Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རུལ་དྲི་ཁ་བའི་སྤྱི་ཚོགས་ཤིག་ཏུ་མི་འགྱུར་བར་སྨོན།

Posted on 2013-08-22 By ཁ་བརྡ་ 7 Comments on རུལ་དྲི་ཁ་བའི་སྤྱི་ཚོགས་ཤིག་ཏུ་མི་འགྱུར་བར་སྨོན།

ཐུབ་བསྟན་ཆོས་གྲགས།

ཉེ་ཆར་བཙན་བྱོལ་སྒྲིག་འཛུགས་ཀྱི་སྡེ་ཚན་ཁ་ཤས་ཀྱི་ལས་བྱེད་པས་གཞུང་དངུལ་ཧམ་ཟ་བྱས་པའི་གསལ་བསྒྲགས་འགའ་ཐེར་འདོན་གནང་ཡོད། དེ་ཡང་བལ་ཡུལ་ཇོ་ལ་ཁེལ་གྱི་རྩིས་པ་དང་ས་གནས་འགོ་འཛིན་ལས་འཚབ་གཅིག་ལྕོགས་བྱས་མྱོང་བ་འཆི་མེད་རྡོར་རྗེ་ཡིས་སྤྱི་དངུལ་འབུམ་༨༨ལྐོག་ཟ་བྱས་པ་དང་། ཡང་ས་གནས་འབུམ་སྡེ་ལའི་གཞིས་འགོ་བཀྲ་ཤིས་ནོར་བུ་དང་། བསྟན་འཛིན་སྒང་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རིག་བཟང་གཉིས་ཀྱིས་གཞུང་རྒྱུ་འབུམ་གཉིས་ལྷག་བཟས་པ། དེ་བཞིན་རྡ་སྟེང་བོད་ཁྱིམ་གྱི་ལས་བྱེད་གཉིས་གསུམ་གྱིས་སྤྱི་དངུལ་སྒེར་ཟས་བྱས་པ་བཅས་ཀྱི་གནས་ཚུལ་འགའ་ཤས་རིམ་བཞིན་སྤྱི་ཚོགས་ཐོག་ཐོན་ཐུབ་པ་བྱུང་ཡོད།

ཕྱོགས་གཅིག་ནས་བལྟས་ན། བཙན་བྱོལ་བའི་སྤྱི་ཚོགས་ནང་འདི་ལྟ་བུའི་ལྐོག་ཟ་རུལ་སུངས་བྱས་པའི་གནས་ཚུལ་ཐོན་པ་ངོ་ཚ་དགོས་པ་དང་། ཞབས་འདྲེན་དགོས་པ་ཞིག་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན་མང་གཙོའི་ཁྲིམས་ལུགས་དང་མཐུན་པའི་སྒྲིག་འཛུགས་ཤིག་ནང་། ནག་ཉེས་མང་པོ་ཆེན་པོ་ནས་ཆུང་ཆུང་བཟོ་ཐབས་བྱེད་པ་དང་། ཆུང་ཆུང་ནས་ནང་ཁུལ་མེད་པ་བཟོ་ཐབས་བྱེད་པའི་དབང་ཆ་སྒེར་སྤྱོད་ཀྱི་མུན་ནག་གི་སྤྱི་ཚོགས་ཤིག་མ་ཡིན་པའི་དངོས་ར་འཕྲོས་ཡོང་བཞིན་ཡོད་པ་ནི་ཅུང་ཡར་རྒྱས་ཀྱི་རྟགས་མཚན་ཞིག་རེད།

ཆབས་ཅིག་གོང་འཁོད་སྤྱི་དངུལ་སྒེར་ཟས་བྱེད་མཁན་གྱི་ལས་གནས་ལ་ཞིབ་འཇུག་ཅིག་བྱས་ན། རྩིས་པ་དང་དངུལ་གཉེར། ད་དུང་གཞིས་འགོ་བཅས་ཅིག་ལྕོགས་ཀྱི་ལས་གནས་ཤིག་ནང་། རྩིས་གཙང་དང་འགྲོ་ལུགས་དང་མཐུན་པ་ཞིག་ཡོང་བ་ཧ་ཅང་ཁག་པོ་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་མ་ཡིན་ནམ། ཕྱོགས་གཅིག་ནས་དེང་དུས་མཐོ་སློབ་ཐོན་ནས་ལས་ཀ་མ་རག་པར་བར་སྡིང་ན་གཞོན་གཞིས་ཆགས་ཁག་ལ་མང་པོ་ཡོད། ཕྱོགས་གཅིག་ནས་མི་གཉིས་གསུམ་གྱི་ལས་འགན་དེ་མི་གཅིག་ལ་བྱེད་བཅུག་པ་ཆེད་མངགས་ཁོང་ཚོ་ནོར་འཁྲུལ་ཤོར་བའི་སྒོ་སྐབས་སྤྲད་པ་ཞིག་མ་རེད་དམ།
གནས་སྟངས་འདི་འདྲའི་འོག་ལ་དབྱེ་ཞིབ་ཅིག་བྱས་ན་གནད་དོན་ཁག་གཉིས་མཐོང་ཐུབ། གཅིག་ནི་རྡ་རམ་ས་ལའི་ལས་ཁུངས་ཨ་མ་དབང་ཆའི་འཐབ་རྩོད་ནང་ཚུད་དེ། ས་གནས་ཁག་གི་མི་མང་གི་བདེ་སྡུག་ལ་ཁ་ཡ་བྱེད་རིན་མེད་པ་ཞིག་ཏུ་གྱུར་བ་དང་། གཅིག་ཤོས་ནི། ལྐོག་ཟ་བྱེད་མཁན་དེ་དང་གོང་རིམ་ནས་བཀོད་སྒྲིག་འོས་སྦྱོར་བྱེད་མཁན་བར་གྱི་འབྲེལ་བ་དམ་ཟབ་ཡོད་པ་ང་ཚོའི་སྤྱི་ཚོགས་ནང་མེད་པ་མ་རེད།

དེས་རྡ་རམ་ས་ལའི་ལསཁུངས་ཨ་མའི་འབྲེལ་ཡོད་དང་ས་གནས་ཀྱི་ལྐོག་ཟ་བྱེད་མཁན་གཉིས་ངན་པ་ལག་འབྲེལ་ཡིན་པ་ཧ་ཅང་གསལ་པོ་རེད། ཐ་ན་ས་གནས་ཁ་ཤས་ཀྱི་ལྐོག་ཟ་བྱེད་བཞིན་པ་རྡ་རམ་ས་ལའི་གཞུང་གིས་ཤེས་རྟོགས་ཡོད་ཀྱང་མ་གོ་མ་ཐོས་ཁུལ་གྱིས་སྡོད་བཞིན་ཡོད་པ་རེད། དེས་མ་ཚད་སློབ་གྲྭ་ཁ་ཤས་ཀྱི་ལས་བྱེད་པས་ལྐོག་ཟ་བྱས་ནས་ལོ་ངོ་ཉེར་གྲངས་འགྲོ་ཡི་ཡོད་པ་ཤེས་རིགས་ལས་ཁུངས་ནས་ཤེས་ཀྱི་ཡོད་ཀྱང་། ངན་པའི་རྒྱབ་ལངས་བྱེད་ཀྱི་ཡོད་པ་རེད་ཟེར་བ་གོ་ཐོས་བྱུང་།
དེར་བརྟེན་འཕགས་བསྟོད་ལས། སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམའ་ལ་འཚེ།། དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙེད་པར་དཀའ།། མི་ཟད་སྙིགས་མའི་ངང་ཚུལ་འདི་འདྲར་འཕགས་པས་སྟངས་སྙོམས་མཛད་ལགས་ན།། སྔོན་གྱི་ཐུགས་དམ་འདི་ཡིས་ཅི་འཚལ་འབངས་རྣམས་སུ་ཞིག་སྐྱབས་ལ་བརྟེན།། ཞེས་པ་དེ་ལོ་རྒྱུས་ཐོག་མུ་འཐུད་གནས་བཞིན་ཡོད་པ་རེད།

གང་ལྟར་ཤིང་ཏོག་རུལ་པ་གཅིག་གིས་ཤིང་ཏོག་ཚང་མ་རུལ་དུ་འཇུག་པ་ཆོས་ཉིད་རེད། ང་ཚོའི་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་འབུམ་༨༨བྱས་ཀྱང་ད་དུང་བོད་མིའི་སྒྲིག་འཛུགས་ངོས་ནས། (བོད་མི་སྤྱི་འགྲེ་ལྟར་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ།)ཞེས་འཁོད་པ་དགོད་བྲོ་བའི་གནས་རེད།
འབུམ་༨༨ཟས་ནས་ད་དུང་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་དགོས་རྒྱུ་གང་ཞིག་ལྷག་ཡོད་དམ།

འབུམ་སྡེ་ལ་དང་བསྟན་འཛིན་སྒང་གི་གཞུང་རྒྱུ་སྒེར་ཟས་དེ་ཡང་བྱ་སྤྱོད་ཐད་ནས་ཁྲིམས་འགལ་དེ་ལྟ་བུ་བྱས་ཀྱང་། གཟིགས་བཟོས་ལྟ་བུར་ལས་ཁུངས་རྡ་སར་གནས་རིམ་བཅག་ཁུལ་གྱིས་གནས་སྤོ་བཏང་བ་དེ་འདྲ་ངན་པ་ལག་འབྲེལ་གྱི་བྱེད་སྟངས་མ་ཡིན་ན་ཅི་ཡིན། དེ་ལྟར་ངན་པ་རྒྱ་ཡན་དུ་བཏང་ན་རྐུན་མ་མང་དུ་མང་དུ་འགྲོ་བས་མ་ཚད། ཐེར་འདོན་བྱེད་མཁན་ཚོའི་སྙིང་ལ་ཆུ་གྲང་བཤོས་པ་དང་། ཁོང་ཚོར་ཞེ་འཁོན་ཡང་བྱེད་སྲིད་པ་རེད།

སེམས་ཤུགས་ཀྱི་རྒྱབ་འཁྱོངས་པའི་ལས་བྱེད་ཚོར་ཡང་ཤུགས་རྐྱེན་ངན་པ་བཟོ་བ། ད་དུང་བཙན་བྱོལ་བའི་ལས་ཀྱི་སྣེ་མོ་བ་ཚོར་སུ་གཅིག་གིས་ཡིད་ཆེས་བློས་འགེལ་བྱེད་ས་མེད་པ་ཞིག་ཏུ་འགྱུར་སྲིད།
རུལ་དྲི་བྲོ་བའི་སྤྱི་ཚོགས་ཤིག་གིས་བོད་ཀྱི་བདེན་དོན་ཇི་ལྟར་བརྩད་ཐུབ་བམ། མཐའ་མཇུག་དེར་བསྟོད་བསྔགས་གཅིག་དང་རེ་བ་གཅིག་ཡོད། ལྐོག་ཟ་བྱེད་མཁན་ཐེར་འདོན་ཐུབ་པ་གཟི་བརྗིད་རེད་ལ། ནག་ཉེས་ཆེན་པོ་ཆུང་ཆུང་དང་ཆུང་ཆུང་ནང་འགྲིག་ཁེབས་གཡོག་གིས་མེད་པ་མ་བཟོ་རོགས་གནོངས། གཙང་གཤེར་ཡག་པོ་མ་བྱས་ན་སྤྱི་ཚོགས་ཁྱོན་ཡོངས་ལ་ཕུང་མའི་འོག་གི་ཆུ་དོང་དུ་འགྱུར་བའི་ཉེན་ཁར་གཟབ་གཟབ་གནོངས་རོགས་ཞུ།

སྣ་ཚོགས།

Post navigation

Previous Post: ནུབ་ཕྱོགས་ལྟ་གྲུབ་དང་ཚན་རིག་གི་གཞི་རྩའི་ཁྱད་པར་གླེང་སློང་ཙམ་བྱས་པ་མཛུབ་མོའི་རི་སྟོན།
Next Post: བཅའ་ཁྲིམས་དང་མི་རིགས་ཀྱི་སྲོག་རྩ་ལ་སྣང་ཆུང་བྱེད་ཕོད་དམ།

Comments (7) on “རུལ་དྲི་ཁ་བའི་སྤྱི་ཚོགས་ཤིག་ཏུ་མི་འགྱུར་བར་སྨོན།”

  1. བསོད་ནམས། says:
    2013-08-22 at 11:44 am

    དུས་ལ་བབ་པའི་རྩོམ་ཡིག་རེད། ད་ནི་ང་ཚོས་རྒྱ་མི་ལ་ཁ་གཏོང་བའི་ལག་དཀོན་ཙམ་རེད། བཙན་བྱོལ་ན་དྲང་བདེན་དང་ཕྱི་གསལ་ནང་གསལ་ཡིན་ཟེར་བ་སྟོང་བཞིན་འདུག སྤྱི་རྫས་ལྐོག་ས་བྱེས་མཁན་ཚོ་ད་དུང་ཐར་བ་གཏོང་ནས་རྐུབ་ཀྱོག་ནཟུང་ཡོད་རེད། ངོ་མ་སེམས་སྐྱོ་གཞི་འདུག ད་དུང་བོད་གཞུང་དང་སྒེར་བདག་ཚོགས་པ་ཚོ་རྒྱ་གར་གཞུང་གིའ་རྩིས་ཞིབ་འགྲོ་ན་འདི་ལས་ཐོན་རྒྱུ་མང་ངེས། དཔེར་ན་བོད་ཁྱིམ་ཤེས་འགན་ཟུར་བ་པད་མ་རྡོ་རྗེ་ནས་ཏཱ་ལའི་བླ་མའི་མཐོ་སློབ་ནས་ཧིན་སྒོེར་འབུམ་བརྒྱ་ལྷག་ཟོས་ཡོད་པའི་གནས་ཚུལ་བྱུང་ཡང་། བོད་ཁྱིམ་ཁྱི་རྒན་ཚོས་བཀབ་ཡོད་རེད་ཟེར

  2. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-08-22 at 1:27 pm

    བཀླགས་ཟིན། ཡག་པོ་བྲིས་འདུག
    ཐུགས་རྗེ་ཆེ་ཞུ།
    བཙན་བྱོལ་བསྒྲིགས་འཛུགས་ཚགས་ཚུད་མེད་པ་གསལ་བོ་རེད།

  3. Tsering says:
    2013-08-23 at 11:05 pm

    རུལ་དྲི་ཁ་བའི་སྤྱི་ཚོགས་ཞིག་ཏུ་མི་འགྱུར་བར་སྨོན་ཟེར་ དྲང་པོ་བཤད་ན་ང་ཚོའི་གཞུང་འདི་སྔོན་མ་ནས་རུལ་དྲིལ་ཕྱི་ལ་མི་ཁ་བ་ཙམ་ལས་དོན་དངོས་ནང་རུལ་བ་ཞིག་རེད་ལབ་ན་ ཡང་ཁྱོད་ཚོས་ང་ནི་རྒྱ་མི་ཡི་རྒྱུག་ཁྱི་དང་དོལ་རྒྱལ་ཚོགས་པ་རེད་མི་ཟེ་བའི་ངེས་པ་མེད་ སྔོན་མ་ཆུ་བཞི་སྒང་དྲུག་ལ་ཐེ་ལྭན་ཕོགས་ཟན་རེད་ལབ་ནས་བོད་པའི་སྤྱི་ཚོགས་ནས་ཕྱིར་འབུད་བྱས་པ་རེད་ དེའི་སྐབས་སུ་རྒྱལ་ལོ་དོན་གྲུབ་དང་རྒྱ་རི་ཚང་ད་དུང་གཞུང་གི་གནོད་ཡོད་མི་སྣ་མོང་པོས་ཐེ་ལྭན་དངུལ་ཟ་གི་ཡོད་པ་ར་ཕྲོད་བྱས་ཀྱང་དེ་ཚོ་ནི་མ་གོ་མ་ཐོས་ཁུལ་བྱས་ནས་སྡོད་སོང་བ་ ད་དང་་སྐབས་དེར་ཨ་རྙེན་རྨ་ཆེན་ནས་མང་གཙོའི་ཚག་པར་ཐོག་ལ་གཞུང་གི་ལྐོག་ཟ་བ་མོང་པོར་ཐེར་འདོན་བྱས་པ་རེད་ཡིན་ནའང་ཐར་ཚག་པར་སྒོ་རྒྱོབ་སོང་བ་ ད་མོང་པོ་བཤད་ན་དུས་ཚོད་འཕྲོལ་རླག་དང་ཁ་རོག་ཙམ་ལས་ཉོན་འཇོག་བྱེད་མཁན་ཞིག་རག་ཁག་པོ་རེད།

  4. འབུར་འཇོམས། says:
    2013-08-28 at 12:37 am

    བླ་མ་རིན་པོ་ཆེའི་སྙན་དུ་གསོན་པ་བྱེད་རྒྱུ་ལས། གཞན་དྲང་བདེན་ལ་བདག་པོ་རྒྱབ་མཁན་མེད་པའི་ཐོག་ངན་པ་དཔོན་ལ་མུ་འཐུད་གནས་ངེས་རེད།

  5. ཅོ་རི་ཉི་མ། says:
    2013-08-31 at 11:07 am

    ཐུབ་བསྟན་ཆོས་གྲགས་ལགས་ཀྱི་རྩོམ་ཡིག་འདི་དུས་བབ་དང་ཁ་བརྡ་གཉིས་ཀྱི་དྲ་ཐོག་ཏུ་བཀོད་སོང་་། དུས་བབ་ནང་དུ་མཆན་བུ་གཅིག་དང་ཁ་བརྡའི་ནང་དུ་མཆན་བུ་བཞི་རྩོམ་ཡིག་འདི་ལ་བཀོད་འདུག ཅིའི་ཕྱིར་་མཆན་བུ་མ་བཏབ་པ་རེད་དམ། བོད་ཡིག་དྲ་ཐོག་གི་མཆན་པ་བ་ཚང་མ་ལྐོག་ཟ་རུལ་སུངས་དང་ལྐོག་ས་རུལ་སུངས་ཚོའི་ལག་གཡོག་སྐྱག་ཁུ་འཐུང་མཁན་ཤ་དག་ཡིན་པ་མིན་ནམ། ཡང་ན་་་མཆན་པ་བ་ཚོའི་ཉེ་འབྲེལ་དང་སྤུན་ཆེད་རྣམས་ལྐོག་ས་རུལ་སུངས་ཡིན་པས་ཡིན་ནམ་སྙམ་ནས་དྲི་བ་མང་པོ་ཞིག་རང་གིས་རང་ལ་བཀོད་ཀྱི་བྱུང་།

    ཆོས་ལུགས་དང་ཆོས་རྒྱུད་ཀྱི་གནད་དོན་ཞིག་ཡིན་ན་མཆན་བུ་ཉིས་བརྒྱས་སུམ་བརྒྱ་བཏབ་ཀིན་རེད། ལྐོག་ས་རུལ་སུངས་ཀྱི་གནས་དོན་བཤད་དུས་ཚང་མ་ཁ་བཙུམ་ནས་བསྡད་པ་གང་ཡིན་ནམ། ལྐོག་ཟ་རུལ་སུངས་མང་བའི་ཡུལ་ལུང་ནང་དུ་མི་སེར་དཀྱུས་མ་བ་རྣམས་ལ་གཞུང་གི་ཁེ་ཕན་རྩ་བ་ནས་ཡག་པོ་རེག་གི་མ་རེད། ལྐོག་ཟ་རུལ་སུངས་ཀྱི་ཁེངས་བའི་གཞུང་ཞིག་ཡིན་ན་རང་བཙན་ཡོད་ནའང་མི་དམངས་ཉམ་ཐག་རྣམས་ཀྱི་ཆེད་དུ་ཕན་ཐོགས་མེད།།

    སྤྱིའི་ཆ་ནས་ལྐོག་ཟ་རུལ་སུངས་ལ་དགག་པ་བརྒྱབ་མཁན་མེད་སྟངས་འདི་དང་གཅིག དཔོན་ངན་ལྐོག་ཟ་རུལ་སུངས་ཚོས་བོད་མི་དམངས་ཀྱི་མགོ་ཐོག་ཏུ་ཁྲིམས་བཟོ་བཞིན་ཡོད་པ་དང་གཉིས། དྲང་བདེན་ཡོད་པའི་དཔོན་པོ་རེ་གཉིས་ཡོད་པ་རྣམས་ཕྱིར་ཕུད་བཏང་གི་ཡོད་པ་དང་གསུམ། གནད་དོན་འདི་དག་མཐོང་དུས་ང་ཅོ་རིའི་སྙིང་ལ་ཚ་ཤར་བརྒྱབ་ཀིན་འདུག སེམས་ལ་རེ་བ་རྫོགས་ཀིན་འདུག བོད་མི་ཉམ་ཐག་ཚོའི་སྡུག་གི་ཁུར་པོ་འདི་ལ་རྫོགས་མཐའ་ཡོད་ས་མ་རེད་བསམས་ནས་སེམས་ཕམ་གི་འདུག

    ལྐོག་ས་རུལ་སུངས་མང་བའི་ཡུལ་ལུང་ནང་།
    ཉམ་ཐག་མི་སེར་ལས་དབང་སྙིང་རེ་རྗེ།
    སྒེར་གཅོད་རུལ་སུངས་ཁ་ཡི་མཆེ་བ་འདིས།
    ཉམ་ཆུང་མི་ཡི་སྤྱི་རྒྱུ་ཟ་ལ་ལྟོས།་་་་་་་་་་་་་

    ཐུབ་བསྟན་ཆོས་གྲགས་ལ་ཐུགས་རྗེ་ཆེ། ཁྱོད་ཀྱི་རྩོམ་ཡིག་འདི་ལ་དགའ་པོ་བྱུང་། ཡིན་ཀྱང་བོད་པའི་སྤྱི་ཚོགས་ནང་དུ་ལྐོག་ཟ་རུལ་སུངས་ལ་དགག་པ་བརྒྱབ་མཁན་དཀོན་པོ་རེད་འདུག་པས་ང་རང་ཚོ་ཉུང་ཤས་ཤིག་གིས་ཅང་འཇོན་གི་མ་རེད། བོད་མི་རིགས་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་མི་ཐུབ་པའི་རྟགས་མཚན་གསལ་པོ་རེད།

  6. ཅོ་རི་ཉི་མ། says:
    2013-08-31 at 11:17 am

    སེམས་པ་བོད་ལ་དཀར་བའི་མི་ཡིན་ན།
    བོད་པའི་ལྐོག་ཟ་བ་ལ་དགག་པ་རྒྱོབ།
    ཉམ་ཆུང་སེམས་ལ་ཡོད་པའི་མི་ཡིན་ན།
    དཔོན་ངན་ལྐོག་ཟ་བ་ལ་འཐབ་རྩོད་བྱོས།
    བོད་ཡུལ་བདེ་སྐྱིད་ཅན་ཞིག་བསྐྲུན་འདོད་ན།
    མི་ངན་ལྐོག་ཟ་བ་ལ་དགག་པ་རྒྱོབ།
    ཉམ་ཐག་བོད་མིའི་འཚོ་བ་སྐྱོང་འདོད་ན།
    དཔོན་ངན་ལྐོག་ཟ་ལ་འཐབ་རྩོད་བྱོས།
    བོད་ཡུལ་དཔལ་འབྱོར་ཅན་ཞིག་བསྐྲུན་འདོད་ན།
    དང་པོར་ལྐོག་ཟ་རུལ་སུངས་རྩ་མེད་བཟོས།
    རྒྱུ་འབྲས་ཡོད་པའི་གཞུང་ཞིག་འཛུགས་འདོད་ན།
    གཞུང་དངུལ་ལྐོག་ཟ་བྱེད་མཁན་མེད་པར་བཟོས།

  7. བན་དེ་བ། says:
    2013-08-31 at 2:14 pm

    དྲ་གྲོགས་ཅོ་རི་ཉི་མས་གསུངས་པར་ཅིས་མི་བདེན། བོད་མི་རིགས་འདི་རྒྱུ་མཚན་མི་ཤེས་བཞིན་དུ་ཆོས་ལུགས་ཀྱིས་རྨོངས་ཞེན་དང་རིགས་ཞེན་གྱིས་རང་གི་དེ་ཉིད་ལས་གཞན་གྱི་ཆོས་ལུགས་ལྟ་གྲུབ་ཐམས་ཅད་ལ་དུག་ཏུ་ལྟས་ཏེ། མི་རིགས་ཀྱི་སྲོག་རྩ་གཅོད་མཁན། མི་རིགས་ཀྱི་རིག་གཞུང་མེ་ཆུར་བསྐྱུར་མཁན། མེས་པོའི་བླ་སྲོག་བཙོན་དུ་བཅུག་མཁན། ཕ་གཞིས་ཁྲག་གིས་མཚོ་མོ་བསྐྱིལ་མཁན། མི་མང་ཉམས་ཆུང་གིས་དངུལ་ཆུ་ཐིགས་པ་བསགས་པའི་གཞུང་དངུལ་སྒེར་ཟོས་བྱེད་མཁན་དག་ལ་སྨོད་རྒྱུ་དང་དགག་མཁན་རེ་གཉིས་ལས་འབྱུང་གི་མེད། རང་གི་མེས་པོའི་ཆོས་ལུགས་ལ་དགག་པ་སྨོད་པ་བསྐུར་བ་འདེབས་དགོས་ན་ཨང་དང་པོར་ལངས་མཁན་དེ་ཚོ་ནི་བོད་འདི་ལ་སྐྱིད་པའི་ཉི་མ་མི་ཤར་བའི་ཐན་རྟགས་དང་པོ་དེ་ཡིན། ཅོ་རི་ཉི་མ་ལྟ་བུ་ཁས་ཞན་དབང་ཆུང་གི་རྒྱབ་ཏུ་ལངས་མཁན་ནི་ཉིན་སྐར་གྱི་དཔེ་རུ་སོང་ཡོད། བོད་ཀྱི་བླ་ཆེན་མི་ཆེན་གཞུང་མི་ཚོས་ཆོས་ལུགས་རིས་མེད་མ་ཎི་བཞིན་ཁ་ནས་བཤད་རུང་དོན་ལ་རིས་སུ་ཆད་པ་ཤ་སྟག་ཡིན་པར་ཤེས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme