Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་གི་བླ་རྒན་ཞིག་གི་དགེ་ཕྲུག་ཤར་ཙོང་ཁ་བ།

Posted on 2022-01-032022-01-04 By ཁ་བརྡ No Comments on རེབ་གོང་གི་བླ་རྒན་ཞིག་གི་དགེ་ཕྲུག་ཤར་ཙོང་ཁ་བ།

ནམ་མཁའ།

ལོ་ངོ་དྲུག་བརྒྱའི་དུས་ཀྱི་སྔ་རོལ་དུ།།
མདོ་ཁམས་གཡར་མོ་ཐང་གི་ཡུལ་ལྗོངས་ཀྱི།
ཙོང་ཆུ་སྔོན་མོའི་འགྲམ་གྱི་སྦྲ་ཁྱིམ་རུ།།
རིག་པའི་ཁྱེའུ་འཁྲུངས་པ་དེ་ལ་འདུད།།

 
ལྟེ་ཁྲག་ཕོད་པའི་གནས་སུ་རྒྱལ་སེང་གི།
སྐུ་ཡི་གཟུགས་བརྙན་འབུམ་ཕྲག་བྱོན་པ་ཡི།།
ངོ་མཚར་ལྗོན་ཤིང་སྐྱེས་བའི་རྟགས་མཚན་གྱི།
ཀུན་དགའ་སྙིང་བོ་ཁྱེད་ལ་གུས་པས་འདུད།།
 
དགུང་ལོ་གསུམ་ལ་སོན་པའི་དུས་ཀྱི་ཚེ།།
རེབ་གོང་ཡུལ་དུ་འཁྲུངས་བར་གྲགས་པ་ཡི།།
མཁས་གྲུབ་ཟུང་ལྡན་ཆོས་རྗེ་དོན་འགྲུབ་ཀྱིས།།
ཡབ་ཡུམ་ཚབ་ཏུ་བསྐྱངས་བའི་བུ་ཆུང་འདུད།།
 
བྱ་རྒྱལ་ཁྱུང་ཆེན་འདྲ་བའི་གནས་མཆོག་དེར།།
ཕ་བུ་གཉིས་ཀྱིས་བརྩོན་པའི་གོ་ཆ་ཡིས།།
ཤེས་རབ་ལྷ་མཆོག་གཟུངས་སྔགས་སྒྲུབ་པས་ན།།
བྱ་ཁྱུང་དགོན་གྱི་གྲྭ་རྒྱུན་དང་པོར་འདུད།།
 
བཅུ་དྲུག་ལངས་ཚོ་དར་ལ་བབས་པའི་ཚེ།།
སེམས་ཀྱི་ཟས་སུ་བླ་མའི་གདམས་ངག་དང་།།
ལུས་ཀྱི་ཟས་སུ་རྒྱབ་ཏུ་རྩམ་ཁུག་ཞིག།
ཁུར་བའི་དབུས་འགྲོ་ཨར་སྐྱོང་བུ་ལ་འདུད།།
 
རི་ཆུ་སྟོང་ཕྲག་བརྒལ་དུས་སློང་ཞོར་དུ།།
དབུས་ཀྱི་གྲྭ་ས་འགྲིམས་དུས་དབུལ་བོ་ཁྱེད།།
ལུས་ཟས་དབུལ་ཡང་སེམས་ཟས་ཕྱུག་པོ་ཡིས།།
མདོ་སྔགས་རྒྱ་མཚོའི་ཀློང་དུ་བསྐྱོད་ལ་འདུད།།
 
དབུས་ཀྱི་གཙང་ཆུའི་འགྲམ་གྱི་བཀའ་བསྟན་ཡི།།
མེ་ཏོག་ཚལ་གྱི་གུང་ཐང་དགོན་པ་རུ།།
རྒྱ་འགྲེལ་ཉེར་གཅིག་གསེར་གྱི་ཕྲེང་བ་ལ།།
རྒྱུས་ཏེ་བརྩམས་པའི་ཙོང་ཁའི་ཞབས་ལ་འདུད།།
 
ཀླུ་སྒྲུབ་ཟླ་གྲགས་གཞུང་ལུགས་འོ་མའི་མཚོར།།
རིག་པའི་དབྱུག་པས་སྲུབས་ཏེ་དབུ་མའི་ལམ།།
གསེར་གྱི་མར་ལོ་འཁྲུངས་པའི་བློ་བཟང་གྲགས།།
གངས་ཅན་ཤིང་རྟའི་སྲོལ་འབྱེད་ཁྱེད་ལ་འདུད།།
        
རབ་འབྱམས་མདོ་སྔགས་ནམ་མཁའི་མཁའ་དབྱིངས་ཀྱི།།
ངོ་མཚར་གཏམ་གྱི་ཁྱེད་ཀྱི་གཞུང་ལུགས་ལ།།
སྔོན་མའི་ལས་ཀྱིས་ཅུང་ཟད་སྦྱངས་མོད་ཀྱང་།།
ཕྱེ་མ་ལེབ་ཀྱིས་གནམ་འཕང་གཅོད་དང་མཚུངས།།
 
ཡོ་རུབ་གླིང་དུ་འཁྱམས་པའི་དགེ་བོ་ཡིས།།
སྟོང་པའི་དབྱིངས་ལ་བྲིས་བའི་རི་མོ་འདི།།
དགོད་པའི་གཏམ་ལ་དྲངས་ཏེ་བྲིས་མོད་ཀྱང་།།
ཕྲག་དོག་འདྲེ་མོ་ངུ་བའི་རྒྱུ་ཡང་སྲིད།།

29/12/2021ལ་ཡོ་རུབ་ནས་ནམ་མཁས་དགོད་གཏམ་གྱི་ཞིག་གི་ཚུལ་དུ་བྲིས།

སྙན་ངག

Post navigation

Previous Post: བྱིས་སྒྲུང་བཅུ་གཉིས་བོད་བསྒྱུར་གྱིས་འགྲེམ་སྤེལ་བྱེད་འཆར།(འོས་སྦྱོར།)
Next Post: ང་པར་འགྲེམས་ཁང་ནང་ནས་རྒས་སོང་། (ཞར་བཀོད་གཅིག)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme