Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒན་འཇམ་དཔལ་ལེགས། ཡི་གེ་དག་མ་འདི་འདྲ་རེད་དམ།

Posted on 2012-08-132012-08-13 By ཁ་བརྡ་ 28 Comments on རྒན་འཇམ་དཔལ་ལེགས། ཡི་གེ་དག་མ་འདི་འདྲ་རེད་དམ།

དོན་གྲུབ་རྡོ་རྗེ།
———-
དེ་རིང་ང་ལ་ལས་ཀ་ཡོད། ལས་ཀ་དེ་ཐབ་ཚང་གི་ལས་ཀ་རེད། གཅིག་ནི་ཧ་ཡང་ཆེན་པོ་དེ་ལ་ཆུ་དགང་རྒྱུ་དེ་རེད། ཆུ་འགེངས་མཁན་ནི་ང་ཡིན་སྟབས། བསྟན་འཛིན་གྱིས་ “ང་ལ་ཆུ་ཁེང་ཞིག་” ཅེས་བཤད་པ་དེ་ངས་ངོས་ལེན་བྱེད་མ་ཐུབ། ང་རླུང་ལངས། ངས་བསྟན་འཛིན་ལ། “དེས་ན། ངས་དགས་རྒྱུའི་ཤིང་དེ་ཚོ་ཁྱོད་ཀྱིས་ཁོས་ཤིག་”ཅེས་བརྗོད་པ་ཡིན། “ དེ་ལ་བསྟན་འཛིན་ཧ་ཅང་མ་དགའ་བ་རེད། ཁོང་གིས། “ང་དཔོན་པོ་ཡིན། ཁྱོད་ཀྱི་བྱ་སྤྱོད་དེ་འགྲིག་མ་སོང་། ངས་ཐོར་དགོད་རྒྱུ་ཡིན།”ཞེས་ང་ལ་སྨྲས། ཁོང་དཔོན་པོ་རེད། ཁོང་ནི་ང་དང་བཅས་པའི་ལས་ཀ་བ་ཚང་མ་འཇུན་མཁན་དེ་རེད། ཁོང་ཁྲོས་པའི་སྐབས་སུ་ང་ཚོ་སྐྲག་ནས་རང་རང་གི་སྤྱོད་པ་ཡང་དག་གིས་གདུད་དགོས་པ་རེད། མི་འདུད་མཁན་རྣམས་ལ་ཁོང་གིས་ལས་ཀ་བ་གཞན་རྣམས་བསྐུལ་ནས་ཐུད་པར་བྱེད་པ་རེད། ཁོང་གིས་དབྱུག་པ་ཞིག་བཏེགས་ནས་ང་ལ་རྡེག་གྲབས་བྱེད། ཁོང་གིས། “ཁྱེད་ཀྱི་སེམས་ན་གདོན་རྒྱུའི་ནད་མང་པོ་འདུག” ཅེས་སྐད་ཅོར་བརྒྱབ། ང་སྐྲག ངས་ཁོང་ལ་དབུལ་རྒྱུའི་ཟས་ཤིག་གྲ་སྒྲིག་བྱས། སྐབས་དེར་འཁོལ་བཞིན་པའི་ཇ་ཚ་པོ་དེ་ཁོང་གི་ལག་པར་ཕོ། ཁོང་ལྷག་ཏུ་རླུང་ལངས། ཁོང་གིས་ཇ་ཚ་པོ་ལྷག་མ་རྣམས་འབྱིད་བཞིན་གཟུག་བྱའི་དབྱུག་པ་དེ་ངའི་གྲོད་པར་བཙུགས། ང་ཁུག་ཀྱོག་ཅིག་ཏུ་བཙུད། “ཁྱོད་དེ་རིང་ནས་ལས་ཀ་ལས་བསྐྲད་པ་ཡིན།”ཞེས་སྐད་ཅོར་བརྒྱབ་ནས་ང་ཙོག་པུར་བསྡད་པའི་སྟེང་བགོམས་ནས་སོང་། ཁོང་གི་བརྒྱག་བྱའི་དབྱུག་པ་དེ་ཐང་དུ་གཡུགས། དེ་ནས་བརྒྱུགས། ཁོང་མི་འདུག ང་བསྒུགས་པ་ཡིན། བསྒུར་ནས་བསྡད་ཡོད། ལག་པས་ཧ་ཡང་ཆེན་པོ་དེ་བསྒུལ་པ་ཡིན།
ངས་མི་ཎི་འགའ་སྒྲོང་བཞིན་སྡོད་སྐབས། ངས་རིག་པ་བསྒྲིམ་དགོས་པ་ཤེས་བྱུང་། ཐང་ལ་ཟགས་ཡོད་པའི་དངོས་པོ་རྣམས་བསྒྲུགས། གློག་འོད་བསྒྲོན། དུ་བ་ཞིག་རྔུབ་བཞིན་གྲི་ལ་ལག་པ་བཅངས། བཅའ་རྒྱུའི་ཟས་ཀྱི་གྲ་སྒྲིག་བྱས། མདུན་ལ་སྙེ། སྔོ་ཚལ་ནས་སྙིགས་མ་རྣམས་བཏོག དེ་ནས་ཆུ་ལ་བསྟིམས། དེ་ནས་ལག་པ་བརྡབས། བཀྲུས་པའི་སྔོ་ཚལ་རིགས་བང་ལེབ་ཏུ་བརྡལ། དེ་ནས། ཁམ་ཏོག་ཅིག་བལྡད་བཞིན་པའི་སྐབས་སུ། བསྟན་འཛིན་སླར་ཡོང་། འབྲུག་སྒྲ་བལྡིར་བ་བཞིན་སྐད་ཅོར་བརྒྱབ། ཁོང་གིས་སྔར་གྱི་སྐད་ཆ་རྣམས་བལྡབས་ནས་འཆད། “ང་ཚོས་དེ་རིང་གི་དོན་དག་འདི་བསྡུམ་དགོས། དེ་རིང་ངས་དབྱུག་པ་བསྣུན་པ་དེ་ཆུང་ཆུང་ཡིན། ལུགས་ངན་འདི་དག་བསྣུབ་དགོས། དེས་ན། ཁྱོད་ཀྱིས་ད་ཕྱེ་སྣོས་ཤིག བཙབ་དགོས་པ་ཚང་མ་གཙབ་མཁན་ཡང་ཁྱེད་ཡིན། དེ་ནས་ཕྱག་བརྒྱ་འཚོལ། ཉི་མ་གསུམ་གྱི་ཡུན་ལ་རྩེད་མོ་བརྩེས་མི་ཆོག མར་མེའི་རྒྱུར་དགོས་པའི་མར་ཚང་མ་ཡང་ཞུས་ཤིག རྩོད་པ་བཟླུམས་པ་འདི་ལ་མོས་པ་མེད་ན། དེ་རིང་ནས་ཁྱོད་སྤྱུགས་པ་ཡིན།” ང་སྐྲག་ནས་ཁུ་སིམ་མེར་ལྷགས། དེ་ནས་ངས་ཁོང་ལ་འདི་ལྟར་ཞུས། “བསྟན་འཛིན་ལེགས། ང་མི་གཅིག་གིས་སྣོད་ཆེན་པོ་དེར་ཆུ་བཟླུགས་ནུས་པ་མི་འདུག ཁྱོད་ང་ལ་དྲིན་ཆེན་ཡིན། ངས་དྲིན་ལན་གསོབ་ཀྱི་ཡིན། ང་འོ་མ་དཀྲོགས་ནས་མར་འདོན་པ་དང་། རང་གི་འགན་གང་ཡོད་ཁུར་བ་སོགས་བྱེད་ངེས་ཡིན། ཁྱེད་ང་མི་མང་པོའི་ཁྲོད་ནས་བཀྲབས་པ་རེད། ད་འདི་འདྲ་མ་གསུངས། ཁྱོད་འཁངས་ན། ང་འཁྱམ་རྒྱུ་ལས་གཞན་མི་འདུག ངའི་ལས་རྒྱུན་འདི་འཁྱོང་བ་ཞིག་གནང་རོགས།”ཞེས་ཞུས།
དེ་ནས་ང་ཚོ་ཁད་ཀྱིས་སོ་སོར་འགྱེས་སོ།།

རྩོམ་རིག

Post navigation

Previous Post: ཀརྨ་པ ཁྱེད་ཕེབས་ཤུལ་དུ།
Next Post: ༧གོང་ས་ཏཱ་ལའི་བླ་མས་ངེས་བར་དུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཚོར་སྐྱོན་བརྗོད་བྱེད་འོས།

Comments (28) on “རྒན་འཇམ་དཔལ་ལེགས། ཡི་གེ་དག་མ་འདི་འདྲ་རེད་དམ།”

  1. ཤེས་དགའ་ says:
    2012-08-13 at 5:30 pm

    བོད་ཡིག་འདི་དངོས་གནས་ལས་བསླ་པོ་མི་འདུག དུས་གསུམ་འབྲི་སྟངས་འདིིའི་ཐོག་ལ་འགྲེལ་བཤད་ཡག་པོ་རྒྱག་མཁན་ཞིག་བྱུང་ན་རང་གཞན་ཚང་མར་ཕན་ས་རེད།

    དཔེར་ན་ ཁ་སང་ཤིང་ གཅོད་ བཅད་ གཅད དགོས་བསམ་བྱུང་། གང་རེད།
    ད་དེ་རིང་ གཅོད་ བཅད་ གཅད རྒྱུ་ཡིན། གང་རེད།
    ཡང་ན་སང་ཉིན་ གཅོད་ བཅད་ གཅད ཀྱིན་ཡིན། གང་རེད།

    སྐུལ་ཚིག་ལ་དེ་ཙམ་མི་དཀའ།

  2. སེང་བུ་འབྲུག་ཞོན།། says:
    2012-08-13 at 8:28 pm

    ད་ལྟ་བ་ལ། གཅོད། མ་འོངས་པར། གཅད། འདས་པར་བཅདད། སྐུལ་ཚིག་ལ། ཆོད། འབྲི་དགོས་སྙམ།

  3. ཤེས་དགའ་ says:
    2012-08-13 at 8:42 pm

    དེ་ཙམ་ལྟ་གོ་དཀའ་བ་མིན་འདུག་ཀྱང་། ངས་དྲི་བ་ནི་གོང་གི་དཔེ་ལྟར། ཚིག་གྲོགས་དེ་དང་དེ་ལ་ངེས་པར་གཅོད་དང་གཅད་དང་ཡང་ན་བཅད་གང་ཐོབ་བམ་ཟེར་བ་དེ་ཡིན།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-14 at 3:54 am

    དེ་རིང་ང་ལ་ལས་ཀ་ཡོད། ལས་ཀ་དེ་ཐབ་ཚང་གི་ལས་ཀ་རེད། གཅིག་ནི་ཧ་ཡང་ཆེན་པོ་དེ་ལ་ཆུ་དགང་(བསྐང་)རྒྱུ་དེ་རེད། ཆུ་འགེངས་(སྐོང་)མཁན་ནི་ང་ཡིན་སྟབས། བསྟན་འཛིན་གྱིས་ “ང་ལ་ཆུ་ཁེང་ཞིག་ (སྐོངས་ཤིག་)” ཅེས་བཤད་པ་དེ་ངས་ངོས་ལེན་བྱེད་མ་ཐུབ། ང་རླུང་ལངས། ངས་བསྟན་འཛིན་ལ། “དེས་ན། ངས་དགས་རྒྱུའི་(ཚིག་འདི་ང་ལ་གསར་པ་ཡིན། ཚིག་མཛོད་ལ་བལྟས་པས་འགྲིག་འདུག)ཤིང་དེ་ཚོ་ཁྱོད་ཀྱིས་ཁོས་ཤིག་ (ཚིག་མཛོད་ན། ཁོས། ཞེས་འགས་ཀྱི་བསྐུལ་ཚིག་ཡིན་ཅེས་འགྲིག་འདུག) ”ཅེས་བརྗོད་པ་ཡིན། “ དེ་ལ་བསྟན་འཛིན་ཧ་ཅང་མ་དགའ་བ་རེད། ཁོང་གིས། “ང་དཔོན་པོ་ཡིན། ཁྱོད་ཀྱི་བྱ་སྤྱོད་དེ་འགྲིག་མ་སོང་། ངས་ཐོར་(འདིར་ཐོ་ལ་ར་ཡིག་མི་དགོས། དགོད་ཀྱི་བྱ་ཡུལ་ཐོ་ཡིན། གལ་ཏེ་ཐོ་ལ་གཞན་ཞིག་དགོད་རྒྱུ་ཡོད་ན། ཐོར་ཞེས་འགྲིག་)དགོད་རྒྱུ་ཡིན།”ཞེས་ང་ལ་སྨྲས། ཁོང་དཔོན་པོ་རེད། ཁོང་ནི་ང་དང་བཅས་པའི་ལས་ཀ་བ་ཚང་མ་འཇུན་མཁན་དེ་རེད། ཁོང་ཁྲོས་པའི་སྐབས་སུ་ང་ཚོ་སྐྲག་ནས་རང་རང་གི་སྤྱོད་པ་ཡང་དག་གིས་གདུད་(དོན་ལ་འགྲིག་ཀྱང་ཡོངས་གྲགས་མིན་པས་གོ་དཀའ་)དགོས་པ་རེད། མི་འདུད་མཁན་རྣམས་ལ་ཁོང་གིས་ལས་ཀ་བ་(འདིར་ཚིག་ཆད་པ་མ་ཡིན་ནམ། གཞན་མི་གོ་)གཞན་རྣམས་བསྐུལ་ནས་ཐུད་པར་(ཐུད་པར་ལས། འདུད་པར། ཞེས་འབྲི་ན་གོ་སླ)བྱེད་པ་རེད། ཁོང་གིས་དབྱུག་པ་ཞིག་བཏེགས་ནས་ང་ལ་རྡེག་གྲབས་བྱེད། ཁོང་གིས། “ཁྱེད་ཀྱི་སེམས་ན་གདོན་རྒྱུའི་ནད་མང་པོ་འདུག” ཅེས་སྐད་ཅོར་བརྒྱབ(འདས་ཚིག་ལ་ས་ཡང་འཇུག་ལ་ཡོད་དགོས་སྙམ)། ང་སྐྲག ངས་ཁོང་ལ་དབུལ་རྒྱུའི་ཟས་ཤིག་གྲ་སྒྲིག་བྱས། སྐབས་དེར་འཁོལ་བཞིན་པའི་ཇ་ཚ་པོ་དེ་ཁོང་གི་ལག་པར་ཕོ་(བྱ་ཡུལ་མེད་ན་འབོ། ཞེས་དགོས་སྙམ། བྱ་ཡུལ་ཡོད་ན། འདས་ཚིག་ལ་ཕོས་ཞེས་དགོས)། ཁོང་ལྷག་ཏུ་རླུང་ལངས། ཁོང་གིས་ཇ་ཚ་པོ་ལྷག་མ་རྣམས་འབྱིད་བཞིན་གཟུག་བྱའི་དབྱུག་པ་དེ་ངའི་གྲོད་པར་བཙུགས། ང་ཁུག་ཀྱོག་ཅིག་ཏུ་བཙུད། “ཁྱོད་དེ་རིང་ནས་ལས་ཀ་ལས་བསྐྲད་པ་ཡིན།”ཞེས་སྐད་ཅོར་བརྒྱབ་(ལྷག་བཅས་ལ་འདས་ཚིག་བརྒྱབས་)ནས་ང་ཙོག་པུར་བསྡད་པའི་སྟེང་བགོམས་ནས་སོང་། ཁོང་གི་བརྒྱག་(བརྒྱབ་ཞེས་པ་བརྒྱག་ལ་ཁ་སྐད་ཀྱིས་འགྱུར་། དོན་ལ་བརྒྱབ། དགོས་སྙམ)བྱའི་དབྱུག་པ་དེ་ཐང་དུ་གཡུགས། དེ་ནས་བརྒྱུགས། ཁོང་མི་འདུག ང་བསྒུགས་པ་ཡིན། བསྒུར་ནས་བསྡད་ཡོད། ལག་པས་ཧ་ཡང་ཆེན་པོ་དེ་བསྒུལ་པ་ཡིན།
    ངས་མི་ཎི་(མ་ཎི་)འགའ་སྒྲོང་(བགྲང་)བཞིན་སྡོད་སྐབས། ངས་རིག་པ་བསྒྲིམ་དགོས་པ་ཤེས་བྱུང་། ཐང་ལ་ཟགས་ཡོད་པའི་དངོས་པོ་རྣམས་བསྒྲུགས། གློག་འོད་བསྒྲོན། དུ་བ་ཞིག་རྔུབ་བཞིན་གྲི་ལ་ལག་པ་བཅངས། བཅའ་རྒྱུའི་ཟས་ཀྱི་གྲ་སྒྲིག་བྱས། མདུན་ལ་སྙེ། སྔོ་ཚལ་ནས་སྙིགས་མ་རྣམས་བཏོག དེ་ནས་ཆུ་ལ་བསྟིམས། དེ་ནས་ལག་པ་བརྡབས། བཀྲུས་པའི་སྔོ་ཚལ་རིགས་བང་ལེབ་(ངའི་ཁ་སྐད་ལ་སྤང་ལེབ་)ཏུ་བརྡལ། དེ་ནས། ཁམ་ཏོག་ཅིག་བལྡད་བཞིན་པའི་སྐབས་སུ། བསྟན་འཛིན་སླར་ཡོང་(ཡིག་སྐད་དང་བསྟུན་ན། འོངས་ཞེས་དགོས)། འབྲུག་སྒྲ་བལྡིར་བ་བཞིན་སྐད་ཅོར་བརྒྱབ (བརྒྱབ)། ཁོང་གིས་སྔར་གྱི་སྐད་ཆ་རྣམས་བལྡབས་ནས་འཆད། “ང་ཚོས་དེ་རིང་གི་དོན་དག་འདི་བསྡུམ་དགོས། དེ་རིང་ངས་དབྱུག་པ་བསྣུན་པ་དེ་ཆུང་ཆུང་ཡིན། ལུགས་ངན་འདི་དག་བསྣུབ་དགོས། དེས་ན། ཁྱོད་ཀྱིས་ད་ཕྱེ་སྣོས་(རྔོས་ཞེས་ཡན་ནམ་སྙམ)ཤིག བཙབ་དགོས་པ་ཚང་མ་གཙབ་མཁན་ཡང་ཁྱེད་ཡིན། དེ་ནས་ཕྱག་བརྒྱ་འཚོལ། ཉི་མ་གསུམ་གྱི་ཡུན་ལ་རྩེད་མོ་བརྩེས་(རྩེད་)མི་ཆོག མར་མེའི་རྒྱུར་དགོས་པའི་མར་ཚང་མ་ཡང་ཞུས་(བཞུས)ཤིག རྩོད་པ་བཟླུམས་པ་འདི་ལ་མོས་པ་མེད་ན། དེ་རིང་ནས་ཁྱོད་སྤྱུགས་པ་ཡིན།” ང་སྐྲག་ནས་ཁུ་སིམ་མེར་ལྷགས། དེ་ནས་ངས་ཁོང་ལ་འདི་ལྟར་ཞུས། “བསྟན་འཛིན་ལེགས། ང་མི་གཅིག་གིས་སྣོད་ཆེན་པོ་དེར་ཆུ་བཟླུགས་ནུས་པ་མི་འདུག ཁྱོད་ང་ལ་དྲིན་ཆེན་(གཞུང་དཔེ་ན་དྲིན་ཅན་ཞེས་ཡོད)ཡིན། ངས་དྲིན་ལན་གསོབ་ཀྱི་ཡིན། ང་འོ་མ་དཀྲོགས་ནས་མར་འདོན་པ་དང་། རང་གི་འགན་གང་ཡོད་ཁུར་བ་སོགས་བྱེད་ངེས་ཡིན། ཁྱེད་ང་མི་མང་པོའི་ཁྲོད་ནས་བཀྲབས་པ་རེད། ད་འདི་འདྲ་མ་གསུངས། ཁྱོད་འཁངས་ན། ང་འཁྱམ་རྒྱུ་ལས་གཞན་མི་འདུག ངའི་ལས་རྒྱུན་འདི་འཁྱོང་(མཐར་འཁེལ་ཞེས་མ་ཡིན་ནམ་)བ་ཞིག་གནང་རོགས(འདི་ལ་ཟུར་མ་ཆག་པར་འབྲི་ན་གྲོགས)།”ཞེས་ཞུས།
    དེ་ནས་ང་ཚོ་ཁད་ཀྱིས་སོ་སོར་འགྱེས་སོ།། འདི་བཞིན་ཁྱེད་ཀྱིས་འབྲི་བར་བརྩོན་ན། རྩོམ་ཡིག་འབྲི་མཁན་མཆོག་ཏུ་འགྱུར་བར་ངེས། ང་གང་ཤེས་བྱས། མཐར་ཐུག་ཡིན་མ་དགོས། ནོར་བ་ཡང་ཡོད་ངེས་སོ།།

  5. དགེ་བསྙེན་རྡོ་རྗེ་ says:
    2012-08-14 at 4:37 am

    དེ་རིང་ང་ལ་ལས་ཀ་ཡོད། ལས་ཀ་དེ་ཐབ་ཚང་གི་ལས་ཀ་རེད། གཅིག་ནི་ཧ་ཡང་ཆེན་པོ་དེ་ལ་ཆུ་དགང་རྒྱུ་དེ་རེད། ཆུ་འགེངས་མཁན་ནི་ང་ཡིན་སྟབས། བསྟན་འཛིན་གྱིས་ “ང་ལ་ཆུ་ཁེང་ཞིག་” ཅེས་བཤད་པ་དེ་ངས་ངོས་ལེན་བྱེད་མ་ཐུབ། ང་རླུང་ལངས། ངས་བསྟན་འཛིན་ལ། “དེས་ན། ངས་དགས་རྒྱུའི་ཤིང་དེ་ཚོ་ཁྱོད་ཀྱིས་ཁོས་ཤིག་”ཅེས་བརྗོད་པ་ཡིན། “ དེ་ལ་བསྟན་འཛིན་ཧ་ཅང་མ་དགའ་བ་རེད། ཁོང་གིས། “ང་དཔོན་པོ་ཡིན། ཁྱོད་ཀྱི་བྱ་སྤྱོད་དེ་འགྲིག་མ་སོང་། ངས་ཐོར་དགོད་རྒྱུ་ཡིན།”ཞེས་ང་ལ་སྨྲས། ཁོང་དཔོན་པོ་རེད། ཁོང་ནི་ང་དང་བཅས་པའི་ལས་ཀ་བ་ཚང་མ་འཇུན་མཁན་དེ་རེད།

    ངས་ནི་འདི་ལྟར་ཤོད་ཅིང་་འདི་ལྟར་འབྲི།

    དེ་རིང་ང་ལ་ལས་ཀ་མང་པོ་ཡོད། ལས་ཀ་དེ་ཚོ་ཚང་མ་ཐང་ཚང་ནང་གི་ལས་ཀ་རེད། ལས་ཀ་གཅིག་ནི་ཧ་ཡང་ཆེན་པོ་དེ་ཡི་ནང་ལ་ཆུ་བསྐང་རྒྱུ་དེ་རེད།
    དངོས་གནས་བྱས་ན་ཆུ་ལེན་མཁན་ང་རང་ཡིན་ཡང་། བསྟན་འཛིན་གྱིས་ང་ལ་ཆུ་ལེན་ཤོག་ཟེར་ནས་བྱུས་གཏོགས་བྱས་ཙང་། དེ་ལ་ང་རང་། སྣང་བ་མ་འགྲོ་ནས། འོ་ན་ཁྱོད་ཀྱིས། ངའི་མེ་ཤིང་དེ་ཚོ་གཤོགས་ཅིག ལབ་ཙང་དེ་ལ་བསྟན་འཛིན་ཧ་ཅང་མ་དགའ་བ་བྱུང་ནས།
    ཁོང་གིས། ང་འདི་ལ་ལས་དཔོན་ཡིན། ཁྱོད་ཀྱི་བྱེད་སྟངས་འདི་ལ་བལྟས་ན། ངས་ཁྱོད་ཐོ་ནང་ལ་འགོད་རྒྱུ་ཉག་ཅིག་ཡིན་གསུངས་བྱུང་། དེ་བདེན་པ་རེད། ཁོང་ནི། ང་དང་ངའི་ལས་རོགས་ཚང་མ་ལས་ཀར་འཇུག་མཁན་དེ་ཁོང་རེད།

    ཤོད་སྟངས་དང་འབྲི་སྟངས་འདི་ལ་དཔྱད་པར་འཚལ།

  6. གནམ says:
    2012-08-14 at 5:34 am

    ༡ ཁ་སང་ཤིང་བཅད་ཡིན། དུས་འདས་བ།

    ༢ དེ་རིང་ཤིང་བཅད་ཡིན། ད་ལྟ་བའི་འདས་བ
    ༣ ད་ལྟ་ཤིང་གཅོད་ཀིན་ཡོད། ད་ལྟ་བའི་ད་ལྟ་བ།
    ༤ དེ་རིང་ཤིང་གཅད་འདོད་ཡོད། ད་ལྟ་བའི་མ་འོངས་བ།

    ༥ སང་ཉིན་ཤིང་གཅད་ཀི་ཡིན། མ་འོངས་བ།

    ༦ སང་ཉིན་ཤིང་གཅོད་ཀི་ཡིན། ཡོད། རེད། འདི་ནི་དུས་མ་འོངས་བའི་ད་ལྟ་བ་རེད།

    དུས་དྲུག་གྱི་འགྲོ་སྟངས་འདི་ཡག་པོ་ཞིག་ཤེས་ཏེ། ཤེས་དགའ་དང་ཁོང་དང་ཆ་འདྲ་བའི་སྐྱེ་བོ་ཡོངས་ལ་དཀའ་ངལ་མི་འཕྲེད་པའི་མུན་པ་སེལ་པར་ཤོག།

  7. དགེ་བསྙེན་རྡོ་རྗེ་ says:
    2012-08-14 at 6:29 am

    འདས་ད་ལྟ་མ་འོངས་གསུམ་ལ།

    ༡༽ མདང་ ངས་ ཤིང་ བཅད་པ་ ཡིན།
    ༢༽ འདི་རིང་ ངས་ ཤིང་ གཅོད་བགྱིན་ ཡོད།
    ༣༽ སང་ཉིན་ ངས་ ཤིང་ གཅད་བགྱི་ ཡིན།

  8. མིག་བརྒྱད་པ། says:
    2012-08-14 at 8:23 am

    སྔོན་མགོ་སེར་ཞིག་གིས། ལྷ་སའི་ཁུལ་དུ་ཞེ་སའི་སྐོར་སྦྱངས་ནས། བླ་མ་ཞིག་གི་དྲུང་དུ་ཁྱི་ཞིག་གིས་ཁོ་ལ་སོ་བརྒྱབ་པར་བརྟེན་ཁོས་བླ་མ་ལ་ཞེ་སའི་ཚིག་འདི་ལྟར་ཞུ། བླ་མ་ལགས། ཁྱེད་ཀྱི་གཟིམས་ཁྱིས་ངའི་ཞབས་ལ་ཚེམས་བཙུགས་སོང་། ཞེས་ཞུས་བ་ན་བླ་མ་གད་མོ་ཤོར་རོ། །སྒྲུང་དེ་འདྲ་ཆགས་ཉེན་ཆེའོ།

  9. དགེ་བསྙེན་རྡོ་རྗེ་ says:
    2012-08-14 at 9:32 am

    ༡༽ མདང་ ཁོས་ ཤིང་ བཅད་པ་ རེད།
    ༢༽ འདི་རིང་ མོས་ ཤིང་ གཅོད་བགྱིན་ འདུག
    ༣༽ སང་ཉིན་ ཁོང་གིས་ ཤིང་ གཅད་བགྱི་ རེད།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-14 at 10:02 am

    ༡༽ མདང་ ངས་ ཤིང་ བཅད་པ་ ཡིན།
    ༢༽ འདི་རིང་ ངས་ ཤིང་ གཅོད་བགྱིན་ ཡོད།
    ༣༽ སང་ཉིན་ ངས་ ཤིང་ གཅད་བགྱི་ ཡིན།
    འདི་ལ་དུས་གསུམ་ཀ་རུ་ཡིན་དགོས་པ་མཐོང་།།

    ༡༽ མདང་ ངས་ ཤིང་ བཅད་པ་ ཡིན།
    ༢༽ འདི་རིང་ ངས་ ཤིང་ གཅོད་ཡིན་ ཡོད།
    ༣༽ སང་ཉིན་ ངས་ ཤིང་ གཅད་ཡིན་ ཡིན།

  11. དགེ་བསྙེན་རྡོ་རྗེ་ says:
    2012-08-14 at 10:07 am

    ཁྱོད་ཀྱིས།
    ༡༽ མདང་ ཁྱོད་ཀྱིས་ ཤིང་ བཅད་པ་ རེད།
    ༢༽ འདི་རིང་ ཁྱོད་ཀྱིས་ ཤིང་ གཅོད་བགྱིད་ འདུག
    ༣༽ སང་ཉིན་ ཁྱོད་ཀྱིས་ ཤིང་ གཅད་བགྱི་ རེད།

  12. དགེ་བསྙེན་རྡོ་རྗེ་ says:
    2012-08-14 at 10:18 am

    ངས་འདོད་པ་ལྟར་ན། ཡིན་ཐོབ་ས། ང་། ང་རང་དང་། དེ་དེ་རང་ཡིན་དགོས་མ་ཏོགས་མི་ཐོབ་པར་འདོད།
    དཔེར་ན།
    ང་ཡིན།
    ངའི་རེད།
    ང་རང་རང་ཡིན།
    ང་ཁྱོད་རང་གི་རེད།
    དེ་དེ་རང་ཡིན་བགྱིད་དགོས།
    དེ་དེ་རང་ཡིན་བགྱིད་རེད།

    མདོར་ན། རེད་ཅེས་ཐོབ་ཕྱིན། ཡིན་བྲིས་པ་ནོར་བར་འདོད། འོ་ན་སྔར་གྱི་མཁས་མང་པོས་དེ་ལྟར་བྲིས་པས་སོ་ཞེ་ན། ངས་མི་འདོད་དེ། ངས་མི་རབས་སྔ་མའི་མཁས་དབང་རྣམས་ལ་ཁ་སྐད་ཡིག་ཐོག་ལ་འབྲི་དགོས་པའི་ཉམས་མྱོང་བསགས་མེད་པའི་ཕྱིར། ཞེས་ལབ་འདོད་ཡོད་ལགས། ད་དུང་སུ་རངུ་ཞིག་གིས། དགག་པ་གནང་ན། དགའ་བསུ་ཡོད་ལགས།

  13. དགེ་བསྙེན་རྡོ་རྗེ་ says:
    2012-08-14 at 10:34 am

    ང་ཡིན། I am. ང་ཡིན།
    ཁྱོད་རེད། You are. ཁྱོད་ཡིན།
    ཁོ་རེད། He is.ཁོ་ཡིན།
    འདི་རེད། This is.འདི་ཡིན།
    ཁྱད་པར་གཟིགས་འཚལ།

  14. གཡུ་འབྲུག་དཀར་པོ། says:
    2012-08-14 at 10:37 am

    ངས་ནི་གཞུང་ལུགས་རྣམས་སུ་ཁོ་ན་རེ་ཞེས་པ་ཙམ་ལས་དེ་ལས་གཞན་པའི་རེད་སྦྱོར་ཚུལ་སོགས་མཐོང་མ་བྱུང་།

  15. དགེ་བསྙེན་རྡོ་རྗེ་ says:
    2012-08-14 at 10:43 am

    ངས་བསམ་ཕུགས་ནི།
    ༼བགྱིས་༽པ། འདས་པ།
    ་་་བགྱིད། ད་ལྟ་བ།
    ་་་་བགྱི། མའོངས་པ།
    དུས་གསུམ་དག་ཆ་དང་མཐུན། ཡུལ་སྐད་གཞན་གྱི་དག་ཆ་དང་འགྲན་ཐུབ། ན་གཞོན་གསར་སྐྱེས་ཚོ་ལ་ཡང་རྒྱུ་མཚན་དང་ལྡན་པའི་སྒོ་ནས་འགྲེལ་བཤད་རྒྱབ་ཐུབ། ཉན་སྦྱོང་བྱེད་མཁན་གསར་པ་ཚོ་ལ་ཡང་། ངེས་པ་མི་འདྲ་བ་སོས་སོར་འདྲེན་སླ་བ་ཡོད། སུམ་རྟགས་དག་གསུམ་ལ་གནོད་ན་དགག་པ་རྒྱོབས། སྲོལ་རྒྱུན་དང་མི་མཐུན་པས་སོ། ཞེ་ན་དགོངས་དག་ཞུ་རྒྱུ་ཙམ་ལ་མ་འདས་སོ། །

  16. ཤེས་དགའ་ says:
    2012-08-14 at 12:28 pm

    ང་ཚོས་མུ་འཐུད་ནས་ཕལ་སྐད་ནང་ཡོངས་གྲགས་ཀྱི་བེད་སྤྱོད་བྱེད་བཞིན་པ་དེ་ཚོ་ཡི་གེའི་ནང་བྲིས་ཐུབ་པ་བྱེད་དགོས་འདུག དཔེར་ན་ཡིན་གྱི་རེད་གོ་ཟེར་བ་དེ། ཡིན་བགྱི་རེད་དགོས་ལྟ་བུའོ། དྲྭ་གྲོགས་ཚོས་མཆན་དེ་ཚོས་བློ་སྐྱེད་ཡག་པོ་བྱུང་སོང་། ཐུགས་རྗེ་ཆེ།

  17. བཀྲིས། says:
    2012-08-15 at 12:19 am

    ད་འདི་ལ་ངོ་མ་སྦྱོང་རྒྱུ་འདུག། དོན་གྲུབ་རྡོ་རྗེ་དང་རྒན་ལ་དྭགས་པ་གཉིས་ཀ་དྲིན་ཅན་ཡིན། གཤམ་ལ་འདྲི་བ་འགའ་ཡོད་པ་འདི་ལ་ལན་ཞིག་གནོངས།

    གལ་ཏེ་ཁྱེད་འདི་རིང་ཕྱིན་ཡོད་ན་སང་ཉིན་བསླེབ་ཚར་ཡོད།
    གལ་ཏེ་ཁྱེད་འདི་རིང་འགྲོ་ན་སང་ཉིན་བསླེབས་ཆར་ཡོད།

    ཁོང་ཁ་ས་ནས་ཐོན་ཡོད་ན་ད་ལྟ་བསླེབས་ཟིན།
    ཁོང་ཁ་ས་ནས་འཐོན་ཡོད་ན་ད་ལྟ་བསླེབ་ཟིན།

    ཇི་འདྲ་རེད།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-15 at 4:56 am

    ་༹
    བགྱིད།
    བགྱིས་
    བགྱི།
    གྱིས།
    འདི་དག་འོག་གི་སྒྲ་རྣམས་ཀྱི་ཚབ་ཏུ་མཐོང་།
    བྱེད་
    བྱས་
    བྱ་
    བྱོས་

  19. དགེ་བསྙེན་རྡོ་རྗེ་ says:
    2012-08-15 at 5:01 am

    ང་འགྲོ་གི་ཡིན། ཞེས་བྲིས་ན། གི་འདི་འབྲེལ་སྒྲ་ནོར་ཉེན་དང་། དག་ཆ་དེས་དུས་མ་འོངས་པ་བསྟན་མི་ཐུབ་པས་བེད་མེད་དུ་གྱུར་པ་རེད། དེས་ན། ང་འགྲོ་བགྱི་ཡིན། ཞེས་འབྲི་དགོས།

  20. དགེ་བསྙེན་རྡོ་རྗེ་ says:
    2012-08-15 at 5:04 am

    བྱ་བྱེད་བྱས།

    ངས་ ལས་ཀ་ བྱས་པ་ ཡིན། དུས་འདས་པ།
    ངས་ ལས་ཀ་ བྱེད་བགྱིད་ ཡོད། དུས་ད་ལྟ་བ།
    ངས་ ལས་ཀ་ བྱ་བགྱི་ ཡིན། མ་འོངས་པ།

  21. དགེ་བསྙེན་རྡོ་རྗེ་ says:
    2012-08-15 at 5:10 am

    ངའི་བགྱི་དང་བགྱིད་བེད་སྤྱོད་དགོས་པའི་ཁུངས་མེད་པ་ཡང་མིན་ཏེ། བཀའ་གདམས་པའི་གཞུང་དང་སྤྱོད་འཇུག་ནང་ལ་ཡང་དེ་ལྟར་ཡོད་འདུག་ལགས།

  22. དགེ་བསྙེན་རྡོ་རྗེ་ says:
    2012-08-15 at 5:22 am

    ང་ལ་དེང་དུས་བོད་སྐད་སློབ་དེབ་བཅུ་གྲངས་ཅིག་ཡོད། དེ་ཚོའི་ནང་ལ། ཕ་ཀི མ་ཀི་ ཡ་ཀི་ལ། ཕ་གི མ་གི་དང་ཡ་གི་བྲིས་པ་འདི་ཡང་ངས་འདི་ནོར་བ་རེད་ཟེར་ན་མི་བདེ་ཡང་། རྣམ་དཔྱོད་གསར་པ་ཞིག་བེད་སྤྱད་ཐུབ་ན། ཕ་ཀི་དང་ཡ་ཀི་སོགས་བྲིས་ན་ཕན་ཐོགས་ཆེ་བ་ཡོད།

  23. མིག་བརྒྱད་པ། says:
    2012-08-15 at 6:47 am

    རྣམ་པ་ཚོས། བགྱི་དང་བགྱིད་ཀྱི་སྐོར་ལ་ལེགས་པོར་གསུང་གི་འདུག །བཀའ་བསྟན་ནང་དུ་འདི་དག་མང་དུ་སྣང་ན་ཡང་དེང་སང་ཚིག་སྤྱོད་མཁན་ཉུང་ཉུང་རེད།
    རྣམ་པ་ཚོ་ལ་བཀའ་འདྲི་ཞུ་རྒྱུ་ལ། རེད། ཡིན། ཡོད། རེ་རེ་ལ་དབྱིན་ཇིའི་is. are. was. were.དུས་གསུམ་གྱི་སྦྱོར་སྟངས་ལྟར་བྱེད་ན་འགྲིག་གི་ཨེ་ཡོད།

  24. དགེ་བསྙེན་རྡོ་རྗེ་ says:
    2012-08-15 at 7:38 am

    འདས་ད་ལྟ་མ་འོངས་གོ་རིམ་བཞིན།

    ༡༽ངས།
    ་་་པ་ཡིན།
    ་་་་བགྱིད་ཡོད།
    ་་་་བགྱི་ཡིན།

    ༢༽ཁྱོད་ཀྱིས།
    ་་་པ་རེད།
    ་་བགྱིད་རེད།
    ་་་་བགྱི་རེད།

    ༣༽ཁོས་དང་མོས།
    ་་་་པ་རེད།
    ་་་བགྱིད་རེད།
    ་་་་བགྱི་རེད།

  25. དགེ་བསྙེན་རྡོ་རྗེ་ says:
    2012-08-15 at 7:39 am

    ང་ཡིན། ང་མིན།
    ཁྱོད་རེད། ཁྱོད་མ་རེད།
    ཁོ་རེད། ཁོ་མ་རེད།
    འདི་རེད། འདི་མ་རེད།

  26. དགེ་བསྙེན་རྡོ་རྗེ་ says:
    2012-08-15 at 7:41 am

    ཡོད་མེད་དང་འདུག་མི་འདུག

    ང་ལ་ཡོད། ང་ལ་མེད།
    ཁྱོད་ལ་འདུག ཁྱོད་ལ་མི་འདུག
    ཁོ་ལ་འདུག ཁོ་ལ་མི་འདུག
    དེ་ལ་འདུག དེ་ལ་མི་འདུག

  27. ཤེས་དགའ་ says:
    2012-08-15 at 10:47 am

    དྲྭ་གྲོགས་མིག་བརྒྱད་པ་

    ཚིག་གྲོགས་ཆིག་ཚིག་དང་སྦྱར་བའི་རེད་ཟེར་བར་ is ཐོབ་པ་དཔེར་ན།

    I am a tibetan. དབྱིག་ཡིག་གི་བརྡ་སྤྲོད་ལྟར་ན་ང་ཟེར་ན་གང་ཟག་དང་པོ་ཡིན།

    He is a tibetan. ཁོ་ཟེར་དུས་གང་ཟག་གསུམ་པ་ཡིན།

    She is a tibetan. མོ་ལབ་དུས་གང་ཟག་གསུམ་པ་ཡིན།

    ཚིག་གྲོགས་མང་ཚིག་དང་གང་ཟག་གསུམ་པ་གཉིས་ཀར་སྦྱར་པའི་དུས་ད་ལྟར་བའི་རེད་ཟེར་བར་ are ཐོབ་པ་དཔེར་ན།

    They are playing ཁོང་ཚོ་ཟེར་བ་དེ་གང་ཟག་གསུམ་པ་མང་ཚིག་ཡིན།

    You are a tibetan ཁྱེད་རང་ཟེར་བ་དེ་གང་ཟག་གཉིས་པ་ཆིག་ཚིག་ཡིན།

    ཚིག་གྲོགས་ཆིག་ཚིག་གི་དུས་འདས་པའི་རེད་ཟེར་བར་ was ཐོབ་པ་དཔེར་ན།་

    I was a student last year. གང་ཟག་དང་པོ་དུས་འདས་པ།

    He/She was a student. གང་ཟག་གསུམ་པ་དུས་འདས་པ།

    ཁྱེད་རང་ཟེར་བའི་ you ཚིག་གྲོགས་དང་ཚིག་གྲོགས་མང་ཚིག་ལ་སྦྱར་རྒྱུའི་དུས་འདས་པའི་རེད་ཟེར་བར་ were ཐོབ་པ་དཔེར་ན།

    You were studying late last night. གང་ཟག་གཉིས་པ་ཆིག་ཚིག་(དམིགས་བསལ།)

    They were watching movie yesterday. གང་ཟག་གསུམ་པ་མང་ཚིག

  28. ཤེས་དགའ་ says:
    2012-08-15 at 10:52 am

    ཨོ་གཅིག་ནོར་འདུག་ཚིག་གྲོགས་ང་ཟེར་བ་དང་མཉམ་དུ་སྦྱར་དུས་བོད་སྐད་ནང་།

    ང་བོད་པ་ཡིན་ཟེར་བ་མ་གཏོགས་ང་བོད་པ་རེད་ཟེར་ནས་ལབ་མ་བདེ་བ་ནང་བཞིན་དབྱིན་ཡིག་ནང་

    ང་ཡིན་ I am མ་གཏོགས་ང་རེད་ I is ཟེར་སྲོལ་མེད་པ་དེ་ཞུ་ཡག་བརྗེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme