྐྱེལ་རྒྱ་གར་གཞུང་གི་ཡི་གེ་མེད་ན་ཡིད་ཆེས་མ་བྱེད་བོད་པ་ཚོ།

    བོད་ཀྱི་དུས་བབ་ཀྱིས་རྒྱ་གར་གཞུང་དང་བོད་གཞུང་ལ་འབྲེལ་བ་བྱས་ནས་ཡི་གེ་འདི་འདྲ་ཞིག་བཏང་ཡོད་མེད་སྐད་ཆ་མ་དྲིས་པར། རི་བོང་ཅལ་སྒྲོག་ལྟ་བུར་འུར་བསླངས་ན། དུས་བབ་ཀྱི་རིན་ཐང་ཤོར་ནས་མིས་ཡིད་ཆེས་ཡོང་དཀའ།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-13 at 10:19 am

    ལ་དྭགས་པའི་ཕལ་སྐད་དུ་ཡང་། ཆོས་སྐད་ལྟར་། སྙན་སེང་ལ་སྙན་གསན་དང་། ཐེངས་ལ་ལན་ནམ་སྐབས། ཡོད་པ་མ་ཟད་ལ་ཡོད་པར་མ་ཟད། ཅེས་ཡོད་ཀྱང་ལ་དྭགས་པའི་ཕལ་སྐད་དུ། བོད་སྐད་ཀྱི་སྒྲ་གདངས་པའི་སྐད་ངན་ནམ་མིང་ཚིག་མང་པོ་ཡོད་པ་ཀུན་བསལ་ཏེ། བོད་སྤྱིའི་སྐད་དང་མཐུན་པ་བཟོ་དགོས་པ་མང་དུ་མཆིས་སོ།

  5. ཁྱུང་སེ། says:
    2015-05-13 at 10:40 am

    བོད་རེ་བ་ཕོངས་ཟེར་བ་ལྟར་ཡང་རྒྱ་གར་ལ་རེ་བ་ཆེན་པོ་མ་བྱེད་རོགས་་་་སངས་རྒྱས་འབྱོན་འབྱོན་བྲམ་ཟེ་རྒས། ཟེར་བ་ལྟར་རེད་་་་་སུ་ལའང་རེ་བ་མ་བརྒྱབ་རོགས། རང་རིན་པོ་ཆེ་ཡིས་མ་འཇོན་ན། གྲོགས་རིལ་མ་མགོ་ཡིས་སྐྱོབས་ལུགས་མེད་་་་ཟེར་བ་རེད། དེང་སང་དུས་བབ་གསར་འགྱུར་འདི་ཡང་་་་མིས་ཅི་ཟེར་ལ་ཉན་ནས་འབྲི་བ་མ་གཏོགས་་་་མིས་ཅི་བགྱིད་ཀྱི་གནས་ཚུལ་མི་འདུག ཉེ་སྔོན་བལ་ཡུལ་ལ་ས་འགུལ་གྱིས་ཉེས་མེད་མི་སེར་སྟོང་ཕྲག་མང་པོར་འཆི་རྐྱེན་བྱུང་བ་དེ་་་་བོད་པར་བརྙེས་བཅོས་བྱས་པའི་ལས་འབྲས་འཁོར་བ་རེད་ཅེས་བཤད་སོང།

  6. ཆོས་འཕེལ་དར་རྒྱས་ says:
    2015-05-13 at 11:39 am

    རེད་རེད། http://www.phayul.com/mobile/?page=view&c=1&id=36037 ལྟོས་དང་རྒྱ་གར་སྲིད་བློན་རྒྱ་ནག་ལ་འགྲོ་རྒྱུ་ཡིན་པས་རྒྱ་གར་ཆབ་སྲིད་ཚོགས་པའི་འགོ་འཛིན་ཙམ་ཡང་རྒྱལ་བ་རིན་པོ་ཆེ་ལ་ཐུག་མ་བཅུག་པའི་ལོ་རྒྱུས་ཞིག་གོ། ད་སུ་གང་ལ་ཉན་རྒྱུ་ཡོད་ས་མ་རེད། གཏམ་འཁྱར་དག་དག་གིས་མགོ་སྐོར་ནས་སྡོད་ལོ།

  7. སྤུ་གྲི་རེག་གཅོད། says:
    2015-05-13 at 3:12 pm

    རྒྱ་གར་ལ་དུས་ནམ་ཡང་ཡིད་ཆེས་བྱ་རུང། བོད་འདི་རྒྱ་གར་བས་དུས་ཚོད་ཡོད་དུས་རྩེད་ཆས་ཞིག་ལ་འཛིན་ཏེ་རྩེ་གི་ཡོད།
    ཁེ་བཟང་ཡོད་ས་ཞིག་ལ་སླེབ་དུས་ཚོང་རྫས་ལ་འཛིན་ནས་བཙོན་འཇོག་གི་ཡོད། ད་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་
    སྲིད་ཇུས་ལ་འགྱུར་བ་འགྲོ་ཡི་ཡོད་པ་ཧ་གོ་ནས། ཨ་རུ་ན་ཅལ་་སོགས་རྩོད་རྙོག་ཡོད་པའི་ས་ཆ་དག་རྒྱ་ནག་ལ་ཤོར་ཡོང་
    བསམ་ཡོད་འགྲོ།ཧཧཧཧཧཧཧཧཧཧཧ

  8. ཀརྡོ་གཉེར་ཕྱག་པ་ says:
    2015-05-13 at 3:32 pm

    ་་་་་་་་་ ‘བོད་ནི་རྒྱ་དཀར་ནག་གི་མཐའ་མཚམས་རྒྱལ་ཁབ་ཅིག་ཡིན་པ་ལས། རྒྱ་ནག་གི་ཆ་ཤས་མ་ཡིན་པ་གསལ་བརྗོད་གནང’བར། རྒྱ་ནག་གཞུང་གིས་རྒྱ་གར་གཞུང་གིས་བོད་དོན་ཐོག་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་གཏོང་ངེས་ཡིན་པར་སེམས་འཚབ་བྱེད་ཀྱིན་ཡོད་པ་རེད” ་་་་་་་་་་

  9. མི་གསོན་པོ says:
    2015-05-13 at 7:10 pm

    བོད་པས་བོད་འདི་རྒྱ་ནག་དང་ཁ་བྲལ་འདོད་མི་བྱེད་དུས་རྒྱ་གར་ལ་ཇུས་གཏོགས་ག་རེ་ཡོད།

  10. འཇམ་གཅེས། says:
    2015-05-13 at 8:35 pm

    གོང་གསལ་གནས་ཚུལ་འདི་བཞིན་བདེན་རྫུན་གང་ཡིན་ཡང་ཆོག སྲིད་བློན་མོ་དྷི་ཟེར་བའི་ཁ་སྤུ་དཀར་དཀར་འདི་ལ་དགའ་མོས་ཡོད། སྤྱིའི་ཆ་ནས་བཤད་ན་འདས་མ་ད་གསུམ་གང་གི་ཐད་ནས་བསམ་བློ་གཏང་ན་ རྒྱ་གར་ནི་བོད་ལ་བཀའ་དྲིན་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་པུར་ཅེ་ཡིན།

  11. ཆོས་འཕེལ་དར་རྒྱས་ says:
    2015-05-13 at 8:48 pm

    མཆན་བཅུ་བ་འཇམ་གཅེས་ཟེར་བ་ལ་འོག་གི་དྲ་ཚིགས་འདི་ཡང་བསྐྱར་སྐུར།

    http://www.phayul.com/mobile/?page=view&c=1&id=36037
    བརྗོད་དོན་ནི་Modi shirks Dalai Lama ahead of China visit
    ནང་དོན་ནི་མོ་དྷི་རྒྱ་ནག་ལ་མ་འགྲོ་སྔོན་ཏ་ལའི་བླ་མ་ལ་གཡོ་ཟོལ་བྱས་བ་རེད།

  12. སེམས་བཟང་། says:
    2015-05-14 at 12:50 am

    བོད་རེ་བའི་ཕོངས། རྒྱ་དོག་པའི་ཕོངས། ཞེས་པའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ཚིག་བཅད་འདི་གཉིས་ནི་དུས་རབས་ཉེར་གཅིག་པའི་ནང་ད་དུང་ཡང་ཆབ་སྲིད་ཀྱི་ཐོག་ལ་བཀོལ་ཆོག་ཆོག་ཅིག་རེད་འདུག མཆན་སྔ་མ་དག་གིས་བསམ་ཚུལ་ཡག་པོ་བཤད་འདུག རྒྱ་གར་གྱི་མཁས་པ་དང་ཉམས་ཞིབ་པ་སྐད་གྲགས་ཅན་དེ་ཚོས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཐེབས་པའི་གནད་དོན་གླེང་མོལ་བྱེད་པ་ནི་རྒྱུན་ལྡན་གྱི་སྐད་ཆ་ཞིག་རེད། དེ་ཚོའི་བཤད་པ་ནི་རྒྱ་གར་གཞུང་གི་ལྟ་བ་དང་ལངས་ཕྱོགས་གང་ཡང་མ་རེད། མདོ་དོན་རྒྱ་ནག་གིས་བོད་དོན་ཐོག་བཟུང་བའི་མཁྲེགས་འཛིན་གྱི་སྲིད་བྱུས་དེ་གུ་ཡངས་ཅན་གྱི་སྲིད་བྱུས་ཤིག་མ་བྱུང་བར་དུ་རྒྱལ་ཁབ་གཞན་སུ་ལའང་རེ་བ་རྒྱག་རྒྱུ་ཡོད་པ་མ་རེད་དོ།། འདྲེ་ཤར་དུ་ཡོད་པ་ལ་ཀླུད་ནུབ་དུ་འཕང་ནས་བསྡད་ན་ཏག་ཏག་ཡོད་ན། ང་ཚོའི་སྲིད་སྐྱོང་མཆོག་ཡང་ག་དུས་ཡིན་ན་གཞུང་འབྲེལ་ཕྱོགས་བསྐྱོད་རྐྱང་བྱས་ནས་ལས་ཡུན་རྫོགས་ལ་ཉེ།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-05-14 at 1:44 am

    དང་པོ། རྫབ་ཆེན་མའོ་ལ། སྐྱོན་འཛུགས་མཐར་ཕྱིན་བྱས་ནས། ཁོའི་རོའཁོགས་དེ། ཕྱིར་བཏོན་ཐུབ་པ་བྱེད་དགོས།
    གཉིས་པ། ད་ལྟའི་རྒྱ་གཞུང་གི་ལས་བྱད་མགོ་འཁྲེགས་སྡུག་རྩུབ་ཅན་རྣམས་ཕྱིར་འབུད་གཏོང་ཐུབ་དགོས།
    གསུམ་པ། ཏང་གི་དམིགས་ཡུལ་དང་། རྩ་ཁྲིམས་ནང་གི་མི་མང་ལ་གནོད་ཐེབས་རིགས་རྣམས་དག་སེལ་བྱེད་དགོས།
    འདི་ནི། ནང་སོག ཡུ་བོད། རྒྱ་ཧན་མི་རིགས་སོགས་མི་རིགས་ལྡ་བཅུ་ཚང་མའི་ཕྲག་པར་འཁྲི་བའི་ལན་འགན་ཅིག་རེད་དོ།།

  14. ཀརྡོ་གཉེར་ཕྱག་པ་ says:
    2015-05-14 at 1:48 am

    སྲིད་སྐྱོང་རྒྱལ་འགྱུར་ཅིག
    ཏང་སྲིད་ཕམ་གྱུར་ཅིག
    རྒྱ་ནག་དར་གྱུར་ཅིག
    མོ་དྷི་ངར་གྱུར་ཅིག

  15. ཀརྡོ་གཉེར་ཕྱག་པ་ says:
    2015-05-14 at 2:44 am

    སྡིག་ཆེན་མའོས། མི་འབོར་ས་ཡ་བདུན་ཅུ་ཐམ་པ་ཙམ་དམར་གསོད་དང་། སྡུག་ཤི་ཐེབས་བཅུག་ཡོད་རེད།
    དམར་པོའི་རྒྱུགས་ཁྱི་ཚོས། ཆོས་དང་། ལེགས་བྱང་། སྐད་ཡིག་མང་མོ་རྩ་མེད་བཏང་བ་རེད།
    ཏང་གི་ལས་བྱེད་ཕན་མེད་ནུས་མེད། ལྐོག་ཟ་རུལ་སུངས། སྡུག་རྩུབ་ཅན་རྣམས་བརྗེ་སྤོས་ཐུབ་པ་བྱེད་གལ་ཆེན་པོ་རེད།

  16. དཔལ་ལྡན། says:
    2015-05-14 at 3:07 am

    རྒྱ་གར་ནག་གཉིས་ཀྱིས་རྩོད་བཞིན་པ་ནི་བོད་ཀྱི་ས་རེད། རྒྱ་གར་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ག་ཚོད་བཏང་ཀྱང་བོད་འདི་རང་བཙན་རེད་རྩ་བ་ནས་ཟེར་རྒྱུ་མ་རེད་འདོད།

  17. ཤར་པ་ says:
    2015-05-14 at 3:42 am

    བོད་པ་ལ་རྒྱ་གར་གཞུང་དམངས་གཉིས་ལས་དྲག་པ་ཞིག་རི་བོང་རྭ་ཡི་སྤུན་ཟླ་རེད། རྒྱ་་གར་གཞུང་གི་ཆབ་སྲིད་ལ་འགྱུར་གཏང་ཚེ་བོད་དང་རྒྱ་གར་གཉིས་ཀྱི་མ་འོངས་མདུན་ལམ་གྱི་སྒོ་ཆེན་ཞིག་འབྱེད་པ་རེད། དེ་དང་གོ་སྐབས་བཟུང་ནས་དབུ་མའི་ལམ་དེ་འགྱུར་བ་གཏང་ན་དངོས་གནས་རྒྱ་རོ་ལ་།་ཁ་ལ་སྨྲ་བཅད་སྟོང་ཕྲག་སྦྱིན་པ་རེད།

  18. ཀརྡོ་གཉེར་ཕྱག་པ་ says:
    2015-05-14 at 4:11 am

    བོད་རྒྱ་ནག་ཁུངས་སུ་ཡོད་པ་དེ། རྒྱ་ཡི་མཉམ་དུ་ཡར་རྒྱས་དང་བདེ་སྐྱིད་སྐྲུནད། བོད་རྒྱ་གར་ཁུངས་སུ་ཡོད་པ་དག རྒྱ་གར་ཁུངས་སུ་ཡར་རྒྱས་དང་། བདེ་སྐྱིད་སྐྲུནད་དང་། མ་རེད་པེ། ལགས།

  19. ཀརྡོ་གཉེར་ཕྱག་པ་ says:
    2015-05-14 at 4:14 am

    ང་ནི་བོད་རང་བཙན་དང་ཕར་ཞོགས། བལ་ཡུལ་རྒྱ་གར་ཁུངས་སུ་བྱུང་ན་དང་། འབྲུག་རྒྱ་ནག་ཁུངས་སུ་འཛུལ་ན་ཅི་མ་རུང་སྙམ་མཁན་ཞིག་ཡིན། འོནད་ཀྱང་། ང་ནོར་བ་ཡིན་ཡང་སྲིད་དོ།།

  20. ཀརྡོ་གཉེར་ཕྱག་པ་ says:
    2015-05-14 at 4:55 am

    གནས་ཚུལ་ཁུངས་མ།
    http://www.voatibetanenglish.com/content/article/2762914.html

  21. རིག་ཡག། says:
    2015-05-14 at 5:01 am

    རེ་བ་གཞན་ལ་བརྒྱབ་སྟེ་འདུག་པ་ནི་ནམ་ཡང་མགོ་བོ་འཇོག་མི་ཐུབ་སྔ་ལྟས་སོ།

  22. ནད་མེད་ཚེ་རིང་། says:
    2015-05-14 at 6:52 am

    རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་འགྱུར་བ་གཏོང་འདོད་ཡོད་བའི་དབང་དུ་གཏང་ནའང་གཏོང་དཀའ། རྒྱུ་མཚན་འགའ་ཞུས་ན། དང་པོ་རྒྱ་གར་དང་པ་ཀི་སི་ཐན་གཉིས་དབར་ཀ་ཤི་མི་རི་ས་ཆའི་བདག་དབང་རྩོད་རྙོག་ནི་རྒྱལ་སྤྱའི་གནད་དོན་ཆགས་ཡོད། གཉིས་པ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ལས་ཨ་རི་གཙོས་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་ནས་བསྟུན་མཁས་མ་བྱ་དཀའ་མེད་ཡིན། བོད་རེ་བའི་ཕུངས་ཟེར་བའི་དཔེ་དེ་ད་ལྟའང་བརྗེད་མིན་འདུག་གང་དྲག འོ་ཅག་གཉིད་སད་རན་དག་ཆོད་།།།།།

  23. སྤོབས་པ་མཐའ་ཡས། says:
    2015-05-14 at 6:53 am

    རྒྱ་གར་ལས་ལྷག་པའི་བོད་དོན་ལ་རོགས་སྐྱོར་བྱེད་མཁན་ཞིག་སྔར་ཡང་མེད་ལ་མ་འོངས་པར་མེད་པར་ཐག་ཆོད་པ་རེད། རྒྱ་གར་གྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་ན་དགའ་འོས་པའི་དོན་བཟང་རེད། དེ་ལ་རེ་བ་བརྒྱབ་སྟེ་འདུག་འདུག་དགོས་སུས་ཀྱང་ལབ་ཀྱིན་མི་འདུག ཁྱོད་ཚོས་དོན་མེད་དུ་སུ་ལ་དགག་པ་རྒྱག་གིན་ཡོད།

  24. དགེ་འདུན་རྒྱ་མཚོ། says:
    2015-05-14 at 8:45 am

    ཁྱེད་རང་ཚོའི་བསམ་བློ་དེ་འདྲའི་ཐབས་སྐྱོ་བ་ལ

  25. ཁྱུང་སེ། says:
    2015-05-14 at 11:09 am

    གནས་སྐབས་གནས་ཚང་གཡར་ནའང་མཐར་ཐུག་གི་བོད་དོན་ལ་རྒྱ་གར་ལས་གནོད་ཚབ་ཆེ་བ་ཞིག་མ་མཐོང། ནེའུ་རུས་བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་ཞིག་ཏུ་ངོས་འཛིན་བྱས་པ་དེ་རེད། ད་ལྟ་གནས་ཚང་གཡར་ནས་བསྡད་དུས་གནས་ཚང་ལ་ངོ་ལོག་དང་སྐྱོན་བརྗོད་བྱེད་མི་འོས་ལ་བྱེད་ཀྱང་མི་ནུས། འོན་ཀྱང་རྒྱ་དཀར་ནག་གཉིས་ཀས་བོད་ས་བཟོས་པར་ཕལ་ཆེར་ཆེ་ཆུང་ཞིག་མ་གཏོགས་ཁྱད་པར་མེད། རྒྱ་ནག་གིས་་་རྒྱ་གར་གྱིས་ཆུ་རྙོགས་པའི་ནང་ནས་ཉ་བླངས་སོང་ཟེར་བ་རེད། ཉ་མང་པོ་བླངས་པ་རེད། ལོ་ཤས་སྔོན་དུ་ཟམ་གདོང་བླ་མས་ཀྱང་མོན་ཏ་དབང་རྒྱ་གར་གྱིས་ཡིན་རབས་བཤད་སོང། ཆབ་སྲིད་ཀྱི་དབང་དུ་བྱས་ན་དེ་ལས་ནོར་འཁྲུལ་ཆེ་བ་མེད། མོ་དྷའི་གཞུང་ངམ་མོ་དྷི་ཡིས་རྒྱ་ནག་ལ་བོད་དོན་གྱི་ཆེད་དུ་གནོན་ཤུགས་སྤྲོད་མི་ནུས་ལ་སྤྲོད་པའི་རེ་བའང་བྱེད་རྒྱུ་མེད། སོ་སོས་འཇོན་དགོས་པ་ལས་གཞན་ལ་རེ་བ་མ་བཅོལ་བོད་རིགས་ཚོ།

  26. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-14 at 11:22 am

    གོང་གི་མཆན་༤པར་བོད་སྐད་ཀྱི་སྒྲ་གདངས་པའི་ཞེས་པར་བོད་སྐད་ཀྱི་སྒྲ་གདངས་ཉམས་པའི་ཞེས་ཞུས་དག་དགོས་པར་མགོང་།
    ་
    རྒྱ་གར་སྲིད་བློན་མོ་དཱིས་སྤྱི་ཟླ་༥་ཚེས་༡༨། ༢༠༡༥་Time ཞེས་པའི་དུས་དེབ་ན། བཤད་པ་འདི་ལྟར་བཀླགས་ཏེ། རྒྱ་གར་གྱིས་ཨ་རིར་ཅི་བྱེད་དགོས་པ་དང་། ཨ་རིས་རྒྱ་གར་ལ་་ཅི་བྱེད་དགོས་པའི་བསམ་བློ་ཙམ་མ་ཡིན་པར་རྒྱ་གར་དང་ཨ་རི་གཉིས་ཀས་ཛམ་གླིང་གི་ཆེད་དུ་ཅི་བྱེད་དགོས་པའི་བསམ་བློ་གལ་ཆེ་ཚུལ་བཤད། ཅེས་པ་འདི་ཉིད་ལག་ལེན་དུ་སྟར་ཐུབ་ཚེ། དེ་དག་གིས་བོད་ཀྱི་སྐོར་ལ་ཡང་ལྟ་དགོས་པ་ཡིན་འདུག།

  27. ཁྱུང་སེ། says:
    2015-05-14 at 1:25 pm

    མཆན་༢༦ ༼ཞུས་དག་ལས་ཞུ་དག་དག་པ་མིན་ནམ༽ ༼དགོས་པར་མགོང༽དོན་མ་གོ། ༼གཉིས་ཀས་ཛམ་གླིང༽ གཉིས་ཀས་འཛམ་གླིང་ཞེས་པར་ཞུ་དག་དགོས། ༼ ལག་ལེན་དུ་སྟར་པ་ཞེས་པར་བསྟར་ཅེས་བྲིས་ན་ལེགས་པ་མིན་ནམ༽

  28. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-14 at 5:39 pm

    ཁྱུང་སེ་ལེགས་ཀྱིས་བགྲོ་གླེང་མཛད་པར་ལེགས། བོད་མཁས་པའི་དཔེ་མང་པོ་ན་ཞུས་དག་ཅེས་ཡོད། ༼དགོས་པར་མགོང༽དོན་མ་གོ། འདི་ཉིད་ལ་ནོར་འཁྲུལ་ག་བྲིས་པར་དགོངས་དག དེ་ལ་མཐོང་ཞེས་དགོས་པ་ཡིན། འཛམ་གླིང་ཞེས་མ་དག་པ་རྒྱུན་འབྱམས་ས་སོང་བ་ཡིན་འདུག། སྣར་ཐང་བཀའ་འགྱུར་པོ་ཏི་དང་། དེབ་ཐེར་སྔོན་པོ་སོགས་ན་ཡོད་པའི་ཛམ་གླིང་ཞེས་པ་ཛམྦུ་དྭཱི་པ་ཞེས་པ་ཡིན། སྟར་ཞེས་པར་དཔྱད་པ་དགོས། ད་ལྟ་ལོང་མི་འདུག རྗེས་སུ་ཞུ་ཆོག ད་དུང་མ་དག་པ་དག་ལ་ཞུས་དག་མཛོད།

  29. ཀརྡོ་གཉེར་ཕྱག་པ་ says:
    2015-05-15 at 2:55 am

    ད་ལྟའི་རྒྱ་དཀར་ནག་གཉིས།
    http://www.tibettimes.net/news.php?showfooter=1&id=10035

  30. ཀརྡོ་གཉེར་ཕྱག་པ་ says:
    2015-05-15 at 2:57 am

    ་་་་་་་་་་་་་་་་་་་་་་་་ཛམ་གླིང་ཞེས་པ་ཛམྦུ་དྭཱི་པ་་་་་་་་་་་་་་་་་་་་་་་ འདི་རང་དག་པ་རེད་དོ།།

  31. ཀརྡོ་གཉེར་ཕྱག་པ་ says:
    2015-05-15 at 2:58 am

    ཞུ་དག་ལས། ཞུས་དག་དག སྟར་བ་ལས། བསྟར་བ་དག་པ་རེད།

  32. ཀརྡོ་གཉེར་ཕྱག་པ་ says:
    2015-05-15 at 3:02 am

    རྒྱ་གར་གྱི་སེངྒེ་དང་། རྒྱ་ནག་གི་འབྲུག་གི་སྐོར་ལ།
    https://www.youtube.com/watch?v=GJCNAXWULbQ

  33. ཤར་པ་ says:
    2015-05-15 at 6:42 am

    འབྲུག་ཞེས་པའི་སེམས་ཅན་དེ་ཡོད་དམ། ཡོད་ན་དཔང་རྟགས་ག་ཚོད་ཡོད་དམ། གངས་སེང་དེ་ཡོད་དམ། གང་ལྟར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། རྒྱ་གར་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོར་ཡོད། སེམས་ཁམས་རིགས་པ་དང། དངོས་ཁམས་རིགས་པ། ཚན་རིགས་སོགས་རྒྱ་གར་འཛམ་གླིང་འདིར་ཡག་་ཤོས་རེད། རྒྱ་གར་གཞུང་ནས་བོད་དེ་བར་གནས་ཀྱི་རྒྱབ་ཁབ་ཞིག་རེད་དངོས་སུ་འང་ཡང་ན་།ཤུགས་ཀྱིས་ལབ་ན་རྒྱ་རོ་ཁག་པོ་བཟོས་པ་རེད། དེ་ལྟར་ཡོང་བ་ལ་དྭགས་དང། མོན། ག་ཤ། སོགས་རྒྱ་གར་འོག་ཡོད་པའི་བོད་པའི་གྲངས་ཉུང་མི་རིགས་ཚོས་དབུས་གཞུང་་ལ་གནུས་ཤུགས་སྤྲོད་རྒྱུ་་ཤིན་ཏུ་གལ་ཆེན་པོ་རེད། རྒྱ་རྒྱ་ཡུལ་སྐྱིད་པ་དང་། བོད་བོད་ལ་སྐྱིད་པ་དེ་རང་བཞིན་གྱི་གནས་ཚུལ་དང་དངོས་ཐོག་བདེན་ཚུལ་ཡང་རེད།རྒྱ་རོས་གོང་མས་དཔལ་རྒྱ་བ་ཀརྨ་པ་པཀྴི་ལ་ཞ་ནག་ཕུལ་བ་དང། དེ་ནས་བྱམས་ཆེན་ཆོས་རྗེ་ལ་ཞ་ནག་ཕུལ་བ་ནས་བཟུང་རྒྱ་རོས་བོད་འདི་ཟ་རྩེས་བྱེད་པའི་གཞི་བསྒྲུབ་པ་རེད། གང་ལྟར་རྒྱ་རོ་ཡིན་ཕྱིན་ཆད། རྒྱ་ནང་པ། རྒྱ་ཡེ་ཤོས།་རྒྱ་དམར་པོ་སུ་འདྲ་ཞིག་ཡིནའང་བོད་ལ་དོན་དམ་གྱི་ཕན་སེམས་མེད་པར་སྔོན་བྱུང་དང། ད་ལྟ། འབྱུང་འགྱུར་ལ་ནམ་མཁའི་པདྨོའི་མཛེས་རྒྱན་རེད། ཆིག་ཡིག་དོན་ཚན་བཅུ་བཞག་ནས་བོད་ཀྱི་མགོ་ལ་ཞྭ་ནག་ཅིག་གཡོག། ཁྱི་རྒན་ཏིང་ཞའོ་ཕིང་གིས་རང་བཙན་མིན་པའི་སྐད་ཆ་གང་ཡིན་་ཡང་བཤད་ཆོག་ཅེས་བདེན་་དཔང་དང་ཡིག་ཆ་གང་ཡང་མེད་པའི་ཨཁུ་སྟོན་པའི་སྟ་བྲོ་བཞིན་ཞྭ་ནག་ཡང་ནས་ཡང་དུ་གཡོག་པ་འདི་ཚོ་ང་ཚོ་བོད་པས་དུས་ནམ་ཡང་དྲན་ལམ་་ནས་ཡལ་དཀའ་བ་ཞིག་ཐམ་གའི་འོག་ལ་མཚལ་གྱིས་གཏབ། གང་ལྟར་འཛམ་གླིང་ཧྲིལ་པོ་འདིར་བོད་པ་ལ་ཕན་ཐོག་ཆེ་ཤོས་དང་རྩེ་སེམས་འགྱུར་མེད་གཡུང་དྲུང་གི་ངོ་བོར་གནས་པ་དེ། རྒྱ་གར་གཞུང་དམངས་གཉིས་རེད། ད་རྒྱ་གར་འཕགས་པའི་ལྗོངས་དགོས་སམ་རྒྱུད་པའི་ཐོག་ནས་བོད་རྒྱ་དཀར་ནག་གཉིས་དབར་ལ་ཚུད་པའི་རྒྱལ་ཁབ་ཅིག་མཛམ་གླིང་འདི་གང་མངོན་པར་བྱེད་ན་། རྒྱ་རོ་ལ་བྱེད་ཅི་ཡང་མེད། ཅིག་བྱེང་དམག་རྒྱག་རྒྱའི་སྡིག་ར་ཞིག་གཏང་ཡོངས། རྒྱ་གར་ནི་བ་སྤུའི་རྩེ་ཡང་མི་གཡོ་བ་གངས་རིན་པོ་ལྟར་གནས་རྒྱུ་ཐག་ཆོད་པ་རེད། བདེན་པ་ཉིད་རྒྱལ་བ་དང། བདེན་པ་ལ་བདེན་རྒྱབ་ཡོངས་བདག་ཉིད་ཆེན་པོའི་ཐུགས་དམ་རེད།

  34. གནམ་ says:
    2015-05-15 at 8:11 am

    ༼༼ཁྱུང་སེ་ལེགས་ཀྱིས་བགྲོ་གླེང་མཛད་པར་ལེགས། ༽༽

    རྒན་ལ་དྭགས་པ་བློ་བཟང་ལགས། (མཛད་པར་ལེགས)་ཟེར་བའི་བརྡ་སྤྲོད་ཞིག་གང་ལ་འདུག་གམ། ལ་དོན་དེ་ཆོས་སྐད་གོ་བ་ལེན་བྱེད་ཀྱི་ཆེད་དུ་སྦྱར་བ་ཡིན་ནམ། བོད་སྐད་གོ་བ་ལེན་བྱེད་དུ་བྲིས་བ་ཡིན། ཡང་ན། བརྡ་སྤྲོད་ལ་རྨོངས་སོང་བས་རེད། ལ་དོན་འདིའི་སྐོར་ལ་འགྲེལ་བཤད་གསལ་བོ་ཞིག་དགོས་ཡོད།

  35. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-15 at 10:48 am

    ཀ་རྡོ་གཉེར་ཕྱག་པ་ལེགས་དང་། གནམ་མཆོག་གིས་བགྲོ་གླེང་སྐྱོན་སེལ་ལེགས་སྒྲུབ་ལ་བྲིས་པར་དགའ་བ་སྐྱེས། བསྟར་ཞེས་པ་ཁྱུང་སེ་ལེགས་ཀྱི་འདོད་པ་བཞིན་ཀ་རྡོ་མཆོག་གིས་གསུངས་པ་ལྟར་བདེན་པར་སྣང་སྟེ། གོལ་སྟེཨེན་གྱི་བོད་ཨིན་ཚིག་མཛོད་ན། བསྟར་བསྒྲིགས་དང་། བསྟར་ཆགས་ཞེས་གསལ། ༼ཁྱུང་སེ་ལེགས་ཀྱིས་བགྲོ་གླེང་མཛད་པར་ལེགས། ༽
    བརྗོད་པ་འདིར་ཁྱད་ཆོས་དང་བྱ་ཚིག་གོ་བ་གཉིས་ཀྱི་སྒོ་ནས་བསམ་དགོས་ཏེ། དང་པོ། མཛད་པ་ལེགས། ལྟ་བུ་དང་། གཉིས་པ། མཛད་པར་ལེགས། འདི་ཉིད་རྒྱས་པར་བྱེད་ན། མཛད་པར་ལེགས་གསོལ། ཞེས་པ་ལྟ་བུའོ།

  36. ནད་མེད་ཚེ་རིང་། says:
    2015-05-17 at 4:58 am

    དེང་སང་རྒྱ་ནག་ནི་དཔལ་འབྱོར་དང་དམག་སྦྱོང་གང་སྤྱིར་ཐོག་སྟོབས་ཤུགས་ཡོད་པས་ཐ་ན་ཨ་རི་ནས་ཀྱང་འཛམ་གླིང་ནང་ཆབ་སྲིད་གནད་དོན་མང་པོ་ཐོག་རྒྱ་ནག་མཉམ་ཞུགས་གལ་ཆེ་བརྩི་བཞིན་ཡོད་པས། རྒྱ་གར་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཨ་རི། དེ་བཞིན་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཕལ་མོ་ཆེ་ནས་རང་ཉིད་ལ་ཁེ་ཕན་ཐོབ་སླད་རྒྱ་ནག་ལ་བསྟུན་མཁས་བྱ་བཞིན་པ་ནི་མངོན་གསལ་ཡིན། དེ་ལྟ་ན་བོད་དོན་ཐོག་ཁ་ནས་བཤད་པ་ཙམ་ལས་དོ་དམ་གྱི་བོད་རྒྱ་དཀའ་རྙོག་སེལ་སླད་ནུས་ཐོན་རྒྱབ་སྐྱོར་ཇི་ཙམ་གནང་ཡོད། བཙན་བྱོལ་བོད་མི་གོ་འཁྲིད་ཚོའི་ད་བར་མོ་ལོ་བཅུ་ཕྲག་ལྔ་རིང་ཕྱི་རྒྱལ་རྒྱལ་ཁབ་ཀྱི་རེ་བ་རྒྱབ་ནས་དུས་ཚོད་བསྐྱེལ་སོང་བ་རེད། རྒྱབ་ཁབ་སུ་ཡིན་ཀྱང་རང་གི་དོན་དག་བསྒྲུབ་རྒྱུར་གལ་ཆེ་ཤོས་བཞག་པ་ཡིན། དེས་ན་རྒྱ་ནག་ལ་ཁ་ཐུག་གདོང་ཐུག་རྒྱབ་འདོད་མེད་པ་གསལ་པོ་རེད། དེར་བརྟེན་རྒྱ་གར་ལའང་ཀ་ཤི་མིར་བདག་དབང་ཐོག་རྩོད་རྙོག་ཡོད་པས་བོད་ཀྱི་ཐོག་འཛིན་པའི་སྲིད་བྱུས་འགྱུར་བ་གཏོང་རྒྱུ་ཁག་པོ་རེད་དོ། བོད་པ་ཚང་རང་ཉིད་ནས་འཛམ་གླིང་ནང་གི་ཆབ་སྲིད་འགྱུར་འགྲོས་བསྟུན་ནས་ལམ་འཚོལ་དགོས་པ་ལས་རེ་བ་ཁེར་རྐྱང་རྒྱབ་ན་འཕུང་རྒྱུ་ལས་མ་འདས་སོ།

  37. lobsang199 says:
    2015-05-17 at 9:04 am

    ཕན་ཚུན་དྲི་བ་ཞུས་ནས་གང་དག་པ་དེ་བཀོད་པས་ན། ཞུས་དག དེ་ལྟར་ཞུས་མཛད་པ་ལ་ལེགས་གསོལ་གནང་བ་ལ། མཛད་པར་ལེགས་གྱུར་བ་ཡིན་ས་རེད་འདུག་ག

  38. ཁྱུང་སེ། says:
    2015-05-17 at 9:32 am

    དཔེ་ལ་ཞུ་དག་ཞུས་ཟིན་རྒན་ལགས། མཆན་བུར་ཞུ་དག་ཞུས་ཟིན་རྒན་ལགས། ཡང་ན་་་་དཔེ་ལ་ཞུས་དག་ཞུས་ཟིན་ཟེར་དགོས་སམ། དཔེར་བརྗོད་ལ་ཞུས་དག་ཞུས་ཟིན་ཟེར་དགོས་སམ། དེ་ལ་འདས་མ་འོངས་ཀྱི་ཁྱད་པར་མེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme