Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒན་ o ལགས་དང་ཡང་བསྐྱར་མཇལ་བ།

Posted on 2012-11-03 By ཁ་བརྡ་ 20 Comments on རྒན་ o ལགས་དང་ཡང་བསྐྱར་མཇལ་བ།

གྲིབ་གཟུགས།

དེ་དུས་ང་རང་འཛིན་རིམ་གཉིས་པ་རེད། ཐོག་མར་རྒན་ o ལགས་ཀྱི་འཛིན་གྲྭར་ཕྱིན་དུས་ཁོང་གི་བཞིན་རས་དེ་ o དང་ཅུང་ཙམ་འབྲེལ་བ་ཡོད་པ་ཤེས་པ་ཙམ་ཡིན། དེ་དུས་ཁོང་གི་མཚན་ o དེར་ང་རང་དམིགས་བསལ་གྱི་དོ་སྣང་གང་ཡང་བྱུང་མེད། ཡིན་ནའང་རྗེས་ནས་ཁོང་དང་གཤིབ་ཀྱིན་གཤིབ་ཀྱིན་རྒན་ལགས་ཁོང་དང་ཁོང་གི་མཚན་ o གཉིས་ཀྱི་བར་འབྲེལ་བ་མི་ཉུང་བ་ཞིག་ཡོད་པ་ཤེས་བྱུང་། འཛིན་གྲོགས་ཚོས་ཁོང་གི་གསུས་གྲོད་དང་འཕོངས་ཚོས་གོར་གོར་གཉིས་ཀ་ཁོང་གི་མཚན་ o དང་འབྲེལ་བ་འདུག་ཟེར། ངས་བསམས་ན་ད་དུང་ཁོང་གིས་བསྣམས་པའི་སྤྱན་ཤེལ་གོར་གོར་དེ་ཡང་ཁོང་གི་མཚན་ o དང་འབྲེལ་བ་ཡོད་པ་ཤེས་སོང་། རྒན་ o ལགས་དེ་དུས་སྒྲིག་བདག་ཡིན་པས་ནམ་རྒྱུན་ང་ཚོའི་མདུན་དུ་ o ཆེན་པོ་ཞིག་གི་ཚུལ་དུ་འགྱིང་གིན་ཡོད་པ་ནི་གནས་ཚུལ་དཀྱུས་མ་ཞིག་རེད། དེ་དུས་ང་ཚོ་སློབ་ཕྲུག་ཚོས་ད་དུང་གསར་དུ་ཤེས་པ་ནི། རྒན་ལགས་ཁོང་ཡ་གི་བཞུགས་ཁྲིའི་སྟེང་དུ་བཞུགས་ཚུལ་དང་། ཁོང་གི་བཀའ་ཆོས་འཆད་པ་དང་ཁྲོས་པའི་སྐབས་བཀའ་བཀྱོན་གནང་དུས་ཀྱི་ཞལ་གྱི་དབྱིབས་ཀྱང་ o དང་འབྲེལ་བ་ཡོད་པས་མ་ཚད། སློབ་ཕྲུག་རེ་རེའི་ངོ་ལ་མཐོང་ཆུང་གིས་ལྟ་བའི་སྤྱན་ཟུང་གཉིས་ནི་ o དམར་པོ་ཞིག་དང་ཨ་ན་མ་ན་རེད། དེ་ལྟར་ང་ཚོ་སློབ་གཉེར་བ་ལྔ་བཅུ་ལྷག་གིས་ཡ་གི་བཞུགས་ཁྲིའི་སྒང་ནས་མཆོང་ལ་ཁད་པའི་རྒན་ o ལགས་ཀྱི་འབུར་འཇོམས་ཆེ་བའི་བཀའ་བཀྱོན་རྦབ་རྡོ་ o ནག་པོ་དབྱིབས་ཅན་ཏག་ཏག་གི་འོག་ནས་རང་ཉིད་ཀྱི་སྤོབས་པ་དང་རང་རྩིའི་འདུ་ཤེས། སྒེར་ཚུགས་དང་ང་རྒྱལ་མདོར་ན་སློབ་གཉེར་བ་ཞིག་ལ་མེད་དུ་མི་རུང་བའི་ནང་བསམ་བློའི་ཁྱད་ཆོས་ཡོད་ཚད་བག་ལ་ཞ་སོང་བ་རེད། ལོ་འཁོར་གཅིག་ཙམ་རྗེས་རྒན་ o ཁོང་ཕྱི་ལུས་པོ་དང་ནང་བསལ་བློ་གཉིས་ཀ་རྒྱགས་དྲགས་ཏེ་ o ཡི་དབྱིབས་ཏུ་གྱུར་ཆེ་ནས་རང་ཤག་གི་སྒོར་མི་ཤོང་བ་མ་ཚད་རང་དང་འདྲ་མཉམ་ཀྱི་སྤྱི་ཚོགས་ནང་ཡང་མ་ཤོང་བ་བཅས་ཀྱི་རྐྱེན་ལ་བརྟེན་ནས་དཀའ་ངལ་མང་པོ་ཞིག་ཕྲད་མཐར་ལུས་སྦྱོང་དང་སེམས་སྦྱོང་གཉིས་ཀའི་ཆེད་སློབ་གླིང་འདི་བོར་ནས་རང་ཡུལ་ལ་ཕྱིན་སོང་བ་རེད།
དེ་རིང་ང་རང་འཛིན་རིམ་བདུན་པའི་ནང་ཡོད། རྒྱུ་རྐྱེན་ཅི་ཞིག་གིས་འབྲེལ་བ་ཡོད་པ་ཡིན་ནམ་གང་ལྟར་རྒན་ o ལགས་ཀྱི་རྩ་ནས་ཡང་བསྐྱར་དཔེ་ཁྲིད་ཉན་དགོས་ཐུག་སོང་། འཛིན་གྲོགས་ཚོས་ད་ལྟ་རྒན་ལགས་ཁོང་དང་ཁོང་གི་མཚན་ o གཉིས་བར་འབྲེལ་བ་གང་ཡང་མེད་ཟེར། ཁོ་ཚོས་བརྗོད་ན་རྒན་ལགས་ཁོང་ I གཙང་མ་ཞིག་ཏུ་གྱུར་ཡོད་པ་མ་ཚད་སྤྱི་ཚོགས་དང་སྒེར་སུ་ལའང་མཁོ་གནད་ཆེ་བའི་ I ལྗང་གུ་ཞིག་ཏུ་གྱུར་ཡོད་ཟེར། དེ་ནི་དཔེ་བཞག་ན་ལག་ཁྱེར་ཁ་པར་དང་འདྲ་ཟེར། དཔེ་ཁྲིད་བདུན་ཕྲག་ཅིག་ཙམ་བར་ངས་ཀྱང་རྒན་ལགས་ཁོང་ I ལྗང་གུ་ཞིག་ཡིན་པ་མ་ཚད་མཐོང་སྣང་ཞིག་ལ་དེང་རབས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལྟ་བུ་ཞིག་ཏུ་འགྱུར་ཡོད་པ་ཚོར་སོང་བ་དང་། རྒན་ལགས་ཁོང་གི་སྦྱོང་བརྡར་གྱི་འབྲས་བུ་དེ་ལ་ཡིད་སྨོན་དབང་མེད་དུ་སྐྱེས།
ཡིན་ནའང་། མི་དང་མི་ངོ་གཤིབ་ནས་ཤེས། །ཟེར་བའི་གནའ་གཏམ་དེ་ནི་ཅི་འདྲའི་སྡོམ་ཚིག་རླབས་ཆེན་ཞིག་རེད་ཨང་། བདུན་གཉིས་ཀྱི་རྗེས་སུ་ཡང་སྐྱར་རྒན་ལགས་ཁོང་དང་ཁོང་གི་མཚན་ o གཉིས་བར་འབྲེལ་བ་མི་ཉུང་བ་ཞིག་ཡོད་པ་མ་ཚད་ད་ལྟ་རྒན་ལགས་ཁོང་སྔར་ལས་ལྡབ་ལོག་གིས་ཆེ་བའི་ o ཡི་གྲུབ་གཟུགས་སུ་གྱུར་འདུག་པ་དེ་རེད། ཁོང་གི་སྙིང་ཁམས་དེ་གོར་མོ་ལྕགས་ཀྱི་རང་བཞིན་ o རུ་གྱུར་ཟིན་པ་ཚོར་དུས་ཁོང་དང་འབྲེལ་བའི་ཆོས་ཆ་ཚང་ o ཆེ་མ་ཆུང་གསུམ་དུ་མ་ཞིག་གི་སྤྲུལ་སྒྱུར་དུ་མཐོང་སོང་།
ནམ་རྒྱུན་རྒན་ལགས་ཉམ་ཆུང་ཚོ་སྤ་བཀོང་བར་བྱེད་ཅིང་རྒོད་པ་ལ་ཚད་མེད་པའི་བདག་གི་འཛིན་གྲྭ་དེ་ཡང་ད་ལྟ་རྒན་ o ལགས་ཀྱི་གནོན་ཤུགས་འོག་ཇི་ལྟར་ཉམ་ཆུང་ཚུལ་ནི། ཧ་ཧ་་་་་་རྒན་ o ལགས་ཁོང་འཛིན་གྲྭར་མ་ཕེབས་པའི་སྐར་མ་ལྔ་སྔོན་ནས་འཛིན་གྲོགས་ཚོའི་དབུགས་འགག་འགྲོ་བ་དེ་རེད། ཁུ་སིམ་པའི་འཛིན་གྲྭའི་ནང་ཡང་བསྐྱར་རྒན་ o ལགས་ཀྱིས་ ནམ་རྒྱུན་ང་ཚོའི་མདུན་ནས་ o ཆེན་པོ་ཞིག་གི་རང་གཟུགས་སྟོན་པར་བྱེད། བརྒྱ་ཆའི་དགུ་བཅུ་གཅམ་བུ་བས་གང་བའི་འཛིན་གྲྭ་དེའི་ནང་ནས་རྒན་ o ལགས་ཀྱི་བཀའ་བཀྱོན་རྦབ་རྡོ་ o ནག་པོ་དེ་ཚོ་ལས་ཟུར་ཆེད་ང་རང་ནམ་རྒྱུན་འཛིན་གྲྭའི་རྒྱབ་ལོགས་སུ་བསྡད་ནས་བསམ་བློ་བཏང་བ་ནི། འོ་་་་་ང་རང་ཤེས་ཡོན་པ་དང་དཔེ་ཆ་པར་མ་འགྱུར་རུང་ཕྱི་ནང་གང་ཡང་ o གཟུགས་སུ་འགྱུར་མི་ཉན་པ་དེ་རེད། o ཆེན་པོ་ཞིག་གི་གཟུགས་སུ་གྱུར་ཟིན་དུས་མི་དེ་སྤྱི་ཚོགས་དང་སྒེར་གང་དུའང་མཐུན་སྒྲིལ་གྱི་ཁང་ཆེན་རྩིག་པར་མི་མཁོ་བ་ཙམ་མ་ཟད་འགྲོ་བ་མིའི་བླ་ན་མེད་པའི་ཕན་ཚུན་མཛའ་བརྩེའི་ཕ་མཁར་འཇིག་པའི་ཐོ་ལུམ་དུ་འགྱུར་འགྲོ་བར་ཤེས་སོང་།
དེ་ལྟར་བསམས་ན་གདན་ས་ཆེན་མོ་ཆེན་མོ་དག་ནི་ o ཆེ་ཆུང་མང་པོ་ཞིག་གི་འབྱུང་གནས་སུ་གྱུར་པའི་བཟོ་གྲྭ་ཞིག་ཡིན་ནམ། དེ་ལྟར་ན་གནའ་མི་ངར་པོ་ངར་པོ་དེ་ཚོའི་དམིགས་འདུན་དེ་གྲུབ་པ་ཡིན་ནམ།

སྣ་ཚོགས།

Post navigation

Previous Post: སེམས་ཀྱི་མཛའ་མོ་དྲན་པ།
Next Post: བདེ་སྐྱིད་འཚོལ་བ། ༼ཁག་དང་པོ༽

Comments (20) on “རྒན་ o ལགས་དང་ཡང་བསྐྱར་མཇལ་བ།”

  1. དོན་ཡོད་མཁས་གྲུབ། says:
    2012-11-03 at 3:12 am

    ཡག་པོ་བྲིས་འདུག རྩོམ་གྱི་བྲོ་བ་འདུག

  2. རེབ་སྐྱིད་མཚོ says:
    2012-11-03 at 3:31 am

    གྲིབ་གཟུགས་ཁྱོད་ཀྱིས་བཤད་པའི་སྐད་ཆའི་སྙད་ཉམས་ལ་དེང་རབས་པའི་སྤོབས་དཔའ་
    ལྡན་ཡང་བརྗོད་བྱ་ལ་ལྟས་ན་རང་ཉིད་ཀྱི་ཞིབ་བཤད་དང་ཉམས་མྱོང་སྔོན་དུ་བྱེད་དྲི་བ་
    མཇུག་ཏུ་བསྐུལ་སྡད་པ་ལྟ་བུ་ལས་མི་འདུག་ལ། ད་དུང་ཡི་གཟུགས་དང་ཡི་གཟུགས་ཅེས་
    སྐྱར་དུ་བཤད་པ་འདི་ཡང་གནའ་སྔ་མོའི་བརྡ་རྙིང་འདྲ་ཡིན་མ་གཏོགས་གོ་རྒྱུ་ཡང་མི་
    འདུག་མོད་འདི་ལྟ་བུ་ནི་ཉིན་མ་འཁྱོལ་ཐབས་ཙམ་ལས་ཁ་བརྡ་ཚང་ལ་ཕན་ཐོགས་ས་
    མ་རེད་ཡ།་་་་་་་་་

  3. གཡུ་བྲག་པ says:
    2012-11-03 at 4:14 am

    ཨ་རོ་ད་བརྗོད་དོན་ཆ་ཚང་རྟོགས་སོང་། ཁྱོད་ངར་བ་རེད། ཧ་ཧ་ཧ། ཁོས་འདི་མཐོང་ན་ཀླད་གོར་གནམ་ལྕགས་འབར་བ་ཞིག་གིས་མགོ་ལ་བརྔན་པ་སྤྲད་ཡོངས། གྲིབ་གཟིགས་ཀྱི་གྲིབ་གཟིགས་གཉིས་པ་ཞིག་གིས་ཁྱོད་ཀྱི་ཉེ་འགྲམ་ནས་ཕུལ་ལོ།།

  4. ཆབ་བྲག་ཕོ་ཉ says:
    2012-11-03 at 6:14 am

    ཨོ་ཁེ་བོ་གསར་བ་ཞིག་རེད། ཧ་ཧ་ཧ་

  5. གྲིབ་གཟུགས། says:
    2012-11-03 at 8:39 am

    རེབ་སྐྱིད་མཚོ་ལགས་སུ། རྩོམ་ཡིག་འདི་ནི་གུས་པའི་དངོས་བརྒྱུད་ཟིན་ཐོ་ཞིག་ཡིན་ལ་འབྲི་དུས་དེ་ཙམ་ཞིབ་མོའི་སྒོ་ནས་འབྲི་རྒྱུ་ཡང་མ་བྱུང་། ཁྱེད་ཀྱིས་གསུངས་པ་ལྟར་གུས་པའི་རྩོམ་ཡིག་འདིར་ཞན་ཆ་མི་ཉུང་བ་ཞིག་ཡོད་པ་སྨོས་མ་དགོས་པ་ཞིག་ཏུ་འདོད། ཡིན་ནའང་གཞན་གྱི་རྩོམ་ཡིག་ལ་འགྲིག་མི་འདུག་བརྗོད་རྒྱུ་དེ་ལས་སླ་ནའང་། ཁྱེད་ཀྱིས་བཀོད་པའི་མཆན་ཉུང་ངུ་དེར་ཡང་ཡིག་ནོར་མི་ཉུང་བ་ཞིག་འདུག་པས་གཞན་སྐྱོན་ཁོ་ན་འཚོལ་བའི་བསམ་བློ་དེ་ཅུང་ཙམ་རང་ཉིད་ཀྱི་སྟེང་དུ་སྐོར་ནའང་ལེགས་ཆ་མི་ཉུང་བ་ཞིག་ཡོད་ངེས།

  6. ཉི་འོད་གྲོངས says:
    2012-11-03 at 9:49 am

    ངས་ལྟས་ན་རང་སློབ་ཕྲུག་ཞིག་ན། དངོས་གནས་མི་ཐེབ་ཆག་ཞིག་ལས་མ་འདས་སྙམ། ཤ་ཚ་མོའི་གཏམ་ལ་སྙན་མོ་་མེད་ཟེར་བའི་དཔེ་་དེ་ཅི་ལ་མི་བདེན། ཁྱེད་ཀྱིརང་གི་རྒན་ལགས་སུ་ཕྱ་སྨོད་དེ་འདྲ་མ་གནང་། རང་གི་རྒན་ཡིན་པས་ཁོང་བཀའ་དྲིན་ཆེ་བ་མ་ཟད། རང་གི་འདོད་པ་མི་སྐོངས་མཁན་ཡིན་ཚད་རྩོམ་ཡིག་གི་ཁ་ཕྱོགས་སྦྱོང་ཆེད་ལག་ཚད་བརྩེད་ཕྱིར་གནང་ན་ག་ནས་འགྲིགས།

  7. གངས་རིའི་ལྷ་སྲས། says:
    2012-11-03 at 10:22 am

    ཉི་འོད་གྲོངས་ནས་ཡག་པོ་གསུངས་སོང་དངོས་གནས་དེ་རང་རེད།

  8. གཡུ་བྲག་པ says:
    2012-11-03 at 12:14 pm

    དྲ་གྲོགས་ཚོ། འདིའི་བརྗོད་དོན་དངོས་ནས་དེ་ཕལ་ཆེར་རྟོགས་ཐུབ་མདོག་ཁ་པོ་མ་རེད། ཡིན་ན་ཡང་ངས་ཚང་མ་ཤེས་ཐུབ་ཀྱིན་འདུག ཧ་ཧ་ཧ

  9. ཨ་ར་དཀར་པོ says:
    2012-11-03 at 12:20 pm

    o ཟེར་བ་ང་རྒྱལ་ཆེ་བའི་དོན་འདྲསྟོན་པ་མིན་འགྲོ I ཟེར་བ་ ད་གང་ཤེས་

  10. རེབ་སྐྱིད་མཚོ says:
    2012-11-03 at 2:01 pm

    ཡ་གྲིབ་གཟུགས་ཡ་ཁྱེད་ཀྱིས་གཞན་སྐྱོན་བཙལ་ཞེས་པའི་ཐ་སྙད་སྙན་པོ་དེ་ཁྱེད་ཀྱིས་བཤད་རྒྱུ་ཡིན་
    ནམ་ཡང་ན་གཞན་ཞིག་གིས་བཤད་དགོས། ཧ་ཀྱང་གི་ཧོར་རྒྱུགས་བྱ་མི་ཉན། ཁྱེད་སྐྱར་དུ་འདེབས་
    དགོས་པའི་ལན་དེ་ཕྱི་དྲགས་སོང་ཡང་དགོངས་པ་ཚོམས་མི་ཉན།

  11. རེབ་སྐྱིད་མཚོ says:
    2012-11-03 at 2:26 pm

    ཡ་གྲིབ་གཟུགས་ཡ་ཁྱེད་ཀྱིས་གཞན་སྐྱོན་བཙལ་ཞེས་པའི་ཐ་སྙད་སྙན་པོ་དེ་ཁྱེད་ཀྱིས་བཤད་རྒྱུ་ཡིན་
    ནམ་ཡང་ན་གཞན་ཞིག་གིས་བཤད་དགོས། གླེང་མོར་གོ་བདེ་བ་ དང་གནད་ཁེལ་བ་ཞིག་གི་ཁུལ་
    ཡིན་ལ་ད་དུང་ཁྱེད་ཀྱིས་ངའི་མཆན་ཆུང་དག་ཡིག་ནོར་འདུག་གསུངས་ཀི་ཡིག་ནོར་ཡོད་ཆོག་མོད།
    ཁྱེད་ཀྱི་ཡི་གཟུགས་ཟེར་བ་དེ་ནི་ཡིག་ནོར་ཡིན་པར་ངོས་བཟུང་མེད་སྔ་མ་བཤད་པ་བཞིན་བརྡ་སྙིང་
    གོ་དཀའ་བ་ཞིག་ངོས་བཟུང་ཡོད་ལགས། ཁྱེད་སྐྱར་དུ་འདེབས་དགོས་པའི་ལན་དེ་ཕྱི་དྲགས་སོང་
    ཡང་དགོངས་པ་ཚོམས་མི་ཉན་ཡ།

  12. རེབ་སྐྱིད་མཚོ says:
    2012-11-03 at 2:30 pm

    གློག་ཀླད་རྙིང་པ་དེས་མཆན་གང་བྱུང་མ་བྱུང་འགྲོ་འདུག་དགོངས་དག།

  13. གྲིབས་གཟུགས། says:
    2012-11-04 at 1:53 am

    o ནི་ང་རྒྱལ་དང་ཁེངས་དྲེགས་དེ་བཞིན་དབང་ཤུགས་ཁོ་ནའི་ཐོག་ནས་གཞན་འབུར་འཇོམས་སུ་གཏོང་མཁན་རྣམས་ལ་གོ་ན་འགྲིག སྤྱིར་རང་གི་དགེ་རྒན་གྱི་སྐྱོན་ཆ་འབྲི་བ་དེ་མི་འོས་པ་ཞིག་ཡིན་ནའང་། གལ་ཏེ་ངའི་ས་ཆར་ཁྱེད་རྣམས་ཡོད་པ་ཡིན་ན་རྩོམ་ཡིག་འདི་ལས་ཟིང་ཚ་ཙམ་མི་འབྲི་ཐབས་མེད་རེད་བསམས། དེ་བཞིན་རེབ་སྐྱིད་མཚོ་གཙོས་པའི་དྲ་གྲོགས་ཁ་ཤས་ཀྱིས་ཡིག་ནོར་དང་ཡུལ་སྐད་གོ་མི་ཐུབ་པ་མང་པོ་ཞིག་བྲིས་མཐར། ཚང་མ་གློག་ཀླད་རྙིང་པའི་མགོ་ལ་ཁག་འགེལ་བ་ནི་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ལས་མ་འདས་པས་སྙིང་རྗེའི་ཡུལ་འབའ་ཞིག་ཏུ་ཟད། མཐའ་དོན་དུ། གལ་ཏེ་ཁྱེད་ཀྱི་དགེ་རྒན་གྱིས་དགོས་པའི་སློབ་ཚན་ལ་འགྲེལ་མི་རྒྱག་པར་ཆོ་མེད་བྲོ་མེད་ཡིན་པ་མ་ཚད་མི་སེམས་ལ་ན་ཟུག་སློང་བའི་དབང་ཤུགས་དང་གོ་གནས་ཁོ་ན

  14. གྲིབས་གཟུགས། says:
    2012-11-04 at 1:57 am

    ཁོ་ནའི་ཟིལ་ཤུགས་ངོམས་པའི་གཏམ་ཐ་ཤལ་བ་མང་པོས་དུས་ཚོད་སྐྱེལ་བ་ནི་སློབ་ཕྲུག་མང་པོ་ཞིག་གི་དུས་ཚོད་ཆུད་ཟོས་ཡིན་པ་མ་ཚད་བག་ཆགས་ངན་པ་ཐེབས་པའི་ཤུགས་རྐྱེན་ཡང་ཅི་ལ་མིན། དེ་དུས་ཁྱེད་རང་ད་དུང་ཡང་དག་སྣང་བསྒོམས་ནས་སྡོད་ཐུབ་བམ། ཚོར་བ་དང་སྙིང་ཁམས་ཀྱིས་སྟོང་ན་མ་གཏོགས་དེ་ལྟར་བཟོད་ག་ལ་ཐུབ།

  15. གྲིབ་གཟུགས། says:
    2012-11-04 at 4:30 am

    དྲ་གྲོགས་ཚོ། ཁོ་བོའི་ལྟ་ཚུལ་ལྟར་ན་དགེ་རྒན་ནི་སྤྱི་ཚོགས་ཀྱི་སྒྲོན་མེ་ཡིན་པར་འདོད། ང་ཚོའི་སྤྱི་ཚོགས་ཀྱིས་དགེ་རྒན་ཡང་དག་མང་པོ་ཞིག་སྐྱེད་སྲིང་བྱེད་པའི་འགན་ཡོད་པར་འདོད། སློབ་ཕྲུག་ཇི་འདྲ་ཞིག་འཚར་ལོངས་ཡོང་མིན་ནི་དགེ་རྒན་གྱིས་བག་ཆགས་འཇོག་སྟངས་དང་སློབ་ཕྲིད་བྱེད་སྟངས་ལ་རག་ལས་པ་མངོན་གསལ་དོད་པའི་སྐད་ཆ་ཤིག་ཡིན། སྐབས་ཐོབ་སློབ་ཚན་དང་འབྲེལ་བ་མེད་པའི་ཉོག་གཏམ་འཆད་པ་དང་དགོས་མེད་སྤྱི་ཚོགས་ནང་གི་ཕན་མི་ཐོགས་པའི་གནས་ཚུལ་མང་པོ་ཞིག་སློབ་མ་ཚོའི་མདུན་ཤོད་པ་ནི་སྐབས་ཐོབ་དགེ་རྒན་གྱི་འགན་མིན་པར་འདོད། དེ་བཞིན་དབང་ཤུགས་དང་གོ་གནས་ཀྱི་ཟིལ་ཤུགས་ངོམ་པ་དང་། སྒེར་སོ་སོའི་བཟང་ཆ་ཁོ་ན་བརྗོད་པ་དང་། སློབ་མ་དག་ལ་རྒྱང་ཐག་བཀྱེད་པའི་སྐད་ཆ་དང་བྱ་འགུལ་དག་ནི་ཆེས་མི་འོས་པར་མཐོང་།

  16. ཉི་འོད་གྲོངས says:
    2012-11-04 at 9:36 am

    གྲིབ་གཟུགས་ལགས། སྤྱིར་སྤྱི་ཚོགས་ག་འདྲ་ཞིག་ཡིན་ན་རྙོག་འཛིང་དང་གླེང་སློང་མེད་ས་མེད་མོད། འོན་ཀྱང་དགེ་རྒན་གི་འགན་འཁུར་ཐུབ་པའི་མི་་ཞིག་གིས་དེ་འདྲ་བྱེད་མི་སྲིད་པས་མི་ཆོས་ལས་འགལ་བས་ལུགས་སྲོལ་ངན་པ་དེ་འདྲ་རྗེས་མར་དྲ་ཐོག་མི་སྤེལ་རེ་བ་དང་། དྲ་གྲོགས་གཞན་གྱི་དེ་ལྟར་མི་གནང་བས་ངས་་རེ་བ་ཞུ་ཡག་ཡིན།

  17. གྲིབ་གཟུགས། says:
    2012-11-04 at 11:22 am

    ཉི་འོད་གྲོངས་ལགས་སུ། གུས་པས་འགན་འཁྲི་ལྡན་པའི་དགེ་རྒན་རྣམས་ལ་ནམ་ཡང་སེམས་བསམ་པའི་གཏིང་ནས་དགའ་ཞེན་དང་གུས་རྩི་ཞུ་བཞིན་ཡོད། ཁྱེད་ཀྱིས་གུས་པའི་རྩོམ་ཡིག་གི་ནང་དོན་གསལ་པོ་ཞིག་མཁྱེན་མི་འདུག་པའི་ཚོར་སྣང་ཞིག་རང་བཞིན་གྱིས་སྟེར་འོང་། དེ་ལྟར་ན་གུས་པས་ཅི་ཞིག་བརྗོད་འདོད་པ་དེ་ཡང་ཁྱེད་ཀྱིས་མཁྱེན་མེད་པ་རེད། གུས་པས་ཁྱེད་ལ་རེ་བ་ཞིག་ཞུ་འདོད་པ་ནི། ཁྱེད་ཀྱིས་གཞན་ལ་མཆན་འགོད་དུས་དག་ཆ་དང་ཚིག་སྦྱོར་ལ་གང་གཟབ་གཟབ་གནང་རོགས་ཞེས་པ་དེ་ཡིན། གུས་པས་ཁ་བརྡའི་ནང་གླེང་རིན་མེད་པའི་རྩོམ་ཡིག་རེ་ཟུང་སྤེལ་དུས་བསམ་ཚུལ་མ་མཐུན་པའི་སྒོ་ནས་དགག་པ་བརྒྱབས་པ་དེ་ཚོ་ལས་ཀྱང་ཆེས་ལྟ་བར་སུན་པ་ནི། སུམ་རྟགས་ཀྱི་འགྲོ་ལུགས་དང་མ་བསྟུན་པའི་ཡིག་ནོར་ཉོག་པོ་མང་པོ་ཞིག་བྲིས་པ་དེ་ཚོ་རེད། གར་ལྟར་ཁྱེད་ཀྱིས་བསམ་ཚུལ་གླེང་བར་གུས་པས་མཐའ་དོན་དུ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

  18. བློ་བཟང་༡༩༩ says:
    2012-11-05 at 12:34 am

    ངས་བལྟས་ན་དགེ་རྒན་དེ་ལ་སྐྱོན་ཆ་གཅིག་ཡོད་ས་རེད། ཡིན་ཡང་སློབ་གྲྭ་གང་གི་ཡིན་པ་དང་། མཚན་གང་ཡིན་མ་ཤེས་ན་ཞིབ་གཅོད་བྱེད་ཁག་པོ་རེད། ཁོང་གི་མཚན་དང་ཁ་བྱང་སོགས་བསྐུར་ཐུབ་བམ།

  19. ཉི་འོད་གྲོངས says:
    2012-11-05 at 6:11 am

    དྲ་གྲོགས་ངས་ཞུ་འདོད་པ་ནི། འཇིག་རྟེན་འདིར་ཕ་མ་གཉིས་དང། དགེ་རྒན་བཅས་བཀའ་དྲིན་ཆེན་ཤོས་་ཤིག་ཡིན་པ་ནི་སྨྲོས་མེད་རེ། ་དེར་རྟེན་ངས་ཁྱེད་ལ་དམིགས་སུ་བཀར་ནས་ཞུ་བ་འདི་ནི་ངས་ང་ཚོའི་སྤྱི་ཚོགས་སུ་ཕན་པའི་སླད་དུ་ཞུ་བ་ལས་ཞེ་སྡང་་གི་སྒོ་ནས་རྩ་བ་རང་ནི་མིན་། སླད་མར་དམིགས་དཔེ་་ངན་པ་མ་བཞག་ན་བསམ་གྱིན་འདུག། དེང་དུས་ཕྱི་རྒྱལ་གྱི་ལུགས་སྲོལ་རང་རེ་བོད་པའི་སྤྱི་ཚོགས་སུ་ཁྱབ་བརྡལ་འགྲོ་བཞིན་པ་འདི་ནི་གཅིག་བྱས་ན་ཡར་རྒྱས་་ཀྱི་རྣམ་པ་ལོས་ཡིན་ཡང་། གང་དྲན་ཐམས་ཅད་ལམ་སང་ཐོགས་མེད་དྲ་ཐོག་་ཏུ་རྒན་ལགས་ཀྱི་སྐོར་བཀོད་པ་འདི་ནི། རང་རེ་བོད་པའི་ལས་འབྲས་ཁས་བླང་དང་། ཡ་རབ་་དང་བཟང་སྤྱོད་མཐུན་མོངས་མ་ཡིན་པ་ཕུལ་དུ་བྱུང་བ་འི་རྣམ་པ་མཚོན་བྱེད་ཀྱི་རྟགས། ཕ་མ་གཉིས་དང་རང་གི་རྒན་ལགས་བཅས་ལ་རྨད་དུ་བྱུང་པའི་གུས་བཀུར་ཞིག་རྒྱལ་ཁབ་གཞན་དང་མ་འདྲ་བ་ཡོད་པས། དེ་ཉིད་གཏོར་བྱེདཀྱི་་ཐོ་བ་ཡིན་པ་ནི་སྨྲོས་མེད་ཡིན། འཇིག་རྟེན་འདིར་བུ་ཕྲུག་རེ་ཟུང་དང་། དགེ་ཕྲུག་ཐ་ཤལ་རེ་ཟུང་གིས་ཕ་མ་དང་རྒན་ལགས་བཅས་སུ་རྒོལ་དུས་། ཐ་ཆད་ཞིག་ལས་་མི་ཡི་རིགས་སུ་མི་བརྩི་བ་མཁྱེན་གསལ་ལ་། དེ་ཚོ་་ཆོས་སྲིད་གང་གི་ཐོག་ནས་མི་འགལ་ཐག་གཅོད་ཡིན། འོནད་ཀྱང་དྲ་གྲོགས་ཁྱེད་ཀྱིས་གུས་པར་བོད་ཡིག་གི་ཐོག་ནས་ཤེས་ཚད་དམན་པ་དང་། རིག་གཞུང་ལ་གོམ་པ་ཞེ་དྲག་མེད་སྐོར་གསུངས་འདུག། བཀའ་སློབ་དེས་གུས་པར་སེམས་འགུལ་ཆེན་པོ་ཐེབ་སོང་ཐུགས་རྗེ་ཆེ་ལགས།

  20. གྲིབ་གཟུགས། says:
    2012-11-05 at 11:01 am

    ཁྱེད་ལ་ཕན་ན་གུས་པའི་བསམ་པ་རྫོགས་པ་ཡིན། གང་ལྟར་ཁྱེད་ཀྱི་བསམ་ཚུལ་ལ་གུས་པས་ངོས་ལེན་ཞུ་ཐབས་བྲལ་སོང་བས་དགོངས་དག་ཞུ་རྒྱུ་ཡིན། དྲ་གྲོགས་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme