Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རུང་རྒྱས་ཨ་གྲགས་སྐོར་གྱི་དྲི་བ་དྲིས་ལན།

Posted on 2014-12-092014-12-09 By ཁ་བརྡ 1 Comment on རུང་རྒྱས་ཨ་གྲགས་སྐོར་གྱི་དྲི་བ་དྲིས་ལན།

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན།

 
དྲི་བ།
རྒྱལ་གཅེས་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ཀྱི་ད་ལྟའི་འཕྲོད་བསྟེན་གནས་སྟངས་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།

ལན།
རྒྱལ་གཅེས་དཔའ་བོ་རོང་རྒྱས་ཨ་གྲགས་ལགས་ཀྱི་ད་ལྟའི་སྐུ་ལུས་གནས་སྟངས་ཇི་བཞིན་རྟོགས་པར་དཀའ་ངལ་ཆེན་པོ་འདུག རྒྱ་ནག་གིས་དམ་དྲག་དང་གསང་བ་ཆེན་པོ་བྱེད་ཀྱིན་ཡོད། འོན་ཀྱང་ཐོག་མར་འཛིན་བཟུང་སྐབས་ཉེས་རྡུང་ཤུགས་ཆེན་བཏང་བ་དང། ཕྱི་ལོ་༢༠༡༠ ལོར་སླར་ཡང་ཉེས་རྡུང་ཚད་མེད་བཏང་འདུག་པའི་རྐྱེན་གྱིས་ཁོང་གི་མིག་ཡ་གཅིག་དང་། རྣ་བ། རྐང་པ་ཡ་གཅིག་བཅས་ལ་སྐྱོན་ཚབས་ཆེན་པོ་ཕོག་ཡོད་པ་དང་། མ་ཟད་སྐེད་པ་ཡང་ནད་པ་ཆགས་ཡོད་གནས་འདུག ༢༠༡༣ ཟླ་༣ པའི་ནང་ནས་ཁོང་གི་རྒྱ་གཞུང་ལ་ངོ་རྒོལ་ཆེད་ཟླ་གཅིག་དང་ཉིན་གསུམ་༼ཉིན་༣༣༽ རིང་ལ་ཟས་བཅད་གནང་འདུག་པས་ལུས་པོ་ནད་པ་ཆགས་ཡོད་པའི་ཐོག་ལ། ཟས་བཅད་རྒྱུན་རིང་གནང་པའི་རྐྱེན་ཀྱིས་ད་ལྟའི་གནས་སྐབས་སུ་ཁོང་གི་སྐུ་གཟུགས་ཀྱི་འཕྲོད་བསྟེན་གནས་སྟངས་ཧ་ཅང་ཛ་དྲག་རེད་འདུག

དྲི་བ།
ཁོང་ལ་ཟླ་གཅིག་གི་ནང་དུ་ནང་མི་སྤུན་མཆེད་ཚོས་ཐུག་འཕྲད་ཐེངས་ག་ཚོད་བྱེད་ཆོག་མིན་དང་། ཐུག་འཕྲད་བྱེད་སྐབས་རྒྱ་གཞུང་གིས་དམ་དྲག་གང་འདྲ་བྱེད་ཀྱི་ཡོད་མེད་སྐོར་ལ་གསལ་བཤད་ཅིག་གནང་རོགས།

ལན།
ཁོང་ལ་ཟླ་གཅིག་གི་ནང་ལ་ཐུག་འཕྲད་ཕར་ཞོག་ལོ་གཅིག་གི་ནང་ལ་ཐེངས་གཅིག་ཙམ་ཐུག་ཆོག་པར་བཤད་ཡོད་ཀྱང་དེ་ཡང་རྒྱ་ནག་གི་རྣམ་འགྱུར་ལ་སྒུག་སྡོད་དགོས་པ་རེད། འདས་ཟིན་པའི་ལོ་དེ་དག་གི་ནང་ལ་ཐུག་ཐུབ་པ་དང་མ་ཐུབ་པ་གཉིས་ཀ་བྱུང་ཡོད་རེད། ཐུག་འཕྲད་སྐབས་བཙོན་པ་སྤྱི་མཚུངས་ལྟར་ཁ་པར་ནང་ནས་མ་གཏོགས་ཐུག་ཐུབ་ཀྱི་མེད་པ་དང་། ཐུག་པའི་སྐབས་དམིགས་གསལ་ཁོང་གི་གཡས་གཡོན་གཉིས་ནས་ཉེན་རྟོག་པ་རེ་ལངས་ནས་ལྟ་རྟོག་ནན་མོ་བྱེད་པ་དང་། ཁོང་གིས་ཀྱང་ང་ལ་སྐད་ཆ་བཤད་རྒྱུའི་ཆོག་མཆན་ཐོབ་མེད་ཁྱེད་རང་ཚོས་སྐད་ཆ་བཤད་ཤོག་ཅེས་གསུང་གི་འདུག་པ་དང་། སྲུང་མཁན་ཚོས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པས་ལོ་གཅིག་གི་ནང་གི་ཐུག་འཕྲད་དེ་ཡང་ཕན་ཚུན་མཇལ་བ་ཙམ་ཞིག་རེད།

 
དྲི་བ།
ད་ལྟའི་ཆར་རྒྱ་གཞུང་གིས་རུང་རྒྱས་ཨ་གྲགས་ལགས་ཀྱི་བོད་ནང་གི་ནང་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་གང་འདྲ་བྱེད་ཀྱི་ཡོད་དམ།

ལན།
བོད་ནང་ལ་བཞུགས་པའི་ཁོང་གི་བཟའ་ཟླ་དང་། ཕྲུ་གུ། ཉེ་འབྲེལ་གནད་ཡོད་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་རྒྱ་ཕྱོགས་ནས་རྒྱུན་དུ་སོ་ལྟ་ཡོད་ཡོད་པ་རེད། མ་ཟད་ཁོང་གི་ཉེ་འབྲེལ་སློབ་ཆེན་ཐོན་པ་དང་ཤེས་ཡོན་ཅན་ཚོར་ལས་གནས་མི་སྤྲོད་པ། ལས་གནས་ཐོབ་པར་འབད་བརྩོན་བྱེད་སྐབས་སྒོ་གང་ས་ནས་འགོག་རྐྱེན་བྱེད་པ། ལས་གནས་ཐོབ་ཀྱང་ཤེས་ཚད་ལ་དཔག་པའི་ལས་གནས་མི་ཐོབ་པ་སོགས་དང་། བོད་རིགས་ཚོས་ཁོང་གི་ནང་མི་ལ་དགའ་པོ་དང་ཐུགས་ཁུལ་ཆེན་པོ་བྱེད་ཀྱི་ཡོད་འདུག་ཀྱང་། འབྲེལ་འདྲིས་བྱེད་མཁན་ཚོ་དྲི་རྟོག་དང་ལྟ་རྟོག་གི་འོག་ཏུ་ཚུད་འགྲོ་གི་ཡོད་རེད། དེ་དང་དེའི་མཚོན་མི་ལ་འབྲེལ་འདྲིས་བྱེད་རྒྱུ་སོགས་ཁག་པོ་ཡོད་འདུག

དྲི་བ།
རྒྱ་གར་ནང་ཡོད་པའི་རུང་རྒྱས་ཨ་གྲགས་ལགས་ཀྱི་བུ་མོ་གཉིས་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་མཐུན་རྐྱེན་གང་གནང་ཡོད་མེད་དང་། ད་ལྟ་སྤུན་མཆེད་གཉིས་ཀྱིས་ག་རེ་གནང་གི་ཡོད་དམ།

ལན།
བུ་མོ་གཉིས་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་སློབ་ཕྲུག་སྤྱི་མཚུངས་ལྟར་ལས་དམིགས་གསལ་མཐུན་རྐྱེན་གང་ཡང་གནང་གི་ཡོད་མ་རེད་ལ། ང་ཚོའི་ངོས་ནས་ཀྱང་ཡར་དཀའ་ངལ་གང་ཡང་གཞུང་ལ་ཞུས་མ་མྱོང་། གང་ཡིན་ཟེར་ན་ཆབ་སྲིད་བཙོན་པ་མང་པོ་ཡོད་རེད། ཁོང་རྣམས་ཀྱི་ནང་མི་ཉེ་འབྲེལ་བཙན་བྱོལ་ལ་འབྱོར་བ་ཡང་མང་པོ་ཡོད་རེད། དེ་དག་ཐམས་ཅད་ཀྱིས་ཅིག་ཞུས་བསྡད་ན་ག་ལ་འགྲིག ལྷག་དོན་དུ་ཁོང་གཉིས་ཀྱི་ཨ་ཕས་བོད་མི་རིགས་ཀྱི་ཆེད་དུ་སྲོག་བློས་གཏོང་གི་ཡོད་རེད། ང་ཚོས་འདི་ནས་དེའི་ངོ་སོ་འདྲ་འཁྱེར་ནས་གཞུང་ལ་ཐུགས་སྐྱོ་སུན་པོ་བཟོས་ན་འགྲིག་ཐབས་ཡོད་མ་རེད་བསམ་གྱི་ཡོད། སྐབས་རེར་དཀའ་ངལ་ཆུང་ཚག་འདྲ་འཕྲད་པ་ཆོས་ཉིད་རེད་ཡིན་ཡང་ངའི་རྒན་བཀའ་དྲིན་ཅན་གྱིས་གཟིགས་རྟོག་གནང་གི་ཡོད་པས་དམིགས་གསལ་གཞུང་ལ་ཞུ་དགོས་པ་དེ་འདྲ་བྱུང་མ་སོང་། གལ་ཏེ་དཀའ་ངལ་ཆེན་པོ་དེ་འདྲ་འཕྲད་ནས་གཞུང་ལ་ཞུ་དགོས་ཐུག་པ་ཡིན་ན་ཡང་ཏན་ཏན་གཞུང་གིས་ཅིག་གནང་གི་རེད་བསམ་པའི་ཡིད་ཆེས་ཡོད། ད་ལྟ་ཁོང་གཉིས་ཀས་སཱ་ར་མཐོ་སློབ་ན་སློབ་སྦྱོང་བྱེད་བཞིན་ཡོད་རེད། དེ་ཡང་རྒྱུན་དུ་ཕ་རྒན་གྱི་རེ་བར་བོད་ཡིག་བོད་སྐད་སྦྱངས་ནས་༸སྐྱབས་མགོན་རིན་པོ་ཆེ་དང་བོད་གཞུང་ལ་ཞབས་ཞུ་ཞུ་ཐབས་པ་ཅིག་བྱུང་ན་དགོངས་ཀྱི་ཡོད་ཙང་དེ་དང་མཐུན་པར་བྱེད་པའི་ཁུལ་ཡིན། སཱ་ར་མཐོ་སློབ་ནས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་བཟང་སྤྱོད་ལ་གོམས་འདྲིས་ཡག་པོ་ཅིག་བྱུང་ནས་ཐོན་པའི་རྗེས་ལ། ཨིན་ལན་ནས་རང་རང་གི་དམིགས་ཡུལ་ལ་ཆེད་སྦྱོང་གི་གོ་སྐབས་གཅིག་ཐོབ་ན་དེ་ནས་ཕྱིར་ལོག་ཏེ་རང་རང་གི་ཆེད་ལས་ལ་བརྟེན་ནས་༸གོང་ས་མཆོག་དང་བོད་མི་རིགས་ལ་ཞབས་ཞུ་ཅིག་ཞུ་ཐུབ་པའི་རེ་བ་བྱེད་བསྡད་ཡོད།

དྲི་བ།
རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཁོང་གི་ཚ་བོ་ཨ་ཀྲུག་བློ་སྦོ་ལགས་དང་ཨ་ཀྲུག་སྐལ་བཟང་རྒྱ་མཚོ་ལགས་ཀྱི་ད་ལྟའི་གནས་སྟངས་གང་འདྲ་ཆགས་ཡོད་དམ།

ལན།
རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་རུང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ཨ་ཀྲུག་བློ་སྦོ་ལགས་ནི། རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་དང་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་འོག་ལོ་བཅུའི་ཁྲིམས་ཐག་བཅད་ནས། རུང་རྒྱས་ཨ་གྲགས་ཡོད་སའི་རྒྱ་ནག་ཁྲིན་འདུ་མེ་ཡང་བཙོན་ཁང་ནང་ཡོད་རེད། དམ་དྲག་དང་ནང་མི་ཐུག་འཕྲད་སོགས་ནས་ཁོང་དང་གཅིག་མཚུངས་རེད། མ་ཟད་ཁོང་གཉིས་ཡོད་སར་རུང་རྒྱས་ཨ་གྲགས་དང་ལྷན་དུ་འཛིན་བཟུང་བྱས་ནས་རུང་རྒྱས་ཨ་གྲགས་དང་ཨ་ཀྲུག་བློ་སྦོ་གཉིས་ཀྱི་ཕྱོགས་རྒྱུག་བྱས་སྟེ་རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་དང་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་འོག་ལོ་དགུའི་ཁྲིམས་ཐག་བཅད་པའི་སྒྱུ་རྩལ་པ་ཀུན་མཁྱེན་ལགས་ཀྱང་ཡོད་རེད། ཚ་བོ་ཨ་ཀྲུག་སྐལ་རྒྱ་འམ་སྐལ་བཟང་རྒྱ་མཚོ་ལགས་ནི་གཞུང་གི་སློབ་གསོའི་འདུ་འཛོམས་གཏོར་བརླགས་དང་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་འོག། ལོ་ལྔར་ཁྲིམས་ཐག་བཅད་པའི་ལོ་དུས་ཚང་ནས་གློད་གྲོལ་ཐོབ་ཏེ་ད་ལྟ་ལྟ་རྟོག་ནན་པོའི་འོག་ས་གནས་ལ་བསྡད་ཡོད་རེད།

དྲི་བ།
རྗེས་ལོའི་ནང་རུང་རྒྱས་ཨ་གྲགས་ལགས་ཀྱི་བཙོན་འཇུག་དུས་ཡུན་ཚང་གི་ཡོད་སྟབས། ཁྱེད་རང་བྱས་ན་རྒྱ་གཞུང་གིས་ཁོང་གློད་གྲོལ་གཏོང་གི་རེད་བསམ་གྱི་འདུག་གམ།

ལན།
དེའི་སྐོར་ང་ལ་སེམས་འཚབ་ཆེན་པོ་འདུག རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་བོད་ཀྱི་ཚོགས་སྡེ་ཁག་མང་པོས་དེ་སྐོར་ལ་ཐུགས་སྣང་གནང་སྟེ་འདྲི་རྩད་ཡང་ཡང་གནང་གི་འདུག འོན་ཀྱང་ངས་དེའི་སྐོར་ལ་ཚིག་ཐག་ཆོད་པོ་གང་ཡང་ཞུ་ཐུབ་ཀྱི་མི་འདུག རེད་དེ་ང་ཚོ་ལ་སེམས་འཚབ་ག་རེ་འདུག་ཞུས་པ་ཡིན་ན། ཁོང་དུས་ཐོག་གློད་གྲོལ་ཐོབ་ཨེ་ཡོང་སྙམ་པ་དང་། གལ་ཏེ་གློད་གྲོལ་ཐོབ་པ་ཡིན་ན་ཡང་། དེ་སྔོན་ཆབ་སྲིད་བཙོན་པ་མང་པོ་ཞིག་མིང་ཙམ་གྱི་གློད་གྲོལ་བཏང་ཏེ་ནང་ལ་སླེབས་ནས་ཉིན་ཤས་རྗེས་སྐུ་འཚོ་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་རེད། ཡང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཚོགས་སྡེ་སྙན་གྲགས་ཅན་འདི་འདྲ་མང་པོ་ཞིག་གི་ཐུགས་ཁུར་ཆེན་པོས་གཟིགས་བསྡད་ཡོད་དུས་ཕལ་ཆེར་རེ་བ་ཞིག་མེད་འགྲོ་བསམ་བཞིན། མདོར་ན་ཁ་ཚོད་བཅད་ནས་གང་ཡང་ཞུ་མི་ཐུབ་པར་རེ་དོགས་ངང་ནས་ལོ་རྗེས་མར་སྒུག་བསྡོད་རྒྱུ་ལས་བྱེད་ཡ་གང་ཡང་མི་འདུག

དྲི་བ།
ཁྱེད་ཀྱིས་བོད་ཀྱི་དུས་བབ་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་གཙོས་དྲང་བདེན་ལ་མོས་པའི་འཛམ་གླིང་མི་མང་དང་བོད་མི་ཚོར་འབོད་སྐུལ་ཞུ་རྒྱུ་ག་རེ་ཡོད་དམ།

ལན།
བཀའ་དྲིན་ཆེ། ང་ལ་མཉམ་འབྲེལ་རྒྱལ་ཚོགས་གཙོས་དྲང་བདེན་ལ་མོས་པའི་འཛམ་གླིང་མི་མང་ལ་བོད་མིའི་ལས་དབང་དང་འབྲེལ་བའི་འབོད་སྐུལ་ཞུ་རྒྱུ་མང་པོ་ཞིག་ཡོད་པ་སྨོས་ཅི་དགོས། འོན་ཀྱང་སྐབས་སུ་བབས་པ་ཆབ་སྲིད་བཙོན་པ་དང་འབྲེལ་བའི་གནད་དོན་ཐོག་ལ་མྱོང་ཚོར་གྱི་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ཆབ་སྲིད་བཙོན་པ་ཞིག་དང་པོ་འཛིན་བཟུང་བྱེད་པའི་གནས་ཚུལ་ཐོས་སྐབས་ས་གྲགས་གནམ་གྲགས་ཀྱི་ལས་འགུལ་ཚ་ཚ་ཝུར་ཝུར་ཅིག་གནང་ནས། རྗེས་སུ་བཙོན་པ་དེ་ལ་ནག་ཉེས་བཙུགས་ཏེ་ཁྲིམས་ཐག་བཅད་ནས་བཟུང་གྲགས་འགུལ་ཅི་ཡང་མེད་པ་ཆགས་འགྲོ་གི་འདུག དེ་ཡག་པོ་ཁྱོན་ནས་མི་འདུག ཚོགས་སྡེ་ག་འདྲ་ཞིག་ཡིན་ན་ཆབ་སྲིད་བཙོན་པ་སུ་འདྲ་ཞིག་དང་འབྲེལ་བའི་ལས་དོན་གནང་གི་ཡོད་ན། མགོ་བརྩམས་ནས་མཇུག་སྐྱོང་རྒྱུའི་འགན་ཁྱེར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་འདུག དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ལ་གཞུང་དང་གཞུང་འབྲེལ་མ་ཡིན་པ། གང་ཟག་སྒེར་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ཧ་ཅང་མང་པོ་གནང་སོང་བས་ཐུགས་རྗེ་ཆེ་ཞུ་བ་དང་། ལོ་རྗེས་མ་༢༠༡༥ ་༨་༡ ཉིན་ཁོང་གི་བཙོན་འཇུག་དུས་ཡུན་ཚང་གི་ཡོད་པས། ཁོང་ལ་ཆ་རྐྱེན་གང་ཡང་མེད་པར་བདེ་མོ་ཐང་པོའི་ངང་དུས་ཐོག་ལ་གློད་གྲོལ་ཡོང་བའི་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་ཐུགས་རྗེ་ཆེ།།

བཅར་འདྲི།

Post navigation

Previous Post: བོད་རྒྱའི་འབྲེལ་ལམ་ལ་དཔྱད་པའི་ཀ་བཤད་བརྒྱད་པ།
Next Post: སྲིད་སྐྱོང་མཆོག་ལ་བཅར་འདྲི།

Comment (1) on “རུང་རྒྱས་ཨ་གྲགས་སྐོར་གྱི་དྲི་བ་དྲིས་ལན།”

  1. བློ་བཟང་རིག་འཛིན། says:
    2014-12-09 at 7:46 pm

    ཤ་ཚ་འབྲོག་རྒན་xxའདི་ལ་དཀའ་ངལ་ཚོད་མེད་ཅིག་མྱོང་ཐལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme