Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རུས་མིང་ངམ་རྗེས་མིང་། ཡང་ན། ཕོའམ་མོ།

Posted on 2009-06-192009-06-19 By དགེ་རབ་ 3 Comments on རུས་མིང་ངམ་རྗེས་མིང་། ཡང་ན། ཕོའམ་མོ།

ཉི་མ་གཅིག ང་སྨན་ཁང་དུ་སོང་། ང་ན་བ་མ་རེད། ཆུང་མ་བསྙུང་བ་རེད། ཆུང་མ་ནང་དུ་འཛུལ། ང་སྒུག་ཁང་ལ་འཛུལ། ཡུན་རིང་སྒུག མཚམས་ཤིག་ལ། ནད་ཞབས་མ་ཞིག་སྒུག་ཁང་དུ་སླེབས། སྒུག་ཁང་དུ་ཡོད་པའི་མི་ཚོགས་ལ་མིག་སྐོར་ཞིག་བྱས།

“སྐུ་ཞབས་སྒྲོལ་མ་ལགས། (Mr. Dolma)”ཞེས་་བོས། ལན་རྒྱག་མཁན་མི་འདུག
“སྐུ་ཞབས་སྒྲོལ་མ་ལགས་འདུག་གས། སྒྲོལ་མ་ལགས་འདུག་གས།” གཟེངས་མཐོན་པོས་བོས།
ངས་ངའི་ཆུང་མའི་མིང་གཉིས་པ་དེ་སྒྲོལ་མ་ཡིན་པ་ཚོར། “དགོངས་དག ངས་ཡག་པོ་ཞིག་གོ་མ་བྱུང་།” ཞེས་ཞུས། ང་ནད་ཞབས་མའི་རྗེས་དེད་ནས་ཕྱིན།

ཡང་ཉིན་མ་གཅིག ང་སོ་སྨན་ཁང་དུ་ཕྱིན། དེ་ཡང་ངའི་སོ་ན་བ་མ་རེད། བུ་མོའི་སོ་ན་བ་རེད། ངས་ལས་ཁུངས་སུ་བུ་མོའི་མིང་ཐོ་བཀོད། བུ་མོ་ནང་དུ་སོང་། ང་ཕྱི་ལོགས་སུ་སྒུག མཚམས་གཅིག་ནས་ནད་ཞབས་མ་ཞིག་སླེབས།
“སྐུ་ཞབས་མཚོ་མོ།(Mr. Tsomo) ཁྱེད་ཀྱི་བུ་མོའི་སོའི་བརྟག་དཔྱད་བྱས་ཚར་སོང་།” ཞེས་བརྗོད། མོའི་སྐད་ཆ་ཚར་མ་ཐག་ཏུ་ང་ཡར་ལངས། སྐུ་ཞབས་མཚོ་མོ་ཡར་བཞེངས། མོའི་རྗེས་ལ་ཕྱིན། གཡས་གཡོན་ན་བོད་སྐད་ཤེས་མཁན་གཅིག་ཀྱང་མི་འདུག བློ་བདེ་བ་ལ་ཨ།

དེ་རིང་ང་དྲ་རྒྱ་ཞིག་ལ་འཛུལ་ཐབས་བྱས། དེ་ནི་བོད་ནང་གི་དྲ་རྒྱ་ཞིག་རེད། ང་ནི་རྗེས་ནས་འཐོམས་སངས་པ་མ་གཏོགས། ང་དེར་སླེབས་དུས་བྱེས་འབྱོར་བོད་མི་ནི་འཚང་ཁ་ཤིགས་ཤིགས་བྱེད། ངས་ངོ་ཤེས་པ་རེ་ཟུང་འདུག ངོ་མི་ཤེས་པ་ཡང་རེ་ཟུང་འདུག འགེངས་ཤོག་ཅིག་མིག་ལམ་དུ་ཤར་ཡོང་། རུས་མིང་ཞེས་པའི་ཟུར་དུ་སྟོང་ཆ་ཞིག་འདུག ངས་བསམ་བློ་ཞིག་བཏང་། ང་ལ་ཆོས་མིང་ཞིག་ཡོད། ཕ་མས་བསྩལ་བའི་མིང་ཞིག་ཡོད། གྲོགས་པོ་ཚོས་བཏགས་པའི་མཚང་མིང་ཞིག་ཡོད། ཅི་འབྲི་མ་ཤེས། དེ་ནས། ངའི་རང་གི་ཆོས་མིང་། བསྟན་འཛིན་སྒྲ་དབྱངས་ ཞེས་པ་དེ་བྲིས་པ་ཡིན། དེ་ངའི་རུས་པའི་མིང་རེད་སོང་། ད་ཅི་དྲག

༼བཅོས་སྒྲུང་ཞིག་ཡིན་ལགས།༽

མཚར་གཏམ།

Post navigation

Previous Post: བཀའ་བློན་ཁྲི་པའི་སྐོར་ལ་བསམ་འཆར་ཆུང་ངུ།
Next Post: ཨ་མ་ལགས་ང་མྱུར་དུ་གཏོང་རོགས།

Comments (3) on “རུས་མིང་ངམ་རྗེས་མིང་། ཡང་ན། ཕོའམ་མོ།”

  1. འཇའ་མཚོན་ཆུ་མིག says:
    2009-06-19 at 7:01 am

    རབ་གསལ་ཁྱོད་ལ་འཕྱོ་ཅི་འདུག ག་དུས་ཡིན་ནའང་ཁྱོད་ཀྱིས་བགྲོ་་གླེང་ཡག་པོ་ཞིག་འགྲོ་སྐབས་དེའི་བར་སེང་འཕྱོ་མེད་པའི་གཏམ་ཆུང་ཁག་ཅིག་བྲིས་ཡོང་གི་འདུག ད་ཁྱོད་ལྟོས་དང་། སུས་ཁྱོད་ཀྱི་འདི་ལ་མཆན་བཀོད་མཁན་འདུག་གམ། དྲ་གྲོགས་ཚོ་འདི་ལ་མཆན་མ་བཀོད། ང་ཚོའི་བགྲོ་གླེང་འཁྲུག་པོ་དེ་ཁོས་མེད་པ་བཟོས་སོང་། རབ་གསལ་ཀྱས། ང་ཁྱོད་ཞེ་བརྒྱབ་སོང་།

  2. ཡེ་ཤེས། says:
    2009-06-19 at 9:25 am

    སྐུ་ཞབས་འཇའ་མཚོན་ཆུ་མིག་ལགས།

    ཁྱེད་རང་གཞུང་གི་ལས་བྱེད་པ་ཞིག་ཡིན་པའི་ཆ་ཤས། ཨིང་ལན་ལ་བཞུགས་ནས། གཞན་གྱི་བོད་ཀྱི་སྤྱི་ཚོགས་དང་རིག་གཞུང་ལ་ལྷག་བསམ་འཁུར་ནས་བྱ་བ་གནང་བ་འདི་ལ་འདི་འདྲ་གསུངས་ན་ཡག་པོ་ཨེ་ཡོད།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-06-19 at 10:00 am

    ༧རྒྱལ་བའི་སྐུ་དཔར་ལས་རང་ཉིད་ཀྱི་དད་པ་དག་སྣང་རྙེད།

    ང་རང་༧རྒྱལ་བ་རིན་པོ་ཆེ་དང་ཆེས་ཐག་རིང་གི་ཡུལ་བོད་དུ་ཡོད་དུས་ཤིག་ལ། ངས་༧རྒྱལ་བ་རིན་པོ་ཆེ་ངོ་ཤེས་ས་ན་ངེད་ཚང་གི་ནང་གི་༧ཁོང་གི་སྐུ་དཔར་པོ་ཏ་ལའི་སྟེང་དུ་ཡོད་པས་འདྲ་དཔར་འཇའ་མཚོན་ཡོད་པ་དེ་ཡིན་ཟེར་ནས་གླེང་ཆོག དེ་ནི་ལོ་ངོ་བཅུ་བདུན་གོང་གི་གནས་ཚུལ་ཞིག་རེད། དེ་དུས་ངས་༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་མང་གི་འདི་ཕྱི་གཉིས་ཀྱི་གཏན་གྱི་སྐྱབས་གནས་འཕགས་པ་སྤྱན་རས་གཟིགས་ཀྱིས་རྣམ་སྤྲུལ་ཏུ་ངོས་འཛིན་བྱེད་མཁན་གྱི་བོད་མི་དག་གིས་དད་པ་དག་སྣང་བྱེད་སྟངས་དེ་ལས་ངས་ཀྱང་༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་གཏན་གྱི་སྐྱབས་གནས་ཁོ་ན་རུ་ཡིད་ཆེས་བྱས་པའི་རྒྱུ་མཚན་ཐོག་མ་ཡིན་པ་ལས། སྐབས་དེར་ངས་༧རྒྱལ་བ་རིན་པོ་ཆེའི་སྐུ་དཔར་ལས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཞལ་ངོས་སུ་མཇལ་མྱོང་མེད་པ་དང་སྐུ་གསུང་ངོས་སུ་ཐོས་མྱོང་མེད་པས་གྲ་བ་ན་ཆུང་ཞིག་ཡིན། དེ་དུས་ངས་ཤེས་པའི་དད་པ་དང་དག་སྣང་དེ་དག་ནི་རང་གི་ཕ་མ་དང་བཀའ་དྲིན་གཞལ་ཏུ་མེད་པས་དགེ་རྒན་དག་གིས་གསུང་བ་དེ་ལ་གཞི་བཅོལ་བ་དེ་ལས་རང་ཉིད་ལ་༧རྒྱལ་བ་རིན་པོ་དངོས་སུ་ཤེས་པའི་རིག་ལམ་ཡང་མེད་ལ་ཆུ་ཚད་ཀྱང་ག་ལ་ཡོད། རིམ་གྱིས་ལོ་ན་ཡར་སོན་པ་དང་རྨི་ལམ་ལྟ་བའི་སེམས་གཤིས་འདྲ་མིན་ཞིག་གིས་རིགས་ཞེན་ལ་སེམས་ཐག་ཉེ་ནས་ཉེ་རུ་བྱིན་པ་དང་བོད་རྒྱའི་བར་གྱི་དཀའ་རྙོག་བསྐོར་ཡང་མི་ཉུང་བ་ཞིག་གོ་ཤོས་རྣ་ཐོང་མི་ཉུང་བ་ཞིག་བྱུང་དུས་ཀྱང་། ༧རྒྱལ་བ་རིན་པོ་ཆེ་ནས་དེ་བས་ཀྱང་བོད་རྒྱའི་དཀའ་རྙོག་གི་གཞི་རྩ་འཛིན་ས་གཙོ་བོ་ཞིག་ཆགས་ཡོད་པ་དེ་ཡང་ཅུང་ཙམ་ཞིག་རྟོགས། དེ་ནི་༧རྒྱལ་བའི་བཀའ་སློབ་དང་༧རྒྱལ་བའི་གསུང་འཕྲིན་སོགས་ལ་རང་དབང་ཡོད་པས་སྒོ་ནས་བལྟ་ཀློག་བྱེད་མི་ཐུབ་པ་དེ་ལས་ཤེས་སོང་། མི་ནི་རང་བཞིན་གྱིས་འཚར་ལོངས་བྱུང་དེ་འོང་དུས་བསམ་བློའི་གནས་རིམ་གྱང་རིམ་གྱིས་འགྱུར་བ་འགྲོ་བཞིན་ཡོད།

    ཉིན་ཞིག་རང་གིས་ལག་ཏུ་དགེ་རྒན་ཚང་གི་ཤག་ནས་༧རྒྱལ་བའི་བཀའ་སློབ་གསུང་འཕྲིན་ཞིག་ཀློག་རྒྱུའི་སྐལ་བ་བྱུང་། དེའི་ནང་དུ་མི་ཟེར་བ་འདིའི་སྐྱེ་བ་སྔ་ཕྱིའི་ལས་དབང་འདི་ལ་སྔོན་བསགས་ཀྱིས་བཀོད་བསྒྲིགས་ཤིག་དང་འབྲེལ་བ་དམ་པོ་ཡོད་པས་བསྐོར་ཞིག་གསུང་འདུག་པ་དེའི་ནང་དུ་རང་གིས་ལས་དབང་དང་འབྲེལ་བའི་བསྐོར་མི་ཉུང་བ་ཞིག་གསུང་འདུག་པ་དེ་མཇལ་རྗེས། སྐུ་དཔར་ལས་མ་གཏོགས་མཇའ་མྱོང་མེད་པས་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་འདོད་ཀྱི་རེ་བ་ཞིག་བྱུང་། དེ་ནས་བཟུང་༧རྒྱལ་བ་རིན་པོ་ཆེ་བཞུགས་སའི་ཕྱོགས་སུ་སྨོན་ལམ་བརྒྱབ། ཐ་ན་༧རྒྱལ་བ་རིན་པོ་ཆེ་རྨི་ལམ་ཏུ་ཡང་རྨིས། རྨིས་པ་དེ་ཡང་དེ་འདྲའི་གསལ་བོ་ཞིག་དུས་ད་ལྟ་ཡང་བདག་གིས་དྲན་ངོ་ན་གསལ་ལེར་འདུག

    དག་གཙང་ལྷད་མེད་ཀྱིས་སེམས་པ་དེས་ང་རང་ལ་སྐུལ་ནས་མི་ཡུལ་ན་བཞུགས་པས་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་འདོད་ཀྱི་མདུན་པ་དེ་ནི་ཤུགས་ཆེར་བྱུང་དེ་རང་གི་རྨི་ལམ་དེ་ཉིད་མངོན་གྱུར་བྱེད་རྒྱུའི་རེ་བ་དེ་ཕ་མ་གཉིས་ཀྱི་དྲུང་དུ་གསལ་བོར་ཞུས། ཕ་མ་གཉིས་ཀྱིས་ཀྱང་ས་ཐག་རིང་བས་ཡུལ་གྲུ་དེ་འདྲ་ཞིག་ལ་འགྲོ་རྒྱུ་ནི་དེ་འདྲའ་ལས་སླ་བོ་ཞིག་མེད་ཀྱང་། ཁྱེད་རང་དངོས་ནས་འགྲོ་འདོད་ཡོད་པ་ཡིན་དུས་ངེད་གཉིས་ཀྱིས་བཀག་ཀྱང་ཡོང་གི་མ་རེད། ད་ཡིན་ན་རང་གིས་འདོད་པ་ལྟར་ངེད་གཉིས་གཅིག་གི་ཁྱེད་རང་ལྷ་ས་བར་ཏུ་བསྐྱལ་ནས་ལམ་ཁྲིད་ཅིག་རྙེད་རྗེས་ཁྱེད་རང་གཏོང་ཆོག་ཟེར་བ་ཐོས་དུས་ང་རང་བརྗོད་མི་ཤེས་པའི་དགའ་སྣང་ཞིག་བྱུང་། དེ་ནས་ཉིན་འགའི་རྗེས་སུ་དྲིན་ཆེན་མ་ལོའི་ང་རང་ཁྲིད་དེ་སྟོད་ཉི་མ་ལྷ་སའི་ཕྱོགས་སུ་ལམ་ལ་ཆས། སྐུ་དཔར་སྟེང་གི་༧རྒྱལ་བ་རིན་པོ་ལ་དངོས་སུ་མཇལ་རྒྱུའི་ཕྱོགས་སུ་ལམ་ལ་ཆས་སྟབས། རང་གི་སེམས་ནང་དུ་ཡང་འཇིགས་སྐྲག་དང་དཀའ་ངལ་གང་ཡང་མེད་པར་ལྷ་ས་ནས་ལམ་གྲོགས་མང་བོ་ཞིག་དང་ལྷན་ཏུ་༧རྒྱ་གར་ཕྱོགས་སུ་ལམ་ཏུ་ཆས་ཁར་དྲིན་ཆེན་མ་ལོས་ང་རང་ལ་ཁྱེད་རང་༧རྒྱལ་བ་རིན་པོ་ཆེ་ཡིས་དྲུང་དུ་འབྱོར་ནས་༧ཁོང་ལ་ཞབས་ཞུ་བྱེད་མཁན་ཞིག་བྱེད་མ་ཐུབ་ཀྱང་ཞབས་འདྲེན་བྱེད་མཁན་ཞིག་མི་བྱེད་རྒྱུ་དེ་ཨ་མས་རེ་བ་ཡིན་ལ། ཁོང་གིས་མདུན་ནས་སྨོན་ལམ་ཡག་པོ་རྒྱག་རོགས་ཟེར་ནས་མིག་ཆུ་ཡང་བཏང་མ་སོང་། ནམ་རྒྱུན་ཡིན་ན་ངས་ཨ་མ་ནི་ངུ་ཆོག་ཆོག་ཞིག་ཡིན། རེད་དེ་དེའི་ཉིན་མོ་ངས་དྲིན་ཆེན་མ་མ་ངུས་པ་དེས་ང་རང་ལ་དམིགས་གསལ་གྱིས་སེམས་བདེ་བློ་བདེ་ངང་ལམ་ལ་འབུད།

    ཉིན་མཚན་གྲངས་མེད་ཅིག་གི་དཀའ་སྡུག་འགྲུལ་བཞུད་བརྒྱུད་པས་ཁྲོད་དུ་ཡང་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་འདོད་ཀྱི་མདུན་དེ་ལ་འགྱུར་བ་གཏན་ནས་མ་སོང་བར་ད་དུང་རང་གིས་གང་ཤེས་པའི་སྨོན་ལམ་རྒྱུན་ཏུ་བཏབ་པ་ཡིན། དཀའ་བས་རྗེས་སུ་སྐྱིད་ཅིག་ཟེར་བ་དེ་མ་ཡིན་ན་གང་ཡིན། སྐུ་དཔར་ངོས་ཀྱི་༧རྒྱལ་བ་རིན་པོ་ཆེ་མིག་གི་དབང་བོ་ལ་དངོས་སུ་མཇལ་རྒྱུ་བྱུང་བ་མ་ཟད། སྐུ་མདུན་ནས་གསུང་བཤད་ཀྱང་ངོས་སུ་ཉན་རྒྱུ་བྱུང་བ་དང་ཆབ་ཅིག་ཟས་གོས་གནས་མལ་གྱི་དཀའ་ངལ་ཡང་དེ་ནས་སེལ། འདི་ལྟར་༧རྒྱལ་བ་རིན་པོ་ཆེ་སྐུ་དཔར་ལས་བརྒལ་ནས་སྐུ་ངོས་ལ་མཇལ་བ་དང་སྐུ་དངོས་ཀྱི་གསུང་བཤད་དང་བཀའ་རྩོམ་སོགས་ཀློལ་བཞིན་ཀློག་བཞིན། ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་ཙམ་གྱི་སྐྱབས་གནས་མིན་པ་ཡང་ཤེས་མགོ་བཙུགས་སོང་ལ། བཀག་རྒྱའི་འོག་གི་འཚོ་བ་དེ་ཡང་རང་དབང་ཟེར་བ་ཞིག་གཏན་ནས་མེད་པ་ཤེས་སོང་། དེ་ལྟར་༧རྒྱལ་བ་རིན་པོ་ཆེ་དངོས་སུ་ཤེས་པ་ནས་ཁོང་གིས་གནང་བས་ཁོང་གི་འདྲ་དཔར་དེ་ནི་རང་གི་ཆེས་རྟེན་སྐལ་ཡག་ཤོས་སུ་གྱུར་ནས་སྐུ་དཔར་དེའི་མདུན་ནས་དགའ་དུས་བགད་པ་ཡིན་ལ། སྡུག་དུས་ངུས་པ་ཡིན། ད་དུང་། སེམས་ནང་གི་དཀའ་ངལ་ཡོད་ཚད་ཀྱང་སྐུ་དཔར་དེའི་མདུན་ནས་རང་གིས་རང་ལ་གསལ་བཤད་བྱས་པ་ཡིན། ཉིན་མོ་དེ་ནས་ཁོང་གིས་སྐུ་དཔར་ལས་བརྒལ་བས་ཁོང་གི་གསུང་ཆོས་ཀྱང་མང་བོ་ཐོབ་པ་དང་རང་གིས་རྣམ་དཔྱོད་ཀྱང་སྔར་ལས་ཡག་ཏུ་བྱིན་པ་མ་ཟད། མིའི་རིགས་ལ་ལྟ་སྟངས་མི་ཉུང་བ་ཞིག་ལ་ཡང་འགྱུར་བ་བྱིན། ད་དུང་། རང་གིས་རིགས་ལ་དུངས་པའི་སེམས་པ་དེ་ཡང་སྔར་ལས་ཀྱང་སྟོབས་ཤུགས་ལྡན་པ་དང་འགྱུར་བ་མེད་པ་ཞིག་ཏུ་གྱུར།

    ངས་རྟག་ཏུ་རང་གིས་བྱ་བ་ལེགས་ཉེས་གང་ཞིག་བྱེད་དུས་ཀྱང་ཁོང་གིས་སྐུ་དཔར་མདུན་ནས་རང་གིས་རང་ལ་ཁ་བརྡ་སློབ་གསོ་རྒྱག་པས་མགོ་ཡང་དེ་ནས་བཙུགས་པ་དང་སྔོན་ཆད་བྱིས་དུས་ཀྱི་ཕ་མ་དང་དགེ་རྒན་དག་གིས་གསུང་བས་སྐད་ཆ་དེ་དག་གི་ཁྲོད་ཀྱི་དད་པ་དང་དག་སྣང་བྱེད་སྟངས་དེ་ལ་ཡང་འགྱུར་བ་ཆེན་པོ་ཞིག་ཐེབས་སུ་བཅུགས་སོང་། དེ་ནས་བཟུང་ངས་རང་གི་ཡིད་ལ་དད་པ་དང་དག་སྣང་། ཤེས་ནས་དད་པ་ཐོབ་པ་ཟེར་ནས་ཁོང་གིས་རྒྱུན་ཏུ་གསུང་བ་དེ་དག་ལ་ཉིན་ལྟར་དྲན་གསོ་བྱས་པ་ཡིན།

    ༧རྒྱལ་བའི་སྐུ་དཔར་ནི་རང་ཉིད་གང་དུ་སོང་ཡང་ལྷན་འགྲོ་ལྷན་འདུག་བྱེད་པས་རང་དབང་ཡོད་ས་དང་ཁོང་གིས་གསུང་འཕྲིན་དང་བཀའ་སློབ་གང་འདོད་དུ་ཀློག་ཆོག་པའི་ས་མཐའ་ཞིག་ནས་ངས་ཁོང་ལ་བཅིངས་པས་དད་པ་དང་དག་སྣང་ཡོད་ཚད་སྔོན་ཆད་ལས་ཀྱང་ཆེས་ཚད་མཐོན་པོ་ཞིག་ལ་སླེབས་ཡོད་པས་སྣང་བ་ཞིག་ང་རང་ལ་སྐྱེ་བཞིན་འདུག དེ་ནི་ཁོང་གིས་སྐུ་ཞལ་ངོས་སུ་མཇལ་བས་གྲུབ་འབྲས་དང་ཁོང་གིས་བཀའ་གསུང་ངོས་སོ་ཐོས་པས་བཀའ་དྲིན་ལས་རང་ཉིད་ལ་དམིགས་གསལ་གྱིས་འཇོན་ཐང་མེད་པ་རེད། ལྷག་པར་ཏུ། བོད་ནང་གི་སྐྱེ་བོ་མཐའ་དག་དང་རིག་གཞུང་དེ་དག་མན་ཇིའི་མི་རིགས་བཞིན་རྩ་གཏོར་གཏོང་ཐུབ་མེད་པ་དེ་ཡང་༧རྒྱལ་བ་རིན་པ་ཆེ་ཕྱི་ན་བཞུགས་དེ་བོད་མིའི་བདེ་སྡུག་འཛམ་གླིང་ལ་སྒྲོགས་བཞིན་པས་བཀའ་དྲིན་ཡིན་པ་མིག་མཐོང་ལག་ཟིན་བྱུང་། ༧རྒྱལ་བ་རིན་པོ་ཆེ་ཡུལ་གྱར་ལ་ཕེབས་མེད་པ་ཡིན་ན། ད་ལྟའི་དུས་འདི་ལ་༧རྒྱལ་བ་རིན་པོ་ཆེ་ཟེར་བའི་མི་ཡི་རྗེ་བོ་རྒྱ་ནག་གིས་པན་ཆེན་རིན་པོ་ཆེ་ནང་བཞིན་གར་་སོང་མི་ཤེས་པ་དང་འཆི་གསོན་མི་ཤེས་པ་ཞིག་བཟོས་ཡོད་པར་ཐེ་ཚོམ་བྱེད་མི་དགོས་པ་དེ་ཡང་སེམས་སུ་དྲན།

    ༧རྒྱལ་བ་རིན་པོ་ཆེའི་སྐུ་དཔར་ནི། དད་པ་དག་སྣང་ཡོད་མཁན་ལ་༧རྒྱལ་བ་རིན་པོ་ཆེ་རྟག་ཏུ་ཁོ་དང་འགྲོག་ནས་ཡོད་ཟེར་ནས་བཤད་ཀྱང་ཧམ་པ་མིན། དད་པ་དག་སྣང་མེད་མཁན་ཞིག་ཡིན་ཡང་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནི་མིའི་རིགས་ཀྱི་འཚོ་གནས་ཁྲོད་དུ་ཆེས་གལ་འགངས་ཆེ་བས་བསླབ་བྱ་ཞིག་རེད་ཅེས་བཤད་ཆོག་པ་འདུག་སྙམ་ཞོར་ཁོང་གིས་སྐུ་དཔར་འདི་ནས་རང་གིས་རང་ལ་ཁ་བརྡ་བྱེད་ལུགས་འདི་བྲིས་པ་ཡིན།

    རྩོམ་སྒྲིག་པ་ལགས། རྩོམ་ཡིག་འདི་རང་ཉིད་ཀྱིས་མི་ཚེའི་ལམ་ཁ་དང་འབྲེལ་ནས་བྲིས་པ་ཞིག་ཡིན་པས་དྲ་ཐོག་ཏུ་འགོད་འོས་པ་ཞིག་ཡིན་ན་འགོད་རོགས་ཞུ། དེ་ལྟར་མ་ཡིན་ན་མ་བཀོད་ཀྱང་འཐུས་སོ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme