Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རུས་རྐང་གི་མཆོད་མེ། (ཚན་པ་གསུམ་པ།)

Posted on 2012-09-16 By དབང་ཕྱུག་ 3 Comments on རུས་རྐང་གི་མཆོད་མེ། (ཚན་པ་གསུམ་པ།)

རྔ་བ་ཀུན་བཟང་སྒྲོལ་མ།

ང་དགུའི་སྔོན་གྱི་ཁ་བའི་ལྗོངས་འདིར།།
བདེ་སྐྱིད་ཉིན་མ་ཀུན་ནས་འཕྲོ་བས།།
ཆོས་ལྡན་གངས་ལྗོངས་བྷོ་ཏའི་ཡུལ་ཞེས།།
འཛམ་གླིང་སུམ་གཉིས་ཁྱོན་ལ་གྲགས་སོང་།།

འོན་ཏེ་དུས་ངན་རླུང་ནག་འཚུབ་པས།།
ཁ་བའི་བདེ་སྐྱིད་ཉི་མ་ནུབ་ཐལ།།
ཤ་ཁྲག་གཅིག་པའི་སྤུན་ཟླས་སྡུག་ཡུས།།
དམར་པོ་མེ་ལྕེའི་རྩེ་ནས་བུད་ཐལ།།

མགོ་ནག་ས་ཡ་དྲུག་གི་བདེ་སྡུག།
གཅེས་སྲོག་རང་ལུས་མེ་ལྕེའི་རྩེ་ནས།།
དལ་འབྱོར་མི་ལུས་འཐོབ་པར་དཀའ་ཡང།།
འཕངས་མེད་དཔའ་བོས་སྐད་ཅིག་བསྲེགས་ཐལ།།

བླ་མ་སངས་རྒྱས་སེམས་དཔའ་རྣམ་གསུམ།།
ཁ་བའི་དཔའ་བོས་རང་ལུས་བསྲེགས་ཐལ།།
མཐོ་སྒང་བོད་ཀྱི་མཛེས་སྡུག་ཡལ་སོང།།
སྐྱབས་གསུམ་ཐུགས་རྗེས་གཟིགས་པ་མ་ཆུང་།།

སྐྱབས་གནས་དཀོན་མཆོག་གསུམ་དང་ཡི་དམ།།
སྲུང་མ་མཐུ་རྩལ་ཆེ་བ་བདེན་ན།།
བོད་མི་ས་ཡ་དྲུག་པོ་རྫོགས་ཐལ།།
གནས་མཆོག་ཁ་བ་ཁྲག་གིས་བརྫིས་སོང་།།

ཁྱོད་ལ་སྐྱབས་པའི་རེ་བ་རྫོགས་ཐལ།།
ཁྱོད་ལ་གསོ་པའི་ཡུ་ག་བཞུད་སོང་།།
སྔོན་བྱོན་བདེན་པའི་བཀའ་ལུང་ཡོད་ན།།
མཐུ་རྩལ་ནུས་པའི་དུས་ལ་སླེབས་འདུག།

འཛམ་གླིང་མི་ལ་མིག་ཅིག་ཡོད་ན།།
ཉམ་ཆུང་གངས་ཅན་བོད་མིར་གཟིགས་དང།།
དཔའ་བོ་ང་གཅིག་རང་ལུས་འབར་བ།།
ས་ཡ་དྲུག་གི་བདེན་པའི་ངར་སྐད།།

ཨེ་མ་བདག་གིས་འགྲིམ་ལམ་ཡངས་པོར།།
སྙན་པའི་ཚིག་འགར་འགོག་མེད་ཤོར་ཐལ།།
བདག་མེད་ས་ཡ་དྲུག་གི་མཆི་གསོན།།
དུས་ལ་སླེབས་སོ་སྤུན་ཟླས་ཉོན་ཅིག།

༢༠༡༢ ལོའི་སྤྱི་ཟླ ༩ ཚེས་ཉིན་བྲིས།

སྙན་ངག

Post navigation

Previous Post: ཤམ་བྷ་ལའི་ཚོགས་འདུ།
Next Post: མི་ཚེ་འགྲུལ་བཞུད་ཀྱི་ཁ་དོག

Comments (3) on “རུས་རྐང་གི་མཆོད་མེ། (ཚན་པ་གསུམ་པ།)”

  1. རེབ་ཐོག་མདའ says:
    2012-09-16 at 12:32 pm

    ཧ་ཅང་གི་སྙན་མོ་འདུག། གལ་སྲིད་ཁྱོད་རང་བུད་མེད་སྨྱུག་ཐོག་པ་ཞིག་ཡིན་ན་དངོས་གནས་ཡག་པོ་འདུག། མུ་མཐུད་དུ་ཡིན་ད་ཨ་མའི་བུ་མོ

  2. namchuk says:
    2012-09-17 at 8:42 am

    ཧ་ཅང་སྙན་མོ་འདུག།

  3. རྨུ་ཐག་གི་བུ་རྒྱུད། says:
    2012-09-17 at 11:57 am

    ཤིན་ཏུ་ལེགས། ལྷག་པར་དུ་མོ་རང་ལོ་མང་པོའི་རིང་ཕྱུགས་རྫི་ཞིག་ཡིན་པ་དང་། ༢༠༠༦ ལོར་གཞི་ནས་ཀ་ཁའི་སྦྱོར་ཀློག་མགོ་རྩོམ་མཁན་ཞིག་ཡིན་པའི་ལོ་རྒྱུས་ཤེས་མཁན་ཞིག་ཡིན་ཕྱིན་དེ་བས་ཀྱང་སྙན་ངག་གི་རོ་བྲོ་སྨྲ་མི་ཤེས་པ་ཞིག་མྱོང་ཐུབ། མུ་མཐུད་ཅིག སྤོབས་པ་བསྐྱེད་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme