Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

"རེ་སྐུལ་དང་ལེན་བྱ་ཐབས་མ་སོང་ཡང་”ཞེས་པའི་ཐད་ལ །

Posted on 2011-03-11 By No Comments on "རེ་སྐུལ་དང་ལེན་བྱ་ཐབས་མ་སོང་ཡང་”ཞེས་པའི་ཐད་ལ །

བསྟན་འཇམ་ནས །
{ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་ཡང་། བོད་མི་རྣམས་ཀྱི་ཡིད་ཆེས་བློ་འགེལ་ཡོད་པ་དེ་སྲིད་དུ་བོད་ཀྱི་ཡུལ་མི་ཞིག་ཡིན་པས་རང་འགན་ངེས་པར་བསྒྲུབ་རྒྱུ་ཡིན་ལ། རིམ་བཞིན་གནད་དོན་འདིའི་དགག་དགོས་པའི་རྒྱུ་མཚན་རྣམས་གོ་རྟོགས་ཀྱིས་ངོས་ཀྱི་ཐག་གཅོད་ལ་མོས་མཐུན་དང་ལེན་བྱེད་པའི་ཡིད་ཆེས་ཡོད} ། ཅེས་གོང་ས་མཆོག་གིས་་་་་་་་་་་་་་་དཔྱད་གྲུབ་དང་རང་བློ་བབ་པའི་སྐུ་དབང་ལ་མནོ་བསམ་རེ་བཏང་མཐར །

བརྒྱུད་ལམ་གཅིག་གི་ཐོག་ནས་ཞུས་ན། གཞན་ལ་སྐུལ་ལྕག་ཅིག་གིས་བོད་མིའི་ཆབ་དཔལ་རིགས་གསུམ་ལ་ཕན་ནུས་བཀླགས་མི་ཚར་བ་ཞིག་བྱུང་ཡོད་པ་དོན་དངོས་རེད ། ༧གོང་ས་མཆོག་སྐུ་སྒེར་གྱི་ངོས་ནས་མི་མང་ལ་བླང་དོར་བཀའ་སློབ་བརྩལ་པའི་ཤུགས་རྐྱེན་གྱིས་བོད་མི་ཡོད་དོ་ཅོག་གི་ཁ་ཕྱོགས་གཅིག་དང་། དམིགས་ཡུལ་གཅིག མདུན་སྐྱོད་གཅིག མདོར་ན་རྩ་དོན་གཅིག་ཏུ་འཁུམ་སྟེ ། རེ་བ་འགྱེལ་སར་ནས་ཡར་ལངས་ཏེ་འབྲས་བུ་གཡུར་དུ་ཟ་བ་ཞིག་བླངས་པ་འཛམ་གླིང་སྐྱེ་འགྲོ་ཀུན་ཡིན་སྨོན་དང་བཅས་ཏེ་མིག་སྔར་དུ་བཤམས་ཡོད ། ཁོང་གི་རླབ་ཆེ་བའི་མཛད་འཕྲིན་མཁའ་རུ་འཕགས་པའི་ཐུ་འོག་ནས་རང་རེའི་རྩ་དོན་ལ་རེ་བ་དོན་འབྲས་སུ་སྨིན་པའི་ཁར ། འུ་ཅག་གཞིས་བྱེས་གཉིས་ཀྱི་ཅིང་བསམ་ཤེས་གོ་རྟོགས་ཀྱི་མུན་པ་རིམ་པར་ཟད་དེ་བཅའ་ཁྲིམས་བསྒྱུར་བཅོས་བྱས་ནས ་༧གོང་ས་མཆོག་གིས་རེ་སྐུལ་དང་དུ་ལེན་བྱ་རྒྱུ་ཁ་ཚ་དགོས་གཏུགས་ཀྱི་གཙོ་གནད་ཅིག་རེད ། །

“བོད་མི་རྣམས་ཀྱི་ཡིད་ཆེས་བློ་འགེལ་ཡོད་པ་དེ་སྲིད་དུ་བོད་ཀྱི་ཡུལ་མི་ཞིག་ཡིན་པས་རང་འགན་ངེས་པར་བསྒྲུབ་རྒྱུ་ཡིན་ལ། རིམ་བཞིན་གནད་དོན་འདིའི་དགག་དགོས་པའི་རྒྱུ་མཚན་རྣམས་གོ་རྟོགས་ཀྱིས་ངོས་ཀྱི་ཐག་གཅོད་ལ་མོས་མཐུན་དང་ལེན་བྱེད་པའི་ཡིད་ཆེས་ཡོད” ། ཅེས་གསུངས་བྱུང་བ་འདི་གཞིགས་ན ། མང་གཙོའི་ལྟ་གྲུབ་ཅུང་ལམ་དུ་འགྲོ་ཡོད་ཀྱང་ད་ལྟའི་ཆར་བོད་མི་ཡོད་དོ་ཞེ་བློ་གཅིག་ལ་ཁེན་ཆོག་པའི་མི་ཞིག་བཙལ་ནས་རེག་མེད་པ་ཤུགས་སུ་བསྟན་ཡོད་ཁར ། བཀའ་ཤག་དང་སྤྱི་འཐུས་ལས་དོན་ཐད་ཐེ་ཇུས་ཅི་མི་བྱེད་པར་ཆོས་དཔོན་ཁོ་ན་རང་ཡིན་པས་སྲོལ་གྱི་མི་བཞུགས་པ་ཚང་མའི་སེམས་ཀྱི་ངེས་ཤེས་ཟབ་མོ་རྙིད་དགོས །

༧་གོང་ས་མཆོག་སྐྱབས་བཅོལ་དུ་ཕེབས་དགོས་དོན་གཙོ་ཡང་མི་རིགས་འདིའི་རྩ་དོན་རང་ལ་འབྲེལ་ཡོད་སྟབས ། ཆོས་སྲིད་གང་གི་ཐད་ལའང་ཕྱག་ལས་གནང་བ་རྩ་དོན་འདི་དང་འབྲེལ་བ་མེད་པར་གཡོ་ཐབས་ནམ་ཡང་ཡོད་པ་མ་མཆིས་པས ། སྲིད་བློན་མཚན་གནས་བརྗེ་སྤོར་གྱི་ཐུགས་འདུན་ཚང་མས་བློ་དོག་མེད་པར་ཀུ་ཡངས་ཀྱིས་བསམ་ཤེས་བྱ་དགོས །

བཀའ་འོས་བཀྲས་མཐོང་གི་གསུངས་དོན་ལྟར ། བདུན་ཕྲག་རེ་བཀའ་བློན་རྣམས་ཀྱི་ལས་དོན་ཚོགས་འདུན་འཚོགས་དགོས་པ་དང་། ་མ་འོངས་ལས་འཆར་དང་གྲུབ་ཟིན་པའི་ལས་ཀའི་མིང་ཤོག་གཤམ་མཚན་རྟགས་འགོད་རྒྱུའི་ཐད་༧་གོང་ས་མཆོག་གི་དགོངས་བཞེད་ལྟར་ང་ཚོས་བསྒྱུར་བཅོས་བཏང་སྟེ་བསྒྲུབ་དགོས་པ་རེད་ཅེས་བཤད་པ་བཞིན ། སྤྱི་འཐུས་གྲོས་ཚོགས་གཅིག་བུས་འགན་ཐེག་མི་ཐེག་ལ་མ་གཟིགས་པར་མ་འོངས་སྐབས་བཅུ་བཞི་བའི་སྤྱི་འཐུས་གྲོས་ཚོགས་སར་དགོངས་ཞུ་བཀའ་ཡིག་གི་འབྲུ་དོན་ལྟར་ཐག་གཅོད་བྱ་རྒྱུ་རེ་བ་བཟུང་ཡོད །

ང་རང་གི་ལྟ་ཚུལ་ལ་ཡེ་ཤེས་དབྱིངས་དཔྱད་ཡིན་ལབ་སྟེ་ལས་དོན་ཆེ་ཕྲ་ཆུང་ཙག་ཚང་མ་༧་གོང་ས་མཆོག་ཁག་དཀྲི་ན་ལུས་ཀྱི་ཐེག་ཡང་སེམས་ཀྱི་ནམ་ཡང་ཐེག་ཏུ་དཀའ་མོ་ཞིག་པས་ཁར ། ཡིད་ཆེས་བློ་གཏད་དེ་ཙམ་ཡོད་ན{རེ་བ་བཟང་ས་ནས་་རྒྱོབ } {གྲ་སྒྲིག་སྡུག་ས་ནས་བྱོས་}ཞེས་ཆབ་དཔལ་རིགས་གསུམ་ཐད་བཀའ་སློབ་ཡང་ནས་བསྐྱར་དུ་གནང་བ་ལྟར་མདུན་སྐྱོད་བྱོས་དང་། བཀའ་སློབ་ཀྱི་སྙིང་དོན་ལྟར་བསྒྲུབ་དགོས་ཞེས་ཚོགས་འདུ་རེ་སྐོང་ཀྱང་ཁ་ཤོམ་རེ་འཐེན་ནས་ཚོགས་འདུ་རྒྱལ་ཁས་ངང་མཇུག་སྒྲིལ་ཡིན་ཞེས་ཉི་མ་ག་ཚོད་ཅིག་སོང་ཚར་བ་རེད། དུས་ཚོད་ག་ཚོད་ཅིག་བསྐྱད་པ་ཡོད་པ་རེད ། ཉིས་སྟོང་བཅུའི་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་མཛད་སྒོའི་ཐད་༧་གོང་མཆོག་གིས་མང་བོ་བཤད་མི་བཤད་མི་འདུག་ཕན་པ་མི་འདུག་ཅེས་སྡུག་སྐད་ཤོར་བ་ལ་ལྟོས་དང་ཡེ་ཤེས་དབྱིངས་དཔྱད་ལ་ཁག་ག་ཚོད་ཅིག་བཀལ་འདུག རང་གི་བདེ་སྡུག་རང་མོས་འོས་ཤོག་གིས་བསྐོས་བཞག་བྱས་པའི་བཀའ་ཁྲིས་ཆབ་དཔལ་རིག་གསུམ་གྱིས་འགན་ཁུར་ཏེ་༧གོང་ས་མཆོག་ཟུར་དཔུང་གི་སྲོལ་ཏུ་བཞུགས་པ་ཡིན་ན་ད་དུང་མདུན་བསྐྱོད་ལ་ཤུགས་རྐྱེན་བཟང་དུ་འགྲོ་བའི་རེ་བ་ཆེ་ཙམ་ཡོད །

ད་རེབ་སྤྱི་འཐུས་སྐབས་བཅུ་བཞི་ཚོགས་སྐབས་༧་གོང་ས་མཆོག་གི་འགན་དབང་ཐད་བསྒྱུར་བཅོས་ཆེན་པོ་གཏོང་མ་ཐུབ་ན་འང་། མ་མཐའ་ཡང་་ཡེ་ཤེས་དབྱིངས་དཔྱད་ལྟར་ཡིན་ཞེས་པའི་རྩ་ཚིག་འདི་མེད་པར་བཟོ་རྒྱུ་གནད་འགག་ཅིག་ཆགས་འདུག་སྙམ ། མི་ཆོས་རང་ལུགས་ཀྱི་ཆབ་སྲིད་འཐབ་འཛིང་ཁྲོད་དུ་༧་གོང་ས་མཆོག་ལ་ཁག་འདི་དཀྲི་ན་འགྲིག་པོ་ཞིག་མ་རེད་སྙམ །

སྣ་ཚོགས།

Post navigation

Previous Post: འཇར་པན་མཚོ་འཁྱོམ་ས་ཡོམ་གྱི་གནས་ཚུལ་གསར་ཤོས།
Next Post: མཚན་གནས་ལས་བཤོལ་རྒྱུའི་དགོངས་པ་མི་བཞེས་པ་མཁྱེན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme