Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྐང་འཁོར་རྒྱང་བསྐྱོད་ཀྱི་ལས་འགུལ།

Posted on 2011-06-09 By དབང་ཕྱུག་ 16 Comments on རྐང་འཁོར་རྒྱང་བསྐྱོད་ཀྱི་ལས་འགུལ།

untitled-1༄༅། །བོད་ནི་འཛམ་གླིང་གི་མཐོ་སར་གནས་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། སྐད་ཡིག་དང་། གོམས་གཤིས། རིག་གཞུང་། ས་ཁྱོན། མི་འབོར། ལོ་རྒྱུས་གང་ཅིའི་ཐད་ནས་རང་བཙན་གཙང་མར་ཁུངས་སྐྱེལ་ལྡན་པ་ཞིག་ཀྱང་ཡིན། ཕྱི་ལོ་ ༡༩༤༩ ནང་རྒྱ་དམག་བོད་དུ་སླེབས་འགོ་བཙུགས་པ་ནས་བཟུང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་དང་འཕྲོག་བཅོམ། ཚད་མེད་ཀྱི་གཏོར་བཅོམ་བཏང་བ་དང་། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་ཚེ་སྲོག་ཤོར་བ། དགོན་པ་དྲུག་སྟོང་ཙམ་གཏོར་བཤིག་བཏང་བ་མ་ཟད། ༡༩༥༩ ལོར་བོད་རྒྱལ་ཁབ་ཆེན་པོའི་ས་ཁུངས་ཆ་ཚང་དངོས་སུ་བཙན་བཟུང་བྱས་ཏེ། ༸གོང་ས་མཆོག་གིས་གཙོས་བོད་མི་གཅིག་འབུམ་ལྷག་ཅིག་རྒྱ་གར་གཙོ་བོ་གྱུར་བའི་རྒྱལ་ཁབ་མང་པོའི་ནང་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་ནས་བཟུང་། ༢༠༡༡ ་བར་དུ་བོད་མི་དམར་གསོད་བཏང་བ་ ༢༨༥ དང་། ཉེས་མེད་བཙོན་དུ་ཚུད་པ་དང་གར་སོང་ཆ་མེད་དུ་གྱུར་བ་ ༢༢༡༩ ཙམ་ཡོད། ད་དུང་བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས། སྨྲ་བརྗོད་རང་དབང་། རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་སོགས་ཉིན་རེ་ནས་ཉིན་རེར་གནས་སྟངས་ཇེ་སྡུག་དང་ཛ་དྲག་ཆགས་བཞིན་ཡོད།
ཉེ་ཆར་ ༢༠༡༡ ཟླ་ ༣ ཚེས ༡༦ ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་ནས་རྒྱ་དམར་གཞུང་གིས་བོད་ནང་དུ་མི་སྤྱོད་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པར་རང་ལུས་མེ་རུ་བསྒྲོན་ཏེ་ཞི་བའི་ངོ་རྒོལ་བྱས་པ་ནས་བཟུང་། རྒྱ་ནག་གི་དྲག་ཆས་དམག་མི་བཀོལ་ཏེ་རྔ་བ་ཀིརྟི་དགོན་པ་དང་རྔ་བའི་མི་མང་ལ་དྲག་གནོན་ཚབས་ཆེན་བྱས་དང་བྱེད་བཞིན་པའི་གནས་སྟངས་ཛ་དྲག་མུ་མཐུད་གནས་མུས་ལ་སོང་། བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་ཡོད་པར་བརྟེན། མོན་གྷོ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་དང། མོན་གྷོ་དབུ་མའི་ལམ་ལས་འགུལ་ཁང། མོན་གྷོ་རྒྱལ་ཡོངས་དམངས་གཙོ་ཚོགས་པ། མོན་གྷོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། མོན་གྷོ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཚོགས་པ་ལྔ་ཐུན་མོང་ནས་རྔ་བ་ཀིརྟི་དགོན་པ་གཙོས་རྔ་བའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་མོན་གྷོ་ནས་པུ་ན་བར་གྱི་རྫོང་དང་གྲོང་ཁྱེར་ཁག་ནང་ཡིག་ཆ་འགྲེམ་སྤེལ་ཆེད་རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ་འདི་སྤེལ་བཞིན་ཡོད་པས། དངོས་ཡོད་བོད་དོན་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཁག་དང་། སྲིད་གཞུང་། མི་མང་། གྲོས་ཚོགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། ལྷག་པར་དུ་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་དང་ལམ་སྟོན་ཡོང་བའི་འབོད་སྐུལ་ཞུ་བ་ལགས་ན། བདེན་དོན་ལ་རྒྱབ་སྐྱོར་ཡོང་བ་མཁྱེན་མཁྱེན་ཞུ།

དགོས་འདུན་དོན་ཚན་གཉིས་དང་འབོད་སྐུལ་གཅིག།

དོན་ཚན་དང་པོ། རྒྱ་དམར་གཞུང་གིས་རྔ་བ་ཀིརྟི་དགོན་པ་གཙོས་རྔ་བའི་མི་མང་ལ་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དང་། མྱུར་ཏུ་དྲག་ཆས་དམག་མི་ཕྱིར་འཐེན་བྱེད་དགོས།
དོན་ཚན་གཉིས་པ། ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཆ་ཚང་གློད་བཀྲོལ་བྱེད་དགོས།
འབོད་སྐུལ་གཅིག རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་རང་དབང་གི་གསར་འགོད་པ་དག་རྔ་བ་ས་ཁུལ་དུ་ངེས་པར་ཏུ་གཏོང་རོགས་གནང།
ཞེས་མོན་གྷོ་དབུ་མའི་ལས་འགུལ་ཁང་དང་རྒྱལ་ཡོངས་དམངས་གཙོ་ཚོགས་པ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་།ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཚོགས་པ་ལྔ་ཐུན་མོང་ནས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༨ ལ།

༼བོད་དོན་ལ་སེམས་ཤུགས་དང་ལ་རྒྱ་ཆེ་བའི་གྲོགས་པོ་སུ་རུང་ལ་ལས་འགུལ་ངོ་སྤྲོད་འདི་འབྱོར་ཕྱིན་བདེན་པ་ར་སྤྲོད་ཆེད་ཕན་ཚུན་གཅིག་གིས་གཅིག་ལ་སྐུར་རོགས་གནང་༽

གསར་འགྱུར།

Post navigation

Previous Post: སངས་རྒྱས་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།
Next Post: ད་ཡིན་ན་ཤིང་སྡོང་དྲིན་ཆེན་དེ་བཅད་ཤག །

Comments (16) on “རྐང་འཁོར་རྒྱང་བསྐྱོད་ཀྱི་ལས་འགུལ།”

  1. གངས་སྦལ། says:
    2011-06-09 at 4:42 pm

    རྣམ་པ་ཚོས་འདི་ལྟར་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ་ཞུ་ཀི་ཡོད།

  2. བཅོ་ལྔ་ལྷ་མོ། says:
    2011-06-09 at 5:11 pm

    བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཆེད་དཀའ་སྤྱད་དང་ལེན་བྱེད་བཞིན་པའི་ཚོགས་སྡེ་ཁག་དང་།ལས་འགུལ་འདིར་མཉམ་ཞུགས་བྱེད་བཞིན་པའི་རྒྱལ་གཅེས་བུ་རྒོད་རྣམ་པར་དུས་དང་རྣམ་པ་ཀུན་དུ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།

  3. ཚེ་རིང་དོན་གྲུབ། says:
    2011-06-09 at 6:08 pm

    ལས་འགུལ་དེར་ཧ་ཅང་དགའ་བོ་ཡོད།
    མ་འོང་པ་ང་ཡང་ལས་འགུལ་དེའི་ནང་འཛུལ་ཞུགས་བྱེད་འདོད་ཡོད།

  4. གཅན་བཟོད་རྒྱམ། says:
    2011-06-09 at 6:28 pm

    སྐྱབས་ཡུལ་དགེ་འདུན་པ་ཚོས་འདི་ལྟར་བོད་དོན་ཆེད་དུ་ལས་འགུལ་སྤེལ་གནང་བར་བཀའ་དྲིན་ཆེ་ཞུ། ལམ་སྐབས་བདེ་འཇགས་དང་དགོས་འདུན་ཁག་འགྲུབ་པར་སྨོན།

  5. གཙུག་ལག་སློབ་དཔོན་ says:
    2011-06-09 at 6:35 pm

    རྐང་འཁོར་གྱིས།

    རྐང་འཁོར་བཞོན་ནས་བོད་ལ་འགྲོ། །
    རྐང་འཁོར་བསྐོར་ནས་སྐོར་རར་འགྲོ། །
    རྐང་འཁོར་བཏང་ནས་ཁོར་ཡུག་སྲུངས། །
    རྐང་འཁོར་སྒང་ནས་བོད་དོན་སོམས། །

    རྐར་འཁོར་ལས་ལྷག་འཕྲུལ་བསྐྱོད་མེད།

  6. བཏང་སྙོམ་ says:
    2011-06-09 at 7:19 pm

    ལག་ཁྱེར་ཡོད་ན་ལུང་མེད་ཡིན།
    གར་འགྲོ་དེར་ལ་མི་ཁུངས་རག་ཐབས་ཀྱིས།
    བལ་ཡུལ་རྒྱ་གར་ཐེ་བན་ཨ་རི་བཅས།
    ཕྱི་ཡུལ་དངོས་རྫས་དུ་མར་ལོངས་སྤྱོད་དང་།
    རང་དབང་ཚད་ལྡན་མཐུན་རྐྱེན་མཆིས་ན་ཡང་།
    རྩ་ཆེན་དམ་ཆོས་ཞིང་ལྡན་ཕ་མེས་ཡུལ།
    ཆ་ཤས་ཡིན་པར་དགའ་སྤྲོ་སྤོབས་པ་བསྐྱེད།
    ལག་ཁྱེར་གང་གིས་གངས་ཅན་ཚབ་ཡོང་དཀའ།
    ཕྱི་ནང་སྤུན་ཟླ་མཉམ་འཛོམས་སྨོན་འདུན་ཞུ།

  7. བཏང་སྙོམ་ says:
    2011-06-09 at 7:43 pm

    རྐང་འཁོར་ཐོག་བོད་དོན་ལས་འགུལ་སྤེལ་བ་ལ་གུས་བཏུད་དང་དགའ་བསུ་ཞུ།

    རང་དོན་དོར་ནས་སྤྱི་དོན་ལམ་བགྲོད་པ།
    གུས་བཏུད་ཆེ་བསྟོད་ལྡན་པ་ཤ་སྟག་ཡིན།
    ཞུམ་པ་མེད་པའི་སེམས་ཤུགས་དེ་ལ་མཆོད།
    ལས་འགུལ་དེ་བཞིན་མུ་མཐུད་བརྩམ་པར་སྨོན

  8. བརྩོན་རྒྱམ། says:
    2011-06-10 at 3:02 am

    སྐྱབས་ཡུལ་དགེ་འདུན་རྣམ་པ་ངོ་མ་ཁྱེད་ཚོ་ནི་དགེ་འདུན་བའི་མིང་དང་མཚུངས་པ་ཞིག་ཡིན་པར་མ་ཟད་སྐྱེ་འགྲོ་རྣམས་སྡུག་ངལ་ལས་ཐར་ཐུབ་འབའ་ཞིག་གི་ཆེད་ཚ་གདུང་ལ་རྒྱབ་ཕྱོགས་ནས་དེ་འདྲས་བཟོད་སྲན་ངང་བོད་མིའོ་བདེ་སྡུག་གི་ཆེད་རྐང་འཁོར་ཐོག་ལས་འགུར་འདི་འདྲ་ཞིག་གནང་པ་ཐུགས་རྗེ་ཆེ།

  9. གཙང་ཞོལ་བདེ་གསལ། says:
    2011-06-10 at 8:56 am

    དགའ་ལྡན་ཕོ་བྲང་དགེ་ལུགས་པ་དང་དབུས་གཙང་གཅིག་པོའི་གཞུང་མ་རེད། ད་སྐབས་བཤད་ཀྱིན་པའི་བོད་ཆོལ་ཁ་གསུམ་དང་མཚོ་སྔོན་ཕྱོགས་ཀྱི་བོད་སོག་དང་བཅས་པའི་གཞུང་རེད། དེ་དག་གི་གཞུང་དགའ་ལྡན་ཕོ་བྲང་རེད་ལ། དགའ་ལྡན་ཕོ་བྲང་གི་ལྷ་འབངས་དེ་དག་རེད། དགའ་ལྡན་ཕོ་བྲང་བཙུགས་མ་ཐག་པ་ནས་ད་ལྟ་བར་དུ་ལོ་རྒྱུས་ཀྱི་དྲི་མ་ཡལ་བར་ཡོད། སྡེ་པ་སངས་རྒྱས་རྒྱ་མཚོས་བརྩམས་པའི་༼རབ་གསལ་གསེར་གྱི་སྙེ་མ་༽སོགས་དངོས་ཡོད་ཀྱི་གནས་སྟངས་མང་པོ་ཞིག་གིས་ཁ་གྲག་གི་ཡོད་པ་རེད། བོད་གཞུང་གི་དབུ་ཁྲིད་སྤྲུལ་སྐུ་ཡིན་པ་དང། འགྲུམ་འགྲུལ་ཞན་པ། ས་ཁད་རྒྱ་ཆེ་བ། སུལ་བུའི་དུས་ཀྱི་རྔ་མ་རིང་བ། སྟོབས་ཤུགས། དམག་ཤུགས་སོགས་གང་ཅིའི་ཆ་ནས་ཞན་རྐྱེན། བོད་ཀྱི་ས་ཁོངས་ཆ་ཚང་ལ་ཚད་མཐོའི་བདག་དབང་གིས་ནུས་ཤིག་སྤེལ་བ་དང་། ཁྲལ་བསྡུ་བ་སོགས་སུ་འཐུས་ཞོར་ཕྱིན་ཡོད་པ་བཤད་མི་དགོས་ཀྱང་། ཆབ་མདོ་སྤྱི་ཁྱབ་བམ་མདོ་སྨད་སྤྱི་ཁྱབ་བཙུགས་ཏེ་དངོས་སུ་ལག་བསྟར་གྱིས་འགོ་བཙུགས་ནས་མདོ་ཁམས་ཕྱོགས་ཀྱི་དཔོན་པོ་མང་པོར་བོད་གཞུང་གིས་འཇའ་ས་དང་དཔོན་ཐོབ་སྤྲད་ཡོད། དེ་ནི་འབྲེལ་བ་རང་བཞིན་པ་དང། དབང་བསྒྱུར་བྱས་པ་གང་ཡང་མིན་པར། ཐོབ་ཐང་སྤྲད་མཁན་དང་ལེན་པ་པོ་གཉིས་ཆས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འདུ་ཤེས་དང་དོན་དངོས་ལ་བརྩི་བསྐུར་ཆེན་པོ་བྱས་པ་རེད། ཆོས་ཕྱོགས་ནས་བསམ་བློ་བཏང་པ་ཡིན་ནའང་། དགའ་ལྡན་ཕོ་བྲང་གི་ཐོག་མའི་མཚན་དེ་དགེ་ལུགས་པའི་བླ་མ་ཞིག་གི་བླ་བྲང་གི་མིང་ཡིན་པར་ཆ་བཞག་ན། དེ་གཞུང་གི་ངོ་བོར་གོ་འཕོས་པ་རེད། རྒྱལ་ཁབ་ཁ་བྲལ་དང་། ཆོས་ལུགས་ཁ་བྲལ་བའི་འགོག་རྐྱེན་ལ་མ་ལྟོས་པར། རྩ་བའི་ཆ་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལ་སྤྱི་ལ་ཁྱབ་བའི་འགན་ཁྱེར་བ་རེད། སྔོན་མའི་གཞུང་དགོན་གྱི་ཐོ་ཡིག་སོགས་སུ་ལྟོས་དང་གསལ་ཐག་ཆོད་རེད། གཞུང་ལས་ཀྱི་སྣེ་མོ་འགས་ལས་སྟངས་མ་འགྲིག་པ་ཡོང་མྱོང་བ་རེད་ལ། ཡོང་པ་སྲིད་པ་རེད། དེ་ནི་ང་ཚོ་གཅིག་པོའི་ཚབས་ཆེའི་དོན་དག་ཅིག་མ་རེད། ད་ལྟ་དེ་ལས་ཀྱང་གུ་དོག་པ་དང་རྣམ་རྟོག་སྐྱེ་དགོས་དོན་གཏན་ནས་མེད། གནས་སྐབས་དེ་ཙམ་གྱིས་མཚམས་འཇོག་རྒྱུ་ཡིན།།

  10. འདྲེ་མགོ་རྡོ། says:
    2011-06-10 at 10:41 am

    གྲྭ་བ་ཚོས་རྐང་འཁོར་བཅིབས་པ་ཡིན་ན། བླ་རྒན་ཁ་ཤས་རླུང་ལངས་ནས་ཚོགས་ནས་ཕུད་ཀི་ཡིན་མི་ཟེར་རམ། རྩེད་མཚར་ཡིན། ལས་འགུལ་འདི་ཡག་པོ་འདུག

    པར་དེ་ཚོ་ལྟོས་ཀྱིན་ལྟོས་ཀྱིན་བློ་སེང་གི་གསར་གཏོད་ཟེར་བ་དེའི་ལས་འགུལ་སྤེལ་སྟངས་དག་ཀྱང་འདི་འདྲ་ཞིག་ལོས་ཡིན་བསམས་ཀྱི་འདུག

  11. རྔ་བ་ཚེ་སྐྱིད་ says:
    2011-06-10 at 12:33 pm

    བཀའ་དྲིན་ཆེའོ།།
    ཁྱེད་ཅག་གིས་ལས་འགུལ་གྱིས་ང་ཚོའི་དཀའ་སྡུག་བསལ་བར་ཤོག
    བཀའ་དྲིན་ཆེའོ།།
    ཁྱེད་ཅག་གིས་ལས་འགུལ་འདིས་ང་ཚོའི་གནས་སྟངས་ཇེ་བཟང་དུ་ཡོང་བར་སྨོན།
    བཀའ་དྲིན་ཆེའོ།།
    ཁྱེད་ཅག་གིས་ལས་འགུལ་གྱི་རྗེས་སུ་འདི་ལྟར་མུ་མཐུད་ནས་ཡོང་བར་སྨོན།
    བཀའ་དྲིན་ཆའོ།།
    ཁྱེད་ཅག་གིས་ལས་འགུལ་འདི་འཛམ་གླིང་ལ་ཁྱབ་པར་རེའོ།།
    བཀའ་དྲིན་ཆེའོ།།
    ཁྱེད་ཅག་གིས་ལས་འགུལ་གྱིས་ང་ཚོ་སད་དུ་འཇུག་པར་ཤོག
    བཀའ་དྲིན་ཆེའོ།།
    ཁྱེད་ཅག་གིས་ལས་འགུལ་འདིས་ང་ཚོའི་མདུན་ལྗོངས་གསལ་བར་ཤོག

  12. བཅོ་ལྔ་ལྷ་མོ། says:
    2011-06-11 at 4:13 am

    ཚེ་སྐྱིད་ལགས།ཁྱེད་ཀྱིས་མཆན་བཏབ་པ་དང་བསམ་ཚུལ་ག་རེ་བཤད་ན་ལྷག་བསམ་རྣམ་དག་གི་དྲི་མ་ཞིག་འདུག་པས་ང་ངོ་མ་ཁྱོད་ལ་རང་བཞིན་གྱིས་དུང་བ་ཞིག་ཡོང་གིན་འདུག་་་རྐང་འཁོར་འགྲུལ་བསྐྱོད་པ་ཚོས་དགོས་དོན་འགྲུབ་པར་ཤོག

  13. རྔ་བ་ཚེ་སྐྱིད་ says:
    2011-06-11 at 4:33 am

    ༄། བཀུར་འོས་དྲ་གྲོགས་བཅོ་ལྔ་ལྷ་མོ་ལགས།
    དེ་རིང་མ་གཏོགས་པའི་ཉིད་ཀྱི་མིང་འདི་ཕལ་ཆེར་མཐོང་མ་མྱོང་བ་དང་གོ་མ་མྱོང་བ་ལྟ་བུ་ཞིག་རེད་དེ། སྐུ་ཉིད་ཀྱིས་བུ་མོ་ང་ལ་སེམས་ཤུགས་སྤར་སྟངས་ཀྱིས་བརྒྱུད་རིམ་ལ་ཅིག་བལྟས་དུས། རྒྱུན་དུ་དོ་སྣང་ཡོད་པའི་རྣམ་འགྱུར་གསལ་བོ་ཞིག་མངོན་འདུག་ན། ང་ནི་དགའ་སོང་། ང་ནི་བདེ་སོང་། ང་ནི་སྐྱིད་སོང་། གང་གིས་ཟེར་ན། དེང་སང་། ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ནི། གུ་དོག་ཅིང་ཡི་རངས་མི་ཐུབ་པའི་གནས་ཚུལ་ཞིག་གི་ལྷུང་ཡོད་ཀྱང་རུང་། སྐུ་ཉིད་ཀྱིས་ང་ལ་ངོས་འཛིན་ཞིག་བཤད་པ་ནི། ཞེ་སེམས་ལ་དྲོད་ཁོལ་ཞིག་སྤྱིན་སོང་ལགས། འདི་ནི། ངོ་བསྟོད་དང་ཁ་ཡག་ལ་དགའ་དྲགས་པས་མི་རུང་། གདེང་ཚོད་ཅིག་དང་རྒྱུན་འཁྱོངས་ཤིག་གི་སེམས་འདུན་སྟེར་བས་རེད་ལགས། དེས་ན། ངའི་ངོས་ནས་བཀའ་དྲིན་ཆེ་ཞུའོ།།

  14. ས་མཐའི་བུ་ says:
    2011-06-11 at 4:27 pm

    བོད་དོན་སེམས་ལ་བཅིངས་ནས་འདི་ལྟར་རྐང་འཁོར་རྒྱང་བསྐྱོད་ཀྱི་ལས་འགུལ་འདི་ལྷོ་ཕྱོགས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ས་གནས་བུད་མེད་ལྷན་ཚོགས། ས་གནས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས། ས་གནས་དབུ་མའི་ལམ་ལས་འགུལ་ཁང་། ས་གནས་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་ནས་རྐང་འཁོར་རྒྱང་བསྐྱོད་ཀྱི་ལས་འགུལ་འདི་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་ཡིན། འདི་བཞིན་ཚོགས་པ་ལྔ་མཐུན་སྒྲིལ་གྱི་འོག་ནས་ལས་འགུལ་སྤེལ་བ་དེ་དམིགས་བསལ་བ་ཞིག་ཡིན་པས་མུ་མཐུད་དུ་འབད་བརྩོན་གནང་རོགས་གནང་ཞུ་རྒྱུ་ཡིན། ལྷག་པར་དུ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་འགུལ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།

  15. ཞོལ་ཕྲུག says:
    2011-06-12 at 2:29 am

    རྐང་གཉིས་ཕྱི་ནང་བོད་མི་ཚོར།
    རྐང་བཞི་ཕྱུགས་ཀྱི་་མཐོང་མེད་པས།
    རྐང་ལམ་ཕྲ་མོའི་བཤུལ་རྗེས་སུ།
    རྐང་འཁོར་ལས་འགུལ་རྗེས་ཡི་རངས།

  16. རྔ་བ་དབྱངས་ཅན་ལྷ་མོ། says:
    2011-06-13 at 10:58 am

    ཁ་དྲོ་བཀྲ་ཤིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme