Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་རྨ་ལྷོའི་ཚགས་པར་སྟེང་གི་བོད་ཀྱི་གནད་དོན།

Posted on 2013-04-102013-04-10 By ཁ་བརྡ་ 14 Comments on རེབ་གོང་རྨ་ལྷོའི་ཚགས་པར་སྟེང་གི་བོད་ཀྱི་གནད་དོན།

མཁོ་འདོན་པ། བསོད་ནམས།

“བོད་སྒེར་ཚུགས་”ཟེར་བའི་གནད་དོན་གྱི་བསླུ་བྲིད་རང་བཞིན་དང་གནོད་འཚེ་རང་བཞིན་གསལ་བོར་བཤད་དགོས།
༼ཟླ་དང་བོའི་ཚེས་/༠༨/ཉིན་གྱི་པར་ངོས་གཉིས་པར་མཐུད།༽

“བོད་སྒེར་ཚུགས་”ཀྱི་ཆབ་སྲིད་དམིགས་འབེན་ལེགས་འགྲུབ་ཡོང་ཆེད། ཁ་བྲལ་ཚོགས་ཁག་གིས་ཕྱོགས་གཅིག་ནས་”དབུ་མའི་ལམ་”དང་”དྲག་ཤུགས་མ་ཡིན་པ་”དྲིལ་སྒྲོག་བྱེད་པ་དང་། ཕྱི་གླིང་གི་ཀྲུང་གོ་ངོ་རྒོལ་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱལ་སྤྱིའི་གླེང་ཕྱོགས་བཟོས། དོན་དངོས་མི་ཤེས་པའི་མི་རྣམས་ཀྱི་ཡིད་ཆེས་ལོན་པ་དང་། ཕྱོགས་གཅིག་ནས་ཐེ་ཝན་དང་ཞིན་ཅང་གི་ཁ་བྲལ་རིང་ལུགས་པར་འབྲེལ་གཏུགས་བྱས་ཏེ། གོ་སྐབས་བཙལ་ནས་དོན་དག་བཟོ་བ་དང་། ཀྲུང་གོ་རྙོག་འཛིང་ཅན་དུ་བསྒྱུར་འདོད་པ་རེད། ཁོ་ཚོས་ཆབ་སྲིད་དམིགས་འབེན་མ་འགྲུབ་པ་དང་གོ་སྐབས་ཤིག་ཡོད་པར་འདོད་པའི་ཚེ། ཁོ་ཚོས་དྲག་ཤུགས་ཀྱི་བྱེད་ཐབས་སྤྱད་ནས་དོན་དག་བཟོ་བ་རེད། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་བར། ཕྱི་རོལ་ལ་བྲོས་སོང་བའི་ཁ་བྲལ་ཕྱོགས་ཁག་གིས་དྲག་ངོ་རྒོལ་བསྒྲིགས་ནས། དྲག་ཤུགས་ཀྱིས་ལོ་ངོ་བཅུའི་རིང་ལ་བོད་ལྗོངས་ས་མཚམས་ལ་དམག་དོན་འཇབ་རྒོལ་དང་རྒོལ་དཀྲུག་བྱས། ༡༩༨༦/ལོར། ཁ་བྲལ་ཕྱོགས་ཁག་གིས་དུས་རྒྱུན་དུ་མཐོ་རིམ་ཚོགས་འདུ་འཚོགས་ཏེ། ལྷ་སར་ཟིང་འཁྲུག་ཡོང་བར་སྐུལ་སློང་དང་ཇུས་འགོད་བྱས། ཚོགས་འདུ་འདི་དག་གི་ནང་དོན་བོད་གཞོན་ནུ་ཚོགས་པའི་ཐེངས་དྲུག་པའི་ཚོགས་འདུ། བོད་ལྗོངས་བུད་མེད་ཚོགས་པའི་ཐེངས་དང་བོའི་བྱ་བའི་ཨུ་ཡོན་ཚོགས་འདུ། བོད་སྒེར་ཚུགས་ལས་འགུལ་བྱ་བའི་བཤད་བསྡུར་ཚོགས་འདུ་སོགས་འདུས།
ནང་དོན་གཙོ་བོ་ནི་བོད་ལྗོངས་སྒེར་ཚུགས་ལ་དོན་དངོས་བསྒྲུབ་པར་བརྩོན་ལེན་བྱེད་པ་དེ་ཡིན། ༡༩༨༧/ལོའི་ཟླ་༠༤/བར། ཁ་བྲལ་ཕྱོགས་ཁག་གིས་ཡང་བསྐྱར་རྒྱ་གར་རྡ་རམ་ས་ལ་ནས་ཚོགས་འདུ་སྣ་མང་འཚོགས་ཏེ། བོད་ལྗོངས་ནས་ཟིང་འཁྲུག་དང་ཁ་བྲལ་བྱ་འགུལ་བྱེད་པར་གྲ་བསྒྲིག་དང་ཇུས་འགོད་བྱས། ཁྲིམས་འགལ་ཁྲོམ་སྐོར་དང་སྤྱི་ཚོགས་བདེ་འཇགས་མི་ཡོང་བར་བཟོས། དེའི་རྗེས་ནས། བོད་གཞོན་ནུ་ཚོགས་པས་སྔ་རྗེས་སུ་ལྷ་ས་དང་བོད་ལྗོངས་ས་ཕྱོགས་མང་བོར་མི་མངགས་ནས། གསང་བའི་སྒོ་ནས་ཕྱི་ནང་མཉམ་འབྲེལ་སྒོས་ཟིང་ཆ་སློང་བར་གསང་བའི་སྒོ་ནས་ཇུས་འགོད་བྱས། ༡༩༨༧/ལོའི་ཟླ་༠༩/བའི་ཚེས་༢༧/ཉིན་ལྷ་ས་ནས་ཚབས་ཚེ་བའི་ཟིང་འཁྲུག་དོན་རྐྱེན་བྱུང་བ་དང་། གདུག་རྩུབ་ཅན་ཚོས་”བོད་སྒེར་ཚུགས་”ཀྱི་ཁ་གཡང་འོག་སྲིད་གཞུང་ལ་ཕོག་ཐུག་གཏོང་བ་དང་། རླངས་འཁོར་གཅོག་པ། མེར་གཏོང་བ། རྒྱུ་ནོར་འཕྲོག་བཅོམ། སྤྱི་སྤྱོད་བཟོ་སྐྲུན་དང་ཚོང་ཁང་མེར་བཏང་བ་མ་ཟད། སྤྱི་བདེ་མི་སྣ་མང་བོར་རྨས་སྐྱོན་བཟོས།
༡༩༨༩/ལོར། ཁ་བྲལ་ཚོགས་ཁག་གི་སྐུལ་སློང་དང་མགོ་སྐོར་འོག་གྲྭ་བ་ཁ་ཤས་དང་ཁྲིམས་འགལ་མི་སྣ་ཡིས་ཡང་བསྐྱར་ལྷ་ས་ནས་ཚབས་ཆེ་བའི་ཟིང་འཁྲུག་བསླངས། ཁོ་ཚོས་སྲིད་གཞུང་ལ་ཕོག་ཐུག་གཏོང་བ་དང་འགན་མེད་མང་ཚོགས་ལ་གཅར་རྡུང་བྱེད་པ་དང་ཚོང་ཁང་མེར་བཏང་སྟེ་དྲག་ཤུགས་ཀྱིས་བོད་ལྗོངས་ཞི་བདེའི་རྣམ་པ་ལ་གཏོར་བརླག་བཏང་།
༢༠༠༨/ལོའི་ཟླ་༠༣/པའི་ཚེས་༡༤/ཉིན། ལྷ་ས་དང་བོད་ཀྱི་ས་ཁུལ་ཁ་ཤས་ནས་རྡུང་གཅོག་འཕྲོག་སྲེག་བྱེད་པའི་ཚབས་ཆེན་དྲག་ཤུགས་ཁྲིམས་འགལ་དོན་རྐྱེན་བྱུང་། དོན་རྐྱེན་འདིས་ཡང་བསྐྱར་ཁ་བྲལ་ཚོགས་ཁག་གི་རྒྱལ་ཁབ་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པའི་ངོ་བོ་མཚོན་ལ། ཁ་བྲལ་ཚོགས་ཁག་གིས་བཤད་པའི་ཞི་བདེ་དང་དྲག་ཤུགས་མ་ཡིན་པའི་རྫུན་བཟོ་དང་གདུག་རྩུབ་མཚོན་ལ། མགོ་སྐོར་རང་བཞིན་ཏག་ཏག་ཡིན། ༢༠༠༨/ལོའི་ཟླ་༠༡/བོའི་ཚེས་༠༡/ཉིན། ཁ་བྲལ་ཚོགས་ཁག་གི་བོད་གཞོན་ནུ་ཚོགས་པ་སོགས་ཀྱིས་དྲག་སྤྱོད་རྩ་འཛུགས་ཀྱིས་དྲ་རྒྱའི་སྟེང་”བོད་ལྗོངས་མི་དམངས་ཡར་ལངས་ཆེན་མོའི་ལས་འགུལ་”འུད་ཀྱིས་བསྒྲགས། དེ་དང་མཉམ་དུ། ཁ་བྲལ་ཚོགས་ཁག་གིས་ད་དུང་ཕྱི་ན་ཡོད་པའི་བོད་རིགས་བོད་ལྗོངས་ལ་བསྐྱོད་པའི་ལས་འགུལ་ཇུས་འགོད་བྱས། འདི་དག་ཇུས་འགོད་བྱེད་རྐྱེན་གཙོ་བོ་ནི་བོད་གཞོན་ནུ་ཚོགས་པས་བཤད་རྒྱུར་”ཁྲག་བཞུར་བ་དང་ཚེ་སྲོག་ཤོར་བར་མི་བལྟ་བར། བོད་སྒེར་ཚུགས་སླར་གསོ་བྱ་དགོས་”ཟེར། ཟླ་༠༢/པའི་ཚེས་༠༧/ཉིན། ཁ་བྲལ་ཚོགས་ཁག་གིས་”ཡུལ་གྱར་སྲིད་གཞུང་”གི་ཚོགས་འདུ་རྫུན་མའི་ཚོགས་གཙོ་ཀརྨ་ཆོས་འཕེལ་གྱིས་བཤད་རྒྱུར་ཀྲུང་གོས་༢༠༠༨/ལོར་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཆེན་མོ་བསྒྲུབ་པའི་གོ་སྐབས་ལ་བརྟེན་ནས་བྱ་འགུལ་སྣ་མང་སྤེལ་ཏེ་ཀྲུང་གོ་སྲིད་གཞུང་ལ་༢༠༠༨/ལོ་དང་མ་འོངས་པའི་ལོ་གཉིས་ནང་བོད་ལྗོངས་གནད་དོན་ཐག་གཅོད་པར་བཙན་སྐུལ་བྱ་དགོས་ཟེར།

ཁ་བྲལ་ཚོགས་ཁག་གིས་ད་དུང་བྱ་འགུལ་འཆར་གཞི་བཟོས་ཡོད་དེ་རྩ་འཛུགས་བྱས་ནས་༢༠༠༨/ལོའི་ཟླ་༠༣/པའི་ཚེས་༡༠/ཉིན་ནས་བཟུང་ཕྱི་རྒྱལ་ནས་མགོ་བརྩམས་ཏེ་བོད་ལྗོངས་བར་དུ་ཞི་བདེ་བོད་ལྗོངས་ལ་བསྐྱོད་པའི་བྱ་འགུལ་དང་བོད་ལྗོངས་ཀྱི་བོད་མི་འདུས་པའི་འཛམ་གླིང་ཡོངས་ཀྱི་ཡར་ལངས་ཆེན་པོ་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་བོད་ཚང་མས་ཟླ་༠༣/པའི་ཚེས་༡༠/ཉིན་ལ་གནང་བ་ཞུས་ནས། རྒྱ་སྲང་ལ་སོང་སྟེ་ཁྲོམ་སྐོར་ངོ་རྒོལ་བྱེད་པའི་རེ་བ་བཏོན། “རང་མོས་དཔལ་འབར་བརྒྱུད་སྤྲོད་”འཛམ་གླིང་ཡོངས་ལ་བརྒྱུད་སྤྲོད་དང་། “འཛམ་གླིང་བྱ་འགུལ་ཉིན་”སོགས་བྱ་འགུལ་སྤེལ། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པ་དང་། ཟས་གཅོད་པ་དང་གཞི་ཁྱོན་ཆེ་བའི་རྒོལ་གཏམ་བྱ་འགུལ་སྤེལ། ༢༠༠༨/ལོར། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོ་ལ་འབྲེལ་གཏུག་བྱེད་པའི་དུས། བོད་ལྗོངས་གནད་དོན་དང་པེ་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་འབྲེལ་བར་སྐུལ་འབོད་བཏང་། དེའི་འདོད་པ་ནི་པེ་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བསྒྲུབ་པའི་དུས་ངལ་བཟོས་ནས། བོད་ཁུལ་དུ་བསྟུད་མར་ཁྲག་བཞུར་དོན་རྐྱེན་བཟོས་པ་དང་། ཕྱི་རྒྱལ་ནས་མུ་མཐུད་དུ་པེ་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱས་ཏེ། ཁྲག་བཞུར་དོན་རྐྱེན་བཟོས་ནས་མི་སེམས་བསྒྱུར་དགོས་ལ་སྤྱི་ཚོགས་ལ་ཟིང་ཆ་སློང་བར་བྱེད་པ། རང་རྒྱལ་གྱི་བདེ་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་ངོ་བོར་གཏོར་བརླག་གཏོང་རྒྱུ་དེ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་རྒྱལ་ལ་སྔར་ལས་གནོན་ཤུགས་བྱིན་ཏེ། ང་ཚོས་དོན་དངོས་རང་བཞིན་གྱི་གནད་དོན་སྟེང་མགོ་སྒུར་དུ་འཇུག་པར་འདོད་པ་དེ་རེད། དོན་དངོས་སུ་བདེན་དཔང་བྱས་པ་ལྟར་ན་ལྷ་སའི་༣/༡༤/དོན་རྐྱེན་ནི་གློ་བུར་དུ་བྱུང་བ་ཞིག་མིན་པར། ཁ་བྲལ་ཚོགས་ཁག་གི་རྩ་འཛུགས་ཡོད་པ་དང་། འཆར་གཞི་ཡོད་པ། ཇུས་འགོད་ཡོད་པ་ཡིན་ཏེ། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་འབད་བརྩོན་བྱེད་པའི་ཞི་བདེ་རྔམ་སྟོན་དང་དྲག་ཤུགས་མ་ཡིན་པའི་བྱ་འགུལ་ཟེར་བ་ལྟ་བུ་མ་ཡིན་པར། ཁྲིམས་སྐྱོང་རྒྱལ་ཁབ་གང་ཡིན་དང་དཔལ་ཡོན་སྤྱི་ཚོགས་གང་ཡིན་རུང་བཟོད་སྒོམ་བྱེད་ཐབས་མེད་པའི་དྲག་ཤུགས་བྱ་སྤྱོད་ཅིག་ཡིན། ༣/༡༤/དོན་རྐྱེན་དོན་དངོས་སུ་མི་རིགས་གནད་དོན་མིན་ལ་ཆོས་ལུགས་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡང་མིན་ཏེ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་མེས་རྒྱལ་ཁ་བྲལ་གྱི་གནད་དོན་ཡིན། དོན་དངོས་ཀྱིས་བདེན་དཔང་བྱས་པ་ལྟར་ན། ཁ་བྲལ་ཚོགས་ཁག་གིས་ཇི་ལྟར་གཡོ་ཟོལ་དང་གཡོ་བཅོས་བྱས་ཀྱང་། ཇི་ལྟར་གཡོ་སྐུལ་དང་གཏོར་བརླག་བཏང་རུང་། བོད་ལྗོངས་ཀྲུང་གོའི་མངའ་ཁོངས་ནས་འབྲལ་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔ་མོ་ནས་ཁས་བླངས་ཡོད། འཛམ་གླིང་སྟེང་རྒྱལ་ཁབ་གང་ཡིན་རུང་བོད་ཡུལ་གྱར་སྲིད་གཞུང་ཟེར་བ་ཁས་ལེན་མཁན་གཅིག་ཀྱང་མེད། ཁ་བྲལ་ཚོགས་ཁག་གིས་བཟོས་པའི་དཀྲོག་གཏམ་དང་གཏོར་བརླག་གིས་མི་སེམས་མི་ཐོབ་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན། དོན་དངོས་ཀུན་གྱིས་མུ་མཐུད་དུ་བདེན་དཔང་བྱེད་པ་ནི་ཁ་བྲལ་ཚོགས་ཁག་གིས་གཏོར་བརླག་བྱད་པའི་ལས་འགུལ་གྱི་དམིགས་ཡུལ་འགྲུབ་མི་ཐུབ།
བོད་ལྗོངས་གཏོར་བརླག་བྱེད་པ་ལས་མི་སེམས་འགུག་མི་ཐུབ།། །། ༼རྫོགས་སོ།༽

གསར་འགྱུར།

Post navigation

Previous Post: ནཱ་རོ་པས་དཀའ་ཆེན་བཅུ་གཉིས་དང་དཀའ་ཕྲན་བཅུ་གཉིས་སྤྱད་པའི་སྐོར།
Next Post: དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (གསུམ་པ)

Comments (14) on “རེབ་གོང་རྨ་ལྷོའི་ཚགས་པར་སྟེང་གི་བོད་ཀྱི་གནད་དོན།”

  1. གསེར་འབྲུག་སྡེར་ལྔ་ says:
    2013-04-10 at 2:43 pm

    ཧ་ཧ། སྡུག་སྐད་ལུང་པ་གང་ཤོར་འདུག་ལ་རྫུན་སྒྲོགས་ལ་རྒྱུན་ཆད་མེད་ཀི་ཡ། སྐབས་བབས་ཀྱི་ལན་འདེབས་དབུ་མ་པ་ཚོ་ཡིན་ད། རྒྱར་བསྟུན་གྱི་ལས་འགུལ་ལ་གྲུབ་འབྲས་ཞིག་ཡོད་མེད་གཟིགས་ཨ།

  2. ཐབས་ཇུས་ཅན says:
    2013-04-10 at 8:07 pm

    དྲ་རྒྱའི་ནང་གི་དྲ་གྲོགས་ཚོ་འདིར་ཁ་ལྐུགས་སོང་བ་ག་རེ་ཡིན་ནམ། འདིས་དྲ་གྲོགས་མང་ཆེ་བར་གཞི་རྩའི་ཤེས་ཡོན་མེད་པ་མཚོན་ཐུབ། འདིར་ཤེས་ཡོན་ཟེར་བ་སྤྱིའི་ཆབ་སྲིད་དང་འཛམ་གླེང་གི་འགྱུར་ལྡོག།ལྷག་པར་རྒྱ་ནག་གི་འགྱུར་ལྡོག་སོགས་ལ་མགོ་བོ་འཐོམ་བསྡད་ཡོད་པ་ཤེས་ཐུབ། འདིས་དྲ་གྲོགས་མང་ཆེ་བ་རང་གི་ལྟོ་གོས་ཙམ་ལས་དྲ་རྒྱའི་ནང་དུ་ཕེབས་པ་དུས་ཚོད་སྐྱེལ་རྒྱུ་རང་ཡིན་པ་ཤེས་ཐུབ། རྩོམ་པ་པོ་ཚད་སྡན་ཞིག་ཡིན་ན་འདིར་ཕྲིས་དང་། འབྲི་མི་ཐུབ། དྲ་གྲོགས་མང་ཆེ་བས་ཆོས་ལུགས་ཀྱི་སྐོར་དང་ཡང་ན་སྟུ་མཇེའི་སྐོར་མིན་ན་འབྲི་མི་ཐུབ། དེའི་རྒྱུ་མཚན་གྱིས་རྩ་བའི་ཤེས་ཡོན་མི་འདུག་ཟེར་བ་ཡིན།

  3. མེ་ཏོག་དཀར་པོ says:
    2013-04-10 at 10:07 pm

    ཐབས་ཇུས་ཅན་གྱིས་ང་ལུང་བསྟན་འདུག

  4. ཚེ་རིང་ནས། says:
    2013-04-11 at 2:17 am

    ཤར་ཁུག་དང་། ཝཎ་་ཚེ་རིང་སོགས་གང་དུ་ཕྱིན་སོང་།

  5. བན་དེ་བ། says:
    2013-04-11 at 2:20 am

    ངས་དགག་ཡིག་འབྲི་དགོས་བསམ་བྱུང་དེ། ཁ་བརྡའི་དྲ་བ་བོད་ནང་དུ་བལྟ་ཀློག་ཐུབ་ཀྱི་མི་འདུག་ཟེར་བྱས་ཙང་ངས་འདིར་བྲིས་པ་ཡིན་ནའང་རྒྱ་མི་ཡིས་མཐོང་མི་ཐུབ་པས་འབྲི་བའི་དགོས་པ་མ་མཐོང་ནས་མ་བྲིས་པ་ཡིན།

  6. དྲན་དཀར་དཔལ་ཡོན་ says:
    2013-04-11 at 5:33 am

    མ་གཞི་ནས་ཀྲུང་གོ་ནི་རྙོག་འཛིང་སློང་མཁན་གཙོ་བོ་རེད།
    བོད་ལ་རོགས་རམ་དགོས་མིན་ལ་མ་ལྟོས་པར་བོད་ལ་རོགས་རམ་བྱེད་དུ་འོང་བ་རེད།འདི་ལ་བོད་མི་དམངས་ཀྱིས་མ་བོས་འགྲོན་པོ་ཟེར་གྱི་ཡོད།
    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལྗོངས་ཀྲུང་གོའི་གྲུབ་ཆ་ཞིག་ཏུ་ཁས་བླངས་པ་དང་རྒྱ་མི་ཀྲུང་གོའི་གྲུབ་ཆར་ཁས་མ་བླངས་པ་དེ་འདྲ་མིན། འདི་ནི་བོད་རིགས་དང་རྒྱ་རིགས་ཀྱི་སྡུག་སྐད་ཤོར་ས་དངོས་མ་དེ་མིན། ཀྲུང་གོའི་གཞུང་ནི་གཞུང་དངུལ་ཕོངས་མེད་དུ་བཏང་ནས་འུད་སྒྲོགས་བྱེད་མཁན་གྱི་གཞུང་གཅིག་ཡིན་ན་ཡང་མིའི་ཐོབ་ཐང་དང་མིའི་ཁེ་དབང་གླེང་འདོད་མི་བྱེད་པའི་གཞུང་ངོ་ཚ་ཅན་ཞིག་རེད། ཀྲུང་གོའི་ངོ་ཚ་དེས་དུས་རྒྱུན་དུ་བོད་ནང་གི་བོད་མི་རྣམས་གཉིད་མི་ཡོང་བ་དང་། སྐྱབས་བཅོལ་དུ་ཕྱིན་པ་ཚོ་འདུག་མི་བདེ་བ་བཟོས་ཡོད། ཀྲུང་གོའི་གཞུང་གིས་བོད་ནང་དུ་བོད་མི་དང་རྒྱ་མི་གཉིས་མཉམ་འདུས་ཀྱི་ཀྲུང་གོའི་གཞུང་གླེང་བཅུག་གི་མེད། བོད་རིགས་དང་རྒྱ་རིགས་འདྲ་མཉམ་དང་། ཡུ་གུར་རིགས་དང་རྒྱ་རིགས་འདྲ་མཉམ། སོག་རིགས་དང་རྒྱ་རིགས་འདྲ་མཉམ་གླེང་བཅུག་གི་མེད། རྒྱ་མི་དང་རྒྱ་སྐད་ལྷན་དུ་མི་རིགས་གཞན་དང་དེའི་རིག་གནས་ཀྱི་འདྲ་མཉམ་གླེང་བཅུག་གི་མེད།
    སྤྱོད་ངན་འདི་དངོས་སུ་མྱོང་མཁན་ཚོ་གཉིད་མི་ཡོང་བ་བྱེད་ཀྱི་ཡོད་སྐབས་རེ་འབར་འགྲོ་གི་འདུག འདིས་སྐྱབས་བཅོལ་དུ་ཕྱིན་པ་ཚོ་འདུག་མི་བདེ་བ་བཟོས་སོང་། ཀྲུང་གོའི་གཞུང་གིས་ད་དུང་སྐད་ཡིག་དང་མིའི་ཐོབ་ཐང་རང་དབང་གི་སྒོ་ཆེན་མ་ཕྱེ་བར་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་གཞན་གྱི་ངོས་ལེན་མེད་རབས་ཀྱིས་བོད་མི་ལ་སེམས་གསོ་བྱེད་ཀྱི་འདུག མཚམས་འདི་ནས་ངས་ཀྱང་ཀྲུང་གོའི་སྲིད་གཞུང་ལ་སེམས་གསོ་ཞིག་བཏང་འདོད་བྱུང་དེ་ནི་བོད་མི་རྒྱ་མི་ཡིན་རབས་དང་བོད་ཡིག་རྒྱ་ཡིག་ཡིན་རབས་ཀྱི་ལོ་རྒྱུས་ཅིག་གཞུང་དངུལ་བཏང་སྟེ་བཟོ་རོགས། དེ་མིན་ཀྲུང་གོའི་མིང་དོར་ཏེ་རྒྱ་ནག་ཆེན་པོའི་རྒྱལ་ཁབ་འཛུག་རོགས།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-04-11 at 6:33 am

    བོད་ལྗོངས་གཏོར་བརླག་བྱེད་གཏེ་བོ་དེ་ད་ལྟའི་རྒྱ་གཞུང་རེད།

  8. གནམ says:
    2013-04-11 at 7:28 am

    འདི་ལ་དགག་ཡིག་མ་ཡིག་ཞིག་དགོས་དོན་འདུག་གམ། བོད་འདི་ཤི་མེད་པར་དགྲ་པོ་ཚང་ལ་ཅིག་བྱས་སོང་མུག་བྱས་སོང་ཟེར་བ་དེ། བོད་མི་ཞིག་གི་ངོ་ནས་བལྟས་ན། སེམས་གཏིང་ནས་དགའ་དགོས་བ་ཞིག་མ་རེད་ནེ། འཐབ་རྩོད་ཀྱི་ནུས་བ་ཐོན་པ་མ་རེད་ནེ།
    སྔོན་མ་ཡིན་ན། ཁ་བྲལ་བ་ཟེར་དུས་བཙན་བྱོལ་བ་ཁ་ཤས་ཞིག་ལ་ངེས་བཟུང་བ་རེད། ད་ལྟ་བོད་མི་རྩམ་ཟན་ཞིག་ཡིན་ཕྱིན་ཁ་བྲལ་རང་ལུགས་ཀྱི་མིང་ཚིག་ལ་འཐུམ་ཡོད་པ་གསལ་རྟོག་རྙེད་ཡོད་པས། ཁྱི་ཁ་བླ་རོགས་ཞུ་དགོས་བ་མ་རེད། དེ་ལས་འཐབ་རྩོད་ཀྱི་ནུས་བ་འདྲ་མིན་ལ་ཞུགས་ན་མི་དགའ་འི་ཨ། ཡ་ཐབས་ཟུས་ཅན་དགའ་བོ། ཅིག་གསུངས་དང་།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-04-11 at 7:43 am

    བོད་ དེང་དུས་ ཚན་རིག་ འཕྲུལ་ཆས་ རྗེས་ལུས་ ཐེབས་པའི་ ཞོར་ལ། མིག་མཐོང་ ལག་ཟིན་དུ་ ཡོད་པའི་ བོད་དང་ བོད་མིར་ ཡོད་པ་ གཉིས་ནི། ཆོས་དང་ རིག་གཞུང་གི་ གནས་ཚད་ མཐོ་བོ་ ཡོད་པ་དང་ གཅིག རང་འབྱུང་ གཏེར་ཁ་ ཁག་ལ་ ལག་པ་ མ་འཆང་བར་ ཕྱུག་པོ་ ཡོད་པ་ དེ་གཉིས་ རེད།
    དེ་གཉིས་ ཀར་ ༥༩ ནས་ ད་ལྟའི་ བར་ རྒྱ་ནག་ དམར་གཞུང་གི་ རྩ་མེད་ བཟོ་བཞིན་པ་ འདིས་ རྒྱ་གཞུང་ ལས་བྱེད་པ་ དེ་ཚོ་ དུས་ ད་དུང་ཡང་ ངོ་མི་ཚ་བ་ ཅི་ ཡིན་ནམ་ ཨང་།

  10. ཆབ་བྲག་ཕོ་ཉ། says:
    2013-04-11 at 11:42 am

    གསར་འགྱུར་རྩོམ་ཡིག་དེ་དག་གིས་ང་ཚོའི་བདེན་དོན་ལྟ་བར་ནག་ཐིག་རྒྱག་མི་ཐུབ། དེའི་ནང་ལ་བཙན་བྱོལ་གཞུང་དམངས་ཀྱིས་ལས་འགུལ་ཅི་ཞིག་སྤེལ་ཡོད་པའི་ལས་རིམ་སྙིང་བསྡུས་བཀོད་འདུག བོད་མི་མང་པོས་ཧ་གོ་བར་ཕན། རྐྱེན་ངན་ཚང་མ་གྲོགས་སུ་འགྱུར་ངེས། ད་དུང་དེ་རིགས་སྤེལ་རོགས། བདེན་རྫུན་དམངས་ཀྱིས་འབྱེད་ངེས།

  11. དྲན་དཀར་དཔལ་ཡོན་ says:
    2013-04-11 at 12:06 pm

    སྤྱི་ཚོགས་མཉམ་འདུས་ཟེར་བ།།
    རྒྱལ་སྤྱིའི་མདུན་ལ་བསྟན་བྱུང་།
    ནང་ནས་འདྲ་མཉམ་གླེང་དུས།།
    སྨྱོན་པ་ཡིན་མདོག་བསྟན་བྱུང་།།

    སྨན་པ་སྟོན་ན་ཞུས་པས།།
    ཇུས་དོགས་མི་འདུག་གསུངས་བྱུང་།།
    འཆི་ལམ་རེད་ཅེས་ཞུས་པས།།
    འདྲ་མཉམ་མ་གླེང་གསུངས་བྱུང་།།

    འདྲ་མཉམ་མེ་ལ་ཤོར་སོང་།།
    མ་འདྲ་བ་ཞིག་མཐོང་སོང་།།
    མིག་གིས་མ་བལྟ་གསུངས་ཀྱང་།།
    སེམས་ངོར་ཡལ་ས་མ་རེད།།

  12. རོང་པོ་མཇོ་ན་ནས་ says:
    2013-04-11 at 2:42 pm

    གང་བྱུང་མ་ཟེར་དགའ་ལྡན་ཕོ་བྲང་ཚང་གི་ཟོམ་དོང་སྐུ་རླུང་བཞེང་གི་རེད་ད།།དེ་དུས་ཐུག་ས་སུ་ཡིན་ཧ་གོ་ཡང་ཕྱིས་དྲག་པ་རེད་དོ།།

  13. དྲན་དཀར་དཔལ་ཡོན་ says:
    2013-04-11 at 9:45 pm

    རོང་པོ་མཇོ་ནས་ནས་ཀྱི་དྲན་པ་གསོས་ཤིག སློབ་དཔོན་ཆེན་པོ་ཟམ་གདོང་སྐུ་རླུང་བཞེངས་ཤེས་ཀྱི་མ་རེད། རིག་སློབ་བློ་རྒྱའི་དོན་རྐྱེན་བརྗེད་མེད་པ་འདྲ་བོ་ཡིན། གཅིག་བསྐྱོད་པས་འདུལ་བ་ཤེས་ཀྱི་མི་འདུག དེས་སློབ་དཔོན་ཆེན་པོ་ངོ་ཚ་ནས་འབར་འདུག

  14. རིགས་ལྡན་རྒྱལ་པོ says:
    2013-04-11 at 10:52 pm

    བོད་རང་བཙན་དང་བོད་སྒེར་ཚུགས་ཞེས་རྒྱ་ཨུ་ཚུགས་རང་བྱ་དགོས་དོན་གང་ཡིན། སྒེར་ཚུགས་ཐུབ་ཏུ་གནས་ཐབས་ཡོད་མ་རེད། དེར་བརྟེན་ང་ཚོ་མཉམ་འབྲེལ་གྱིས་སྤྱི་ཕན་དེ་དབུ་མའི་ལམ་གྱི་ཉིང་དོན་རེད་ཅེས་ཁ་སངས་གཏིང་བཟང་ག་ཚོད་བྱས་རུང་(རྒྱ་ཨུ་ཚུགས་རང་ཚ་དྲག་པ་རེད་མ་གཏོགས། བོད་སྒེར་ཚུགས་རང་བཙན་རང་ལ་ཨུ་ཚུགས་སྒང་ལ་དེད་མཁན་ནི། རྒྱ་ཨུ་ཚུགས་རང࿒རེད།) རྒྱ་དོགས་པ་ཚ་པོ་མ་ཟད་ད་ཆ་ཨུ་ཚུགས་ཀྱང་ཚ་པོ་ཆགས་འདུག་ཡང་ན། ངོ་ཚ་པོ་ཆགས་པ་ཨེ་ཡིན། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཆེན་པོ་ཇི་ལྟར་འགན་ཐེག་རྒྱུན་འཁྱོངས་སམ། འཚེ་མེད་ཞི་བའི་ལྟ་སྤྱོད་ལྡན་པའི་ཆོས་ལྡན་གངས་ཅན་པ་ཙམ་ལ་གཟིགས་སྐྱོང་མ་ཐུབ་ན།
    དེ་དང་དུས་མཚུངས། སྒེར་ཚུགས་ནི་དུས་རབས་རྙིང་པའི་སྐད་ཆ་རེད། འཛམ་གླིང་འདིར་སྒེར་ཚུགས་ཀྱི་རིན་ཐང་ལས་སྤྱི་མཐུན་གྱི་རིན་ཐང་ཆེ་འཕར་གྱི་དུས་རབས་ནང་གོམ་བསྐྱོད་བྱ་མུས་སུ། གུན་བྲན་སྔོན་ཐོན་ཡིན་ཞེས་འཐོར་ཆོག་གི་ལྦུ་བར་འགྱིངས་ནས་རྗེས་ལུས་སུ་ཁ་མ་གཏད་ན་བཟང་སྙམ། གོ་ལ་ཧྲིལ་པོ་འདིར་ཚུགས་ཐུབ་པའི་རྒྱལ་ཁབ་གང་ཞིག་གང་ན་ཡོད། ཚང་མ་ཕན་ཚུན་ལྟོས་གྲུབ་དང་གཅིག་ལ་གཅིག་མཁོར་ལྡོག་ཏུ་མེད་པའི་འགན་ལེན་ཆགས་ཡོད།
    འཇིག་རྟེན་འདིར་གང་ཞིག་གཞན་ལ་མ་ལྟོས་པར་ཚུགས་ཐུབ་ཏུ་ཡོད། ཐམས་ཅད་ནས་ཐམས་ཅད་ཕན་ཚུན་ལྟོས་ནས་གནས་དགོས། གཞན་ལ་གནོད་འཚེ་མི་བྱ་རྒྱུའི་ནང་དོན་ངོ་མ་དེ་བདག་གམ་ང་ཞེས་རང་རྐྱ་བ་ཚུགས་ཐུབ་ཨ་འཐས་པ་ཞིག་མེད་གཏན་འཁེལ་བས། ཆོས་ནི་མདོར་ན་མི་འཚེ་བ། །ཞེས་ཐུགས་ཐག་ཆོད་པོས་གསུངས་པའི་རྒྱུ་མཚན་མཐར་ཐུག་དེ་སྒེར་དེ་ཚུགས་ཐུབ་པ་ཞིག་མེད་པར་ཐུག་པས་ཡིན། ཡང་འདི་ལྟར་བསམ་སྲིད། གང་ཞིག་ཅེ་ན། འདི་དག་ཆོས་སྐད་རེད། སྲིད་དོན་ནང་འབྲེལ་མེད་དོན་གཞན་རེད་ཅེ་ན། ཆ་ཡོངས་ནས་དེ་ལྟར་དུ་ལྟ་ན་ཐལ་ཆ་རེད། འཇིག་རྟེན་ཡ་རབས་ནི་ཆོས་ཀྱི་གཞི་མའི་བསླབ་བྱ་ཡིན་པས་སྲིད་སྟེང་ནས་ཆོས་སྒྲུབ་ཐབས་ལ་འགག་པ་བྱས་པ་ནི། ང་ཚོའི་སེམས་ཅན་ཡོངས་ཀྱི་སྤྱི་ནུས་རིགས་པའི་རྨང་དང་འགལ་བར་སེམས།
    དབུ་མའི་ལམ་དང་འཚེ་མེད་ཞི་བའི་རྨང་རྡོ་བསླངས་པ་དེ་ཉིད་སྒེར་ཚུགས་དང་རང་རྐྱ་བའི་ཆུ་ཀླུང་དྲག་པོ་འགོག་པའི་རགས་ཡིན། དངོས་གནས་གུན་བྲན་རིང་ལུགས་ལ་ཁྲ་ཟིང་འཛུགས་སྐྲུན་དང་དམག་མཚོན་བཟོ་སྐྲུན་བྱ་འགུལ་ལ་ཉིང་དོན་དུ་ལྟ་ཚུལ་དེས། འཆམ་མཐུན་དང་ཞི་མཐུན་དཀྲུག་པའི་ཡོ་བྱད་ཡིན་པའི་རྒྱུས་ལོན་མེད་པ་ནི་རླབས་ཆེན་གཙོ་འཛིན་རྣམ་པའི་ཞན་ཆ་ཡིན་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme