Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་གཞུང་གི་བདེ་སྲུང་སློབ་སྟོན་པ་ཨ་ཇིཏ་ཌོབྷཱལ་ལགས་ཀཤ་མིར་ལ་རྟོག་ཞིབ་ཏུ་ཕེབས་པ།

Posted on 2019-08-13 By ཁ་བརྡ No Comments on རྒྱ་གར་གཞུང་གི་བདེ་སྲུང་སློབ་སྟོན་པ་ཨ་ཇིཏ་ཌོབྷཱལ་ལགས་ཀཤ་མིར་ལ་རྟོག་ཞིབ་ཏུ་ཕེབས་པ།

བྱམས་པ་ལྷུན་གྲུབ།
 
ཉེ་ཆར་རྩ་ཁྲིམས་དོན་ཚན་ ༣༧༠ པ་ཕྱིར་བསྡུ་གནང་སྐབས། རྒྱ་གར་གཞུང་གིས་ཇ་མུ་ཀཤ་མིར་ནང་རྙོག་ཟིང་མི་འབྱུང་བའི་ཆེད། ཁུལ་དེའི་ཆབ་སྲིད་འགོ་ཁྲིད་དང་མི་ཆེན་དོགས་ཡོད་མང་པོ་ཁྱིམ་འཇུག་དང་། དྲྭ་རྒྱ་དང་ཁ་པར་བཀག་སྡོམ། མང་ཚོགས་འདུ་འཛོམས་མི་ཆོག་པ་སོགས་སྟངས་འཛིན་ནན་པོ་གནང་ཡོད་པས། ད་བར་རྙོག་ཟིང་ཆེན་པོ་གང་ཡང་བྱུང་མེད་པར་གྲགས།

གཟའ་ཟླ་བའི་ཉིན་ནས་རྒྱ་གར་གཞུང་གི་བདེ་སྲུང་སློབ་སྟོན་པ་ཨ་ཇིཏ་ ཌོ་བྷཱལ་(Ajit Doval)ལགས་ཀཤ་མིར་ཁུལ་ལ་དངོས་སུ་ཕེབས་ཏེ། ཁུལ་དེའི་བདེ་སྲུང་དང་མི་མང་གི་གནས་བབ་ཇི་ཡོད་ལ་རྟོག་ཞིབ་གནང་མུས་རེད་འདུག་ལ། དེ་རིང་ཀཤ་མིར་གྱི་མང་ཚོགས་མང་པོ་ཞིག་དང་ཐུག་འཕྲད་ཀྱང་གནང་འདུག དེ་ཡང་ཁོང་གིས་མི་མང་དཀྱུས་མའི་གནས་བབ་ལ་བབས་ཏེ། ཁུལ་དེའི་ལམ་ཁ་གཡས་གཡོན་ལ་མི་མང་མང་པོ་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། ཞལ་ལག་ཀྱང་མཉམ་པོར་བཞེས་ཏེ་མི་མང་གི་གནས་སྟངས་རྒྱུས་ལོན་གྱི་འདྲི་ཞིབ་དང་། རྩ་ཁྲིམས་དེ་ཉིད་ཕྱིར་བསྡུ་གནང་བའི་དགོས་དམིགས་གསལ་བཤད་གནང་བ་མ་ཟད། འབྱུང་འགྱུར་ཇ་མུ་ཀཤ་མིར་ལུང་པར་བདེ་འཇགས་དང་འཚོ་ཐབས་ཡར་རྒྱས་འགྲོ་རྒྱུ་ཡིན་སྐོར་དང་། རྒྱ་གར་གཞུང་ངོས་ནས་ཁུལ་དེའི་གྲངས་ཉུང་མི་རིགས་གཙོས་པའི་མི་མང་ཡོངས་ཀྱི་བདེ་སྡུག་ལ་ལྟ་སྐྱོང་ནན་པོ་གནང་ངེས་ཡིན་སྐོར། མི་མང་རྣམས་སེམས་འཚབ་དང་དངངས་སྐྲག་གཏན་ནས་མི་དགོས་པའི་ཁག་ཐེག་དང་གསལ་བཤད་སོགས་གནང་ཡོད་འདུག

ཕྱག་ལས་དེ་དག་ནི་མི་མང་གི་འཇིགས་དངངས་ཞི་བྱེད་དང་། ཡིད་ཆེས་འཕེར་བར་ཕན་ངེས་ཡིན་པ་མ་ཟད། ཁུལ་དེར་རྙོག་ཟིང་མི་འབྱུང་བར་ཁ་ཡོད་ལག་ཡོད་ཕན་ངེས་ཀྱི་ཐབས་ཤེས་ཧ་ཅང་བཟང་པོ་ཞིག་རེད་སྙམ། བདེ་སྲུང་སློབ་སྟོན་པ་ཁོང་ནི་སློབ་སྦྱོང་མཐོན་པོ་གནང་མྱོང་བ་མ་ཟད། ལོ་མང་རིང་ཉེན་རྟོག་པ་གནང་མྱོང་ལ་། དེ་ནས་རིམ་བཞིན་པཱ་ཀིས་ཏན་ནང་ཕྱིན་ཏེ་ལོ་བདུན་རིང་རྒྱ་གར་གསང་བའི་ལྷན་ཁང་གི་གསང་མྱུལ་བའི་ལས་དོན་ཡང་གཉེར་མྱོང་། སྐབས་དེ་དག་ལ་ཁོང་གིས་ཞབས་རྗེས་ཆེན་པོ་མང་དག་བཞག་ཡོད་ལ། དེའི་སྐོར་ངོ་མཚར་ཆེན་པོ་དང་ཆོབ་ཚ་བོའི་དངོས་བྱུང་ལོ་རྒྱུས་ཀྱང་མང་པོ་བྱུང་རབས་འདུག སྐྱིད་སྡུག་འདྲ་མིན་དང་ཡུ་ཡུད་ཆེ་བའི་འཚོ་བ་དང་མྱོང་བ་དེ་དག་གི་ཁྲོད་ནས་ཁོང་ལ་ཕྱི་ནང་གི་གསང་བའི་གནས་དོན་དང་། མི་མང་གི་གནས་བབ་སོགས་ཀྱི་ཐོག་ལ་རྒྱུས་མངའ་ཟབ་མོ་བྱུང་བ་མ་ཟད། མི་མང་དཀྱུས་མའི་འཚོ་བ་ལ་རྒྱུས་ལོན་གནང་ཐབས་མཁས་ལ། མི་མང་ལ་སེམས་ཁུར་ཆེ་བའི་བསམ་བློའི་བག་ཆགས་ཀྱང་ཟབ་པོ་བཞག་མྱོང་ཡོད་འདུག

དེ་རྗེས་རིམ་པར་ཉེན་རྟོག་ལྷན་ཁང་གི་སློབ་སྟོན་པ་དང་། རྒྱ་གར་གསང་བའི་ལྷན་ཁང་གི་སློབ་སྟོན་པ་སོགས་ཕྱག་ལས་རིམ་པ་མང་པོ་གནང་འདུག དེ་བཞིན། ལོ་མང་གོང་ནས་ས་མཚམས་རྩོད་རྙོག་དང་། འཇིགས་སྐུལ་རིང་ལུགས་པ་འགོག་འཇོམ་སོགས་ཛ་དྲག་དང་གལ་གནད་ཆེ་བའི་ལས་དོན་མང་པོ་གནང་མྱོང་བ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་གསང་བ་དང་བདེ་སྲུང་གི་གནས་དོན་སོགས་ལ་ཧ་ཅང་རྒྱུས་མངའ་ཆེ་ཞིང་ཤེས་འཇོན་ལྡན་ལ། སྙིང་སྟོབས་དང་རྣམ་དཔྱོད་ཆེ་བའི་མི་སྣ་གྲགས་ཅན་ཞིག་ཡིན།

སྤྱི་ལོ་ ༢༠༡༤ ལོར་མཱོ་དྷི་སྲིད་བློན་འཁེལ་སྐབས། ཁོང་རྒྱ་གར་གཞུང་གི་བདེ་སྲུང་སློབ་སྟོན་པར་བསྐོས་པས། དེ་ནས་འདི་ལོར་བར་པཱ་ཀིས་ཏན་ནང་ཡོད་འཇིགས་སྐུལ་རིང་ལུགས་པར་རྐང་དམག་གིས་འཐབ་རྒོལ་དང་། གནམ་དམག་གིས་གཏོར་རྒོལ། རྒྱ་དཀར་ནག་བར་ས་མཚམས་རྙོག་ཟིང་སྐབས་རྒྱ་ནག་ལ་ཁ་གཏད་དང་དཔུང་ངོམ་གྱི་སྲིད་ཇུས་བརྟན་འཛིན་དང་། མཐར་ཞི་འགྲིག་གང་ལེགས་བྱུང་བ་སོགས་ཀྱི་ཐོག་ལ་སློབ་སྟོན་དང་ཐག་གཅོད་གནང་མཁན་གཙོ་གྲལ་ཞིག་ཡིན་པར་གྲགས།

ཁོང་གི་གཟུགས་ཉམས་དང་དཔའ་མཛངས་ལྡན་པའི་སྣང་བརྙན་དེ་དག་ལ་བརྟེན་ནས་རྒྱ་གར་བ་རྣམས་ཀྱིས་ཁོང་ལ་ཇེམས་བྷོནྜ་(Games Bond)ཞེས་ཀྱང་འབོད། མདོར་ན་ཁོང་ནི་མཱོ་དྷི་སྲིད་གཞུང་གི་བདེ་སྲུང་བརྟན་བརླིང་གནང་བར་སྙིང་སྟོབས་ཆེ་བའི་སྟག་རྒོད་ལྟ་བུའི་མི་སྣ་ཞིག་ཡིན་པ་ཡང་ངོས་འཛིན་བྱེད་ཀྱི་ཡོད་ལ། ཁོང་གི་ཞབས་རྗེས་དང་། རྣམ་དཔྱོད། དཔའ་མཛངས་ལྡན་པའི་སྙིང་སྟོབས་སོགས་ལ་བལྟས་ན། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་བློན་པོ་མགར་སྟོང་བཙན་ལྟ་བུ་ཞིག་ཡིན་པར་སྣང་།།

བྱམས་པ་ལྷུན་གྲུབ་ཀྱིས་ ༢༠༡༩།༧།༧ དགོང་མོར་བྲིས།

གསར་འགྱུར།

Post navigation

Previous Post: མཛའ་ན་མོ།
Next Post: གོ་སྐབས་དང་ཉེན་ཁའི་སྒོ་འབྱེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme