Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒན་པས་སྣེ་ཁྲིད་ནས་སློབ་གྲྭར་འགྲོ་བ།

Posted on 2012-02-042012-02-04 By ཁ་བརྡ་ 21 Comments on རྒན་པས་སྣེ་ཁྲིད་ནས་སློབ་གྲྭར་འགྲོ་བ།


ཡོང་ཁུངས་ཐུ་མིའི་དྲ་བ། www.thumi.net

ཉེ་བའི་དུས་ནས་བཟུང་བོད་ནང་དུ་སློབ་གསོའི་ཚ་རླབས་གསར་བ་ཞིག་འཕྱུར་བཞིན་ཡོད། དེ་ནི་ལོ་ན་བདུན་ཅུ་བརྒྱད་ཅུར་སོན་པའི་རྒན་པོ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་ཀྱི་སྐད་ཡིག་གསར་དུ་སློབ་བཞིན་པ་འདི་རེད། ཀློག་པ་པོ་ལགས་འདི་ནི་ང་ཚོས་ཆེད་དུ་མཚར་གཏམ་གོ་སྒྲིག་བྱས་པ་ཙམ་མ་ཡིན་པར་མགོ་ལོག རྔ་བ། རྨ་ཆུ། མཚོ་ལྷོ་སོགས་ས་ཁུལ་སོགས་མང་པོ་ཞིག་ཏུ་འབྱུང་བཞིན་འདུག ང་ཚོས་རྒྱུས་ལོན་བྱས་པ་ལྟར་ན་ཁོ་ཚོ་འགའ་རེས་རང་གི་བུ་རབས་ཚ་རྒྱུད་ལ་བོད་སྐད་གཙང་མ་ཞིག་ཀྱང་བརྒྱུད་སྤྲོད་མ་ཐུབ་པའི་གནོང་འགྱོད་ཡིན་ཟེར་ལ། འགའ་རེས་དབྱངས་གསར་སོ་བཞི་ཐེངས་གཅིག་སྦྱང་ན་བཀའ་བརྟན་ཚར་གཅིག་བཏོན་པའི་ཕན་ཡོན་ཡོད་ཟེར་བ་དང་། འགའ་རེས་འཆི་ཁར་སྨོན་ལམ་བཟང་པོ་རེ་འདོན་ཤེས་ན་ཡང་བཟང་ཟེར་བ་སོགས་མདོར་ན་ཁོ་ཚོ་ཁ་གཅིག་གྲགས་ཀྱིས་སྔོན་ཆད་སློབ་སྦྱོང་གི་གོ་སྐབས་མ་རེག་པར་ཕངས་སེམས་དང་། གང་ལྟར་མ་ཤི་བར་ཡི་གེ་ཞིག་ཤེས་ན་བཟང་སྙམ་པ་ཀུན་ལ་ཡོད་པས་ང་ཚོས་ཞིབ་ཏུ་བསམ་བློ་ཞིག་བཏང་ན་སྨྲ་མི་ཤེས་པའི་ཚོར་བ་ཞིག་ངང་གིས་སྟེར་རོ། །སྐབས་འདིར་ངས་རྒན་པ་འདི་དག་ལ་གུས་ཕྱག་ཅིག་འཚལ་ཏེ་ཐུགས་རྗེ་ཆེ་ཞུ་སྙིང་འདོད།

གསར་འགྱུར།

Post navigation

Previous Post: ངས་ཉིན་ང་ཚོས་ཅི་ཞིག་བྲིས་ན་འོས།
Next Post: ༄།། དཔའ་བོ་དང་དཔའ་མོའི་ཡིག་ཚགས།

Comments (21) on “རྒན་པས་སྣེ་ཁྲིད་ནས་སློབ་གྲྭར་འགྲོ་བ།”

  1. བོད་ཡིག་སྐྱབས། says:
    2012-02-04 at 8:59 pm

    ང་ལ་མཁོ་བའི་གཏམ་བཟང་འདི་རིགས་རེད། ངས་སྙིང་ཐག་པ་ནས་ཡིག་རྨོངས་སེལ་མཁན་དང་སེལ་འདོད་པའི་རྒན་རབས་པ་འདི་དག་ལ་བཀའ་དྲིན་ཆེ་ཞུ། བོད་མི་རྒན་རབས་པ་རྣམ་པས་འདི་དག་ལ་མིག་དཔེ་བལྟས་ནས་ཡིག་རྨོངས་སེལ་བའི་རྣམ་པ་གསར་བ་འདི་སྤང་ལ་མེ་ལྕེ་བཞིན་དུ་འབར་བར་བརྩོན།
    ཀ་ཁ་ག་ངས་ཁྱེད་ཅག་གི་གཏི་མིག་མུན་པ་སེལ་ནས་འདི་ཕྱིའི་མིག་ཏུ་འགྱུར་བ་ཁོ་ཐག་ཡིན། མི་རིགས་ཀྱི་མགོན་སྐྱབས་ངོ་མ་ཡང་འདི་རང་ཡིན། བཀྲ་ཤིས་སོ།།

  2. རྔ་བ་རྒྱལ་ཁམས་པ། says:
    2012-02-04 at 9:02 pm

    ཨོ་ཡ། བོད་ཀྱི་སྐད་ཡིག་རིག་གཞུང་བོད་མི་རང་ཉིད་ཀྱིས་སློབ་གཉེར་གཅེས་སྲུང་མི་བྱེད་ན་སུས་བྱེད། ད་ང་ཚོ་སད་ཡོང་གི་འདུག བོད་རིགས་བགྲེས་སོན་འདི་ཚོ་ཚེ་རིང་ལོ་བརྒྱ། མུ་མཐུད་འདི་འདྲ་བྱས་ན། ང་ཚོ་ལྕགས་ཀྱི་སྒམ་ཞིག་གི་ནང་བཅུགས་ཀྱང་། རང་ཚུགས་ནམ་ཡང་ཤོར་གྱི་མ་རེད། ལམ་ཁ་ཚང་མ་འདིའི་སྒང་ན་ཡོད་པ་རེད། ཐུགས་རྗེ་ཆེ།

  3. སོག་མདའ་བཅུ་ says:
    2012-02-04 at 9:10 pm

    ངོ་མའི་བཟང་གི་ང་ཚོ་དགོས་པ་ནི་འདི་རེད།

  4. ཀླུ་སྨྱོན། says:
    2012-02-05 at 12:49 am

    རེད་རེད། ངའི་མ་རྒན་ལོ་བདུན་ཅུ་རེད། ཡིན་ཡང་ངས་མོ་ལ་བོད་ཡིག་སློབ་སྦྱོང་བྱེད་པར་སྐུལ་མ་གཏོང་གི་ཡོད།

  5. འདྲེ་རིག་ལྡན། says:
    2012-02-05 at 2:50 am

    གསར་འགྱུར་འདི་འདྲ་ཡང་འདུག་གོ།

    ཀོང་པོའི་གླུ་གཞས་ཀྱིས་བལ་བོའི་བོད་པ་རྣམས་ཀྱི་ཡིད་དབང་བཀུག་པ།
    རྩོམ་པ་པོ། བདེ་ཆེན་མཚོ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2012-2-5 8:36:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 6

    ཟླ2པའི་ཚེས1ཉིན། བོད་ལྗོངས་ཉིང་ཁྲི་ས་ཁུལ་ནས་ཡོང་བའི་གླུ་གར་ཚོགས་པའི་བོད་རིགས་འཁྲབ་སྟོན་པ་བཅུ་ལྷག་བལ་བོའི་རྒྱལ་ས་ཅ་ཏི་མན་ཏུའུ་ནས་འཁྲབ་སྟོན་བྱས་ཏེ་བལ་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྩ་འཛུགས་བྱས་པའི་ཆུ་ཕོ་འབྲུག་ལོའི་སྣེ་ལེན་ཚོགས་འདུའི་ཡུལ་དངོས་དེ་གླུ་གར་གྱི་རྒྱ་མཚོ་ཇི་བཞིན་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས།
    གླུ་གར་ཚོགས་པས་ཞབས་བྲོ《ཀོང་པོའི་ལོ་སར》དང་། སྒྲ་སྙན་རྡུང་ལེན《ཕ་ཡུལ་བསྟོད་པ》། གླུ་གཞས《ལུག་རྫི་བུ་མོའི་སྤྲོ་གླུ》སོགས་ལེ་ཚན12ལྷག་འཁྲབ་སྟོན་བྱས།
    བལ་བོ་རྒྱལ་ཁབ་ནི་ཕྱིར་སྡོད་བོད་མི་རྣམས་འདུས་སྡོད་བྱེད་སའི་གནས་གཉིས་པ་ཡིན་ཞིང་། མིག་སྔར་མི་ཁྲི3.5ཡོད་པ་རེད། ཁོང་ཚོ་ཕ་ཡུལ་དང་རིང་དུ་གྱེས་པས་རང་ཡུལ་གྱི་སྲོལ་རྒྱུན་གླུ་གར་ལ་རོལ་མྱོང་བྱེད་པའི་གོ་སྐབས་ཧ་ཅང་དཀོན་པས། བལ་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཁོང་ཚོར་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས་ཤིང་ད་ལོ་ནི་སྤེལ་ཐེངས་བཅུ་བ་རེད།

  6. ལྷོ་མཐའི་ཕོ་ཉ says:
    2012-02-05 at 2:55 am

    ངོ་མ་ཡིད་སྨོན་སྐྱེ་བ་ཞིག་དང་། དགའ་བའི་མིག་ཆུ་འོང་བའི་སེམས་ཚོར་ངོ་མ་ཞིག་སྦྱིན་བྱུང་ལ། ངས་ཀྱང་ལོ་ལོན་ཚེ་རིང་ལོ་བརྒྱ་ལོན་པའི་བོད་ཡིག་སྦྱོང་མཁན་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོང་བར་མི་རབས་རྗེས་མ་རྣམས་ལ་བོད་ཡིག་སྦྱོང་བའི་སྐུལ་མ་ནན་པོ་ཅིག་ཡིན་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།

  7. གཡུ་བྲག་པ says:
    2012-02-05 at 3:52 am

    ཐུ་མིའི་དྲྭ་རྒྱའི་ལས་བྱེད་ཡོངས་ལ་ཐོག་མར་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་རྣམས་པས་བོད་སྐད་ཡིག་ཡར་རྒྱས་འགྲོ་ཐབས་དང་མ་འོངས་འབྱུང་འགྱུར་གྱི་མི་རབས་རྗེས་མ་དག་ལ་བོད་སྐད་བོད་ཡིག་གི་བག་ཆགས་ཟབ་མོ་ཞིག་འཇོག་པར་འབད་བརྩོན་བྱེད་པ་སྙིང་ཐག་པ་ནས་བཀའ་དྲིན་ཆེ།

  8. ཁཱ་ཏ་ཁ་ཏ་བ། says:
    2012-02-05 at 7:22 am

    ངའི་ཕ་ཡུལ་རྒྱས་ཤོག་ལུང་པ་ལ་ཡང་དེ་མཚུངས་གནང་གི་ཡེད་ཟེར། མི་རིགས་ཀྱི་ལ་རྒྱ་། དཔེ་རེད་་།

  9. གླིང་གི་ཁམས་ཕྲུག says:
    2012-02-05 at 8:11 am

    མི་རབས་རྒན་པ་འདི་དག་གིས་བརྗེས་བཞག་གི་བྱ་བ་ལ་རྟག་ཏུ་ཡིད་སྨོན་ཡོད།

  10. བདེན་པ། says:
    2012-02-05 at 10:26 am

    ཧ་ཅང་བཟང་གི་རེ་བ་ཡིད་བཞིན་འགྲུབ་པའི་སྨོན་ལམ་ཞུ།

  11. ཨ་རོགས་ཁམས་པ says:
    2012-02-05 at 12:32 pm

    རྗེས་སུ་ཡི་རང་གི་གནས་རེད།
    པར་བདག་ལགས། པར་དང་པོ་ངས་པར་ལོག་བརྒྱབ་ན་འགྲིག་གམ?ཅེས་ཕྱིར་ཞེ་ན། པར་ངོས་ཀྱི་སྐྱེས་དམན་དེ་ངའི་ཨ་ནེ་རེད། མ་མཐོང་ནས་ལོ་མང་འགྲོ་སོང་།

  12. མིག་བརྒྱད་པ། says:
    2012-02-05 at 12:51 pm

    མིག་ལྟོས་བཟང་པོ་ཞིག་རེད། ཁྱིམ་ཚང་གི་ཕ་མ་ནས་འདི་ལྟར་ཕྲུ་གུའི་སེམས་ལ་རང་གི་སྐད་ཡིག་ལ་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་ན་རང་ཉིད་བོད་པ་ཞིག་ཡིན་པའི་གོ་ཆོད་པ་རེད། བོད་པའི་ཁྱད་རྟགས་རང་གི་སྐད་ཡིག་གི་སྟེང་ན་ཡོད་པ་ལས་ཤ་དང་རུས་པའི་གསེང་ན་མེད་པ་ངོས་ཟིན་པ་རེད། བཀྲ་ཤིས་པ་རེད། ཁྱིམ་ཚང་གི་ཕ་མ་ནི་དགེ་རྒན་དང་པོ་ཡིན་གསུངས་པ་དེ་བདེན་པ་རེད། སྔོན་ཆད་བོད་ཀྱི་ས་ཁུལ་འབྲོག་པ་མང་ཚོགས་དང་མི་དམངས་དཀྱུས་མའི་ཁྲོད་དུ་བོད་ཡིག་སློབ་པའི་གོམས་གཤིས་མི་འདུག་ཀྱང་ད་ཆ་རྨོངས་གཉིད་སད་དེ་བོད་ཡིག་གི་སྲོག་ཉེན་ལ་ཐུག་པ་ཤེས་འདུག །

  13. ལྕགས་འགོར says:
    2012-02-05 at 3:49 pm

    ངོ་མ་གཏམ་བཟང་རེད། འདི་ལྟར་བྱས་ན་ལོ་ངོ་བཅུའི་རྗེས་སུ་འུ་ཚང་གི་ཁྱིམ་གཞི་འདིར་ཡིག་རྨོངས་པ་གཅིག་ཀྱང་ཡོད་མི་སྲིད་དོ།

  14. བོད་ལ་ཞེན། says:
    2012-02-05 at 5:21 pm

    ལོ་ན་མཐོ་བའི་རྒན་རབས་རྣམས་ཀྱིས་བོད་ཡིག་སྦྱོང་ནས་ཁོང་རྣམས་པ་ལ་ཕན་ཐོག་ག་ཚོད་ཡོད་མེད་ཤེས་དཀའ་ཡང་། དེ་ནི་ང་ཚོའི་མི་རབས་རྣམས་གཉིད་ལས་སད་པའི་རྟགས་དང་། ཕྱི་རབས་རྣམས་ཀྱི་མིག་དཔེ། བོད་མིའི་རེ་བ་ནམ་ཡང་ཆད་མི་སྲིད་པ་བཅས་མཚོན་བཞིན་ཡོད། པར་དེ་དག་མཐོང་དུས་དངོས་གནས་དགའ་ངུ་ཐེངས་གཅིག་ཤོར་སོང་།

  15. སྒང་པ་ཚང་གི་དོན་གོ says:
    2012-02-05 at 8:30 pm

    ཇི་སྐད་དུ།རིག་པ་ནངས་བར་འཆི་ཡང་སློབ།།ཅེས་ཤོད་སྲོལ་ཡོད་པ་བཞིན་ཡིན་འདུགད་ལྟ་གཞི་ནས་བསླབ་བྱ་དེ་ལག་ལེན་དུ་བསྟར་ཐུབ་པ་རེད།འདི་ནི་རང་སྐད་ཡིག་གི་ནང་སྙིང་ཆོས་ཀྱིས་གཏམས་པའི་རྒྱུ་མཚན་གྱིས་ཡིན་འདུག་ན།ནང་ཆོས་ནི་ང་ཚོ་སྐྱོབས་བྱེད་ཡིན་པ་འདིས་ཀྱང་ངོ་འཕྲོད་པ་མ་ཡིན་ནམ།

  16. གླིང་ཕྲུག་ཚེ་རིང་། says:
    2012-02-06 at 2:00 am

    བོད་དུ་ཡོད་པའི་བོད་མི་ལ་སེམས་ཤུགས་ལྷད་མེད་འདི་འདྲ་ཡོད་རེད། བཙན་བྱོལ་བ་རྣམས་ཅི་འདྲ་རེད་ཤེས་ཀྱི་ཡོད་དམ།

  17. བོད་ལ་ཞེན། says:
    2012-02-06 at 5:36 pm

    གླིང་ཕྲུག་ལགས་བོད་ནང་གི་བོད་མི་མང་ཆེ་བའི་སེམས་ཤུགས་དང་ལྷག་བསམ་ནི་ཧ་ལས་པ་ཡོད་ཀྱང་བོད་ཀྱི་བླ་བཙོང་རྒྱའི་རྒྱུག་ཁྱི་རེ་ཟུང་མེད་པ་མ་རེད། བྱེས་ལ་བསམ་ན་ཡང་ཁ་ཅིག་ངོ་ཚ་དང་རུས་པ་མེད་པ་ཡིན་ཀྱང་མང་ཆེ་བ་གང་ལ་གང་མཚམས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་རེད། དེས་ན་སྤྱིར་མང་གཙོའི་ལུང་པར་སྐྱོན་ཐེར་འདོན་བྱེད་ནས་ཡར་རྒྱས་གཏོང་དགོས་ཀྱང་གཟུ་བོའི་བློ་ཡི་དྲང་པོ་དང་གསལ་པོ་ཞིག་མ་བྱས་ན་གཞིས་ལུས་བོད་མི་རྣམས་ཀྱི་མཐོང་ན་བོད་མིའི་སེམས་ཤུགས་ཆག་པའི་རྐྱེན་དུ་འགྱུར་ཉེན་ཆེན་པོ་རེད།

  18. ཀརྨ་དགེ་ལེགས། says:
    2012-02-07 at 5:58 am

    བཟང་གི ཡིན་ནའང་ལོ་བཞི་བཅུ་ཡས་མས་ཡིན་པའི་བུད་མེད་ཚོས་བསླབས་ན་ཡག་པོ་འདུག དེར་མ་ཟད་བཀའ་ཤག་གི་གཙོ་བྱས་ནས་བཙན་བྱོལ་བོད་ལ་འདི་འདྲ་ཞིག་མེད་དུ་མི་རུང་བ་རེད།

  19. ཀརྡོ་གཉེར་ཕྱག་པ་ says:
    2012-02-07 at 6:17 am

    བལ་པོའི་ནང་པ་རྒནམོ་ཤར་པའི་རིགས་དེ་ཚོས་ཀྱང་བོད་ཡིག་སྦྱངས་ནས་སངས་རྒྱས་ཆོས་ཚོགས་མ་ཡིག་ཐོག་ནས་འདོན་འགོ་བཙུགས་པ་ང་རང་རང་གིས་མིང་མཐོང་ལག་ཟིན་བྱུང་མྱོང་བས་དགེ་འོ། དགེའོ། དགེ་བར་འགྱུར་ཅིག །

  20. ཀརྨ་དགེ་ལེགས། says:
    2012-02-07 at 9:43 am

    བོད་གཞུང་སློབ་གྲྭ་ནས་ཐོན་པ་དང་བོད་ཡིག་དང་ཁ་བྲལ་བ་གཉིས་དུས་གཅིག་ཡིན་པ་མང་པོ་ངས་ཤེས་སོང་། འདི་བཀྲ་ཤིས་དོན་ཡིན་ནམ་བཀྲ་མི་ཤེས་པའི་དོན་དཔྱད་པར་ཞུ།

  21. ཨ་མའི་བུ་ says:
    2012-02-07 at 1:43 pm

    ཆུང་དུས་ཡོན་ཏན་མ་སྦྱང་ན།
    ཆེ་དུས་ངུས་དང་མ་ངུས་མེད།
    ཨ་ཅེ་རྒན་མོ་ཀུ་རེ་ཡིན།
    ཀུ་རེ་རྩེད་མོ་གཉིས་ཀ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme