Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་སློབ་མས་སྐད་འབོད་ལས་བྱུང་བའི་བསམ་ཚུལ།

Posted on 2010-10-202010-10-20 By ཁ་བརྡ་ 4 Comments on རེབ་གོང་སློབ་མས་སྐད་འབོད་ལས་བྱུང་བའི་བསམ་ཚུལ།

སྲིན་འབུ་མེ་འཁྱེར་ནས

གལ་སྲིད་ང་ཚོས་མིག་བཞག་ཕྱིར་འཕངས་ཀྱིས་བོད་ཀྱི་སྐད་ཡིག་གི་ལས་དབང་དང་དེའི་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་མནོ་བསམ་རེ་གཏོང་པ་ཡིན་ན། ད་གཟོད་བོད་ཀྱི་སྐད་ཡིག་ལ་མཐོ་དམན་བར་གསུམ་གྱི་ལས་དབང་འདྲ་མིན་བྱུང་ཡོད་པ་མཐོང་ཐུབ་ལ། ལྷག་པར་ཏུ་བོད་འདི་རྒྱ་ནག་གིས་བཙན་བཟུང་བྱས་པ་ནས་བཟུང་། བོད་ཀྱི་སྐད་ཡིག་གི་ལས་དབང་ལ་རྒྱ་ནག་རང་གི་ཁས་དབང་དང་། ཆབ་སྲིད་ཀྱིས་དགོས་གལ་ལས་བཅོས་བསྒྱུར་གང་མང་བཏང་ཡོད་པར་ཤེས་ཐུབ།
ཐོག་མར་རྒྱ་ནག་གིས་བོད་ཀྱི་སྐད་དང་རིག་གཞུང་སོགས་རྩ་མེད་ལྷག་མེད་བཟོད་པར་བོད་ཀྱི་གནའ་སྲོལ་རིག་གཞུང་དང་རན་བྲལ་གྱི་དགོན་སྡེ་ཁག་རྕ་མེད་གཏོར་བཤིག་བཏང་པ་མ་ཟད། བླ་སྤྲུལ་དགེ་འདུན་པ་ཚང་མ་བཙན་ཤེད་ཀྱིས་མི་སྐྱར་ལོགས་སུ་འཇུག་པ་དང་། ཁོང་ཚོ་མང་པོ་དོན་མེད་བཙུན་འཇུག་བྱས་སྟེ་བཙུན་ཁང་དུ་དཀྲོང་པ་དང་། བོད་ཀྱི་སྐད་ཡིག་ལ་མཁས་པ་དང་དེ་ལ་སྦྱང་བྱ་ཡོད་པའི་གང་ཟག་སུའང་ཐར་པར་མི་གཏང་པར་དམག་གསོད་དང་འཇིགས་བསྐུལ་བྱས་པ་དང་། བོད་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཀྱི་རན་བྲལ་དཔེ་ཆ་དང་རྩ་ཆེན་རིག་གནས་ཀྱི་བང་མཛོད་ལྟ་བུའི་ནང་ཆོས་ཀྱི་དེབ་ཐེར་སོགས་མེར་བསྲེགས་དང་ཆུ་བསྐུར་བྱས་པ་རེད་ལ། དེ་ནི་གཙོ་བོར་ཁོང་ཚོས་ང་ཚོའི་རླབས་ཆེན་གྱི་མེས་པོས་ཞུལ་བཞག་ལ་ལྡངས་སེམས་དང་ཕྲག་དོགས་བཅངས་པ་དང་། སྐད་དང་ཡི་གེ་ནི་མི་རིགས་ཀྱི་སྲོག་རྕ་ཡིན་པར་ཤེས་ནས་རང་ཉིད་ཀྱི་དབང་བསྒྱུར་ས་ཁུལ་ལ་ཕྱིས་སུ་གྱེན་ལོག་དང་ཆབ་སྲིད་ཀྱི་དཀའ་ངལ་མ་འཕྲད་པའི་རྐྱེན་ཡང་ལོས་ཡིན།
དེ་ནས་༧གོང་ས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་བོད་ལ་ཞེན་ལྡན་སྐྱེ་ཆེན་དམ་པ་མང་པོས་རང་ཉིད་ཀྱི་ཚེ་སྲོག་ལ་མ་འཛིམ་པར། རྒྱ་ནག་གི་མེ་མདའི་སོར་ཁའི་འོག་བོད་ཀྱི་སྐད་ཡིག་ལ་ཉམས་གསོ་དགོས་པ་དང་མི་རིགས་ས་ཁུལ་ལ་རང་ཉིད་ཀྱི་སྐད་ཡིག་གཙོས་རིག་གཞུང་ཡོད་ཚད་ལོངས་སྤྱོད་བྱེད་པའི་རང་དབང་དང་ཁྲིམས་མཐུན་གྱིས་ཐོབ་ཐང་སྤྲད་དགོས་པ་སོགས་སྨྲས་པས། མཐར་རྒྱ་ནག་གིས་རང་ཉིད་ཀྱི་བདག་དབང་ལ་ཁེངས་རློང་དང་༧གོང་ས་ཀུན་གཟིགས་པཎ་ཆེན་མཆོག་གིས་རེ་འདོད་ལ་མ་ཉན་ན་བོད་ས་དབང་བསྒྱུར་ལ་ཆབ་སྲིད་ཀྱི་བདག་དབང་སྲ་བརྟན་མེད་པར་འགྱུར་ཉེ་ཆེ་བར་སྙམ་ནས་རིམ་གྱིས་ཆོས་སྒོ་ཕྱེད་པ་དང་། བོད་ས་ཁུལ་ཏུ་རང་ཉིད་ཀྱིས་སྐད་ཡིག་སྦྱངས་སུ་འཇུག་པ་རེད། དེ་ནི་གཙོ་བོ་ཁོང་ཚོས་ང་ཚོ་བོད་པ་ལ་རང་ཉིད་ཀྱིས་སྐད་ཡིག་སྦྱངས་ནས་མི་རིགས་ཀྱི་འཐབ་རྕོད་ལ་འཇུག་ཐུབ་པའི་ནུས་པ་གཏན་ནས་ཡོང་མི་སྲིད་པའི་ནོར་འཁྲུལ་གྱི་གདེང་ཚོད་ཅིག་སླེབས་པའང་ཡིན་སྲིད།
མི་རིགས་སུ་ཡིན་རུང་རང་རང་གི་སྐད་ཡིག་དང་རིག་གཞུང་ལ་ལོངས་སུ་སྤྱད་དེ་རང་ཉིད་ཀྱི་འཚོ་བའི་དངོས་གཞི་ལ་རྨང་གཞི་གདན་འགོ་འཛུགས་པ་ནས་བཟུང་། མི་རིགས་དེ་ལ་རང་ཉིད་ཀྱི་ལྟ་བ་དང་རང་ཉིེད་ཐོན་མིན་ཁྱད་ཆོས་རེ་ཡོང་ཡོང་པ་རེད་ལ། མི་རིགས་རིང་ལུགས་ཀྱི་བསམ་བློ་ལྟ་གྲུབ་ཀྱང་ཆེས་ཆེར་སླེབས་ཐུབ་པ་ནི་མི་རིགས་སོ་སོའི་སྐད་ཡིག་དང་རིག་གཞུང་གི་ནུས་པ་ཆེ་ཤོས་དེ་རེད། རྒྱུ་མཚན་དེ་ལ་བསྟེན་ནས་བོད་ས་ཡོངས་སུ་རིམ་གྱིས་འཐབ་རྩོད་ཀྱིས་ལམ་ལ་བཞུགས་འགོ་འཛུགས་པ་རེད་ལ། ལྷག་པར་༢༠༠༨་གྱིས་ཞི་རྒོལ་ཆེན་པོས་རྒྱ་ནག་གཞུང་ལ་རང་ཉིད་ཀྱི་བོད་ལ་བཅངས་བའི་མཐོང་ཆུང་གི་ལྟ་སྟངས་དེ་ཉིད་ནོར་འཁྲུལ་ཡིན་པར་གཞི་ནས་རྟོགས་ཡོད་ལ། རང་ཉིད་ཀྱི་བདག་དབང་ལ་སྲ་བརྟན་མེད་པར་ཉེས་ཁར་རུ་ལྷུང་ཟིན་པར་ཤེས་ཡོད། རྒྱུ་རྐྱེན་དེའི་དབང་གིས་དེ་ཐེངས་ ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་ལས་ཁུངས་རིམ་པས་སློབ་གྲྭ་ཁག་གི་སློབ་དེབ་རིགས་ལས་ མི་རིགས་རང་གི་སྐད་ཡིག་སློབ་དེབ་ཕུད། དེ་མིན་གྱི་སློབ་དེབ་ཚང་མ་རྒྱ་ཡིག་གི་ལམ་ནས་འཁྲིད་སྦྱོང་དགོས་པའི་གླེང་ སློང་རིམ་པར་བྱུང་ཡོདཔ་དང་། ད་ཆར་དེ་ལུགས་ཀྱི་རྩ་འཛིན་ཡིག་ཆ་འགྲེམས་སྤེལ་དང་ལག་བསྟར་བྱ་ཉེའི་མཚམས་སུ་ འཁེལ་ནས་ཡོད་འདུག་པ་དང་། དེ་ཡང་མ་འོངས་ལོ་ལྔའི་ནང་དེ་ལུགས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འཆར་གཞི་ཡོད་ པ་སོགས་གནས་ཚུལ་འདི་རིགས་བྱུང་པ་རེད་མོད། ཡིན་ནའང་། མི་རིགས་ཀྱི་བསམ་བློའོ་འདུ་ཤེས་དང་རང་ཉིད་ཀྱི་མི་རིགས་ལ་བཅངས་བའི་ལ་རྒྱ་དང་དགའ་ཞེན་ནི་སུས་ཀྱང་བཀག་མི་ཐུབ་པ་ཞིག་ཡིན་དུས། ཁོང་ཚོས་བོད་ལ་ཇི་ལྟར་བྱེད་ཀྱང་ང་ཚོ་མི་རིགས་ཀྱི་འཐབ་རྩོད་འདི་མཇུག་སྒྲིལ་མེད་པར། དེ་ལས་ལྡོག་ཏེ་འགོ་འཛུགས་པ་ཙང་ཡིན་པར་ཁོང་ཚོས་ཤེས་ཀྱིས་མེད།

རྩོམ་རིག

Post navigation

Previous Post: བོད་དོན་རྩོད་པའི་ཀ་ཁ་བཀླགས་རྗེས་སུ།
Next Post: བྱ་ཆུའི་རླབས་སྒྲ་ཕ་སྐད་དར་སྤེལ་ཚོགས་པ།

Comments (4) on “རེབ་གོང་སློབ་མས་སྐད་འབོད་ལས་བྱུང་བའི་བསམ་ཚུལ།”

  1. འཇིགས་མེད་བཀྲ་་་་ཤིས། says:
    2010-10-21 at 12:42 pm

    ན་ནིང་ 2008 ལོར་ཆབ་སྲིད་ཀྱི་ངོ་རྒོལ་དེ་ཆོལ་ཁ་གསུམ་ལ་ཁྱབ་པ་རེད། དེས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཡོད། ད་རེས་སྐད་ཡིག་སློབ་གསོའི་ངོ་རྒོལ་འདི་ཡང་ཆོལ་ཁ་གསུམ་ལ་ཁྱབ་ཐུབ་རྒྱུ་ན། འདིས་བོད་ཀྱི་རིག་གནས་སློབ་གསོའི་གནད་དོན་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ངེས་ཡིན།
    ད་རེས་ཀྱི་འདི་ཁྲིམས་འགལ་དུ་མི་འགྱུར་བ་དང་། དྲག་ཟིང་དུ་མི་འགྱུར་བ། སྲིད་དོན་དུ་མི་འགྱུར་བའི་སྒོ་ནས་བོད་ཡོངས་ལ་ཁྱབ་ཐུབ་པར་སྨོན།

  2. གངས་ལྷ་མེ་ཏོག says:
    2010-10-21 at 4:59 pm

    སྲིན་འབུ་མེ་འཁྱེར་ལགས། ཁྱེད་ཀྱིས་བཤད་པ་དངོས་གནས་བདེན། ད་ནི་བོད་ལ་རེ་བ་འདུག་ཨཱ། རྒྱ་གོག་དེ་ཚོས་ཇི་ལྟར་བྱས་ཀྱང་མི་ཕན།

  3. མགོན་པོ་ཕྱག་གཉིས་པ། says:
    2010-10-22 at 8:16 am

    ད་རེས་ལས་འགུལ་འདི་བོད་ཡོངས་སུ་ཁྱབ་ཐུབ་གི་མ་རེད་འདོད། རྒྱུ་མཚན་ནི། རྨ་ལྷོ་དང་མཚོ་ལྷོ་སོགས་བོད་ས་འགའ་རེ་མ་གཏོགས་སྔོན་མ་ནས་བོད་ཡིག་མ་གཏོགས་གཞན་པའི་སློབ་ཚན་ཁག་རྒྱ་ཡིག་ནང་ཁྲིད་དང་འཁྲིད་བཞིན་ཡོད་པ་རེད་ཟེར། རྨ་ལྷོ་ཁུལ་ལ་མཚོན་ནའང་། རྨ་ལྷོ་སོག་རྫོང་གིས་ལོ་ཤས་གོང་ནས་རྒྱ་ཡིག་ཅན་དུ་བསྒྱུར་འདུག བསླབ་གཞི་ཚང་མ་བོད་ཡིག་ནང་ཁྲིད་མ་ཁྲིད་སྐོར། བོད་ཀྱི་སློབ་གསོའི་ལས་དོན་གཉེར་མཁན་ཚོའི་ནང་ལའང་བསམ་ཚུལ་མ་མཐུན་པ་ཡོད་པ་འདྲ། བསླབ་གཞི་ཚང་མ་བོད་ཡིག་ནང་ཁྲིད་ན་ཡག་པོ་རེད། དེ་ལ་རྒྱབ་སྐྱོར་ཡོད་དེ། རྒྱ་ཡིག་ཡག་པོ་ཞིག་མ་ཤེས་ན་བྱ་བ་མི་ལོན་པའི་དཀའ་ངལ་ཡོད་པ་དེའང་དངོས་ཡོད་གནས་ཚུལ་ཞིག་རེད། རྒྱལ་ཡོངས་གཅིག་གྱུར་གྱི་ཡིག་རྒྱུགས་ལེན་པ་ང་ཁྱད་པར་ཡོད་པ་འདྲ།
    རྨ་ལྷོ་ལ་མཚོན་ན། སྔོན་མ་ཞིག་ནས་དངོས་ཁམས། རྫས་འགྱུར། ས་རྒྱུས། ལོ་རྒྱུས། རྒྱུན་ཤེས་སོགས་བོད་ཡིག་ནང་ཁྲིད་པ་རེད། ཡིན་ནའང་། སློབ་ཆེན་སོགས་ལ་ཚུད་རྒྱུགས་གཏོང་སྐབས་དཀའ་ངལ་ཞིག་འཕྲད་པ་རེད། དེ་ནས་སློབ་གསོའི་ལས་དོན་གཉེར་མཁན་བོད་མིའི་འགོ་ཁྲིད་སེམས་ཤུགས་ཅན་དེ་འདྲས་ཤུགས་རྒྱབ་ནས་དྲི་གཞི་ཚང་མ་བོད་ཡིག་ནང་འདོན་དགོས་པའི་དགོངས་ཚུལ་བཏོན་འདུག ཡིན་ནའང་། དེ་ལ་བོད་རང་གི་ནང་ནས་ཁ་གཏད་གཅོག་མཁན་བྱུང་བརེད། བོད་རང་སྐྱོང་ལྗོངས་ནི་དེ་ལ་ལ་ངོ་རྒོལ་བྱེད་མཁན་དང་པོ་དེ་ཆགས་པ་རེད། དེ་ནས་མཐར་དྲི་གཞི་ཚང་མ་རྒྱ་བོད་གཉིས་ཀྱི་ནང་བཟོ་རྒྱུ་བྱས་ནས་སྐབས་ཤིག་དེ་ལྟར་བྱས་པ་འདྲ་ད་ལྟ་་མི་ཤེས།
    བོད་ཡིག་བསླབ་ན་དེ་ལ་མདུན་ལམ་ཞིག་དགོས་པ་རེད། དེ་ལ་མདུན་ལམ་མེད་ན་མི་ཕལ་ཆེ་བས་རང་བཞིན་གྱིས་རྒྱ་ཡིག་སྦྱོང་འགྲོ་གི་རེད། ད་མདུན་ལམ་ཟེར་ན་ག་རེ་རེད། བོད་ཀྱི་ས་ཁུལ་དུ། གཞུང་འབྲེལ་ཡི་གེ་དེ་བོད་ཡིག་བྱེད་དགོས་པ་རེད། དེ་མ་ཡོང་ནའང་རྒྱ་བོད་གཉིས་ཀ་ངེས་པར་བྱེད་དགོས་པ་རེད། དེ་ལྟར་མིན་ན། དེ་ནི་འདྲ་མཉམ་ཞིག་མ་རེད།
    རྩ་ཁྲིམས་ནང་མི་རིགས་འདྲ་མཉམ་བྲིས་འདུག བཅའ་ཁྲིམས་ནང་གི་མི་རིགས་ཀྱི་སྐད་ཀྱི་སྐོར་བྲིས་ཡོང་བ་དེར་བལྟས་ན། རྩ་ཁྲིམས་ནང་གི་འདྲ་མཉམ་ཟེར་བ་དེ་རང་བཞིན་གྱིས་མེད་པ་ཆགས་འདུག མེད་པ་ག་འདྲ་བྱས་ཆགས་འདུག་ཟེར་ན། དོན་ཚན་ཞིག་ནང་། རྒྱལ་ཁབ་ཀྱིས་རྒྱལ་ཡོངས་གཅིག་གྱུར་གྱི་སྐད་བེད་སྤྱོད་གཏོང་གི་ཡིན་ཟེར་བ་འདྲ་ཞིག་བཤད་ཡོད་པ་རེད། གཅིག་གྱུར་གྱི་སྐད་ཟེར་བ་དེ་ཕུ་ཐུང་ཧྭའམ་མན་ཌེ་རེན་ཟེར་གི་ཡོད་པ་རེད། མདོར་དེད་ན། གཞུང་འབྲེལ་གྱི་སྐད་རྒྱ་སྐད་ཡིན་ཟེར་གི་ཡོད་པ་རེད།
    དེ་ཡིན་ན། རང་མི་རིགས་ཀྱི་སྐད་སྦྱོང་ཆོག་པའི་ཐོབ་ཐང་ཡོད་ཟེར་བ་དང་། རང་སྐྱོང་དངོས་སུ་བྱེད་པའི་ས་ཁུལ་དུ་མི་རིགས་དེའི་སྐད་བེད་སྤྱོད་གཏོང་ཆོག་པ་ལྟ་བུ་ཞིག་བཤད་ཡོད་པ་དེ་ཚོ་རང་བཞིན་གྱིས་ནུས་མེད་དང་ནུས་པ་ཆུང་དུ་ཆགས་པ་རེད།

  4. དམུ་ཐག་དཀར་པོ། says:
    2010-10-22 at 9:22 am

    ད་ཐེངས་བོད་ནང་དུ་སློབ་ཕྲུག་ཚོས་སྐད་ཡིག་གི་ཆེད་དུ་སྐད་འབོད་བྱས་པ་དེ་ཞི་རྒོལ་དང་དྲག་རྒོལ་གང་ཡང་མ་རེད། འདི་ནི་བོད་མི་རིགས་ལ་ཐོབ་ཐང་དང་བདག་དབང་ཡོད་པའི་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཙམ་རེད། གཞིས་པ་ཚོས་ལས་འགུལ་ཅི་འདྲ་ཞིག་བརྩམས་ཀྱང་ང་ཚོས་དེ་ལ་འགྲེལ་ལོག་བརྒྱགས་ཏེ་ཞི་རྒོལ་དང་དྲག་རྒོལ་གྱི་ཐ་སྙད་ཅིག་སྦྱར་ཏེ་རྒྱ་ནག་གཞུང་གི་ཁྲིམས་འགལ་གྱི་ལས་འགུལ་ལྟབུ་ཞིག་བཟོ་བཞིན་ཡོད།
    འདི་ནི་རྒྱ་གཞུང་གི་ཁྲིམས་འགལ་དང་སྲིད་ཇུས་ལ་གནོད་པའི་ལས་འགུལ་དེ་འདྲ་གང་ཡང་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདིའི་ཁྲིམས་འོག་ཏུ་ཡོད་པའི་མི་རིགས་ཤིག་གི་བསམ་བློའི་རྟོགས་སད་དང་ཡར་རྒྱས་ཀྱི་མངོན་རྟགས་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡར་རྒྱས་དགོས་ན་དེའི་སྒྲིག་འཛུགས་ཀྱི་ཆ་ཤས་བོད་མི་རིགས་དང་དེའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་པ་ནི་ད་ལྟའི་རྒྱ་ནག་གི་སྲིད་ཇུས་ལ་བོད་ཀྱི་སློབ་ཕྲུག་ཚོས་རྒྱབ་སྐྱོར་དང་མཐུན་འགྱུར་བྱས་པ་ལས།
    རྒྱ་ནག་གི་སྲིད་ཇུས་དང་རྩ་ཁྲིམས་དང་མི་མཐུན་པའི་ཁྲིམས་འགལ་དང་རྒོལ་བ་གཏན་ནས་མ་རེད། དེས་ན་ཕྱི་ལོགས་ན་ཡོད་པའི་བོད་མི་ཚོས། སློབ་ཕྲུག་ཚོས་སྤེལ་བའི་ཁྲིམས་མཐུན་གྱི་ལས་འགུལ་དེ་ཞི་དྲག་གི་རྒོལ་བའི་ཐ་སྙད་ཅིག་བཙན་སྤྱར་བྱས་ཏེ་ཁོང་ཚོ་ཁྲིམས་འགལ་དང་ཉེས་ཅན་ཞིག་མ་བཟོ་རོགས་གནང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme