Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གཞུང་གིས་བོད་ཀྱི་རྩོམ་པ་པོ་ཞིག་གསང་བའི་འཛིན་བཟུང་།

Posted on 2012-02-18 By ཤར་ཕྱོགས་ཁུག་རྟ། 6 Comments on རྒྱ་གཞུང་གིས་བོད་ཀྱི་རྩོམ་པ་པོ་ཞིག་གསང་བའི་འཛིན་བཟུང་།


ཕ་ཡུལ་བོད་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་གེ་འཕེན་སྡེ་བ་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་མཆོག་ཕྱི་ལོ་༢༠༡༢་ལོའི་ཟླ་༢་ཚེས་༡༥་ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་༡༡་ཐོག་གསེར་རྟ་རྫོང་གི་རང་ཁྱིམ་ནས་རྒྱ་གཞུང་མི་སྣས་བཙན་ཁྲིད་བྱས་འདུག དེ་ཡང་ཁོང་བཙན་ཁྲིད་བྱེད་མཁན་ནི་དཀར་མཛེས་ཁུལ་གྱི་ཉེནརྟོག་མི་སྣ་དང་། གསང་བའི་མི་སྣ། དེ་བཞིན་གསེར་རྟ་རྫོང་གི་ཉེན་རྟོག་མི་སྣ་དང་། གསང་བའི་མི་སྣ་སོགས་ཁྱོན་མི་གྲངས་༢༠་ཙམ་ཡོད་པ་དང་། དེའི་ཁོངས་སུ་གསེར་རྟ་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་མགོ་གཙོ་དང་། གསང་བའི་ལས་ཁུངས་ཀྱི་མགོ་གཙོ་བཅས་ཡོད་པར་མ་ཟད། གསེར་རྟ་རྫོང་གྲོང་གི་ཆ་ཚང་སློབ་གྲྭ་ཞེས་པའི་སློབ་ཆུང་ཞིག་ཡོད་པ་དེའི་མགོ་གཙོ་ཆོས་དར་ཟེར་བ་དེ་ཡང་དེའི་ཁོངས་སུ་སླེབས་ཡོད་འདུག

གོང་གསལ་རྒྱ་གཞུང་མི་སྣས་གངས་སྐྱེས་སྒྲུབ་པ་སྐྱབས་འཛིན་བཟུང་བྱེད་ཞོར་དུ་ཁྱིམ་ནང་བསྔོགས་གཤེར་བྱེད་སྐབས་ཁོང་གི་བཟའ་ཟླས་སྒྲུབ་པ་སྐྱབས་འཛིན་དོན་ཅི་ཡིན། ཞེས་དང་། ཁྱིམ་ནང་བསྔོགས་གཤེར་ཆོག་པའི་གོང་རིམ་གྱི་ཆོག་མཆན་ཡིག་ཆ་སོགས་ཡོད་དམ། ཡོད་ན་སྟོན་ཞེས་རེ་རེ་བཞིན་དྲིས་པར། ཁོང་ཚོས་སྒྲུབ་པ་སྐྱབས་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད། དེའི་ཆེད་ཁོང་འཁྲིད་བཞིན་ཡོད། ཅེས་དང་། ཁྱིམ་ནང་བསྔོགས་གཤེར་ཆོག་མཆན་ཡིག་ཆ་འདི་ཡིན་ཞེས་སྟོན་རྒྱུ་ཡོད་མི་འདུག་ཟེར།འོན་ཀྱང་རྒྱ་གཞུང་གི་ཁྲིམས་འགལ་གྱི་དངོས་རྫས་རིགས་གང་ཡང་ཁོང་གི་ཁྱིམ་ནས་ཐོན་མི་འདུག དེ་ནས་ཁོང་གི་ནང་མིས་མཐོང་སར་ཁོང་ལ་རྐང་ལྕགས་དང་། ལག་ལྕགས་སོགས་མ་བརྒྱབ་པར། བདེ་འཇགས་མི་སྣ་གཉིས་ཀྱིས་ཁོང་གི་ལག་པ་གཡས་གཡོན་རེ་རེ་བཞིན་འཇུས་ཤིང་། རྒྱ་གཞུང་མི་སྣ་གཞནདག་གིས་མཐའ་ནས་བསྐོར་ཏེ། ཁྲིད་ཡོད་པ་དང་། དེ་རྗེས་ནས་གར་སོང་དང་། གནས་སྟངས་ཆ་མེད་ཆགས་ཡོད་འདུག

ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་རང་ལོ་༣༢་ཡིན་ཞིང། སྨྱུག་མིང་ལ་གངས་མེ་སྟག་ཞེས་འབོད། ཁོང་གི་ཕ་མིང་ལ་ཐུབ་ཉི། མ་མིང་ལ་དབང་ལོ། བཟའ་ཟླའི་མིང་ལ་དབང་ཕྱུག་ལྷ་མོ་བཅས་ཟེར་ཞིང་། ཁོང་ལ་བུ་ཕྲུག་གཉིས་ཡོད་པའི་ཆེ་བ་བུ་མོ་ལོ་༨་ཅན་ཞིག་དང་། ཆུང་བ་དེ་བུ་ལོ་༥་ཅན་ཞིག་བཅས་ཡོད་པ་རེད། ཁོང་ཆུང་ངུའི་སྐབས་སློབ་ཆུང་དང་། དེ་རྗེས་གསེར་རྟ་རྫོང་མི་རིགས་སློབ་འབྲིང་དང་། དེ་རྗེས་དཀར་མཛེས་ཁུལ་གྱི་དགེ་འོས་སློབ་གྲྭ་སོགས་ཐོན་རྗེས་གསེར་རྟ་ས་ཆའི་གདར་ཚང་དང་། ཧོར་ཤུལ་སོགས་ལ་དགེ་རྒན་གནང་བ་དང་། དེང་སྐབས་ཀྱང་སྒེར་གཉེར་སློབ་གྲྭ་ཞིག་ཏུ་དགེ་རྒན་གནང་བཞིན་པས་མཚོན་ད་བར་ལོ་ངོ་ཧྲིལ་པོ་༡༠་ཙམ་ལ་དགེ་རྒན་གནང་ཡོད་འདུག་པ་དང་། ཞོར་དུ་ཁོང་གིས་<>ཅེས་པ་སོགས་དེབ་ཁག་གཅིག་བརྩམས་ཡོད་པ་བཅས་ཁོང་གི་ངོ་སྤྲོད་སྙིང་བསྡུས་ཡིན།།

གནས་ཚུལ་མཁོ་སྤྲོད་པ། སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེརལགས།

གསར་འགྱུར།

Post navigation

Previous Post: མཁའ་འགྲོ་འདུ་བའི་དུས་ཆེན།
Next Post: འདི་རྒྱལ་བོ་རེད་ཡང་ན་བླ་མ་རེད།

Comments (6) on “རྒྱ་གཞུང་གིས་བོད་ཀྱི་རྩོམ་པ་པོ་ཞིག་གསང་བའི་འཛིན་བཟུང་།”

  1. ཨ་རིག་དགེ་མཐོང་། says:
    2012-02-18 at 1:20 am

    གནས་ཚུལ་དུས་ལྟར་མཁོ་སྤྲོད་བྱས་པར་དགའ་བསུ་ཞུ། ཁོང་ཕྱིར་རང་ཁྱིམ་དུ་བདེན་འཇགས་ངང་འབྱོར་བར་སྨོན།

  2. བསོད་ནམས། says:
    2012-02-18 at 2:40 am

    རྒྱ་དམར་པོའི་སྡུག་སྦྱོང་མནར་གཅོད་ཀྱི་འོག་ན། །བོད་གངས་རིའི་ཐོབ་ཐང་རྩོད་མཁན་གྱི་བུ་ལོའི། །སྲོག་དམར་པོའི་རྒྱུན་ཐག་ཆད་པ་ཡང་འབྱུང་སྲིད། །ལྷ་ཆོས་སྐྱོང་ཡོད་ན་སྐྱོབས་རན་ཞིག་ཡིན་སྐད། །

  3. རིག་པ་རང་གྲོལ། says:
    2012-02-18 at 4:31 am

    བང་ཆེན་གསར་ཁང་གིས་གནས་ཚུལ་འདི་མི་བཀོད་དོན་ཅི་རེད་དམ། འདིར་ལྟོས་དུས་བང་ཆེན་ཚུལ་ཁྲིམས་ནི་ངོ་བོ། བྱེད་ལས། དམིགས་ཡུལ་ཚང་མ་མཐོང་གི་མི་འདུག་གམ།

  4. བསྟན་འཛིན་ says:
    2012-02-18 at 5:48 am

    ཕལ་ཆེར་ཉིན་བཅུ་གྲངས་ཤིག་ནས་མངག་འོང་རྒྱུ་རེད་འདོད་ཀི ཁོང་གི་བྱ་བ་མང་པོ་སྒྲུབ་མེད་པས་ཡིན།

  5. རྐྱང་ཕྲུག་ says:
    2012-02-18 at 9:11 am

    གནས་ཚུལ་འདི་འདྲའི་རིགས་ལ་ཕྱི་ལོག་གི་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱེད་སྟངས་ལ་ངེས་པར་དུ་གཟབ་དགོས་པར་སེམས། གོ་ཚད་ཚང་མ་ཁྱབ་བསྒྲགས་བྱེད་རྐྱང་བྱས་ཏེ། དོ་བདག་གི་གནས་བབ་ལ་ཞིབ་འཇུག་གང་ཡང་མ་བྱས་པར་ད་དུང་དེའི་ཐོག་འབྲེལ་བཤད་བདེན་མིན་སྣ་ཚོགས་མ་བྱས་ན་ལེགས་པར་སེམས། ཁྱབ་བསྒྲགས་ཁ་ཤས་ཕན་པ་ལས་གནོད་པར་སོང་བ་དེ་འདྲ་ཡང་གོ་རྒྱུ་འདུག རྒྱ་གཞུང་གིས་བོད་མི་འཛིན་བཟུང་བྱས་པ་ཁག་གཅིག་ཚོད་ལྟ་བུ་བྱས་ཏེ་འདི་འཛིན་བཟུང་བྱས་ན་ཕྱི་ཕྱོགས་ནས་འདིའི་ཐོག་དོ་སྣང་ག་འདུག་བལྟས་ནས་ཕྱི་ཕྱོགས་ནས་ཧ་ཅང་དོ་སྣང་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་རིགས་མང་ན། ཁྱེད་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་བཏགས་ནས་ད་དུང་ཉེས་ཆད་ཇེ་ཆེར་གཏོང་གི་འདུག་ཟེར། ཡང་འཛེམས་ཟོན་མེད་པའི་ཐོག་ནས་བོད་དོན་ཐོག་སེམས་ཤུགས་ཁྱེར་ནས་ནུས་པ་བཏོན་མཁན་དེ་ཚོ་ཕྱི་ཕྱོགས་ནས་གནས་ཚུལ་རྒྱུས་ལོན་བྱས་ནས་དུས་ཐོག་རྒྱལ་སྤྱིའི་ཐོག་བསྒྲགས་མ་ཐུབ་ན་རྒྱ་གཞུང་གིས་གལ་སོང་ཆ་མེད་བྱེད་བཞིན་ཡོད་པ་རེད། འདི་ཚོ་ལ་ངེས་པར་དུ་དབྱེ་ཞིབ་བྱེད་རྒྱུ་དེ་གལ་གནད་ཆེ་བར་སེམས། རྒྱུ་མཚན་ནི་བོད་ནང་གི་གཞིས་ལུས་མི་མང་གི་གནས་ཚུལ་ནི་ཉིན་རེ་ནས་ཉིན་རེར་ཛ་དྲག་ཆེ་རུ་འགྲོ་བཞིན་པ་རེད། མདོ་དོན་ས་ཁུལ་སོ་སོའི་འབྲེལ་ཡོད་ཚོས་ཕྱི་ཕྱོགས་ནས་འགན་བླངས་ན་གསལ་པོ་བཟོས་ན་ཤིན་ཏུ་ལེགས། དཔེར་ན་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པའི་ཕྱག་ལས་གནས་སྟངས་དེ་ཧ་ཅང་གི་ནུས་པ་ཡོད་པ་དང་། གནས་ཚུལ་ཡང་ཁུངས་ལྡན་དུས་ཐོག་མཁོ་སྤྲོད་གནང་ཐུབ་ཀྱིན་ཡོད་པར་ཚང་མས་དཔེ་ལྟ་རྒྱུ་དེ་ཧ་ཅང་གི་གལ་གནད་ཆེ་བར་སེམས།

  6. gangrikarpo says:
    2012-02-19 at 5:11 pm

    དེ་རིང་གནས་ཚུལ་མཁོ་སྤྲོད་ཧ་ཅང་གི་ཡག་པོ་འདུག།
    ཡིན་ཡང་ དེ་སྔོན་གསེར་རྟ་ནས་མི་གཉིས་ཀྱི་རང་ལུས་མེར་བསྲེགས་བཏང་སོང་ཞེས་ཁྱབ་བསྒྲག་བྱས་ཚར་རྗེས་ཡང་མ་རེད་ཅེས་བཤད་པ་ལྟ་བུ་ དེ་འདྲའི་རིགས་དེ་གཏན་ནས་ཡག་པོ་མི་འདུག།
    རྗེས་མ་དེ་འདྲ་བྱས་ན་ ངོ་མ་དེ་ཚོ་ རྫུན་མ་འགྱུར་རྒྱུའི་ཉེན་ཁ་ཡོད་པས་ ཁྱབ་བསྒྲགས་མ་བྱས་སྔོན་  བརྟག་དཔྱད་ཡག་པོ་ཞིག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་བསམ་གི་འདུག།
    ཡིན་ཡང་ དེ་ཁྱོད་ཀྱིས་དངོས་གནས་རྫུན་བཤད་ནི་མིན་པ་ཧ་གོ་གི་ཡོད་ལགས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme