Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གཞུང་གི་གནོན་ཤུགས། ལེའུ་ཞ་པོའི་སྡུག་བསྔལ།

Posted on 2012-11-202012-11-20 By ཁ་བརྡ་ 3 Comments on རྒྱ་གཞུང་གི་གནོན་ཤུགས། ལེའུ་ཞ་པོའི་སྡུག་བསྔལ།

སྦི་སྦི་སིའི་གསར་འགོད་པ་ཌག་མཱིན་གྱིས་ཕྱོགས་སྒྲིག་བྱས།
དྷ་ས་ནས་འབའ་པ་ཡེ་ཤེས་ཀྱིས་བསྒྱུར།

རྒྱ་ནག་གི་བཙན་འོག་ཏུ་མནར་གཅོད་མྱོང་བཞིན་ད་ལྟ་སྐུ་གཟུགས་དེ་ཙམ་བདེ་པོ་མེད་པའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལེའུ་ཞཱ་པོའི་བཟའ་ཟླ་ལ་རྒྱ་གཞུང་གི་དབང་འཛིན་མི་སྣས་གནོན་ཤུགས་འདྲ་མིན་སྤྲད་པའི་སྒོ་ནས་སྐུ་ཞབས་ལེའུ་ཞཱ་པོ་ཕྱི་རྒྱལ་དུ་ཡུལ་གྱར་ལ་འགྲོ་བཅུག་རྒྱུའི་བཙན་བསྐུལ་བྱེད་ཀྱི་ཡོད་སྐོར་གནས་ཚུལ་རིམ་པར་ཐོན་བཞིན་ཡོད། 
སྐུ་ཞབས་ལེའུ་ཞ་པོའི་ནང་མི་དང་འབྲེལ་བ་དམ་པོ་ཡོད་པའི་གནས་ཚུལ་འབྱུང་ཁུངས་པ་ཞིག་གིས་བརྗོད་པ་ལྟར་ན། སྐུ་ཞབས་ལེའུ་ཞཱ་པོས་རང་ཉིད་ཀྱིས་ཁས་ལེན་བྱས་པའི་དམ་བཅའི་ཚིག་གཞི་རྣམས་ནུས་མེད་དུ་འགྲོ་རྒྱུའི་ཉེན་འཚབ་དབང་གིས་རང་ཉིད་རྒྱ་ནག་ནས་ཐོན་རྒྱུ་མོས་མཐུན་ནམ་ཡང་བྱེད་ཀྱི་མེད་སྐོར་བཤད་ཡོད། ཡིན་ནའང༌། གནས་ཚུལ་འབྱུང་ཁུངས་པ་དེས་སྐུ་ཞབས་ལེའུ་ཞཱ་པོའི་བཟའ་ཟླ་ལེའུ་ཞཱ་ད་འཆར་སེམས་ཁམས་དེ་ཙམ་བདེ་པོ་མེད་པ་ཆགས་ཡོད་ཅིང༌། དེའི་རྒྱུ་མཚན་ནི་མོ་རང་ལོ་ངོ་ཧྲིལ་པོ་གཉིས་རིང་ཉེས་མེད་བཟང་བཙོན་འོག་ཚུད་དེ། མུ་མཐུད་བཀག་ཉར་དང་མནར་གཅོད་མྱོང་བཞིན་ཡོད་པའི་རྐྱེན་གྱིས་རེད་ཅེས་བརྗོད་འདུག
དེ་རིང་ནས་བརྩིས་པའི་ཏག་ཏག་ལོ་གཉིས་ཀྱི་གོང་རྒྱ་ནག་ནང་ཞི་བའི་ཐོག་ཆབ་སྲིད་བཅོས་བསྒྱུར་དགོས་ཞེས་འབོད་སྒྲ་སྒྲོག་མཁན་ཞི་འཇམ་ལྷོད་དལ་གྱི་བཀའ་མོལ་གནང་རྒྱུར་མཁས་པའི་མཁས་དབང་སྐུ་ཞབས་ལེའུ་ཞཱ་པོ་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་ཡོད། འོན་ཀྱང༌། རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་འཛུགས་བྱས་ཏེ་རྒྱ་ནག་གི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་པས་གཟེངས་རྟགས་འབུལ་བཞེས་མཛད་སྒོར་ཁོང་རང་ཉིད་དངོས་སུ་ཞུགས་ཐུབ་མེད། སྐུ་ཞབས་ལེའུ་ཞ་པོ་ཁོང་རང་ལས་ཀྱང་སྨྲ་བ་འཇམ་ཞིང༌། སྙན་ངག་དང་པར་ལེན་གྱི་སྒྱུ་རྩལ་ལ་མཁས་པ་ཁོང་གི་བཟའ་ཟླ་ལེའུ་ཞཱ་ཡང་ཁོང་དང་གཅིག་མཚུངས་སུ་དུས་ཡུན་རིང་པོ་ཞིག་གི་རིང་ཁུ་སིམ་མེར་གྱུར་ཡོད། ཁོང་མོ་པེ་ཅིན་དུ་ཡོད་པའི་རང་ཉིད་ཀྱི་འདུག་གནས་རང་ལ་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང༌། དེ་ཡང་ཁོང་མོའི་བཟའ་ཟླ་སྐུ་ཞབས་ལེའུ་ཞཱ་པོ་ལ་ཕྱི་ལོ་ ༢༠༡༠ ལོའི་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་བྱས་ནས་ཉིན་ཤས་ལས་མ་འགོར་བར་ཁོང་མོ་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་ཏེ་ད་ལྟའི་བར་ལོ་ཧྲིལ་པོ་གཉིས་ཕྱིན་ཟིན་ཞིང༌། ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གང་དུ་ཡོད་པའི་ནོར་ཝེ་སྲིད་གཞུང་ལའང་དེའི་ཐད་བྱ་ཐབས་གང་ཡང་མེད་པ་ལུས་འདུག་པ་དང༌། རྒྱ་གཞུང་གིས་པེ་ཅིན་དུ་ཡོད་པའི་སྐུ་ཚབ་ཁག་དང་ནོར་ཝེ་གཞུང་གི་བློན་ཆེན། གཞུང་འབྲེལ་སྐུ་ཚབ། ཆབ་སྲིད་ཀྱི་དབུ་ཁྲིད་མི་སྣ་བཅས་ལ་དེའི་ཐད་མི་འདོད་པའི་རྣམ་འགྱུར་དྲག་པོ་དང་བཅས་མུ་མཐུད་ཁ་རྡུང་གཏོང་གིན་ཡོད།
སྐུ་ཞབས་ལེའུ་ཞཱ་པོའི་ནང་མི་དང་སྒེར་གྱི་འབྲེལ་བ་བརྒྱུད་ནས་ཉེ་འཆར་བྱུང་བཞིན་པའི་གནས་ཚུལ་མང་པོ་ཞིག་སྦི་སྦི་སིའི་གསར་ཁང་གིས་འགྲེལ་བརྗོད་བྱས་ཡོད་ལ། འདིར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཁག་གཅིག་གིས། སྐུ་ཞབས་ལེའུ་ཞཱ་པོ་ལུས་ཁམས་བདེ་ཐང་ཡིན་མོད། ཁོང་གི་གྲོད་ནད་ཀྱི་དཀའ་ངལ་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས་ཟེར།
རྒྱ་གཞུང་གི་དབང་འཛིན་མི་སྣས་སྐུ་ཞབས་ལེའུ་ཞཱ་པོ་དང་འབྲེལ་བ་ཡོད་པའི་མི་གསུམ་མ་གཏོགས་རྒྱ་ནག་གི་ཇིང་རྫོ་བཙོན་ཁང་ནང་བཀག་ཉར་བྱས་པའི་སྐུ་ཞབས་ལེའུ་ཞཱ་པོ་ལ་ཐུག་འཕྲད་བྱེད་དུ་བཅུག་གི་མེད། ཁོང་ཚོ་ནི་ཟླ་བ་དྲུག་རེའི་མཚམས་སུ་ཐུག་འཕྲད་བྱེད་དུ་འགྲོ་མཁན་ཁོང་གི་གཅེན་གཅུང་གཉིས་དང༌། ཟླ་བ་གཉིས་དང་གསུམ་གྱི་མཚམས་སུ་ཐུག་འཕྲད་འགྲོ་མཁན་རང་ཉིད་ཀྱི་བཟའ་ཟླ་ལེའུ་ཞཱ་བཅས་ཡིན། ཁོང་ཚོ་ཐོག་མར་རྒྱ་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་ཆོག་མཆན་ཞུ་རྒྱུ་དང༌། དེ་ནས་ཐུག་འཕྲད་ཆོག་པའི་བཀའ་རྒྱ་སྒུག་དགོས་པ་ཡིན། ང་ཚོའི་གནས་ཚུལ་འབྱུང་ཁུངས་པས་བརྗོད་པ་ལྟར་ན། སྐུ་ཞབས་ལེའུ་ཞཱ་པོ་ལ་ཐུག་འཕྲད་དུ་འགྲོ་སྐབས་ཁོང་ཚོ་མཉམ་དུ་འགྲོ་སྐྱོད་མི་ཆོག་པར་སྔ་ཕྱི་རེས་མོས་བྱས་ནས་འགྲོ་དགོས་ཀྱི་ཡོད་པ་མ་ཟད། ད་དུང་ཁོང་ཚོའི་ཐུག་འཕྲད་ཀྱི་དུས་ཡུན་རིང་ཉེན་རྟོག་པས་སུ་བལྟ་བྱེད་ཀྱི་ཡོད་འདུག ལྷག་དོན་ཐུག་འཕྲད་ཀྱི་དུས་ཡུན་རིང་ནང་མིའི་གནས་ཚུལ་ལས་བརྒལ་ནས་དོན་མོལ་གང་ཡང་བྱེད་ཆོག་གི་མེད་ལ། ཕྱི་ཕྱོགས་ཀྱི་གནས་ཚུལ་ནི་དེ་བས་ཀྱང་གླེང་མོལ་ནམ་ཡང་བྱེད་དུ་བཅུག་གི་མེད། ཡིན་ནའང༌། གཅེན་གཅུང་གཉིས་མཉམ་དུ་ཐུག་འཕྲད་དུ་ཕྱིན་པའི་དུས་ཚོད་ཅིག་བྱུང་ཡོད་པ་དེ་ནི་སྔ་ལོའི་ཟླ་བ་དགུ་པའི་ནང་ཡིན་ཞིང༌། དེ་ནི་སྐུ་ཞབས་ལེའུ་ཞབས་པོའི་ཕ་རྒན་གློ་བུར་དུ་འདས་གྲོངས་ཕྱིན་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་སྐབས་ཡིན། གནས་ཚུལ་དེའི་རྐྱེན་གྱིས་ཕ་དམ་པའི་འདས་མཆོད་མྱ་ངན་གུས་བཏུད་ཞུ་ཆེད་སྐུ་ཞབས་ལེའུ་ཞཱ་པོ་རང་ཉིད་ཐེངས་གཅིག་ནང་དུ་ལོག་རྒྱུ་གོ་སྐབས་ཐུང་ཐུང་ཞིག་རག་ཡོད།
ཁོང་གི་བཟའ་ཟླ་ལེའུ་ཞཱ་ནི་རྒྱལ་ནང་དུ་མི་འོས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་སྤེལ་མེད་རུང་བཟང་བཙོན་གྱི་འོག་ད་བར་བཀག་ཉར་བྱས་ཡོད་པ་རེད། ང་ཚོའི་གནས་ཚུལ་འབྱུང་ཁུངས་པས་བརྗོད་པ་ལྟར་ན། ཁོང་མོ་འདུག་སའི་རང་ཁྱིམ་ཁང་མིག་ནང་དུ་རྒྱ་གཞུང་གིས་ཆེད་བསྐོས་སུ་བལྟ་བྱེད་མཁན་རྒྱུན་ལྡན་ནས་ཉེན་རྟོག་པ་བུད་མེད་གཉིས་བཞག་ཡོད་པ་མ་ཟད། ཉེན་རྟོག་པའི་སྒྲིག་ཆས་མ་གོན་པའི་ལྐོག་ཏུ་ཉེན་སྲུང་བྱེད་མཁན་ཡང་ཁོང་མོའི་ཁང་པའི་མཐའ་སྐོར་དུ་མང་པོ་མཐོང་རྒྱུ་ཡོད་ཅེས་ཟེར། སྤྱིར་སྟངས་ཆ་ནས་ཁོང་མོའི་ལུས་ཁམས་དེ་ཙམ་བདེ་པོ་མེད་ཐོག སྒེར་གྱི་རང་དབང་བཙན་འཕྲོག་བྱས་པས་དཀའ་སྡུག་དང༌། བཙོན་ཁང་ནང་ཡོད་པའི་རང་ཉིད་ཀྱི་བཟའ་ཟླར་སེམས་སྡུག་བྱས་ཆེ་དབང་གིས་ཁོང་མོ་ལ་སེམས་ནད་ལྕི་མོ་ཞིག་ཕོགས་ཟིན་ཡོད་ཅིང༌། ཟླ་བ་རེ་རེའི་ནང་ཕལ་ཆེར་ཕྱི་རུ་ཐེངས་རེ་བཏང་བ་དང༌། ཁོང་མོའི་ཨ་མ་རྒན་མོ་དང་གྲོགས་མོ་ཉེ་ཤོས་ཤིག་ཡོད་པ་དེ་གཉིས་ལ་ཐུག་འཕྲད་བྱེད་དུ་བཅུག་གི་ཡོད་ནའང༌། དུས་ཡུན་དེ་དག་གི་རིང་ཉེན་རྟོག་པ་བུད་མེད་མང་པོས་ཁོང་མོར་མཐའ་སྐོར་ནས་ལྟ་སྲུང་བྱེད་ཀྱི་ཡོད། ཁོང་མོའི་བཟའ་ཟླ་ལས་གཞན་པའི་རྒྱུན་དུ་ཐུག་འཕྲད་བྱེད་ས་ནི་རང་གི་མ་རྒན་དང་གྲོགས་མོ་དེ་གཉིས་ལས་མེད་ཅིང༌། ཁོང་མོ་གང་བྱུང་ཕྱི་རོལ་དུ་འགྲོ་རྒྱུ་བཀག་སྡོམ་བྱས་པ་མ་ཟད། ཐ་ན་རང་ཉིད་འགྲོ་འདོད་ཡོད་སའི་སྤང་ལྗོངས་དང་ཚོང་ཁང་བཅས་ལ་འགྲོ་རྒྱུ་བཀག་འགོག་བྱས་པ་དང༌། ཕྱི་རོལ་ནས་ཐུག་འཕྲད་དུ་ཡོང་མཁན་རྣམས་ཀྱང་བཀག་འགོག་བྱས་ཏེ་ཁོང་མོ་གྲོགས་མེད་ཁེར་རྐྱང་ངང་ནང་དུ་བཙན་སྡོད་བྱེད་དུ་བཅུག་གི་ཡོད།
མི་སྒེར་ཁག་ཅིག་གིས་བཤད་པ་ལྟར་ན། རྒྱ་གཞུང་གིས་ལེའུ་ཞཱ་ལ་གང་བྱས་པ་དེ་དག་ཁྲིམས་འགལ་རེད་ལ། ཁོང་ཚོས་དུས་རྟག་ཏུ་རྒྱ་གཞུང་དང་ལངས་ཕྱོགས་མི་མཐུན་མཁན་རྣམས་ལ་དོ་དམ་བྱེད་དོན་ནི་རྒྱ་ནག་གི་དངོས་ཡོད་གནས་ཚུལ་རྣམས་གསར་འགོད་པའི་མདུན་སར་མི་སླེབས་པའི་འགོག་སྲུང་ནན་མོ་བྱེད་ཆེད་དང༌། རྒྱ་གཞུང་གི་སྣང་བརྙན་ངོ་མ་ཇི་བཞིན་རྒྱ་ནག་གི་ཕྱི་རུ་མི་འདོན་པའི་ཉེན་སྲུང་གི་ཆེད་དུ་རེད་ཅེས་བརྗོད་ཀྱི་ཡོད། ཁོང་མོའི་བཟའ་ཟླ་ནི་ད་ལྟའི་ཆར་ལ་རྒྱ་གཞུང་དང་ལངས་ཕྱོགས་མི་མཐུན་པའི་འཐབ་རྩོད་པ་སྙན་གྲགས་ཆེ་ཤོས་ཤིག་ཡིན་པར་བརྟེན། རྒྱ་གཞུང་གིས་ཁོང་མོ་ལ་གཞན་དག་ལས་ཀྱང་དམ་བསྒྲགས་ཚ་ནན་བྱེད་ཀྱི་ཡོད་པ་རེད།
སྐུ་ཞབས་ལེའུ་ཞཱ་པོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་གཙུག་ལག་རིག་པའི་སློབ་གཉེར་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་སྐུ་ཞབས་ཇོ་ཤུའུ་ རོ་སན་ཛེ་ཝེ་ཡིས་ “ལེའུ་ཞཱའི་རང་དབང་བཀག་སྡོམ་བྱས་པ་དེ་ནི་རྒྱ་གཞུང་གི་དབང་འཛིན་པས་ཁྲིམས་མཐུན་ཐོག་བྱས་པ་ཞིག་ཡིན་པ་ཤེས་ཀྱི་མེད།” ཅེས་དང༌། ཡང་ཁོང་གིས། “ཁོང་མོ་རང་དབང་གི་བཀག་རྒྱའི་ནང་རྒྱང་འབུད་བྱས་པ་དེ་ནི་རྒྱ་གཞུང་གིས་ཆེད་དུ་མངགས་ནས་བྱས་པ་ཞིག་ཡིན། དེའི་རྒྱུ་མཚན་ནི། གལ་སྲིད་ཁྱེད་ཀྱིས་གཞུང་གི་བཀའ་རྩ་དང་ཁྲིམས་ལུགས་ཀྱི་ལག་བསྟར་གང་ལའང་མཐུན་པ་ཞིག་བྱེད་མ་ཐུབ་ཚེ་དེ་ལ་ཁྱེད་ཀྱིས་གདོང་ལེན་བྱེད་རྒྱུའི་ལས་འགོ་ཇི་ལྟར་འཛུག་རྒྱུ་ཡིན། འགྲོ་བ་མི་དང་གནད་དོན་གང་གི་ཐད་ནས་ལེའུ་ཞཱ་མུ་མཐུད་བདེ་གནས་ཐུབ་རྒྱུ་ནན་ཏན་གྱིས་བཀག་འགོག་བྱེད་ཀྱི་ཡོད།” རྒྱ་གཞུང་གིས་ལེའུ་ཞཱ་བཙན་དབང་གིས་འཇུ་བཟུང་བཀག་ཉར་བྱས་པ་དེ་ནི་ཁྲིམས་འགལ་གྱི་ནག་ཉེས་འོག་ནས་བྱུང་བ་ཞིག་གཏན་ནས་མིན། འདི་སྐོར་སྐུ་ཞབས་རོ་སན་ཛེ་ཝེས་ “དེ་ནི་ལེའུ་ཞཱ་དང་ཁོང་མོའི་ནང་མིའི་སྐོར་གནས་ཚུལ་གཏན་ནས་གོ་རྒྱུ་མེད་པ་ཞིག་བྱུང་ཚེ་བཙོན་འོག་ཏུ་ཡོད་པའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལེའུ་ཞཱ་པོའི་གནས་ཚུལ་ཡང་འགོག་སྲུང་ཐུབ་པའི་རེ་བ་དང་དམིགས་ཡུལ་བཟུང་བ་ཞིག་ཡིན། རྒྱལ་སྤྱིའི་ནང་སྐུ་ཞབས་ལེའུ་ཞཱ་པོའི་སྐོར་གནས་ཚུལ་ཤེས་རྒྱུའི་བརྒྱུད་ལམ་ཁག་གཅིག་ཡོད་པའི་ཁྲོད་གཅིག་ནི་ཁོང་གི་སྤུན་མཆེད་ཚོའི་དུས་དུས་སུ་ཐུག་འཕྲད་བརྒྱུད་ནས་བྱུང་བའི་མཐོང་ཐོས་ཀྱི་གནས་ཚུལ་ཁག་ཡིན།” ཞེས་དང༌། “ཉེ་སྔོན་ལེའུ་ཞཱ་རང་ཉིད་ཀྱི་བཟའ་ཟླ་ཐུག་འཕྲད་དུ་ཕྱིན་ཡོད་པ་ངས་ཤེས་རྟོགས་མ་བྱུང་ཡང༌། ཁོང་མོ་རང་གི་བཟའ་ཟླ་དང་ཐུག་འཕྲད་བྱེད་དུ་བཅུག་པའི་རྒྱ་གཞུང་གི་བར་སྐབས་འཁྲབ་སྟོན་ག་འདྲ་ཞིག་ཡིན་ནའང་གནས་ཚུལ་ཕྱིར་བསྒྲགས་མི་བྱེད་རྒྱུའི་སྔོན་འགྲོའི་ཆ་རྐྱེན་གྱི་འོག་ནས་བྱུང་བ་ཞིག་ཡིན་པ་ངས་ནན་ཏན་བྱས་ནས་བརྗོད་ཐུབ་ཀྱི་ཡོད།”
རྒྱ་གཞུང་གིས་ལེའུ་ཞཱ་པོའི་ཤུགས་རྐྱེན་ཉམ་དམས་སུ་གཏོང་རྒྱུའི་ལྐོག་བྱུས་འདིའི་འོག་ནས་ཀུན་གྱིས་ཡིད་ཆེས་ཐུབ་པའི་གྲུབ་འབྲས་ཤིག་ཡོང་དགོས་པ་འདོད་ཀྱི་ཡོད་མོད། མུ་མཐུད་གོ་མེད་ཚོར་མེད་དུ་ལྷག་པའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་མི་དེའི་སྐོར་དོ་སྣང་བྱེད་མཁན་ནི་དེ་ལས་ལྡོག་སྟེ་ཧ་ཅང་མང་དུ་འགྲོ་བཞིན་ཡོད། སྐུ་ཞབས་ལེའུ་ཞྭ་པོའི་ནང་མི་དང་བློ་ཐག་ཉེ་བའི་གྲོགས་པོ་ཞིག་གིས་སྦི་སྦི་སི་གསར་ཁང་ལ་བརྗོད་པ་ལྟར་ན། རྒྱ་གཞུང་གིས་ཁོང་གི་བཟའ་ཟླ་ལེའུ་ཞཱ་ལ་ཤིན་ཏུ་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་བ་དེ་ནི་ལེའུ་ཞཱ་པོ་ཕྱི་རྒྱལ་དུ་སྐྱབས་བཅོལ་ལ་མ་འགྲོ་ཀ་མེད་བཟོ་རྒྱུའི་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་སྐོར་བཤད་ཡོད། ལེའུ་ཞཱ་པོའི་བཟའ་ཟླའི་རང་དབང་བཙན་འཕྲོག་བྱས་པ་བརྒྱུད་ནས་རྒྱུ་གཞུང་གིས་སྐུ་ཞབས་ལེའུ་ཞཱ་པོ་ལ་བཙན་ཤུགས་ཀྱི་རྒྱ་ནག་ནས་ཐོན་བཅུག་རྒྱུའི་ཐབས་ཤེས་བྱས་པ་དང༌། དེ་དང་དུས་གཅིག་ཏུ་རྒྱ་གཞུང་གིས་གལ་སྲིད་གསར་འགོད་པར་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ཤེས་རྟོགས་བྱུང་ཚེ་ལེའུ་ཞཱ་པོ་དང་ཐུག་འཕྲད་བྱེད་རྒྱུ་དེ་ཡང་ཕྱིར་བསྡུ་བྱེད་རྒྱུ་ཡིན་ཞེས་ཁོང་གི་ནང་མི་ལ་འཇིགས་བསྐུལ་བྱས་ཡོད་འདུག དེ་ནི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ཅིག་དང་ལེའུ་ཞཱ་པོའི་ནང་མི་ལ་གནས་ཚུལ་སྦིར་གྲགས་མི་ཆོག་པའི་བཙན་དབང་བྱས་པ་ཞིག་ཀྱང་རེད། ཡིན་ནའང༌། སྐུ་ཞབས་ལེའུ་ཞཱ་པོའི་ནང་མིའི་གྲོགས་པོ་ཞིག་གིས་བཤད་པ་ལྟར་ན། སྐུ་ཞབས་ལེའུ་ཞཱ་པོ་བཙན་འཇུག་གི་དུས་བཀག་མཐའ་མ་དེ་ཕྱི་ལོ་ ༢༠༢༠ ལོ་ཡིན་ནའང་ཁོང་རྒྱ་ནག་དང་ཁ་བྲལ་རྒྱུའི་ཁས་ལེན་ནམ་ཡང་བྱེད་མེད་ཅེས་བརྗོད་ཡོད།
རྒྱ་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་སྐུ་ཞབས་ལེའུ་ཞཱ་པོ་རྒྱ་ནག་ནས་རང་མོས་ཀྱིས་ཕྱིར་འདོན་ཡོང་རྒྱུའི་འདོད་པ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ཡང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཞི་བདེའི་གཟེངས་རྟགས་ཐོབ་མཁན་མི་ཞིག་རྒྱ་གཞུང་གི་བཙོན་ཁང་ནང་མུ་མཐུད་བཀག་ཉར་བྱས་པ་དེས་རྒྱལ་སྤྱིའི་ནང་རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐྱོ་པོ་ཡོད་པ་དན་རྟགས་དང་དྲན་གསོ་བྱེད་ཀྱི་ཡོད་པས་ཡིན། དེ་སྔར་རྒྱ་གཞུང་དང་ལངས་ཕྱོགས་མི་མཐུན་པའི་འཐབ་རྩོད་པ་མང་པོ་ཞིག་རྒྱ་ནག་ནས་ཁ་བྲལ་རྗེས་ཁོང་ཚོའི་དགོས་འདུན་དང་འབོད་སྒྲ་དེ་ཚོ་རིམ་གྱིས་ནུས་མེད་ནས་གཏན་ཡལ་དུ་སོང་བ་དང༌། ཁོང་ཚོའི་ཤུགས་རྐྱེན་ཡང་ག་ལེར་རྩ་ཡལ་དུ་ཕྱིན་ཡོད། དེར་བརྟེན། སྐུ་ཞབས་ལེའུ་ཞཱ་པོ་རང་ཉིད་བཙོན་ཁང་ནང་དུས་ཡུན་ག་ཚོད་བསྡད་དགོས་བྱུང་ཡང་རྒྱ་ནག་ནང་གཏན་ཏུ་འདུག་རྒྱུ་ཨུ་ཚུགས་བྱེད་པ་དེ་ཡང་ཁོང་རང་ཉིད་ཀྱི་གཟི་བརྗོད་ཅིག་ཀྱང་ཆགས་ཡོད།
མ་ཡིག་ལ་ཞིབ་བསྡུར་དང་རྩ་འཛིན་གནང་དགོས་ཚེ་གཤམ་གསལ་དྲ་ཚིགས་ལ་བསྣུན།
http://www.bbc.co.uk/news/world-asia-china-19875389

 

 

འགྱུར་རྩོམ།

Post navigation

Previous Post: ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སློབ་གསོའི་ཆེད་ལེགས་གསོལ་བྱ་དགའ་དང་མཐོ་སློབ་ཀྱི་སློབ་ཡོན་འབུལ་འཆར།
Next Post: བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གསུམ་པ།

Comments (3) on “རྒྱ་གཞུང་གི་གནོན་ཤུགས། ལེའུ་ཞ་པོའི་སྡུག་བསྔལ།”

  1. ངོ་ལུག says:
    2012-11-20 at 6:13 pm

    ལོ་གཉིས་ཙམ་གོང་དུ་རྒྱ་མི་ཞིག་གིས་དྲ་བའི་ཐོག་ཏུ་གུང་ཁྲན་ཏང་མགོ་རྟིང་སློག་དགོས་ཟེར་བ་སྤེལ་བའི་ཉེས་མིང་འོག་ལོ་གཉིས་བཙོན་འཇུག་ཁྲིམས་ཆད་བཅད་པ་རེད། དེ་དུས་རྒྱ་ནག་གི་政法委འགོ་ཁྲིད་དེ་ཀྲོས་ཡོན་ཁང་ཡིན་པ་རེད། ཁ་ས་རང་ཀྲོས་ཡོན་ཁང་གོ་ས་ཤོར་བའི་ཉིན་མོ་དེར་གུང་ཁྲན་མགོ་རྟིང་སློག་དགོས་ཟེར་མཁན་གྱི་རྒྱ་མི་དེ་བཙོན་བྲོལ་བཏང་བར་བལྟས་ན་ཤིས་ཅིང་ཕིང་གིས་ལི་ཞོ་པོ་བཙོན་ནས་འདོན་སྲིད་པ་རེད།

  2. ཏི་སི། says:
    2012-11-20 at 10:35 pm

    ཕལ་ཆེར་དེ་འདྲ་བོ་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2012-11-21 at 12:41 am

    ་་་་་ རྒྱ་གཞུང་གི་དབང་འཛིན་མི་སྣས་གནོན་ཤུགས་འདྲ་མིན་སྤྲད་པའི་སྒོ་ནས་སྐུ་ཞབས་ལེའུ་ཞཱ་པོ་ཕྱི་རྒྱལ་དུ་ཡུལ་གྱར་ལ་འགྲོ་བཅུག་རྒྱུའི་བཙན་བསྐུལ་བྱེད་ཀྱི་ཡོད་སྐོར་གནས་ཚུལ་རིམ་པར་ཐོན་བཞིན་ཡོད། ་་་་་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme