Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་སོ་ནག་རྔ་དཀར་སྡེ་བ་ནས་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ།

Posted on 2014-03-232014-03-24 By ཁ་བརྡ་ 18 Comments on རེབ་གོང་སོ་ནག་རྔ་དཀར་སྡེ་བ་ནས་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ།

mmexport1395577981529ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རེབ་གོང་སོ་ནག་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་འདུག ཁོང་ནི་རེབ་གོང་རྩེ་ཁོག་སོ་ནག་རྔ་དཀར་སྡེ་བ་རུ་ཕ་ལ་སྐྱབས་རྒྱའི་བུ་རུ་སྐྱེས་པ་དང་། མེར་བསྲེགས་བཏང་མ་ཐག་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་དང་དམག་མིའི་ཚན་ཁག་གིས་དགོན་པའི་མཆོད་མཇལ་བ་བཀག་སྡོམ་དང་སྐད་འཕྲིན་སོགས་ཀྱི་དྲ་ལམ་ཚུད་ཆད་བཀག་སྡོམ་བྱས་འདུག  སྐབས་དེར་སོ་ནག་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཕུང་བོ་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཉིན་དེར་སྦྱིན་བསྲེགས་གནང་འདུག ཁོང་བོད་གཞིས་སུ་མེར་བསྲེགས་གནང་མཁན་ཐེངས་བརྒྱ་དང་ཉེར་བརྒྱད་པ་དང་། རེབ་གོང་ནས་མེར་བསྲེགས་གཏོང་མཁན་བཅུ་དྲུག་པ་ཡིན་འདུག

སོ་ནག་དགོན་པའམ་དགེ་ལྡན་བཀྲ་ཤིས་ཆོས་གླིང་ནི། ཕྱི་ལོ ༡༦༦༠ ལོར་གཡུ་རྔོག་བསམ་གཏན་རྒྱ་མཚོས་སོ་ནག་འབྲོག་ཏུ་ཟླ་བརྒྱད་པའི་ནང་མ་ཎིའི་ཆོས་ཐོག་བཙུགས་ཤིང་། དེ་ནས་བཟུང་གུར་མཚམས་པ་འགའ་འདུས་སྡོད་བྱུང། ཕྱི་ལོ ༡༧༤༠ ལོར་མཁན་ཆེན་དགེ་འདུན་རྒྱ་མཚོས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་རབ་བྱུང་དགེ་ཚུལ་དང་། བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ་སོ་ནག་གུར་སྒར་ཕྱག་འདེབས་མཛད་དེ་མཁན་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་རྒྱ་བསྐྱེད་གནང་ཞིང་། ཕྱི་ལོ་ ༡༩༥༨ ལོའི་ཡར་སྔོན་དུ་དགོན་པ་འདིར་འདུ་ཁང་གཅིག་དང་། མགོན་ཁང་། ནང་ཆེན་གཉིས། གྲྭ་ཤག་བརྒྱད་ཅུ་ཙམ། རྒྱུན་བཞུགས་ཀྱི་བླ་མ་གཉིས་དང་དགེ་འདུན་པ་བརྒྱད་ཅུ་ལྷག་བཞུགས་མོད། ཟིང་འཁྲུག་དང་རིག་གསར་སྐབས་མེད་བརླགས་སུ་བཏང་བ་དང་དགོན་ཤུལ་སོ་ནག་སྡེ་བའི་ཕྱུགས་འཚོ་སར་བསྒྱུར། mmexport1395577970315
ཕྱི་ལོ ༡༩༨༠ ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་རྩེ་ཁོག་གི་ཡུལ་དབུས་སུ་བྱ་དར་སྐྱིད་པོ་རིར་ཞབས་ཟུང་ཉེ་བར་བཀོད་དེ། རྩེ་ཁོག་རྫོང་ཁོངས་ཀྱི་བླ་དཔོན་སེར་སྐྱ་མང་ཚོགས་ཁྲི་ཕྲག་ལ་ཆོས་ཀྱི་ཁྲི་ལས་སྲད་རྒྱུད་བླ་མའི་རྣལ་འབྱོར་དང་། སྐྱབས་འགྲོ་སོགས་ལུང་དང་། ཆོས་སྲིད་གཉིས་འབྲེལ་གྱི་སྒོ་ནས་ཞལ་གདམས་བསླབ་བྱ་མང་དུ་བསྩལ། སོ་ནག་དགོན་པར་ཚེ་དཔག་མེད་ཀྱི་སྨན་སྐུ་བྱིན་ཅན་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་ཆ་ཚང་། ཁོང་གི་སྐུ་པར་བཅས་གནང་ནས།ད་ནས་བཟུང་སོ་ནག་དགོན་པའི་ཆོས་སྒོ་ཕྱེས་པ་ཡིན་ཞེས་གསུངས་ནས་ཆོས་སྒོ་གསར་དུ་ཕྱེས། དེ་ནས་བཟུང་རིམ་གྱིས་དགོན་པ་བསྐྱར་བཞེངས་ཀྱིས་ད་ལྟ་དགོན་པ་འདིར་འདུ་ཁང་ཆེན་མོ་དང་། འདུ་ཁང་ཆུང་བ། མགོན་ཁང་། ཤར་སྐྱབས་མགོན་གྱི་གཟིམ་ཁང་། མཁན་ཆེན་ནང་ཆེན། གྲྭ་ཤག་ལྔ་བཅུ་ལྷག རྒྱུན་བཞུགས་ཀྱི་བླ་སྤྲུལ་རེ་ཟུང་དང་དགེ་འདུན་པ་བརྒྱ་དང་ཉི་ཤུ་ལྷག་བཞུགས་ཡོད།

_______

མཆན། འདྲ་པར་གཉིས་སོ་ནག་དགོན་པའི་པར་ལས་མེར་བསྲེགས་སྐབས་ཀྱི་པར་མིན།

གསར་འགྱུར།

Post navigation

Previous Post: དཔྱིད་དུས་ཀྱི་ཉམས་འགྱུར།
Next Post: ངའི་རྨི་ལམ།-ཨ་མྱེས་གུང་ཀུག

Comments (18) on “རེབ་གོང་སོ་ནག་རྔ་དཀར་སྡེ་བ་ནས་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ།”

  1. ཨ་ཕྱི་ཆོས་སྒྲོན says:
    2014-03-23 at 11:37 am

    ཡང་དཔའ་བོ་ཞིག་བུད་ཐལ། དེ་འདྲ་དགོན་པའི་དབྱར་དགུན་ལ་སྐྱིད་ཉམས་འདུག ད་ནི་གྲུ་ཚང་དང་དགོན་པ་ལ་གནོད་ངེས་ཡིན་རྒྱུ་རེད། ཨ་ཁ་ཁ།

  2. ཤར་པ་ says:
    2014-03-23 at 4:32 pm

    ༄། རྒྱལ་གཅེས་དཔའ་བོ་ཁྱེད་ནི་ང་ཚོས་ནམ་ཡང་རྗེད་དུ་མེད་པའི་དཔའ་བོ་ཞིགདང་། བོད་ཀྱི་ལོ་རྒྱུས་ཐོག་གསེར་ཡིག་ལ་འགོད་རྒྱུ་དང།། སྐྱེ་བ་ནས་ཕྱི་རབས་ཐབས་ཅད་རྒྱལ་བ་ཡིན་བཞིན་ནོར་བུས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག།

  3. ཆོས་འཕེལ་དར་རྒྱས་ says:
    2014-03-23 at 6:07 pm

    སྤྱིར་ཟེར་མི འོས་བ་ཞིག་རེད། ལྷག་པར་རང་གིས་བོད་བསྟན་སྲིད་དོན་རང་ལུས་མེ་ལ་འབར་རྒྱུ་ཕར་ཞོག ཉིན་གཅིག་ལ་ཟས་བཅད་ཡང་མི་ཐུབ་པས་ཁ་བཟུང་ནས་སྡོད་དགོས་བ་འདྲ་བོ་རེད། འོན་ཀྱང་ད་སྔར་དཔའ་པོ་དང་དཔའ་མོ་འདི་འདྲ་མང་པོ་ཞིག་གིས་བོད་དོན་ཆེད་ཡིན་ཟེར་ནས་རང་ལུས་མེ་ལ་བསྲེག་སོང་བ་འདི་ལ་འབྲིས་བུ་ཅི་གང་ཞིག་ཐོན་མེད་པ་བསམ་ན་ལྷར་ཡང་ལག་ཟུང་ཐལ་མོ་སྦྱར་ནས་ད་མེ་ལ་མ་བསྲེག་རོགས་ཟེར་འདོད་བྱུང་། ཁྱེད་རང་ཚོས་ཅི་ཐུབ་གང་ཐུབ་གྱིས་རང་གི་ནང་མི། གཉེན་ཉེ་དུ། རི་ཚོ་བ་བཅས་ལ་ལྷག་བསམ་ནམ་དག་གིས་རོགས་པ་བྱེད་ཐུབ་ན་རང་ལུས་མེ་ལ་བསྲེག་པ་ལས་བོད་དོན་དེ་ན་འདུག

  4. དགའ་ཡ says:
    2014-03-23 at 7:05 pm

    དཔའ་བོའི་མཚན་ཏག་ཏག་ཡིན་ནམ།

  5. བུ་རྫི་མ says:
    2014-03-23 at 10:07 pm

    ད་ནི་དཔའ་རྟགས་མ་རེད་ཀློའུ་རྟགས་རེད། མེར་བསྲེགས་མཁན་ཚང་མ་ཁོག་ན་ཤེས་ཡོན་མེད་པ་དང་མིག་ན་མཐོང་རྒྱ་མེད་མཁན་གྱི་བསམ་མེད་གླེན་ཕྲུག་སྐོར་ཞིག་རེད། གླེན་ཕྲུག་འདི་ཚོ་སུ་ཞིག་གི་དམར་བསོད་བཏང་བ་ཡིན། དེ་རིང་གླེན་ཕྲུག་འདི་ཚོར་མགོ་གཡོག་མགོ་སྐོར་འོག་མེར་བསྲེགས་བཏང་བ་དེ་ལོ་རྒྱུས་ཀྱིས་བརྗེད་མི་སྲིད། ལག་དམར་ངོ་མ་དེ་སུ་ཡིན་པ་ལོ་རྒྱུས་མེ་ལོང་དུ་གསལ་བོར་འཆར་ངེས། བྱིས་པ་ཚོ་རེ་རེ་བཞིན་མེར་བསྲེགས་རྗེས་དཔའ་བོ་ཟེར་བའི་མིང་ཞིག་བཏགས་ནས་ཡིན་མདོག་བྱེད་པ་ནི་ཅི་འདྲའི་སྐྱུག་མེར་ལངས་བའི་སྤྱོད་སྟངས་ཞིག་རེད་ཨང་། ཚེ་སྲོག་ལ་རྡོག་རོལ་བཏང་བ་རེད། གསོན་པའི་རང་དབང་འཕྲོག་པ་རེད། བྱིས་པ་བསམ་མེད་འདི་ཚོ་སྙིང་མི་རྗེའམ། བྱམས་སྙིང་རྗེའི་བདག་པོ་ཚོ། བསམ་མེད་བྱིས་པ་འདི་ཚོ་མེར་བསྲེགས་བཏང་བའི་དོན་དག་ཅི་ཞིག་འགྲུབ་སོང་། རེ་བ་ཅི་ཞག་འགྲུབ་སོང་། འགྲུབ་རྒྱུ་ཞིག་ཡོད་ན་འགྲུབ་རན་སོང་། བརྒྱ་་དང་སུམ་ཅུར་ཉེ་སོང་། རིན་བྲལ་གྱི་ཚེ་སྲོག་རེད་ཡ། བསམ་བློ་ཞིག་ཐོངས། སྙིང་རྗེའི་བདག་པོ་ཚོ། ཞི་བདེའི་ཕོ་ཉ་ཚོ། རང་དབང་གི་ལམ་ཁྲིད་ཚོ།

  6. ལུང་རྟོགས། says:
    2014-03-24 at 1:00 am

    དྲྭབ་འབུ་ལས་ངན་ཁྱོད་ཚོ་སྐྱག་པ་ཚ་པོ་ཟོས་ཨ། མི་འདི་ཚོ་དཔའ་བོ་མིན་སུ་དཔའ་བོ་རེད། མི་རིགས་ཀྱི་མདུན་ལམ་དང་རྩ་ཆེའི་ཆོས་དང་རིག་གཞུང་སོགས་འཆིལ་མའི་ཐལ་བ་བཞིན་དུ་དོར། ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ལ་ཁྱི་བཞིན་དུ་འཁྱམ་མཁན་། བསམ་རྒྱུ་དངུལ་དང་ལས་རྒྱུ་རང་དོན་ལམ་མེད་པའི་དུད་འགྲོ་ལྟ་བུའི་མི་ཁྱོད་ཚོ་དཔའ་བོ་རེད་དམ། ཤེས་ཡོན་ཅན་རེད་དམ། མིག་རྒྱང་ཅན་རེད་དམ། མི་ཁྱོད་ཚོའི་གྲལ་གྱིས་དཔའ་བོ་འདི་དག་གི་རྐང་པའི་མཐེའུ་ཆུང་ལ་ཡང་མི་དོ་ངེས་ཅན་ཡིན།

  7. དཔལ་དོན། says:
    2014-03-24 at 1:02 am

    བུ་རྫི་མ་ཟེར་བ ཁྱོད་རང་ཞེ་བོ་ཅིག་ཡིན་བསམ་གྱི་འདུག་གམ།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-03-24 at 1:07 am

    རྒྱ་གཞུང་གིས། བོད་ནང་ལ། བོད་མི་ལས། འབྲོག་ཁྱི། དེ་ཚོ་ལ། མཐོང་ཆེ་བ། བྱེད་བགྱིད། ཡོད་པ་འདྲ། སྤྲང་རྒན། རྒྱ་རིགས་ཚོ། ཧཧཧཧཧཧཧཧཧ། ཁྱེད་ཚོ། མི་ལུས། ཐོབ་པ་ཙམ། མ་གཏོགས། བོད་པའི། ཁྱི་ལས། སྡུག་ག ཡོད་ཚོད་། འདུག ཧ་ཧ། ཧི་ཧི།། །།

  9. གནམ says:
    2014-03-24 at 2:09 am

    བུ་རྫི་མས་ཉོན་ཨ། འདས་བའི་ལོ་རྒྱུས། ད་ལྟའི་སྡུག་བསྔལ། མ་འོངས་བའི་བདེ་སྐྱིད་ཀྱི་ཆེད་དུ། ཡོད་ཚད་བློ་ཡིས་བཏང་ནས། ཁྱོད་བུ་རྫི་མས་ནམ་ཡང་མི་ཚོར་ཞིང་། མི་ཤེས་བའི་རང་རིགས་ལ་རུས་ཞེན་དཀར་བའི་དཔའ་བོ་དཔའ་མོ་ཚོ་ལ་འདི་འདྲ་བཤད་ཐུབ་པ་ནི། ཤ་ཚ་དང་ཀུན་སྤྱོད་མེད་པའི་ཕ་མ་ངན་པའི་བུ་ཕྲུག་ཁྱི་སྐྱག་འདྲ་ཤིག་ཡོད་པ་གསལ་པོ་རེད།

    དཔའ་བོ་འདི་དག་གིས་ཁྱི་རྒན་ཁྱོའི་ལྟོ་ཕོར་དང་མཚན་སྙན་ལ་གནོད་སྤྱད་སྤུ་ཙམ་ཞིག་བྱས་མེད་པས། ཁྱོད་འདྲ་མོར་རླུང་རྟ་མ་རྒྱུག་པར་གད་མགོ་ཞིག་ཡར་འགྲོ་རྒྱུ་ན། ང་ནི་དགའ་བའི་དོན་ཡིན།

    བོད་ཀྱི་ལོ་རྒྱུས་ཉིན་རེ་ལ་འབྲི་ཞིང་། ཉིན་རེ་ལ་རྩོད་པའི་དཔའ་བོ་ཚོས། ཆེ་ཆེས་བའི་བོད་དོན་ཞིག་རྩོད་བཞིན་པ་ལས། འཁོར་ཡུག་ཆུང་ཆུང་ཞིག་དང་། བྱས་རྗེས་རྫུན་མ་ཞིག་ལ་མགོ་མཁོར་ནས་འདུག་འདོད་མ་ཡོད་པ་རེད། དེ་ཤེས་བར་བྱོས། ང་ཚོའི་བོད་ལ་བཤད་སྲོལ་ཡོད། ས་གྲུབ་བཞི་དགྲ་ལག་ཤོར་སོང་ན། ཕོ་ཚེས་ཐག་རང་ཡང་དགའ་རྒྱུ་མེད་ཟེར།

    ཁྱོས་ཁྱོད་སེམས་ཅན་ཞིག་ཡིན་འདོད་ཡོད་ན། སེམས་དེ་དགྱ་སེམས་དམར་རོ་ཁྲག་འདྲ་ཞིག་ཡིན་པ་ཤེས་ན་བཟང་། དེ་མིན། མདོ་དབུས་འཁམ་གསུམ་གྱི་གཅིག་རྒྱབ་གཅིག་དུ་ལངས་བའི་དཔའ་བོ་ཚོར་གུས་དུད་དང་། གོང་བཀུར་ཡོད།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-03-24 at 2:52 am

    འདས་བའི་ལོ་རྒྱུས།
    ལས།
    འདས་པའི་ལོ་རྒྱུས།
    དག

  11. ངག་དབང says:
    2014-03-24 at 2:53 am

    བུ་རྫི་མ མིང་རྫི་མ་ གོ་རྟོགས་རྫི་མ ལྟ་བ་རྫི་མ ཕྱི་ནང་རྫི་མ བསམ་བློ་ཡག་པོ་ཐོངས་དང རང་ལུས་མེར་སྲེག་ལ་འབྲས་བུ་ཐོན་མ་སོང་ཟེར་ན དེ་ནི་མཐོང་རྒྱ་ཆུང་དྲག་པ་རེད་ སྟོན་འབྲས་ཡང་བཏབ་ནས་ཟླ་ཤས་འགོར་བ་ལྟར་ མི་རིགས་གི་གནས་ཚུལ་འདི་ལས་སླ་མོ་ཞིག་ག་ནས་ཡིན་ སྔོན་གཤེགས་དཔའ་བོ་རྣམ་རྒྱལ་བར་ཤོག

  12. བཀྲིས་བསམ་གྲུབ། says:
    2014-03-24 at 5:13 am

    རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གནང་མཁན་གཞིས་ཞུགས་དཔའ་བོ་དཔའ་མོ་དེ་རྣམས་ནི་ངོ་མ་བོད་མི་རིགས་ཀྱི་མིག་དཔེ་འོས་པའི་དཔའ་བོ་དཔའ་མོ་་ཤ་སྟག་རེད། དྲ་འབུ་དང་རྒྱ༌འདྲེ་ཚོས་གང་བྱུང་ཤོད་སྲིད་ཀྱང་། བོད་ནང་གི་དཔའ་བོ་དཔའ་མོ་ཚོ་ནམ་ཡང་ཡིན་ཡང་ང་ཚོའི་སེམས་ནང་བརྟན་པོར་གནས་རྒྱུ་རེད། དཔའ་བོ་འཇིགས་མེད་ཐུབ་བསྟན་རྒྱལ་ལོ།

  13. ཁྱུང་དཀར། says:
    2014-03-24 at 6:51 am

    དེའི་ཕྱོགས་ནས། ༧གོང་ས་མཆོག་གིས་ཀྱང་རང་ལུས་མེ་སྲེག་གི་གནད་དོན་འདིས་ཕན་དང་མི་ཕན་བཤད་ཁག་པོ་རེད་ཅེས་ཁ་ཚོན་གཅོད་དཀའ་བའི་བཀའ་མོལ་ཅིག་གསུང་འདུག དེ་ཡིན་དུས་མི་བུ་སུ་ཡིན་རུང་ཚོར་བའི་དབང་དུ་མི་འགྲོ་བར་ཅི་བྱ་ཚང་མ་སྔ་འགྱོད་ཕྱི་འགྱོད་མེད་པ་ཅིག་བྱ་རྒྱུ་གལ་ཆེན་རེད།

  14. ལུང་རྟོགས། says:
    2014-03-24 at 11:06 am

    རང་ལུས་མེར་སྲེག་གིས་ཕན་དང་མི་ཕན་ཞེས་པ་དེ་སྒུག་ནས་ལྟ་དགོས་པའི་དོན་དག་ཅིག་མ་རེད། དེང་སྐབས་བོད་ནང་ལ་མཚོན་ན་རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དང་། བོད་མི་ནང་ཁུལ་མཐུན་སྒྲིལ་སོགས་སྔར་བྱུང་མ་མྱོང་བ་ཞིག་བྱུང་དང་འབྱུང་བཞིན་པ་འདི་དག ཅིག་ནས་ས་བྱིའི་ཞི་རྒོལ་ཆེན་མོ་དང་། ལྷག་པར་རང་ལུས་མེར་སྲེག་གི་ལས་འགུལ་འདིས་གྲུབ་འབྲས་རེད། བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ལ་འདིས་ཕན་ཐོག་ཡོད་མིན་ནི་ད་ལྟ་སུས་ཀྱང་བཤད་ཤེས་པའི་དོན་དག་ཅིག་མ་རེད།

  15. རྒྱ་ཞིང་མྱི་དཀར། says:
    2014-03-24 at 12:07 pm

    དཔའ་བོ་དག་ལ་སྙིང་ནས་གུས་བཀུར་ཡོད་འོན་ཀྱང་ཁྱོད་ཚོ་འདི་ལྟར་བཞུད་སོང་ན་ང་ཚོ་ཅི་བྱ།

  16. བྱམས་པ says:
    2014-03-24 at 10:23 pm

    འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་དུ་སྐྱེ་བར་ཤོག ང་ཚོས་ནམ་ཡང་ཁྱེད་རྣམས་ཀྱི་ཆེད་དུ་སྨོན་ལམ་བདེབས་རྒྱུ་ཡིན

  17. དྲན་དཀར་དཔལ་ཡོན་ says:
    2014-03-26 at 3:01 am

    བུ་རྫི་མ་འདི་ལ་འཇེ་དུག་ཅན་གཅིག་གིས་གཡབ་ཡོད་ཤག་རེད། འདིས་ཁ་བརྡའི་དྲ་འབང་བེད་སྤྱད་ནས་སྒོར་མོ་བསོག་གི་འདུག

  18. དྲི་མེད་ལྷག་བསམ། says:
    2014-03-26 at 4:11 am

    ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག ། མ་ཎི་འདོན་པ་ལ་ཆབ་སྲིད་ཀྱི་ལྟ་བ་མི་དགོས། ཚང་མས་མ་ཎི་གསུངས་བར་ཞུ༎།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme