Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་དུ་ཨ་ལགས་འཇིགས་མེད་རིན་པོ་ཆེར་བསྔོ་སྨོན་མཆོད་འབུལ་ཞུས་པ།

Posted on 2012-08-042012-08-04 By ཤར་ཕྱོགས་ཁུག་རྟ། 4 Comments on རེབ་གོང་དུ་ཨ་ལགས་འཇིགས་མེད་རིན་པོ་ཆེར་བསྔོ་སྨོན་མཆོད་འབུལ་ཞུས་པ།

རེབ་གོང་རོང་བོ་དགོན་ཆེན་དུ་སེར་སྐྱ་གཉིས་ཀྱིས་ཨ་ལགས་འཇིགས་མེད་རིན་པོ་ཆེར་བསྔོ་སྨོན་མཆོད་འབུལ་ཞུས་པ། 

དེ་ཡང་རེབ་གོང་ནས་བཏང་བའི་གནས་ཚུལ་ནང་། “ང་ཚོ་གཞིས་ལུས་རེབ་གོང་སྐྱ་སེར་ཕོ་མོ་རྣམས་ཀྱིས་ཞིང་དུ་གཤེགས་པའི་བཀའ་ཟུར་འཇིགས་མེད་རིན་པོ་ཆེ་མཆོག་ལ་མར་མེ་འབུམ་མཆོད་དང་འབྲེལ་བའི་བསྔོ་སྨོན་མཆོད་འབུལ་ཞིག་འཚོགས་དགོས་པ་ནི། དམ་པ་ཁོང་བླ་སྤྲུལ་དང་དཔོན་རྒྱུད་ཞིག་ཡིན་པའི་ངོས་ནས་མ་ཡིན་པར། སྤྱི་ལོ་༡༩༥༩ལོར་བཙན་བྱོལ་དུ་ཕེབས་པ་ནས་བཟུང་སྐུ་ཚེ་གང་བོར་གང་ནུས་ཀྱིས་བོད་རང་དབང་གི་ཆེད་དུ་ཕྱག་ལས་སྣ་ཚོགས་གནང་བ་དང་། ནང་སྒོས་༧ གོང་ས་མཆོག་གི་བཀའ་གསུང་མངོན་ལྐོག་མེད་པར་ཚུལ་བཞིན་སྒྲུབ་པ། བོད་རང་དབང་གི་ཆེད་དུ་གཞན་ཡུལ་རྡ་སའི་ཁོར་ཡུག་ཆུང་ཆུང་དེའི་ནང་བཙན་བྱོལ་སྲིད་གཞུང་དང་༧གོང་ས་མཆོག་གཙོས་བཙན་བྱོལ་བོད་མི་རྣམས་བློས་མ་བཏང་བར་སྐུ་ཚེ་མཐར་ཕྱིན་པའི་བོད་མི་རིགས་ཀྱི་སྐྱེས་བུ་རླབས་ཆེན་ཞིག་ཡིན་པའི་ཆེད་དུ་དམིགས་སྟེ། ཁོང་གི་གདུང་སྐར་ཉིན་མོ་སྟེ་སྤྱི་ཟླ་བདུན་པའི་ཚེས་སུམ་ཅུའི་ཕྱི་དྲོ་དུས་ཚོད་དྲུག་སྟེང་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་དང་དཔྱི་ས་དགོན་པ་གཉིས་གཙོས་དགེ་འདུན་པ་དྲུག་བརྒྱ་ལྷག་དང་དད་ལྡན་མང་ཚོགས་བརྒྱ་ཕྲག་བཅས་ཀྱིས་རེབ་གོང་རོང་བོ་དགོན་ཆེན་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་ཆོས་གྲྭའི་ནང་དུ་མར་མེ་འབུམ་མཆོད་དང་འབྲེལ་བའི་བསྔོ་སྨོན་མཆོད་འབུལ་ཞིག་འཚོགས་པ་དང་། དམ་པ་ཁོང་གི་སྐུ་ཡུལ་དང་ལྷ་སྡེ་རྣམས་ཀྱིས་དེར་བཞུགས་ཀྱི་དགེ་འདུན་པ་རྣམས་ལ་བསྙེན་བཀུར་ཡང་རྒྱ་ཆེན་བྱས་སོང་། ང་ཚོ་གཞིས་ལུས་བོད་མི་རྣམས་ཀྱི་རེ་བ་ནི་ཕ་ཡུལ་དྲོན་མོ་རྒྱང་རིང་དུ་བསྐྱུར་ནས་གཞན་ཡུལ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་རང་དབང་གི་ཆེད་དུ་ཕྱག་ལས་སྣ་ཚོགས་གནངས་དང་གནང་བཞིན་པ་ལ་སེམས་སྟེང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག མུ་མཐུད་ནས་བོད་ཀྱི་བདེན་མཐའ་མ་གསལ་བར་དང་༧གོང་ས་མཆོག་བོད་ཡུལ་དུ་ཆིབས་བསྒྱུར་མ་གནང་བར་དུ་བཙན་བྱོལ་སྲིད་གཞུང་དང་༧གོང་ས་མཆོག་རྒྱབ་ཏུ་བསྐྱུར་ནས་གཞན་ཡུལ་མི་འགྲིམས་པར། བཙན་བྱོལ་སྤྱི་ཚོགས་ནང་བརྟན་སྡོད་ངང་བཞུགས་ནས་རྡ་སའི་བཙན་བྱོལ་སྲིད་གཞུང་ལ་བདག་པོ་རྒྱག་རྒྱུ་དང་། ཐབས་ཤེས་གཉིས་ལྡན་གྱི་སྒོ་ནས་བོད་རང་དབང་གི་ཆེད་དུ་ཕྱག་ལས་སྣ་ཚོགས་གནང་རྒྱུ་སྐུ་མཁྱེན་མཁྱེན་ཞུ་ལགས།”ཞེས་འཁོད་འདུག་པ་བཅས།།


རེབ་གོང་རོང་བོ་དགོན་ཆེན་དུ་སེར་སྐྱ་གཉིས་ཀྱིས་ཨ་ལགས་འཇིགས་མེད་རིན་པོ་ཆེར་བསྔོ་སྨོན་མཆོད་འབུལ་ཞུས་པ།


རེབ་གོང་རོང་བོ་དགོན་ཆེན་དུ་སེར་སྐྱ་གཉིས་ཀྱིས་ཨ་ལགས་འཇིགས་མེད་རིན་པོ་ཆེར་བསྔོ་སྨོན་མཆོད་འབུལ་ཞུས་པ།

རེབ་གོང་རོང་བོ་དགོན་ཆེན་དུ་སེར་སྐྱ་གཉིས་ཀྱིས་ཨ་ལགས་འཇིགས་མེད་རིན་པོ་ཆེར་བསྔོ་སྨོན་མཆོད་འབུལ་ཞུས་པ། 

རེབ་གོང་རོང་བོ་དགོན་ཆེན་དུ་སེར་སྐྱ་གཉིས་ཀྱིས་ཨ་ལགས་འཇིགས་མེད་རིན་པོ་ཆེར་བསྔོ་སྨོན་མཆོད་འབུལ་ཞུས་པ།

རེབ་གོང་རོང་བོ་དགོན་ཆེན་དུ་སེར་སྐྱ་གཉིས་ཀྱིས་ཨ་ལགས་འཇིགས་མེད་རིན་པོ་ཆེར་བསྔོ་སྨོན་མཆོད་འབུལ་ཞུས་པ།

རེབ་གོང་མཆོད་འབུལ་གོ་སྒྲིག་ཚན་ཆུང་ནས། 

གསར་འགྱུར།

Post navigation

Previous Post: སངས་རྒྱས་ཀྱི་སྐུ་བུད་མེད་ཀྱི་ལྷམ་སྟེང་ལ་དཔར་བ།
Next Post: ཆོས་སྒྲོན་དང་ཆོས་བཟང་།

Comments (4) on “རེབ་གོང་དུ་ཨ་ལགས་འཇིགས་མེད་རིན་པོ་ཆེར་བསྔོ་སྨོན་མཆོད་འབུལ་ཞུས་པ།”

  1. ཚེ་མདོ་ཐར says:
    2012-08-04 at 8:30 am

    ᫙᫙᫕᫕རེབ་གོང་རིག་པའི་འབྱུང་གནས། རེབ་གོང་སྲིད་ཀྱི་མེ་ལེ᫕ᩖᩖᩖ྄ྕ།

  2. སྒྲོན་མེ། says:
    2012-08-04 at 8:44 am

    ལགས་སོ། རེབ་གོང་མཆོད་འབུལ་གོ་སྒྲིག་ཚན་ཆུང་གིས་འདི་ལྟ་བུའི་གནས་ཚུལ་དོན་སྙིང་ལྡན་པ་སྤེལ་བ་ཐུགས་རྗེ་ཆེ།

  3. སྒྲོན་མེ། says:
    2012-08-04 at 10:15 am

    རེབ་གོང་མཆོད་འབུལ་གོ་སྒྲིག་ཚན་ཆུང་གིས་འདི་ལྟ་བུའི་གནས་ཚུལ་དོན་སྙིང་ལྡན་པ་ཞིག་སྤེལ་བ་ཐུགས་རྗེ་ཆེ་ཞུ། དམ་པ་ཁོང་ལ་མཚོན་ན་སྐུ་ཚེ་གང་བོར་བོད་རང་དབང་གི་ཆེད་དུ་བཙན་བྱོལ་སྲིད་གཞུང་དང་༧གོང་ས་མཆོག་སྲུང་ནས་དྲང་བདེན་གྱི་ལམ་ནས་སྐུ་ཚེ་མཐར་ཕྱིན་པ་དོན་དངོས་རེད། རྒྱུ་མཚན་དེའི་ཕྱིར། དམ་པ་ཁོང་ལ་འདི་ལྟུ་བུའི་མཆོད་འབུལ་བྱེད་ཆོག་ཆོག་རེད་སྙམ།

  4. མིག་བརྒྱད་པ། says:
    2012-08-05 at 1:36 am

    ཞིང་གཤེགས་ཨ་ལགས་ཁོང་གི་མཚན་མི་ཤེས་མཁན་མདོ་སྨད་ན་ཕལ་ཆེར་ཡོད་ཀྱི་མ་རེད། དམ་པ་ཁོང་གིས་སྐུ་ཚེ་གང་བོ་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མཐུན་པའི་ཕྱག་ལས་རླབས་ཆེན་གནང་ཡོད་པ་དེར་གུས་འདུད་ཞུ་འོས། བྱས་པ་ལ་དྲིན་དུ་ལྟ་བ་དང་མཛད་རྗེས་ལ་འདས་དྲན་བྱེད་པ་ཡ་རབས་ཀྱི་ལུགས་སྲོལ་རེད། རྡོ་རྗེ་རིན་ཆེན་ལགས་ཀྱིས་ཁོང་གི་སྐུ་ཚེའི་མཛད་རྣམ་ངོ་སྤྲོད་གནང་བ་ཞེ་དྲག་ཡག་པོ་བྱུང་། མི་མང་པོ་ཞིག་ལ་གོ་རྟོགས་སད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme