Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེས་གཟའི་སྐོར་ཀུན་ལ་དོགས་སྣང་བྱུང་ཚུལ།

Posted on 2014-04-292014-04-29 By ཁ་བརྡ་ 2 Comments on རེས་གཟའི་སྐོར་ཀུན་ལ་དོགས་སྣང་བྱུང་ཚུལ།

བསོད་ནམས་བསྟན་འཛིན།

རེས་གཟའི་སྐོར་ཀུན་ལ་དོགས་སྣང་བྱུང་ཚུལ་ཅུང་ཟད་ཞུ་ན། དེ་ཡང་དེང་སང་ཕྱི་རྒྱལ་ལུགས་ཀྱི་གནས་སྣང་གོ་ཐོས་བྱུང་བ་ལྟར་དོགས་གཅོད་བྱ་དགོས་པ་ཆེས་ཆེར་མཐོང་ཞིང། ཇི་ལྟར་ཞེ་ན། འགའ་ཞིག་གི་འདོད་པར་རེས་གཟའ་འདས་པ་ཞེས་པ་དེ་འཛམ་གླིང་གང་དུའང་མ་གྲགས་པས་ཡང་དག་མིན་ལུགས་དང་གཟའ་ད་ལྟ་བ་ཞེས་པ་དེ་འཛམ་གླིང་གི་གཟའ་དང་མཐུན་པས་ཡང་དག་པ་ཡིན་ཟེར་བརྗོད་མུས་འདུག་པ་དེའི་ཐད་འཛམ་གླིང་ཟེར་བ་དེ་རང་རྒྱལ་ཁབ་མང་པོ་ཞིག་གི་ནང་ནས་ས་གནས་གང་དུ་ངོས་འཛིན་བྱ་རྒྱུ་ཡིན་ནམ།
དེང་སང་རྒྱལ་ཁབ་ཆེ་འབྲིང་ཆུང་གསུམ་ཡོངས་ཀྱིས་འཛམ་གླིང་སྐད་ཡིག་གི་གཙོ་བོ་ཡིན་པར་བཟུང་བའི་སྟོབས་ཅན་རྒྱལ་ཁབ་ཨེ་མི་རི་ཀ་ལྟ་བུ་ཞིག་ལ་དཔེར་མཚོན་ན། དེར་རེས་གཟའ་སཱན་དྲེ་ཁེལ་བ་དང་རང་རེའི་འབྲུག་རྒྱལ་ཁབ་ཏུ་རེས་གཟའ་ཉི་མ་ཁེལ་བ་གཉིས་མཐུན་པའི་ཡོན་ཏན་འཛིན་པ་དེ་ལ་བརྟག་དཔྱད་ཀྱི་གཞི་ཆེར་འདུག་སྟེ། རེས་གཟའི་རྒྱུ་ཚུལ་ལམ་བརྗེ་མཚམས་ནི་ཕྱི་ལུགས་ལྟར་དེ་རིང་མཚན་ཕྱེད་ནས་བཟུང་སང་མཚན་ཕྱེད་བར་དབང་ཞིང་བརྗེ་བར་འདོད་པ་དང་རང་རེའི་དཀར་ནག་རྩིས་ཀྱི་ལུགས་ལྟར་ན་དེ་རིང་ནམ་ལངས་ལག་རིས་གསལ་མཚམས་ནས་སང་ནམ་ལངས་ལག་རིས་མ་གསལ་གྱི་བར་ཉིན་ཞག་གཅིག་གི་རིང་དབང་ཞིང་ལོངས་སྤྱོད་པར་འདོད།

རྒྱུ་མཚན་གཉིས་ཀའི་ཆ་ནས་ཕྱི་རྒྱལ་ཨེ་མི་རི་ཀ་དང་རང་རེའི་རྒྱལ་ཁབ་ཏུ་རེས་གཟའ་དུས་གཅིག་ཏུ་འཆར་བ་ཇི་ལྟར་ཁས་ལེན་པར་འཐད། ཅི་ཕྱིར་ཞེ་ན་རྒྱལ་ཁབ་དེ་གཉིས་ཀྱི་བར་ཉིན་མཚན་གྱི་ཁྱད་པར་ཆགས་འགྲོ་བ་མ་ཚད་འཆར་ཚུལ་ཀྱང་སོ་སོར་ཡིན་པར་བརྟེན་དེ་དག་གི་སར་ཁེལ་བའི་རེས་གཟའ་དང་རང་རེའི་རྒྱལ་ཁབ་ཏུ་འཆར་བའི་རེས་གཟའ་དེ་གཉིས་དུས་མཉམ་འཆར་བར་འདོད་པའི་བློ་ནི་ཕྱིན་ཅི་ལོག་ཏུ་སོང་བ་མ་ཡིན་ནམ། དེ་གཉིས་ཉིན་མཚན་གྱི་ཁྱད་པར་དང་རེས་གཟའི་འགྲོས་དང་བསྟུན་སྐབས་རྒྱུ་མཚན་རྣམ་པ་ཀུན་ཏུ་མི་མཚུངས་སོ།

རྒྱུ་མཚན་དེ་བས་ན་ཉིན་མཚན་གྱི་ཁྱད་པར་ལས་འཛམ་གླིང་རྒྱལ་ཁབ་སོ་སོའམ་གླིང་ཐ་དད་དུ་ནམ་ལངས་པ་སོགས་ཀྱི་ཆུ་ཚོད་ཀྱི་དབང་ལས་རེས་གཟའ་རྣམས་རང་རང་སོ་སོའི་གྲོས་དང་བསྟུན་སྔ་རྟིང་རིམ་གྱིས་འཆར་དགོས་པ་ནི་ཆོས་ཉིད་ཀྱི་འགྲོ་ལུགས་ཡིན་འདུག་པ་བཞིན་བརྟག་དཔྱད་མཛོད་ཅིག། ད་ལྟ་རང་རེའི་རྒྱལ་ཁབ་ཏུ་དར་ཞིང་བཞུགས་ཡོད་པའི་རེས་གཟའ་དེའང་དེང་སང་འབྲུག་པའི་གང་ཟག་མཁས་བླུན་འགའ་ཞིག་གིས་གསར་དུ་བཟོས་པ་སོགས་ནི་གཏན་ནས་མིན་ལ། ཇི་ལྟར་ཞེ་ན་ཤམྦྷ་ལའི་ཆོས་རྒྱལ་ཟླ་བཟང་གིས་གསོལ་བཏབ་ངོར་དང་པོ་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་སྟོན་མཆོག་མཉམ་མེད་ཤཱཀྱའི་རྒྱལ་པོས་གསུངས། བར་དུ་ཤམྦྷ་ལའི་རྒྱལ་ཁབ་ཏུ་མི་ལོ་ཆིག་སྟོང་ལྔ་བརྒྱ་ཐམ་པ་ལྷག་ཙམ་དར་ཞིང་བཞུགས། མཐར་རབ་བྱུང་དང་པོ་མ་བརྩི་བའི་སྔོན་ལོ་ངོ་གཅིག་གི་གོང་ཟད་བྱེད་མེ་སྟག་ལོར་སླར་རྒྱ་གར་དུ་ཕེབས། སང་ལོ་མེ་ཡོས་རབ་བྱུང་དང་པོ་འགོ་བཙུགས་པ་དང་སྤྱི་ལོ་༡༠༢༧ ཁེལ་བའི་ལོར་བོད་དུ་གདན་འདྲེན་ཞུས་ཏེ་རིམ་གྱིས་སྨན་ལྗོངས་འབྲུག་རྒྱལ་ཁབ་ཏུ་དར། ཕྱི་རབ་བྱུང་བརྒྱད་པའི་མེ་ཡོས་ལོའམ་སྤྱི་ལོ་ ༡༤༤༧ ལོར་རྒྱལ་བ་བློ་བཟང་གྲགས་པའི་ཞལ་སློབ་ཕུག་པ་ལྷུན་གྲུབ་རྒྱ་མཚོས་ད་ལྟ་བའི་གཟའ་ཞེས་དེང་སང་བོད་གཟའ་ཟེར་བ་དེ་ཉིད་གསར་དུ་བརྩམས། ཕྱི་རབ་བྱུང་བཅུ་གཉིས་མེ་ཡོས་ལོའམ་སྤྱི་ལོ་ ༡༦༨༧ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དར་ཁྱབ་མཛད་གནང་འདུག།

བོད་ལ་དེ་ལྟ་བུའི་བསྒྱུར་བཅོས་མང་དུ་བྱུང་ཡང་རང་རེའི་རྒྱལ་ཁབ་ནང་དུ་ནི་རང་བཙན་གཙང་མ་ཡོད་པར་བརྟེན་སྔོན་རྒྱ་གར་ནས་བོད་དུ་གདན་འདྲེན་ཞུས་པ་དང་བོད་ལས་འབྲུག་ཏུ་དར་ནས་ད་ལོ་རབ་བྱུང་བཅུ་བདུན་གནམ་ལོ་ས་བྱི་ལོ་ཚུན་བསྡོམས་མི་ལོ་དགུ་བརྒྱ་བརྒྱད་ཅུ་གྱ་གཅིག་གི་བར་ཉམས་འགྱུར་མེད་པར་དར་ཞིང་བཞུགས་པ་ཡིན། དེའང་དེང་སང་འཛམ་གླིང་ཀུན་གྱིས་འཚོལ་ཞིང་ཉར་ཚགས་བྱེད་བཞིན་འདུག་པའི་ཅ་ཆས་དང་ལམ་སྲོལ་བཞིན་སྔོན་ནས་ད་ཚུན་ལོ་ངོ་མང་རབས་ཀྱི་བར་དར་ཞིང་བཞུགས་པའི་རྒྱ་བོད་ཀྱི་རིག་གཞུང་རྙིང་པ་འགངས་ཅན་ཞིག་ཏུ་མཐོང་ཞིང༌། དེར་བརྟེན་ད་ལྟ་ཁག་གཉིས་སུ་སོང་བའི་རྒྱུ་མཚན་གྱི་གནད་ཀྱང་དེ་ལ་ཐུག་ཡོད་པ་ཡིན། དེ་མ་ཚད་དོན་དུ་རྩིས་གཞི་དེ་རང་རང་རེ་འགྲོ་བ་མིའི་དབུགས་ཀྱི་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐམ་པ་འཁོར་བའི་དུས་ཀྱི་ཡུན་ལ། དེ་རིང་སྔ་དྲོ་ནམ་ལངས་པ་ནས་སང་ཐོ་རངས་ནམ་ལངས་ཀྱི་བར་དུས་ཚོད་བཅུ་གཉིས་རྫོགས་པ་དང་ཉིན་ཞག་ཅེས་ཉི་མ་གཅིག་དང་ཞག་གཅིག་གི་རྣམ་གཞག་འཇོག་འདུག

དེའང་ཚེས་གཅིག་དང་གཉིས་ལ་སོགས་པ་ནས་ཞག་སུམ་ཅུ་ལོངས་སྐབས་ཟླ་བ་གཅིག་དང་ཟླ་བ་བཅུ་གཉིས་རྫོགས་པའི་ཡུན་ལ་ལོ་གཅིག་ཅེས་པའི་ཐ་སྙད་བྱུང་བ་ཡིན་ལ། དེ་ནི་ལོ་འགོ་བརྩི་ཚུལ་མང་ཡང་འབྱུང་རྩིས་ཀྱི་དགོངས་པ་བཞིན་ཟླ་བ་བཅུ་གཅིག་པ་ཚེས་ཏེ་ཉི་མ་ལྡོག་པའི་ལོ་གསར་ནས་བཟུང་སང་ལོ་མགོ་ཟླ་ཚེས་ཏེ་ཉིན་ལྡོག་ལོ་གསར་མ་ཚེས་ཚུན་ད་ལྟའི་ལོ་འདི་རྒྱུ་བཞིན་ཡོད་པ་དང་ཕྱི་མའི་ལོ་གསར་གྱི་ཟླ་བ་ཚེས་པ་དང་སྔ་མའི་ལོ་དེ་འདས་པར་བཏང་སྟེ་རྗེས་མའི་ལོ་འགོ་རྩོམ་ཞིང་ད་ལྟ་རྒྱུ་བཞིན་དུ་ཡིན་པར་བརྩིས་པ་ནི་རྩོད་མེད་འཇིག་རྟེན་ཀུན་གྱི་འགྲོ་ལུགས་ཡིན། དཔེ་དེ་བཞིན་དུ་རང་རེའི་མི་དམང་ཡོངས་ཀྱི་ལོ་འགྲོས་བརྩི་ཚུལ་ལའང་ལོ་གྲངས་བཅུ་གཉིས། ཉེར་བཞི་སོ་དྲུག་སོགས་གང་རུང་ཞིག་སོང་ཟིན་པ་ནས། རྗེས་མའི་ལོ་གསར་ཚེས་པའི་ཟླ་བ་གཅིག་ནས་འགོ་བརྩམས་བཅུ་གཉིས་པོ་རིམ་གྱིས་སོང་བ་རྣམས་རྗེས་ལོ་བཅུ་གསུམ་དང་། ཉེར་ལྔ། སོ་བདུན་སོགས་ཀྱི་ཞག་དང་ཟླ་བའི་ཕུང་པོའམ་ཆ་ཤས་རྣམས་བགྲོད་པ་ཡིན་ནམ་མ་ཡིན།

དང་པོ་ལྟར་ན་ལོ་ཉི་ཤུ་རྩ་ལྔ་པ་ངོ་ཐོག་གི་ཟླ་བའི་ཕུང་པོའམ་ཆ་ཤས་རྣམས་རིམ་གྱིས་འགོ་རྩོམ་ཞིང་ད་ལྟ་རྒྱུ་བཞིན་དུ་ཡོད་པ་འདི་ལ་ལོ་བཅུ་གསུམ། ཉེར་ལྔ། སོ་བདུན་སོགས་ཀྱི་གྲངས་སུ་བརྩིས་པ་ལ་མི་འཐད་པའི་སྐྱོན་ཅི་ཞིག་འདུག འཇིག་རྟེན་པའི་གཏམ་དཔེ་ལས་ཀྱང༌། ནད་མ་འོངས་གོང་ནས་རིམ་གྲོ་དང༌། ཆུ་མ་འོང་གོང་ནས་ཡུར་བ་ཟེར་བ་དེ་གནད་དོན་དེ་ལ་བརྟེན་གསུངས་པ་མ་ཡིན་ནམ། འཇིག་རྟེན་པའི་གཏམ་དཔེ་དེའང་ཕལ་ཆེར་རྒྱལ་བའི་གསུངས་རབ་ལས་བྱུང་བ་ཁོ་ནའོ། གཉིས་པ་ལྟར་ན་ཟླ་བ་བཅུ་གཉིས་པོ་རིལ་གྱིས་རྫོགས་པ་དང་རྗེས་ལོ་བཅུ་གསུམ་དང་ཉེར་ལྔ། སོ་བདུན་སོགས་ཀྱི་གྲངས་བརྩི་དགོས་པ་ཡིན་ན་ལོ་གཅིག་ཟླ་བ་བཅུ་གཉིས་པོའི་གྲངས་ཡོངས་སུ་རྫོགས་ཚར་བར་བརྟེན་ལོ་ངོ་ཐོག་ད་ལྟ་འགྲོ་བཞིན་པ་མ་ཡིན་པས་འདས་པ་ཡིན་དགོས།
དེ་ལྟར་འདས་ཟིན་པ་ཡིན་ན་གནམ་ལོ། མཐུན་གསུམ། བདུན་ཟུར་སོགས་ཀྱི་ལོ་སྐག་བརྩིས་ཏེ་སྐུ་རིམ་བསྒྲུབས་པ་ལ་ལོ་ངོ་ཐོག་ལ་ཕན་ཐོགས་འདུག་གམ། དེ་མ་ཚད་ལོ་རྗེས་མའི་ཟླ་བའི་ཕུང་པོའམ་ཆ་ཤས་སོགས་རིམ་གྱིས་གསོག་སྟེ་འོང་བ་རྣམས་ལོ་གྲངས་སྔ་ཕྱི་གང་གི་ཁོངས་སུ་བཙུགས་རྒྱུ་ཡིན་ནམ༌། ཟླ་བ་བཅུ་གཉིས་མ་ཚང་བས་ལོ་གྲངས་རྗེས་མའི་ཁོངས་སུ་མ་བརྩི་ན་ཟླ་བ་བཅུ་གཉིས་ཚང་བ་ནས་ལོ་གྲངས་འདས་པ་སོང་བས་རྗེས་ལོར་བརྩིས་ཀྱང་ཕན་ཐོགས་ཨེ་འདུག་ལྟོས་ཤིག
དེ་ལྟའི་ལུགས་ལ་མགྲོན་པོ་ད་ལོར་སླེབས་ཏེ་རྒྱབ་ཐལ་ཚར་བ་དང་ངོས་ལོན་མདུན་བསུ་སང་ལོར་བྱེད་པ་དང་འདྲ་བས་ཧ་ཅང་གིས་ཕྱིས་པའི་སྐྱོན་ཆེར་མཐོང་བས་དེ་དག་ལེགས་པར་བརྟག་དཔྱད་མཛོད་ཅིག།

རེས་གཟའི་གནས་སུ་གང་ཤར་བ་དེ་འདས་པ་ཡིན་དགོས་ཏེ་དེའང་དེ་རིང་ནམས་ལངས་ལག་རིས་གསལ་བའི་དབུགས་གཅིག་ནས་བརྩམས་སང་ནམ་ལངས་ལག་རིས་མ་གསལ་གྱི་བར་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐམ་པ་རྒྱུ་བ་དེ་དྲུག་གིས་ཆ་ཕུད་པའི་ཐོབ་པ་གཅིག་ནས་བརྩམས་སུམ་སྟོང་དྲུག་བརྒྱ་ཐམ་པ་བསགས་པ་ཆུ་སྲང་དང༌། དེ་དྲུག་གིས་ཕུད་པའི་ཐོབ་ནོར་གཅིག་ནས་བརྩམས་དྲུག་ཅུ་ཐམ་པ་ཁ་གང་བའི་བར་དེ་རིང་ཉིན་ཞག་གཅིག་གི་རེས་གཟའི་ལོངས་སྤྱོད་དམ་ཆུ་ཚོད་རྣམས་རྒྱུ་བཞིན་པ་ཡིན། དེ་རིང་ཉིན་ཞག་གཅིག་གི་ཆུ་ཚོད་དྲུག་ཅུ་ཐམ་པ་ལོངས་ཏེ་རེས་གཟའི་གནས་སུ་སླེབས་པའི་ཨང་ཀི་གང་ཡིན་དེ་འདས་པ་ཡིན་དགོས། དེ་ལྟར་མ་ཡིན་པ་ཆུ་ཚོད་དྲུག་ཅུ་ཁ་གང་སྟེ་རེས་གཟའི་གནས་སུ་ཨང་ཀི་གཅིག་སླེབས་པ་དང་རེས་གཟའ་ཉི་མ་ཞེས་བརྩི་དགོས་པ་ཡིན་ན་དེའི་ལུགས་ལ་ཆུ་ཚོད་གཅིག་ནས་དྲུག་ཅུ་ཐམ་པ་ཁ་མ་གང་བའི་བར་དེ་རིང་ཉིན་ཞག་གཅིག་གི་དུས་ཚོད་རྫོགས་ཏེ་སང་ཉིན་མ་གཏོགས་རེས་གཟའ་བརྩི་རྒྱུ་མི་འདུག
དེ་ལྟར་ཡིན་ན་ཞག་གཅིག་གིས་ཕྱིས་པའི་སྐྱོན་འདྲ་མཐོང་ཞིང་དེང་སང་རེས་གཟའ་གཉིས་སྔ་རྟིང་ཆགས་པ་དེའང་རྒྱུ་མཚན་དེ་ཡི་དབང་གིས་སོང་བ་འདྲ་འདུག དེ་བཞིན་དུ་ལོ་ལྟར་གནམ་ལོ་ཟླ་ཚེས་དང་ཉིན་རིམ་བཞིན་ལག་འཁོར་ཆུ་ཚོད་བརྩི་ཚུལ་གྱིས་ཀྱང་རེས་གཟའ་འདས་པའི་རྩིས་ལུགས་རྟོགས་ནུས། འཇིག་རྟེན་པའི་ཡོངས་གྲགས་ཀྱི་རྣམ་གཞག་དང་རིག་པའི་འགྲོ་སྟངས་རྣམས་མཚུངས་མི་མཚུངས་ཀྱི་དཔྱད་པ་ནི་ཐམས་ཅད་ལ་དགོས་སོ། ཅི་བྱུང་གང་བྱུང་དུ་སྨྲས་པས་ནི་མི་ཆོག དེ་དག་གི་རིག་པའི་འགྲོ་སྟངས་རྣམས་ལ་དཔྱད་པས་རང་རེའི་རེས་གཟའ་འདས་པ་དེ་ལ་ཡིད་ཆེས་ཀྱི་ངེས་པ་ཆེ་རུ་འགྲོ་ཡོད།

འདས་གཟའ་ནོར་འཁྲུལ་དང་ལྡན་པ་ཡིན་ན། དེང་སང་ངེད་རང་ནང་པ་སངས་རྒྱས་པའི་ལུགས་ལས་ འཇིག་རྟེན་པའི་འགྲོ་ལུགས་རྣམ་གཞག་སོགས་ཀྱང་བསྒྱུར་བཅོས་བྱ་དགོས་པ་ངེས་བདེན་མཐོང་ཞིང༌། འོན་ཀྱང་བདག་འདྲ་བླུན་པོའི་དཔྱད་པ་ལ་མི་སུ་ཞིག་གིས་ཡིད་ཆེས་བྱེད་པ་ག་ལ་སྲིད། ཁྱེད་མཁས་དང་གྲུབ་པའི་དབང་པོ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་བསྟན་པའི་གསལ་བྱེད་དུ་བཞུགས་པའི་སྐུ་དྲིན་ཆེ་བས་རེས་གཟའ་དེ་གཉིས་ཀྱི་གཤིས་ལུགས་དང་མཐུན་པའམ་རི་མོའི་འགྲོ་སྟངས་སམ་རྒྱུ་ཚུལ་དང་དེ་སང་འཛམ་གླིང་རྒྱལ་ཁབ་སོ་སོའི་ཉིན་མཚན་གྱི་ཁྱད་པར་སོགས་དང་བསྟུན་ནོར་འཁྲུལ་སུའི་ཐད་ནས་ཡོད་རུང་ཕྱོགས་དང་རིས་སུ་མ་ལྷུང་བར་གཟུ་བོའི་བློས་ཡང་དག་གང་ཡིན་བརྟག་དཔྱད་མཐིལ་ཕྱིན་གནང་ཐུབ་འབྱུང་ན་རང་རེའི་རྒྱལ་ཁབ་ཏུ་རེས་གཟའ་ཁག་གཉིས་སུ་སོང་སྟེ་མི་རྣམས་བྱ་སྟབས་མི་བདེ་བ་རྒྱུན་མར་མགོ་འཁོར་བའི་དཀའ་ངལ་སེལ་ཐུབ་ཡོད་པ་ཞིག་ཐུགས་རྗེ་བརྩེ་བས་གཟིགས་པར་གསོལ་འདེབས་ཞུ་བ་མཁྱེན།། །།

དཔྱད་རྩོམ།

Post navigation

Previous Post: དཔེ་དེབ་བཀླགས་པའི་མྱོང་ཚོར།
Next Post: ཞི་རྒོལ་བ་ཞིག་གི་ཀྱག་ཀྱོག་ལམ་བུ།

Comments (2) on “རེས་གཟའི་སྐོར་ཀུན་ལ་དོགས་སྣང་བྱུང་ཚུལ།”

  1. ངག་དབང says:
    2014-04-30 at 4:55 am

    ཡག་པོ་ཞིག་མགོ་ཚོས་གི་མི་འདུག ཤམ་བྷ་ལའི་རྒྱལ་ཁབ་ནི་བློའི་བསླངས་ཙམ་རེད་ ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་ཟེར་བ་མེད

  2. བསོད་ནམས་འབྲུག་པ། says:
    2014-05-05 at 7:41 am

    ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་ཡོད་ཅིང་། དེའང་དུས་ཚོད་རེར་ཆུ་ཚོད་ལྔ་རེ་ཡོད་པས། ནམ་ལངས་ཡོས་ནས་ཐོ་རངས་སྟག་གི་བར་ལ་རྩིས་པས་དྲུག་ཅུ་ཐམ་པའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme