Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེ་བ་མེད་པའི་ཁོར་ཡུག་གི་མི།

Posted on 2010-03-27 By དབང་ཕྱུག་ No Comments on རེ་བ་མེད་པའི་ཁོར་ཡུག་གི་མི།

བོད ལྷ་ཀླུ་གཉན་གསུམ།

མི་མང་བོ་ཞིག་ནས་རང་ཉིད་ཀྱིས་རང་ལ་རེ་བ་མེད་པར་འདོད་ཀྱི་ཡོད་ལ། དེ་ནི་རང་ཉིད་ནས་འགོ་བརྩམས་པའི་བྱས་ཉེས་དེ་ཉིད་རང་ཉིད་ཆགས་ཀྱི་ཡོད་པར་གཏན་ནས་ངེས་འཛིན་བྱེད་ཐུབ་ཀྱི་མེད་པར་རང་ཉིད་ཀྱི་འདོད་བློ་ཞིག་གི་བཙན་འོག་ནས་རང་ཉིད་སུས་ཀྱང་མི་ཤེས་པའི་བཙོན་དུ་བཅུགས་དེ། མི་ཡུལ་དུ་རང་ཉིད་ཁེར་རྐྱང་དུ་འཚོ་ཡོད་པར་འདོད་ནས། སྨྱོས་རྫས་ཀྱི་རིགས་ལ་བརྟེན་པ་དང་། ལས་ཀ་སོགས་བྱེད་འདོད་ཀྱི་འདུན་པ་མེད་པར་གཏོང་བ། མི་རིགས་ཚད་ཀྱི་བྱེད་སྟངས་ལ་ཚུགས་པ་ཟ་བ་དང་། རང་ཉིད་ནི་མི་དེ་དག་ལས་ཀྱང་མ་འདྲ་བ་ཞིག་དུ་བསམ་ནས་ཟུར་དུ་འཇོག་པའི་སྣང་ཚུལ་འདིས། རང་ཉིད་ཁེར་རྐྱང་གི་སྣང་བ་ཞིག་དུ་ཁྲིད་ཀྱི་ཡོད་པ་མ་ཟད། འཇིག་རྟེན་ནི་བདེ་བ་མེད་པ་ཞིག་དུ་འདོད་ཀྱི་ཡོད་ལ། གང་བྱས་ཐབས་ཅད་ནི་སྙིང་བོ་མེད་པ་ལྟ་བུ་ཞིག་དུ་ཚོར་ནས་མི་སུ་ཡིས་སྐད་ཆ་ལ་ཉན་འདོད་ཀྱི་འདུན་པ་མེད་པར་གྱུར་བ་རེད།
ལྷག་པར་དུ་ཁེར་རྐྱང་གི་སྣང་བ་འདི་བྱུང་ཡུལ་གཙོ་བོ་དེ་ནི་ནུབ་ཕྱོགས་ཀྱི་དབལ་འབྱོར་འགྲན་རྩོད་ཀྱི་མི་སེམས་བོར་བའི་འགྲན་རྩོད་ཀྱི་དུས་རབས་ནས་བྱུང་བ་ཡིན་ལ། དེང་སང་ནད་ཚ་དེ་རིགས་འཛམ་གླིང་གི་ཡུལ་གྲུ་གང་སར་བཙན་འཛུལ་ཐེབས་ནས་བོད་མི་བྱེས་གཞིས་གཉིས་ཀྱི་ཁྲོད་དུ་ནད་ཚ་འདི་བྱུང་ཟིན་པ་རེ་ཟུང་དང་། བྱུང་ལ་ཉེ་བའི་མི་ཡང་མི་ཉུང་བ་ཞིག་ཡོང་གི་ཡོད་སྟབས། ངས་དེ་རིང་རེ་བ་མེད་པའི་ཁོར་ཡུག་གི་མི་ཟེར་ནས་གླེང་གཞི་འདིས་སྟེང་ནས་མི་གླེང་ཀ་མེད་བྱུང་།
ནུབ་ཕྱོགས་རྒྱལ་ཁབ་ཁག་དུ་སེམས་ནད་བྱུང་ནས་སེམས་ཁམས་རིག་པ་དག་ལ་སྒོར་མོ་སྤྲད། རང་རང་གི་བྱིས་པ་དག་ལ་དེ་དག་གི་དྲུང་དུ་འགྲོ་སོང་ཕོན་ཆེན་བཏང་ནས་དེ་དག་གི་སྐད་ཆ་ལ་ཉན་དུ་འཇུག་གི་ཡོད་པ། དེ་ཡི་ནང་དུ་རྒན་བྱིས་གཉིས་ཀ་འདུ། ལྷག་པར་དུ་གཞོན་སྐྱེས་ཀྱི་ཁྲོད་དུ་མང་བོ་ཞིག་བྱུང་གི་ཡོད་པ་དེ་ནི་ང་རང་བོད་དུ་ཡོད་དུས་སུ་གོ་མྱོང་མེད་ལ། བོད་མི་དག་གི་ཁྲོད་དུ་དེ་ཡི་སྐོར་གྱི་དཀའ་ངལ་ཡོད་པ་དེ་ཡི་སྐོར་ཡང་མང་བོ་ཞིག་གཏན་ནས་གོ་རྒྱུ་མེད། གཏན་ནས་མེད་ཟེར་ན་སྲང་བར་དུ་ལྡོམ་ནས་སྨྱོན་པ་ཆགས་ཡོད་མཁན་རེ་ཟུང་མཐོང་རྒྱུ་ཡོད་ཀྱང་། དེ་དག་གི་གྲངས་ནི་དངོས་ནས་དཀོན་པོ་ཡིན།
འདི་རིགས་བྱུང་བའི་རྒྱུད་རིམ་ངེས་ལ་བསམ་བློ་བཏང་དུས། ཁོང་ཚོ་ལ་གྲོགས་པོ་དང་ཉེ་རིང་གི་བྱམས་བརྩེ་དང་མི་དང་མིའི་བར་གྱི་འདུ་ཤེས་ཟབ་མོ་དེ། བརྩེ་བའི་འཕོངས་དེ་ཁེར་རྐྱང་གི་སྣང་བའི་ཁྲོད་དུ་འཁྱམ་ནས་བར་སྐབས་ཤིག་ལ་རང་ཉིད་ཀྱིས་རང་ལ་ཡིད་ཆེས་མེད་པའི་མི་ཞིག་ལ་ལྟ་བཞིན་ཡོད་ལ། དེ་ལྟར་ལྟ་འགོ་བཙུགས་པ་ནས་མི་དང་འབྲེལ་བ་ཉུང་དུ་འགྲོ་བ་དང་། ཡོད་པ་དེ་དག་ལ་ཡང་ཡིད་ཆེས་དང་བློས་ཐུབ་ཟེར་བ་ཞིག་གཏན་ནས་ཡོང་གི་མེད་པར། ཉིན་རེའི་འཚོ་བའི་ནང་དུ་དོགས་པ་རྐྱང་རྐྱང་གི་འཚོ་བཞིན་ཡོད་པ་རེད། དེ་ཡིན་དུས་བོད་ཕྱི་ནང་གཉིས་སུ་ད་ལྟ་དེ་དག་གི་རིགས་ཡོང་རྒྱུར་ཐག་ཉེ་ནས་ཉེ་རུ་ཡོང་བཞིན་པ་འདི་དག་ལ་བསམ་ནས། ངས་རང་གི་སྐད་ཡིག་གི་སྟེང་ནས་བོད་མི་ཚོར་དབལ་འབྱོར་ཁོ་ནའི་བྲན་གཡོག་བྱེད་མི་རུང་བར་འབོད་སྐུལ་ཞུ་བཞིན་ཡོད། དེ་ལྟར་ཆགས་པས་ཕྱིར་ཉིན་ནས་རེ་བ་མེད་པའི་ཁོར་ཡུག་གི་མི་ཞིག་ཆགས་རྒྱུར་ཐེ་ཚོམ་མི་འདུག་ཞེས་སྔོན་བརྡ་བཏང་བ་ཡིན།

སྣ་ཚོགས།

Post navigation

Previous Post: ཁོར་ཡུག་གི་དབང་གིས། ང་ལ་མིག་ཆུ་མི་འདུག
Next Post: རྒས་པའི་ཉམས་འགྱུར།(ལོ་ན་གྱ་གཅིག་ལ་སླེབས་པའི་ཨ་མྱེ་དང་ཁ་བརྡ་བྱས་རྗེས།)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme