Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིན་ཐང་མ་ལོན་པའི་རྒྱལ་གཅེས་དཔའ་བོའི་གཅེས་སྲོག

Posted on 2012-03-29 By ཁ་བརྡ་ 8 Comments on རིན་ཐང་མ་ལོན་པའི་རྒྱལ་གཅེས་དཔའ་བོའི་གཅེས་སྲོག

མི་ཕམ་ཚངས་ཐིག་གིས་བྲིས།

རྒྱལ་གཅེས་སེམས་དཔའ་༣༢ ཀྱི་གཅེས་སྲོག་དང་ལང་ཚོའི་མཛེས་སྡུག གསུང་དབྱངས་དྲོན་མོ་དང་གསལ་ཞིང་དང་བའི་བློ་རིག་སོགས་ཡལ་བར་དོར་བ་ནི། ང་ཚོ་གངས་ཅན་པའི་བདེ་སྐྱིད་ཁོ་ནའི་ཆེད་དུ་རེད། དེ་དག་ནི་གངས་ཅན་པ་མི་རེ་ངོ་རེ་ལ་བཟོད་ཐབས་བྲལ་བའི་སྙིང་ནང་གི་བྲག་རྡོ་དང་ཚེར་མ་ལྟ་བུ་ཞིག་རེད། དེ་དག་ནི་བློ་ཕམ་ཞིང་སྐྱིན་ཚབ་ཐབས་མེད་པའི་གྱོང་གུད་ཆེན་མོ་ཞིག་ཡིན་ལ། འདིའི་འབྱུང་རྐྱེན་ནི། ཇག་ཁྲམ་པ་རྒྱལ་དམར་གཞུང་། རྒྱུ་འབྲས་དྲང་བདེན་མེད་པའི་གླ་བརྔན་རྒྱབ་རྟེན་གྱི་ཤོམས་ངོམ་པ། ལྐོག་ཟ་རུལ་སུངས་མཁན། མི་བསད་ལག་དམར་པ་ཚོའི་བླུན་རྨོངས་དང་ཀླ་ཀློའི་ནོར་འཁྲུལ་གྱི་སྲིད་ཇུས་ངན་ པའི་འབྲས་བུ་དུག་ཅན་པ་དེ་ལས་བྱུང་བ་རེད།
རྒྱལ་གཅེས་སེམས་དཔའ་ཚོའི་རང་སྲོག་གཞན་དོན་དུ་བཏང་བའི་ལྷག་བསམ་དང་སྙིང་སྟོབས་ནི། དཔེ་ཆ་རྙིང་པ་རེའི་ནང་དུ་གསལ་མི་གསལ་དུ་བྲིས་པའི་གཞན་ཕན་གྱི་མཛད་པ་ཙམ་མ་ཡིན་པར། མངོན་སུམ་དུ་གོ་ལ་ཧྲིལ་བོར་ད་བར་དུ་བྱུང་མྱོང་མེད་པའི་ངོ་མཚར་རིན་ཐང་བྲལ་ བའི་ལོ་རྒྱུས་གསེར་ཞུན་གྱིས་བྲིས་པའི་གླེགས་བམ་ངོ་མཚར་བ་ཞིག་རེད།
རྒྱལ་གཅེས་སེམས་དཔའ་འདི་དག་གི་ལྷག་བསམ་དང་སྙིང་སྟོབས་ནི། བོད་བཙན་པོའི་མི་རྒྱུད་ཀྱི་རང་མདངས་མངོན་དུ་ཤར་བ། དུས་གསུམ་སངས་རྒྱས་བྱང་སེམས་ཀྱི་མཛད་པ་མངོན་གསུམ་དུ་བསྟན་པ། མ་འོངས་པའི་འཛམ་གླིང་ལ་བཞག་པའི་ཆེས་ཟླ་བྲལ་དངོས་བྱུང་གི་མིག་དཔེ་རིན་བྲལ་ཞིག་རེད།
འོན་ཀྱང་འདིའི་རིན་ཐང་རྒྱ་དམར་གཞུང་གིས་ཤེས་པ་ཕར་ཞོག མངོན་སུམ་བདེན་དོན་ལ་བསྙོན་པའི་རྫུན་སྒྲོག་གི་དྲི་ངན་འཛམ་གླིང་ལ་འཐུལ་བར་བྱས་ཏེ། མ་འོངས་པའི་རྒྱའི་མི་རིགས་ཆེན་པོའི་ཞབས་འདྲེན་བྱས་ཡོད། རྒྱལ་ཁབ་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་གྱི་གསེར་ཟམ་བཅད་ཡོད། མ་འོངས་པའི་བོད་མི་རྣམས་འཇིག་སྐུལ་དྲག་སྤྱོད་པར་བསྒྱུར་པའི་རྒྱུ་རྐྱེན་ངན་པའི་གཞི་རྩ་བཞག་ཡོད། རྒྱ་དམར་གཞུང་བོང་བུའི་རྣ་བར་ཐལ་བ་བླུགས་པ་དང་། གསེར་བྱེ་བླུགས་པ་ལ་ཁྱད་པར་ཅི་ལ་ཡོད།
འོ་ན། བྱེས་སྡོད་བོད་མའི་སྒྲིག་འཛུགས་ཁག་གི་སྣེ་ཁྲིད་དཔོན་རིགས་ཁག་རྒྱ་གཞུང་ལ་ ལྟོས་ན་བྱ་བཟང་སྤྱོད་བཟང་པའི་གྲལ་དུ་འགྲོ་ཁུལ་ཡིན་ཡང་། གངས་ཅན་བོད་མི་གཞོན་རབས་པ་སྥྱི་དང་། བླ་ན་མེད་པའི་རྒྱལ་གཅེས་དཔའ་བོ་དག་གི་ལྷག་བསམ་དང་སྙིང་སྟོབས། ཆོད་སེམ་དང་བློས་བཏང་ལ་གཞལ་ན། ཁོང་ཚོ་ནི་ཁ་མཁས་དོན་ཞན་པ། རང་དོན་སྒེར་བཅངས་པ། སྐབས་འཚོལ་ལེ་ལོ་པ། ངོ་ཚ་ཁྲེལ་མེད་པའི་བཟོ་རུ་འདུག
རྒྱུ་མཚན་ནི། ༡ རྒྱལ་གཅེས་སེམས་དཔའ་དེ་དག་གི་རིན་ཐང་བྲལ་བའི་རང་སྲོག་བློས་གཏོང་གིས་མཚོན་པའི་གཞིས་ བཞུགས་བོད་མིའི་ལས་དོན་ཁག་ལ་སྣེ་ཁྲིད་ལམ་སྟོན་ཅུང་ཟད་ཙམ་ཡང་མི་ཐུབ་པར་ཁ་གསོན་པོ་ལས་ལེ་ལོ་ཅན་དུ་གནས་འདུག
༢ ཟླ་བྲལ་གྱི་སེམས་དཔའ་ཚོའི་རིན་བྲལ་གྱི་མཛད་པ་དག་འཛམ་གླིང་མི་མང་ལ་གཟིགས་ འབུལ་རྒྱ་ཆེན་ཐུབ་པའི་བློ་གྲོས་དང་ཐབས་ལམ་མེད་ཁར། དེ་ལ་ཤུགས་དྲག་པོའི་འབད་བརྩོན་བྱེད་པའི་ཆོད་སེམས་དང་བརྩོན་འགྲུས་ཙམ་ཡང་ མི་འདུག བོད་ཀྱི་མི་༣༢ ཀྱིས་རང་སྲོག་དོར་བའི་ཤུགས་རྐྱེན་གྱིས་༡༩༦༠ ཡི་ནང་དུ་བེད་ཁྲེ་ནམ་གྱི་མི་གཅིག་གིས་རང་སྲོག་བཏང་བའི་བརྒྱའི་ཆ་ཤས་ཙམ་ཡང་མ་བྱུང་ བ་ལ་ང་ཚོ་ཇི་ལྟར་ཞེ་བློ་བདེ་ཐབས་ཡོད།
༣ མ་ཟད་བཙན་བྱོལ་དུ་ཡོད་པའི་བོད་མི་མང་ལ་ཆབ་སྲིད་ལས་འགུལ་ཤུགས་ཆེན་པོའི་བཀོད་སྒྲིག་སྣེ་ཁྲིད་ཕར་ཞོག ལམ་སྟོན་ཁ་གསལ་དོན་མཁས་ཙམ་ཡང་མི་འདུག་པ་ཀུན་ཀྱིས་ཤེས་གསལ་ལྟར་རེད།
༤ ངོ་ཚ་བྲལ་བའི་ལམ་སྟོན་གཅིག་བྱས་པ་ནི། རྒྱལ་གཅེས་སེམས་དཔའ་༣༢ གི་རང་སྲོག་ཤོར་མ་ཚར་བར་དུ་ཅི་ཡང་སྨྲ་རྒྱུ་མེད་པར་ཡུན་རིང་བསྒུགས་པའི་མཐའ་མ་ཞིག་ལ། བོད་མི་རྣམས་ཀྱིས་འུ་ཐུག་ཐབས་ཟད་ཀྱི་བྱ་བ་མ་བྱེད་རོགས་ཟེར། དེ་མ་གཏོགས་ལམ་སྟོན་མེད་ན་ཁ་རོག་ཏུ་བསྡད་ན་ཡག་ཤོས་རེད། དེ་ནི་བྱིས་པའི་པན་ཌི་ཏ་ལ་ཀ་ཁ་བསླབས་པའི་དཔེ་རེད། རྒྱལ་གཅེས་པ་ཁོང་ཚོའི་སྙིང་སྟོབས་དང་ལྷག་བསམ་གྱི་ཆ་ཤས་དུང་ཕྱུར་གྱི་ཆ་ཙམ་མེད་མཁན་ཞིག་ གིས་བསླབ་བྱ་བཏང་བ་ནི་ཁྲེལ་མེད་ཀྱི་ཚིག་རེད།
གཞན་ལ་བསླབ་བྱ་གཏོང་འདོད་ན་རང་གིས་ཁོང་ཚོའི་བསྒྲུབས་པ་ལས་ལྷག་ཅིག་བསྒྲུབས་ལ། དེ་ནས་ལམ་སྟོན་བྱོས། དེ་མིན་ཁྱེད་ཅག་ལ་དེའི་ཐོབ་ཐང་མི་འདུག
༥ ད་དུང་ཆབ་སྲིད་པ་འགའ་རེ་ངོ་ཚ་མེད་པར་མང་ཚོགས་ཀྱིས་ལས་འགུལ་སྤེལ་དགོས་ནི་རེད་ཟེར་ནས་རྫིག་མདོག་བྱས་འདུག དབུ་ཁྲིད་དང་ཆབ་སྲིད་པ། ལས་ཀྱི་སྣེ་མོ་པ་དག་གིས་མི་མང་གིས་བྱེད་པ་ལས་ལྷག་ཅིག་བྱེད་ཤེས་དགོས་པ་དང་བྱེད་ཀྱང་ཐུབ་དགོས། ལྷག་པར་དུ་ལམ་སྟོན་སྣེ་ཁྲིད་གནང་རྒྱུ་མེད་ན། དབུ་ཁྲིད་ཡིན་མདོག་ཙམ་གྱིས་གར་ཡང་མི་ཕྱིན། རྐུབ་སྟེགས་མ་འགོག་པར་མར་འབབ་རོགས་བྱོས།
རྫིག་མདོག་གི་སྐད་ཆ་ང་ཚོར་མི་དགོས། ཁྱེད་དབུ་ཁྲིད་ཚོར་ཁ་གསལ་བོ་དོན་འགྲིགས་པོའི་སྣེ་ཁྲིད་ཡོད་ན། བོད་གཞིས་བྱེས་གཉིས་ལ་གནང་རོགས་ཞུ། མི་མང་ཡར་ལངས་ངེས་རེད་ལ། ཁྱེད་ཅག་གི་རྗེས་སུ་འབྲང་རྒྱུར་ཐེ་ཚོམས་མི་དགོས་པ་ཀུན་ཀྱིས་ཤེས་གསལ་རེད་མོད།
ཁྱེད་ཚོ་བོད་མི་ས་ཡ་དྲུག་གི་སྣེ་ཁྲིད་ཡིན་ན། རྒྱལ་ཁབ་༣༢ ན་ཡོད་པའི་བོད་གཞིས་བྱེས་ཀུན་ལ་སྣེ་ཁྲིད་ལམ་སྟོན་ཁ་གསལ་དོན་དང་ལྡན་ཞིང་། ད་ལྟའི་ཛ་དྲག ་གི་དུས་འདིར་ལག་བསྟར་འགན་ལེན་ཐུབ་པ་ཞིག་དགོས་ཀྱི་འདུག རྒྱ་དམར་དབང་བཙན་པོ་རེད་ཟེར་ནས་མ་འཇོག་རོགས། མ་ནུས་ན་ནུས་མདོག་མ་གནང་བར་མར་མི་མང་གི་གྲལ་དུ་འབབ་རོགས། དེ་མིན་ན་བོད་དོན་དོར་ཞོག
ཟླ་བྲལ་རྒྱལ་གཅེས་སེམས་དཔའ་༣༢ དང་མ་འོངས་པའི་སེམས་དཔའ་དེ་དག་གི་རིན་ཐང་འཛམ་གླིང་ལ་ཤུགས་ཆེན་བསྒྲག་རོགས་ གནང་། གོ་སྐབས་འདི་བཟུང་ནས་རྒྱལ་སྤྱིའི་གླེང་སྟེགས་ཀྱི་ཐོག་ནས་རྒྱ་དམར་ལ་གནོན་ཤུགས་ཚ་ཐག་ཆོད་ཅིག་སྤྲོད་མ་ཐུབ་ན། རང་རེའི་རྒྱལ་གཅེས་པ་ཁོང་ཚོའི་གཅེས་སྲོག་བཏང་བའི་རིན་ཐང་ཁྱེད་ཚོས་མེད་བརླགས་བྱས་པ་རེད་ལ། རྒྱལ་གཅེས་དཔའ་བོ་ཚོའི་རྣམ་ཤེས་ཀྱིས་རེ་བའི་མིག་ཟུང་ཁྱེད་ཅག་ལ་བལྟས་ནས་ཡོད་པ་མ་ཤེས་སམ། ཁྱེད་ཚོས་སྣེ་ཁྲིད་ཡག་པོ་བྱུང་ན་ང་ཚོ་མི་མང་ག་དུས་ཡིན་ཡང་ཁྱེད་ཚོར་རོགས་འདེགས་བྱ་ངེས་ཡིན།
འགན་མི་ཐེག་ན་རྐུབ་སྟེགས་མ་གནོན་པར་མར་བོབས་དང་། ངས་བྱེད་ཆོག དེ་མིན་བོད་བཙན་པོའི་བུ་རྒྱུད་ལ་སྙིང་སྟོབས་དང་ཆོད་སེམ་ལྡན་པ་ང་ཚོར་གཞན་མང་པོ་ཡོད་ ངེས་ཡིན། རིན་ཐང་བྲལ་བའི་དཔའ་བོའི་གཅེས་སྲོག་ལ་རིན་ཐང་མ་ལོན་ན་ངོ་མི་ཚའམ། ཁྱོད་ཅག་ལ་མ་འོང་ལོ་རྒྱུས་ཀྱིས་རྫུན་སྨྲའམ། །

སྣ་ཚོགས།

Post navigation

Previous Post: སྐུ་གཤེགས་འཇམ་དཔལ་ཡེ་ཤེས་ལགས་ལ་འདས་མཆོད་གཟབ་རྒྱས་ཤིག་ཞུ་དགོས།
Next Post: རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ངོ་རྒོལ་བྱས་པར་བོད་མི་༡༡་འཇུ་བཟུང་བཀག་ཉར།

Comments (8) on “རིན་ཐང་མ་ལོན་པའི་རྒྱལ་གཅེས་དཔའ་བོའི་གཅེས་སྲོག”

  1. མེ་ཏོག་དཀར་པོ། says:
    2012-03-29 at 12:39 pm

    སུན་འབྱོན་རྩོམ་ལ་དགའ་བསུ་མེད།

  2. ཟླ་བཀྲས་ཕུན་ཁང། says:
    2012-03-29 at 12:43 pm

    དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་འཇམ་དཔལ་ཡེ་ཤེས་ལགས་རྣམ་གཉིས་ཀྱིས་ཞལ་ཆེམས་ཕྱག་བསྟར་གནང་སྟེ་༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་པ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད། མང་བཀུར་རང་གཞུང་གི་ལངས་ཕྱོགས་རྩ་དོན་དུ་བཟུང་སྟེ་ཚེ་སྲོག་ཀྱང་བློས་བཏང་སོང་ནའང་། གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གཞོན་ནུའི་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་གསེར་ཡིག་གིས་འབྲི་འོས་པ་ཞིག་ཡིན་ལབ་ན་དོན་དག་ག་རེ་རེད་དམ། སྐུ་མཁྱེན་རང་བཙན་ཁ་ལ་ཁྱེར་པའི་ཚོང་པ་ཁ་ཤས་ལགས། དཔའ་བོ་དེ་དག་གི་ཆོད་སེམས་དང་སྙིང་སྟོབས་བྱས་རྗེས་ཐད་ནག་ཚོང་མགོ་བདེ་མ་བྱེད་རོགས། དངོས་གནས་སྐྱུག་བྲོ་ཡི་འདུག རང་བཙན་པར་བསྒྲགས་པ་རྣམས་ཀྱིས་ཀྱང་ད་ནི་ཆིག་སྒྲིལ་བྱ་རོགས། དངོས་གནས་ཆིག་སྒྲིལ་བྱ་བའི་དུས་ཚོད་སླེབས་འདུག བོད་གཞུང་མང་དང་ཆིག་སྒྲིལ་བྱ་རོགས། དཔའ་བོ་དཔའ་བོ་ ༣༢ ཀྱི་དགོངས་དོན་དང་ཆིག་སྒྲིལ་ཅི་ནས་ཀྱང་བྱ་རོགས།

  3. ཐུབ་པ། says:
    2012-03-30 at 2:06 am

    དོན་གྲུབ་ལྷ་དར་ཟེར་བ་དེ་ཁྱི་རྒན་ཞིག་ཡིན། ད་དུང་ངོ་གཉིས་མ་ཞིག་ཡིན།

  4. བྲོ་འཚལ། says:
    2012-03-30 at 7:38 am

    སུན་འབྱིན་དང་བསྟོད་རྩོམ་གང་ཞིག་ཡིན་རུང་གཙོ་བོར་རྩོམ་གང་ཞིག་གི་བསམ་པའི་གཟས་ཕྱོགས་དང་དགོངས་དོན་ཕྱོགས་ལ་བསམ་བློ་ཞིབ་ཏུ་བཏང་ནས་ད་བཟོད་དགེ་སྡིག་དང་ཡག་ཉེས་ཕྱོགས་ནས་གླེང་ན་རིག་པ་དང་ལྡན་པའི་འགྲོ་སྟངས་ཤིག་ཡིན་ཡང་ཁ་ཤས་ཀྱིས་དེ་ལྟར་མི་བྱེད་པར་མཐོང་བ་ཉིད་ནས་སོ་སོའི་སྣང་ངོར་མ་སོང་ན་དགའ་བསུ་མེད་དང་མི་ལེགས་པའི་སྐད་ཆ་བཤད་པ་ནི་ཐབས་སྐྱོ་བོ་རེད།

  5. བྲོ་འཚལ། says:
    2012-03-30 at 7:54 am

    ཁ་བརྡ་རྩོམ་སྒྲིག་པ་ལགས།
    ངས་ཟིན་བྲིས་ཐུང་ངུ་སྒོར་མོས་བསླུ་བའི་མཛེས་ཆོས་ཞེས་པ་ཞིག་དང་མཉམ་དུ་པར་ཡང་བསྐུར་ཡོད་པ་དེ་གར་འབྱོར་ཡོད་མེད་ཀྱི་བཀའ་ལན་ཞིག་གནང་ན་འགྲིག་གི་རེད་དམ།

  6. མེ་ཏོག་དཀར་པོ། says:
    2012-03-30 at 10:29 am

    བྲོ་འཚལ་ལགས། སྣང་བ་མ་འགྲོ་ན་འགྲོ་མ་སོང་ཟེར་རྒྱུ་ལས་ཐབས་ཤེས་མིན་འདུག

  7. འབྲི་ཞོ་ says:
    2012-03-30 at 11:44 pm

    ཚངས་ཐིགས་ཀྱིས་གཞུང་གི་ལས་སྣེ་དབུ་འཁྲིད་ལ་ཁ་གཏོང་བ་དེ་གནད་དོན་མཤེས་པའི་རྟགས་རེད།གཞུང་གི་དབུ་འཁྲིད་ལམ་སྟོན་གནང་རྒྱུ་མི་འདུག་ཟེར་བ་དེ་སྙིང་པོ་མེད་པའི་གཏམ་རེད།
    གཞུང་གི་ལས་དོན་འགྲོ་སྟངས་དང་མི་དམངས་ཀྱི་ལས་འགན་སྒྲུབ་སྟངས་ཆ་ཐམས་ཅད་ནས་གཅིག་པ་ཡིན་མི་དགོས་པ་ཤེས་དགོས།
    བླུན་རྟགས་མ་སྟོན་རོགས།

  8. ཐུབ་བཟང་ says:
    2012-03-31 at 3:39 am

    ༈ སེམས་སྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (49)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme