Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྐང་སྤོལ་རྩེད་འགྲན་དང་ཅུང་འདྲ་བའི་གནད་དོན།

Posted on 2014-11-042014-11-04 By ཁ་བརྡ་ No Comments on རྐང་སྤོལ་རྩེད་འགྲན་དང་ཅུང་འདྲ་བའི་གནད་དོན།

མི་ཉག་ཀུན་དགའ་བཀྲ་ཤིས། དབྱིན་ཡུལ།

 
ཕྱི་རོལ་གྱི་རྣམ་པའི་མངོན་སྟངས་ཀྱི་ཆ་ནས་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་འདི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་བར་གྱི་རྐང་སྤོལ་འགྲན་བསྡུར་ཞིག་དང་ཅུང་ཟད་འདྲ་བ་འདུག་ཀྱང་རྩེད་མོ་ངོ་མ་ཞིག་ལ་ངོས་འཛིན་བྱ་ཐབས་གཏན་ནས་མེད། རྩེད་མོ་འདིར་མགོ་འཁོར་དྲགས་ན་ཕྱིས་སུ་དེ་འབྱུང་གི་འབྲས་བུ་ངན་པ་འབྱུང་བའི་རྩེད་འགྲན་ཧ་ཅང་ཆེན་མོ་ཞིག་ཏུ་འགྱུར་བའི་སྔོན་བརྡ་གཏོང་གིན་འདུག

རུ་ཁག་འདི་གཉིས་ཀྱི་བར་ལ་རྣམ་པ་དང་སྤྱོད་པ། དམིགས་ཡུལ་དང་རྒྱབ་ལྗོངས། དེ་བཞིན་བྱེད་ལས་སོགས་མི་འདྲ་བའི་ཆ་མང་པོ་ཞིག་ཡོད། རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཟེར་བ་རྒྱལ་ཕམ་གྱི་རང་བཞིན་ཅན་ཡིན་པ་བཞིན་ཁ་གཏད་ཤོག་ཁག་གཉིས་པོས་ཅིག་ཤོས་ཐོབ་ན་གཞན་དེས་འཚམས་འདྲིའི་ལག་པ་གཏོང་ལ། གཞན་དེ་ཤོར་ན་ཅིག་ཤོས་དེས་དགའ་བསུའི་ཕན་ཚུན་འཐམ་རེས་བྱེད་སྲོལ་ཡོད་པ་ཞིག་རེད། མ་ཟད་རུ་ཁག་གཉིས་ཀ་རྩེད་རིགས་ཆེད་ལས་ཀྱི་འཇོན་ནུས་ཐད་གཅིག་པ་གཅིག་རྐྱང་མིན་ན་ཡང་དྲག་ཞན་གྱི་ཧེ་བག་མངོན་གསལ་དོད་པོ་རང་མེད་སོང་ན་ཡག་ཉེས་ཀྱི་དབྱེ་བ་འབྱེད་ཐུབ་པ་དང་། ལྟ་མཁན་གྱི་མིག་ཟུང་ལ་སྤྲོ་སྣང་དང་དཔྱད་གླེང་གི་དང་ག་འཕེལ་བར་གྲོགས་བྱེད་པའི་ནུས་པ་ཤུགས་ཆེར་འདོན་ནུས། དངོས་ཡོད་ཐོག་ཕན་ཚུན་གཅིག་གིས་གཅིག་ལ་འགྲན་ནུས་པའི་བཟང་ཕྱོགས་ཀྱི་སྙིང་སྟོབས་དང་སྤོབས་པ་ཆ་ཚང་ཡོད་དགོས། དེ་ནི་རྩེད་རིགས་ཡོངས་ལ་ཚང་དགོས་པའི་ཉུང་མཐར་གྱི་ཆ་རྐྱེན་ཞིག་ཀྱང་རེད།

འོན་ཀྱང་ཤུགས་ལྡན་རུ་ཁག་དང་དེའི་ཕྱོགས་འགལ་རུ་ཁག་གཉིས་ཀྱི་རྩེད་འགྲན་ནི་གནམ་ས་ལྟ་བུའི་ཆ་ཧ་ཅང་མི་སྙོམ་པའི་རུ་ཁག་གཉིས་བར་གྱི་འགྲན་བསྡུར་ཡ་མ་བརླ་ཞིག་སྟེ། ཕན་ཚུན་རིགས་བསྒྲེ་བྱ་རྒྱུ་མེད་པའི་ཤོག་ཁག་གཉིས་རེད། དེ་ལྟར་ཡིན་ན་ཡང་རྒྱལ་ཕམ་གྱི་ས་མཚམས་ངེས་པར་དུ་འབྱེད་དགོས་པ་རེད། རྙོག་འཛིང་ཅན་གྱི་རྩེད་འགྲན་གྱི་དཀའ་ངལ་དེ་སེལ་བར་རྩོད་པ་དེའི་འབྱུང་ཁུངས་འདེད་དགོས་པ་ལས་དེ་ཆབ་སྲིད་ནང་དྲུད་ནས་གླེང་ན་ཆབ་སྲིད་ཀྱི་ངོ་བོའམ་གནད་དོན་ཞིག་ལ་འགྱུར་འགྲོ་ལ་དཔལ་འབྱོར་དང་འདྲེས་ནས་བཤད་ན་དཔལ་འབྱོར་གྱི་དཀའ་ངལ་འདྲ་པོ་ཞིག་ལ་ཆགས་པའི་ཉེན་ཁ་ཆེ། དེར་བརྟེན་ངོ་བོ་མི་འདྲ་བའི་བརྗོད་གཞི་རྣམས་སོ་སོར་གླེང་དགོས་པ་ལས་ཉ་ཉུང་མཉམ་བསྲེ་བྱེད་ན་མཇུག་འབྲས་བཟང་པོ་ཞིག་སྨིན་དཀའ།

དོལ་ཚོགས་ལ་ཁ་གཏད་པའི་ཕྱོགས་འགལ་གྱི་རུ་ཁག་ལ་ཆེད་ལས་ཀྱི་རུ་ཁག་དོ་དམ་པ་དང་རྒྱལ་སྤྱིའི་ཚད་གཞིར་སླེབས་པའི་རྩེད་འགྲན་པ་མང་པོ་ཞིག་ཡོད་ལ་རྩེད་མོའི་འགྲན་བསྡུར་གྱི་ཆ་ཤས་ཡོངས་རྫོགས་བླངས་དང་ལེན་བཞིན་པ་རེད། དེས་རྐྱེན་གྱིས་ད་བར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་རྒྱལ་ཁའི་དགའ་རྟགས་རྐྱང་རྐྱང་རག་པ་ལས་ཕམ་ཁའི་འཕྱ་སྨོད་དང་གྱོང་གུན་ཉོ་དགོས་པ་བྱུང་མེད། འོན་ཀྱང་བར་ལམ་ཞིག་ནས། དམིགས་བསལ་ཉེ་བའི་ཆར་ཤུགས་ལྡན་བསྟེན་གསོལ་མི་བྱེད་པའི་ཤོག་ཁག་གི་རྩེད་ཐང་དུ་སྐྱོད་པའི་ལམ་དུ་སྒེར་གྱི་ཁེ་ཕན་དང་མིང་གྲགས་ཀྱི་བ་དན་འཛམ་གླིང་སྤྱི་ཚོགས་ཀྱི་མཁའ་དབྱིངས་སུ་འཕྱོ་བའི་དོན་དུ་ཚོགས་སྒེར་འདྲ་མིན་འཚང་ནས་དོལ་རྒྱལ་རུ་ཁག་གི་སྒྲིག་འཛུགས་སུ་མི་ཞུགས་པའི་རྩ་བའི་དམ་བཅའ་དང་མི་མཐུན་པའི་རྙོག་གླེང་མང་དག་བྱས་པ་རེད། དཔེར་ན་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་འུར་སྒྲོག་དང་། ཤུགས་ལྡན་རུ་ཁག་དེ་བོད་པའི་སྤྱི་ཚོགས་ནང་བཀག་ལྡོག་བྱས་པ་དང་ཕུད་པ་སོགས་དཀྲོག་གཏམ་གྱི་མིང་ཚིག་འདི་ཚོས་ཆེད་ལས་རུ་ཁག་གི་དཔུང་ཤུགས་རེ་ཞིག་ཉམས་དམས་སུ་བཏང་དང་གཏོང་བཞིན་ཡོད་པ་མ་ཟད་བྱེད་མི་བདེ་བའི་དཀའ་ངལ་མང་པོ་ཞིག་བཟོས་དང་བཟོ་བཞིན་མཆིས། ཚུལ་དེ་ཡིས་ཤུགས་ལྡན་རྩེད་འགྲན་རུ་ཁག་ལ་འགྲན་རྩོད་ཁྲོད་མུ་མཐུད་དུ་ཞུགས་པའི་སྤོབས་པ་སྦྱིན་ལ་བརྟག་དཔྱད་ལ་ཡིད་མི་བརྟས་པའི་ལྟད་མོ་བའི་གྲངས་འབོར་ཡང་སྔར་ལས་མང་བ་རུ་ཁག་དེའི་ཕྱོགས་སུ་འགུག་པའི་ཕན་རླབས་རྒྱ་ཆེར་སྐྲུན་བཞིན་ཡོད།

བློ་ཕམ་པ་ཞིག་ལ། རྩེད་ཐང་སྟེང་མཉམ་གཅིག་ཏུ་བུད་པའི་ཤུགས་ལྡན་རུ་ཁག་ལ་སྤྱང་གྲུང་ལྡན་པའི་ཆེད་ལས་པའི་དོ་དམ་པ་མེད་ལ་རྩེད་མོའི་སྒྲིག་འཛུགས་མི་ཤེས་པའི་རྩེད་འགྲན་པ་འགའ་ལས་གྲུབ་པའི་ཡིད་རྟོན་དང་ཆ་འཇོག་ནམ་ཡང་བྱེད་མི་རིགས་པའི་རུ་ཁག་ཉག་ཅིག་ཏུ་གྲུབ་པ་དང་། སྒྲིག་འཛུགས་ལྡན་པ་དང་ཁྲིམས་དང་མཐུན་པའི་་ལྟད་མོ་བཤམ་སྟོན་བྱེད་ཐུབ་ཀྱི་མེད་པས་ན་ལྟད་མོ་བ་ཉིན་རེ་བཞིན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད། དོལ་རྒྱལ་རུ་ཁག་རྩེད་མོ་འདི་གཅིག་བུར་མགོ་འཁོར་ནས་བོད་མི་རིགས་ཀྱི་རྩ་དོན་གྱི་རྩེད་མོ་ངོ་མ་རྩེ་སའི་ཐང་ཆེན་རྒྱ་ཡན་དུ་གཏོང་བ་ཡང་འགན་འཁྲི་མེད་པའི་རུ་ཁག་ཐེབས་ཆག་ཅིག་གི་ངོ་བོར་གྱུར་ཟིན་ལ་འཇིག་རྟེན་པའི་ལྷའམ་འདྲེ་ཞིག་གི་དོན་དུ་མི་རིགས་ཀྱི་ལ་རྒྱ་ཡང་ཆུའི་གཏིང་དུ་བསྐྱུར་ནས་ཡར་གནམ་དང་མར་ས་ལ་མི་སླེབས་པའི་ཁྲེལ་མེད་ཀྱི་ཤོག་ཁག་དག་མ་ཞིག་ཏུ་གྱུར། དེ་ནི་རྩེད་འགྲན་རུ་ཁག་འདིའི་རྒྱབ་ལྗོངས་དང་ལོ་རྒྱུས་རང་ཉིད་ཀྱིས་ཁ་གྲགས་འོང་ལ་གསལ་བཤད་ཀྱང་བྱེད་བཞིན་ཡོད།

ཤུགས་ལྡན་རུ་ཁག་འདི་ཚགས་ཤོག་དང་བརྡ་འཕྲིན་གྱི་འཇིག་རྟེན་ཆེན་མོའི་མཁའ་དབྱིངས་ནས་མཇའ་ལྟར་ཡོངས་སུ་ཡལ་ལ་ཉེ་བའི་སྐབས་འདིར་ཁ་གཏད་ཚོགས་པའི་རུ་ཁག་གིས་སྐྱར་དུ་ཕམ་ཉེས་བཏང་ཟིན་པ་དང་རྩེད་ན་བཟང་ཕྱོགས་ཀྱི་རྣམ་པ་ཅི་ཡང་འཐོབ་རྒྱུ་མེད་པའི་ཤུགས་ལྡན་རུ་ཁག་དང་སྐྱར་དུ་འགྲན་བསྡུར་ཞིག་གི་མགོ་བཙུགས་པས་རྩེད་མོ་འདི་མཇུག་སྒྲིལ་བར་ལས་སླ་པོ་མེད་པར་འགྱུར་བཞིན་པ་མ་ཟད། ཁོ་ཚོ་ཇེ་ངར་དང་། དེ་བཞིན་རྩེད་འགྲན་གྱི་གནད་དོན་དེ་མགོ་ཇེ་རྙོག་ཏུ་འགྲོ་བཞིན་ཡོད།

གལ་སྲིད་དོལ་ཚོགས་རུ་ཁག་དང་དོན་སྙིང་ལྡན་པའི་རྐང་སྤོལ་འགྲན་བསྡུར་གསར་པ་ཞིག་བྱེད་འདོད་ན་ཐོག་མར་མི་དང་མིའི་བར་གདོང་དང་གདོང་ཐུག་ནས་རྨོངས་གཉིད་ལས་ད་དུང་མ་སེལ་བའི་རུ་ཁག་དེའི་སྐད་ཅོར་ཅན་གྱི་རྒྱབ་སྐྱོར་པའི་དཔུང་ཚོགས་ལ་མངོན་ལྐོག་མེད་པའི་ཐོག་ནས་རུ་ཁག་དེའི་ལོ་རྒྱུས་དང་རྒྱབ་ལྗོངས་མ་ནོར་བ་ཡོངས་རྫོགས་ཤེས་སུ་འཇུག་དགོས། དེ་ཡང་དྲང་བདེན་དང་། ཞིབ་འཇུག་གི་བརྒྱུད་རིམ་ལྡན་པ། འདས་སོང་གི་ལོ་རྒྱུས་སོགས་གཞི་ལ་བཞག་ནས་གོ་བརྡ་གཙང་མ་སྤྲོད་དགོས། རྩེད་འགྲན་པ་རྣམས་ལ་ཡང་སྤོ་ལོ་རྩེད་སྟངས་དང་དེའི་སྒྲིག་གཞི་སོགས་མཐར་ཕྱིན་པ་སློབ་ཅིང་དོན་ཕན་ལྡན་པའི་སྦྱོང་བརྡར་ཡང་སྤྲད་དགོས།

ཁོ་ཚོར་རྩེད་ཐང་སྒང་ལ་བབ་ན་མི་ཆོག་ཟེར་ན་མི་འགྲིག་ལ། འདོད་པ་མེད་ན་འཐོན་དགོས་པའི་བཙན་བཀའ་ཡང་གཏོང་མི་ཉན། བྱེད་མ་བྱེད་དེ་ནི་ཁོ་ཚོའི་ཐོབ་ཐང་རེད་ལ་རང་དབང་ཀྱང་རེད། སྐད་ཆ་ལྡོག་ནས་བཤད་ན་ཆེད་ལས་པ་དང་འགན་ཁུར་ལྡན་པའི་རྐང་སྤོལ་རུ་ཁག་རང་ཉིད་ཁོ་ཚོའི་རུ་ཁག་དང་རྐང་སྤོལ་རྩེ་མིན་སོ་སོས་ཐག་གཅོད་བྱེད་པའི་འགན་དབང་སོ་སོའི་ལག་པའི་ནང་ལ་ལོས་ཀྱང་ཡོད། གལ་སྲིད་ཆ་ནམ་ཡང་མི་མཚུངས་པའི་རུ་ཁག་ཅིག་དང་ཨུ་ཚུགས་ཀྱིས་ཅི་ཙམ་བསྡུར་ཡང་ཆེད་ལས་པའི་རུ་ཁག་གི་དུས་ཚོད། མིང་གནས། རིན་ཐང་། གཟི་བརྗིད། དེ་བཞིན་རྒྱལ་སྤྱི་ཅན་གྱི་གོ་གནས་སོགས་ལ་གནོད་སྐྱོན་ཐེབས་འགྲོ་བའི་རྒྱུ་རུ་མི་འགྱུར་བའི་ངེས་པ་ཡང་མེད།

ཤུགས་ལྡན་རུ་ཁག་སྟེ། ཆེད་ལས་མིན་པའི་རུ་ཁག་ལ་ཕམ་ཉེས་བྱུང་ན་དོན་དངོས་སུ་དེ་ནི་ཁོ་ཚོར་མཁོ་བ་དང་ཁོ་ཚོས་རེ་སྙེག་བྱེད་པའི་རྒྱལ་ཁ་ཞིག་དང་། ཐབས་སྡུག་ཆགས་ན་ཁོ་ཚོར་དགོས་པའི་སྐད་གྲགས་འགྲོ་བའི་རྒྱུ་རེད། རྐང་འདྲེན་བཞག་ནའང་ཁོ་ཚོས་འཚོལ་བའི་བཅོས་མའི་ངུ་སྒྲ་གཅིག་བུའི་དོན་དུ་རེད། རྒྱུ་མཚན། ཁོ་ཚོར་ཆེད་ལས་པ་དང་སྐད་གྲགས་ཡོད་པའི་དོ་ཟླ་ཞིག་ལ་འགྲན་པའི་གསེར་འདྲ་བའི་གོ་སྐབས་ཡོད་པ་མ་ཟད་ཁོ་ཚོར་ཐོབ་རྒྱུ་དང་ཤོར་རྒྱུ་ཞིག་མེད་པ་ཆགས་ཟིན་པའི་གནས་སྟངས་དེ་རེད།།

༢༩/༡༠/༢༠༡༤

བསམ་ཚུལ།

Post navigation

Previous Post: ཞེད་སྣང་གིས་གཅུན་པའི་མི་ཞིག་ལ་ཐོབ་པའི་སློབ་གསོའི་འབྲས་བུ་གླེང་བ།
Next Post: གསེར་འོད་འཕྲོ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme