Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་མདོ་བ་ནས་ཀླུ་འབུམ་ཚེ་རིང་གིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་གནས་བསྡུས།

Posted on 2012-11-232021-09-04 By ཁ་བརྡ་ 3 Comments on རེབ་གོང་མདོ་བ་ནས་ཀླུ་འབུམ་ཚེ་རིང་གིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་གནས་བསྡུས།

ཕྱི་ཟླ་ ༡༡ ཚེས་ ༢༢ མདོ་སྨད་རེབ་གོང་མདོ་བ་གཡོན་ལག་སྡེ་བ་ནས་ཡིན་པའི་དཔའ་བོ་ཀླུ་འབུམ་ཚེ་རིང་གིས་མདོ་བ་ཞང་ཐོག་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག  འབྲེལ་ཡོད་བརྒྱུད་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལ། དཔའ་བོ་ཁོང་དགུང་ལོ་ ༡༩ དང་ཕ་ཚེ་གོ་དང་། ཨ་མ་རྡོ་རྗེ་སྐྱིད་གཉིས་ཀྱི་བུ་ཡིན་པ་དང་། ཨ་མ་སྐུ་གྲོངས་ཡོད་འདུག

དཔའ་བོ་ཁོང་རེབ་གོང་སྨད་པ་སྤེན་དཀར་ཐང་དགོན་པ་ནས་གྲྭ་པ་བྱས་ཏེ་ལོ་གཉིས་འགོར་རྗེས་གྲྭ་པ་ལོག་ཡོད་འདུག ད་ལྟའི་ཆར་མདོ་བ་ཞང་ཐོག་གི་བརྒྱུད་ལམ་ཡོད་ཚད་བཅད་གཅོད་དང་ཁོར་ཡུག་ཡོངས་རྫོགས་དམ་དྲག་གིས་མི་རེ་རེ་བཞིན་མེར་བསྲེགས་མི་གཏོང་བ་དང་ཡར་ལངས་མི་བྱེད་པའི་མཛུལ་ཐལ་དང་ཡི་གེ་འབྲི་རུ་འཇུག་གི་ཡོད་པ་དང་། མདོ་བའི་བོན་ཁོག་ཟམ་ཁ་ནས་མདོ་བ་ཞང་བར་དུ་དམག་མིས་ཁེབས་ནས་ཡོད་པ་དང་། དཔའ་བོའི་ནང་མིར་མྱ་ངན་ཐུགས་གསོ་དང་མཆོད་མེ་ཞལ་འདེབས་འབུལ་བར་འགྲོ་མཁན་རྣམས་ཀྱང་ལམ་འགག་ཆ་ཚང་ནས་བཀག་འགོག་གིས་འགྲོར་མ་བཅུག་རྐྱེན་རི་བསྐོར་ནས་རྐང་ཐང་ལ་ཨེ་ཐར་རེ་བ་བྱེད་ཀྱིན་ཡོད་འདུག  དེང་སྐབས་མེར་བསྲེགས་གནས་ཚུལ་བྱུང་བའི་ས་གནས་གང་སར་གནས་བབ་ཛ་དྲག་ལ་གྱུར་ཏེ་གནས་ཚུལ་ཞིབ་ཕྲ་རྩད་གཅོད་དཀའ་བར་གྱུར་ཡོད་པས། བརྒྱུད་ལམ་ཁག་ནས་ཞིབ་འཇུག་མེད་པར་འགོད་རྐྱང་དང་བསྒྲགས་རྐྱང་མ་བྱེད་རོགས།  དཔའ་བོ་འདི་འབྲེལ་གྱི་གནས་ཚུལ་གསར་བ་འབྱོར་མཚམས་ཁ་བརྡ་དྲ་དེབ་སྟེང་ཁ་སྣོན་ཞུ་རྒྱུ་ཡིན།

ངེད་ཟུང་གི་ཁ་པར་ཨང་གྲངས། རྡོར་དབང་། ༩༥༡༨༡༡༡༥༦༣  བསྟན་རབ།  ༨༨༩༤༥༠༣༥༥༨

གློག་འཕྲིན། dwangchuk2010@gmail.com དང་། kangwod@gmail.com ཡིན།

གནས་ཚུལ་ཕྱོགས་བསྒྲིགས་པ་བོན་རྒྱ་བསྟན་འཛིན་རབ་རྒྱས།

གསར་འགྱུར།

Post navigation

Previous Post: སྙིང་གི་ཚིལ་ལུ།
Next Post: རེབ་གོང་མདོ་བ་ནས་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པའི་གྲོགས་པོ་དགེ་འདུན་པ་གཉིས་འཛིན་བཟུང་།

Comments (3) on “རེབ་གོང་མདོ་བ་ནས་ཀླུ་འབུམ་ཚེ་རིང་གིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་གནས་བསྡུས།”

  1. ཆོས་འཕེལ་དར་རྒྱས་ says:
    2012-11-23 at 10:13 am

    དེ་ཡང་འདི་ནས་བདག་གིས་ཅི་ཞུ་བ། ཕ་ཡུལ་ཕྱོགས་སུ་ཆེད་དུ་གཉེར་བའོ་། ཇི་ལྟར་མི་ལ་བསྒྲགས་པར་བྱ་བའི་ཚེ། ཕན་དང་གནོད་པ་གང་ཡོད་ལེགས་པོར་ལྟོས། ལས་ཀྱིས་བགོས་བའི་བདག་ཅག་ཕ་ཡུལ་ན། ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་ཚོ། གཅིག་རྗེས་གཉིས་མཐུད་མེ་ལྕེ་ལ་འབར་དུས། སེམས་ཚབ་ཀུན་ལ་ཡོད་པ་བརྗོད་མ་དགོས། ད་ནི་མེ་ལ་མ་སྲེགས་ཟེར་བའི་བསྐུར་སློང་ཞིག། ཕ་ཡུལ་གངས་ཅན་ཕྱོགས་ལ་ཀུན་གྱིས་གཏོང་རན་རེད། མཉམ་འབྲེལ་རྒྱལ་ཚོགས་ཟེར་ནས་སྐྱོབས་མཁན་དང་། ཨ་རིའི་དམག་དཔུང་ཟེར་ནས་གདོང་གྲོགས་ཞིག། ཡོང་རྒྱུ་མེད་པ་བོད་ལ་བསྒྲགས་ན་བསམ། གང་ལ་ཀུན་གྱིས་ཉན་པ་གཙོ་འཛིན་དེས། ཀུན་གྱི་དོན་ལ་གསུང་ཞིག་འབྱོན་ན་ལེགས། སྨྱལ་བའི་འཕྲང་དང་འདྲ་བའི་བདག་ཅག་ལས། མྱུར་དུ་བདེ་ལྡན་ཞིང་ཏུ་གྱུར་བར་སྨོན།

  2. ཐུ་བ་རྒྱ་མཚོ། says:
    2012-11-23 at 10:41 am

    གནས་འགོད་པ་ཟུང་ལ་ཞུ་རྒྱུར།

    ཁྱེད་གཉིས་ནས་རྒྱལ་གཅེས་པ་ཁོང་ཉིད་མཚམས་སྦྱོར་སྐབས་སུ་གུས་ལུགས་གི་རྣམ་པ་དང་བཅས་ངོ་སྤྲོད་ཞུ་རྒྱུ་སོགས་ལ་ཐུགས་སྣང་གནང་རྒྱུ་ནི་ཧ་ཅང་གལ་ཆེ་བ་རེད་འདོད།

    དཔེར་ན། ཕ་ཚེ་ཁོ་དང་མ་ཚེ་འདས་རྡོ་རྗེ་སྐྱིད་གཉིས་ཀྱི་བུ་ཡིན་པ་དང་། དེ་སྔོན་སྤེན་དཀར་ཐང་དགོན་པའི་ཆོས་སྒོར་ཞུགས་མྱོང་ཡོད་ན་ཡང་ལོ་གཉིས་ཀྱི་རྗེས་སུ་སྐྱ་སར་བབས་ཡོད་འདུག་ཞེས་འརྗོད་ཚེ་ཀློག་མཁན་དག་གི་རྣ་ལ་མི་མཛེས་པ་དེ་འདྲ་ཀྱང་མེད། ཡིན་ཡང་།

    དེ་འདྲ་མིན་པར་༼ ཕ་ཚེ་གོ་དང་མ་རྡོ་རྗེ་སྐྱིད་གཉིས་ཀྱི་བུ་ཡིན་པ་དང་། ཨ་མ་སྐུ་གྲོངས་ཡོད་འདུག ལོ་གཉིས་ཀྱི་རྗེས་སུ་གྲ་བ་ལོག་ཡོད་འདུག ༽ ཅེས ་ཁ་རི་ཁ་ཐུག་གི་ཚིག་འདི་འདྲ་ནི་དོན་ལ་གནོད་སྐྱོན་ཆེར་མེད་ཡང་ཀློག་དུས་རྣ་ལ་སྙན་པོ་རང་མི་འདུག སོང་ཙང་མི་རིགས་གི་དོན་དུ་རང་གི་ལུས་སྲོག་ཡོད་ཚད་བློས་བཏང་བའི་རྒྱལ་གཅེས་པ་ཞིག་ལ་མཚོན་ན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ལུས་ངག་ཡིད་གསུམ་ཡོངས་ཀྱིས་གུས་བཀུར་རྣམ་དག་ཞུ་དགོས་པ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཡིན།

    དགོངས་དག

  3. བོད་ཀྱི་བཙན་པོ་ says:
    2012-11-23 at 10:54 am

    ཡང་ནས་ཡང་དུ། བསྐྱར་ནས་བསྐྱར་དུ། སེམས་ནང་ངུ་ཤོར། བསམ་བཞིན་ཁོང་ཁྲོ། བྱེད་ཐབས་ཇི་ཡོད།
    ཨོ་མ་ནི་པདྨའི་ཧུང། དཀོན་ཅོག་གི་མཁྱེན་ནོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme